ཐག་ཉེ་སར་བཅར་ཏེ་བལྟས་ན།
ཁྱོད་ཀྱི་ཡོད་ཚད་སྙན་ངག་རེད།
གནག་ཅིང་སྣུམ་པའི་སྐྲ་ལོ།
དཀར་ལ་དམར་པའི་ཞལ་རས།
དཀྱུས་རིང་ཁྲ་ཆུང་མིག་ཟུང་།
སྦྲང་རྩི་འཐུལ་བའི་མཆུ་འདབ།
ཁ་བ་ལྟ་བུའི་སོ་ཕྲེང།
བུམ་པ་ལྟ་བུའི་མགུལ་བ།
དུང་དཀར་ལྟ་བུའི་མྱོས་བུམ།
གཞོན་ཤ་ཆགས་པའི་བྲང་གཞུང་།
མཁྲངས་ལ་ཟླུམ་པའི་བརླ་ཟུང་།
བདེ་དྲོད་འབར་བའི་བྷ་ག
ཐ་ན།
ཁྱོད་ཀྱི་བཞུགས་སྟངས་ཤིག་དང་།
དགོད་སྟངས་ཤིག་གིས་ཀྱང་
ངའི་སྙིང་དམར་པོ་འདི་ཐེར་ཚལ་སྦར་ཚལ་དུ་གཏོང་ཐུབ་ཅིང་།
ཁྱོད་ཀྱི་སྐུ་ལུས་ལས་མཆེད་པའི་དྲི་ཞིམ་ཞིག་གིས།
ངའི་མགོ་ནང་ཧྲིལ་བོར་དྭངས་རྒྱུ་མེད་པའི་ཏིང་འཛིན་ཞིག་བསྐྱིལ་བྱུང་ཨང་།
ཁྱོད་རང་ཆེས་མཛེས་སྡུག་ལྡན་པའི་རྐྱེན་གྱིས།
རྒྱ་གར་བ་ས་ཡ་དུ་མས་ཁྱོད་ལ་གསོལ་བ་འདེབ་ཅིང་།
ཁྱོད་རང་ཆེས་སྙིང་དུ་སྡུག་པའི་ཕྱིར་ན།
གངས་ཅན་པ་ཁྲི་སྟོང་དུ་མས་ཁྱོད་ལས་དངོས་གྲུབ་ཞུ།
ལྷ་སྒྲུང་གྲངས་མེད་ཅིག་གི་བརྗོད་བྱ་ལས།
ཁྱོད་རང་ལྷོ་ཕྱོགས་རྒྱ་མཚོའི་རྦ་རླབས་ལས་འཁྲུངས་སྐད།
ཞིབ་ཏུ་བསམས་ན་དེ་ཡང་བདེན་སྲིད་དེ།
རྒྱ་མཚོ་ཆེན་པོ་འདི་ནི་མིའི་རིགས་ཀྱི་འགྲོ་བ་ཆེས་ཐོག་མར་སྐྱེ་ས་འཁྲུངས་ཡུལ་ཡིན་ལ།
རྒྱ་མཚོ་ཆེན་པོ་འདི་ནི་མིའི་རིགས་ཀྱིས་ཆེས་ཐོག་མར་སྙན་ངག་གིས་བསྟོད་གླུ་འབུལ་ས་ཡང་ཡིན་སྲིད།
གང་ལྟར།
ཁྱོད་ཀྱི་ལུས་དྲོད་མ་མྱངས་པའི་འདོད་ལྡན་པ་བདག་ནི།
མི་ཚེ་ཧྲིལ་བོ་འདི་ལྟར་འདོད་ཆགས་ཀྱིས་གཟིར་ནས་བསྡད་ཡོད་ལ།
ཁྱོད་ཀྱིས་མཆུ་འདབ་མ་སྦྱར་བའི་སྨྱོན་པ་ང་ནི།
མི་ཚེ་གང་བོར་འདི་ལྟར་སྐྱོ་གདུང་གིས་གཙེས་ནས་འཆི་སྲིད།
གལ་སྲིད་ཁྱོད་རང་མི་མོ་ཞིག་ཡིན་ན།
ངས་བུ་མོ་དེ་མགོ་སེར་དང་མགོ་ནག་གང་དུ་གཏོགས་མིན་ལ་མི་བལྟ་བར་སྨྱོ་བ་ལྟར་དུ་མཆུ་འདབ་སྦྱོར་སྲིད་ལ།
གལ་སྲིད་ཁྱོད་རང་བོད་མོ་ཞིག་ཡིན་ན།
ངས་བོད་མོ་དེའི་ཆོལ་ཁ་དང་ཆོས་ལུགས་གང་ཡིན་ལ་མི་དཔྱོད་པར་ཉིན་མཚན་གཉིས་ཀར་སྙོམས་འཇུག་བྱེད་ངེས།
ང་རང་ཆུང་དུས་ནས་བཟུང་སྟེ།
ལྷག་པའི་ལྷ་མོ་ཁྱོད་ལ་གསོལ་བ་གྲངས་མེད་ཅིག་འདེབས་མྱོང་ལ།
ང་རང་བྱིས་པ་ཡིན་དུས་ནས།
མཛེས་པའི་བུ་མོ་ཁྱེད་ལ་ཡིད་སེམས་དབང་མེད་དུ་ཤོར་མྱོང་།
ཡིན་ན་ཡང་དེ་རིང་།
གནམ་མཁའ་སྔོ་ཞིང་གྲང་རླུང་ལྡང་པའི་དེ་རིང་།
ཁྱེད་ངོ་མ་དངོས་ཡོད་ཀྱི་གཟུགས་སུ་སྤྲུལ་ནས་ངའི་མལ་ཁང་ཆུང་ཆུང་འདིའི་ནང་དུ་ཕེབས་བྱུང་ཨང་།
ཁྱེད་ངོ་མ་མི་མོ་གཞོན་ནུ་མ་ཞིག་གི་ཟོལ་དུ་ངའི་འདོད་གདུང་གི་མེ་ལྕེ་འབར་བའི་དམྱལ་ཁམས་འདིར་སྣང་བྱུང་ཨང་།
ཁྱེད་ཀྱི་སྐྲ་ལོའི་ཉག་མ་རེ་རེ་བཞིན་འོད་དང་འོད་ཟེར་གྱིས་བརྒྱན་འདུག
ཁྱེད་ཀྱི་བྲང་གི་མྱོས་བུམ་དཀར་པོ་གཉིས་ཀྱང་བདེ་དྲོད་ཀྱིས་གཏམས་འདུག
ཕར་བལྟས་ཚོད་ལ་ཁྱེད་རང་སྐུ་ཐང་ཅུང་ཟད་ཆད་ཡོད་པ་འདྲ་ཞིང་།
ཞིང་ཁམས་གྲངས་མེད་ཅིག་བརྒྱུད་དེ་བྱོན་པར་བསམས་ན་དེ་ལྟར་ལོས་ཀྱང་ཡིན།
ཡིན་ན་ཡང་དོ་དགོང་འདི་རུ་བཞུགས་རྒྱུ་ཡིན་ཞེས་གསུངས་པ་དེས་ངའི་རྩ་ལམ་ཡོངས་རྫོགས་དགའ་བདེས་ཁྱབ་སོང་།
སྙིང་ཉེ་མ་ཕེབས་བ་སོང་གོ་ནས།
ཀློག་འཕྲིན་ཞིག་བསྐུར་དགོས་བསམ་ཡང་།
འཕྲིན་བྱང་མི་འདུག
ཁ་པར་ཞིག་གཏོང་བསམ་ཡང་།
ཨང་གྲངས་མེད་པས་་་་་་
གློག་འཕྲིན་གཏོང་ན་གློག་ཀླད་ནས་རྐུན་མ་རྒྱག་མཁན་མང་ནི་རེད།
ཁ་པར་གཏོང་ན་བར་ན་ཉན་གསང་བྱེད་མཁན་མང་ནི་རེད།
སྙི་ཉེ་མ་ངོ་མ་ཐུག་དགོས་ན་གདོང་དང་གདོང་ཐུགས།
ཤ་དང་ཤ་སྦྱོར།
ལུས་དང་ལུས་སྦྱོར།
དྲོད་དང་དྲོད་སྦྱོར།
ཤི་ཤི་བར།
ཐང་ཆད་ཆད་བར།
འདོད་པ་གང་གང་བར།
སྦྱོར་ཡ་སྦྱོར།
ཨ་ལགས་ཀླུ་སྨྱོན། བཀྲ་ཤིས་བདེ་ལེགས། དེ་རིང་མཇལ་བ་སྤྲོ།། མུ་མཐུད་སྙན་ངག་འབྲི་རོགས་གྱིས། དེང་སང་ཁ་བརྡ་ནང་མི་མ་གཏོགས་ཁྱི་ཕལ་ཆེར་ཡོང་གི་མེད་པ་འདྲ། སྤྲང་ཁྱི་འབ་ཟུག་མང་བའི་སྤྲ་སྒར་ནང་མ་འཛུལ་ནས་ཡུན་རིང་སོང་། གད་སྙིགས་ཀྱི་གསེབ་ལ་འོད་སྣང་འབར་བའི་སྙན་ངག་ཀྱང་རེ་གཉིས་རྙེད་རྒྱུ་ཡོད་པ་འདི་ཁྱོད་ཀྱི་བཀའ་དྲིན་རེད། བུ་བཟང་པོ་སློག་ཧྲུལ་གསེབ་ནས་དོན། གྲི་རྕོན་པོ་ཀོ་ཤུབས་ནང་དུ་ཡོད། ཅེས་པ་ཡང་འདི་འདྲ་བ་ལ་ཟེར་ལོས་ཆེ།། ཨོ།་དུས་ཚོད་ཡོད་ན། berijigme@gmail.comཐོག་པར་ལྷག་མ་དེ་ཚོ་གཏོང་རོགས་གྱིས།
ད་མོ་རང་དེ་ནས་བཞུགས་རྒྱུ་ཞེས་ཁས་བླངས་སོང་ང་། ད་དེར་བཞུགས་ནས་ཅི་གནང་སོགས་ལ་སྒུག་ནས་ཡོད། ཁ་སང་ཁྱོད་ཀྱིས་ནམ་རྒྱུན་བཤད་བསྡད་པའི་ཝ་ཞིན་དྲོན་ཀྱི་ལྷ་མོ་ཞིག་ནེའུ་ཡོག་ཏུ་བབས་འདུག་པ་ངས་ཀྱང་གོ་སོང་བ་མི་ཤེ་ཡིན་ནམ།
ད་གང་ལྟར་ཚོད་དཔག་མི་བྱེད་པར་སྒུག་འདུག་གི་ཡིན།
སྐུ་འདྲ་འདི་ལ་ལྟོས་ནས།
རང་རང་ས་ནས་རང་རང་གི་སྙིང་སྡུག་མ་ལ་སྙིང་གཏམ་ཤོད་ཨང་།
སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་ཏུ།།
དགའ་ལ་སྐྱོ་བའི་ཚོར་བ་གྲངས་ལས་འདས།།
ཁྱོད་དང་ངེད་གཉིས་ཕྲད་པའི་དུས་ཡུན་ནང་།།
བདེ་དང་དགའ་བའི་ཚོར་བ་འགོག་ཏུ་མེད།།
ལས་དང་སྨོན་ལམ་མཐུན་པའི་འཁོར་ནང་ན།།
སེམས་དང་བསམ་པ་འོ་ཆུ་མཐུན་པ་བཞིན།།
ཁ་དང་ཁོག་པའི་བར་ན་དགའ་སྐྱོའི་གཏམ།།
ཉིན་དང་མཚན་དུ་གླེང་ཡང་རྫོགས་མཐའ་མེད།།
འོན་ཀྱང་སྔོན་གྱི་སྨོན་ལམ་མཐུ་བཙན་པས།།
འཛམ་གླིང་ཤར་ནུབ་བར་ཏུ་བདས་པ་ལྟར།།
ཕྱོགས་དང་ཕྱོགས་སུ་གྱེས་པའི་གདུང་བ་འདིས།།
ཆད་མེད་མཆི་མའི་ཆུ་རྒྱུན་གདོང་ལ་འབྲི།།
འབྲུ་དྲུག་ཉིང་ཁུ་བདུད་རྩིའི་ཁུ་བ་ཞིག།
དྭངས་གཙང་ཤེལ་དཀར་ནང་དུ་གཡོ་བ་འདི།།
དྲི་མེད་སེམས་ཀྱི་གསང་བ་ཡོད་ཚད་འདྲ།།
ཁམ་བུ་གང་གིས་ལྷག་མེད་འཐུང་སྙམ་བྱེད།།
དུས་ཡུན་རིང་བོར་བསགས་པའི་གསང་བ་ཞིག།
ཁ་ནས་རང་དབང་མེད་པར་ལུད་པ་འདི།།
ཀློག་ཙམ་བྱས་ནས་བྲང་གི་ཁུག་མའི་ནང་།།
སྒྲིལ་ཙམ་བྱས་ནས་ཉར་ཚེ་སྤྲོ་བ་འཕེལ།།
གྲང་རེག་རྒྱ་སྟག་ལྟ་བའི་དགུན་གཞུང་འདིར།།
ལུས་ཁམས་མགྱོགས་འགྲོ་རླུང་གིས་བསྲུབས་པ་ལས།།
ལུས་ན་འཁོར་བསྐྱོད་བྱེད་པའི་ཁྲག་གི་རྒྱུན།།
སྙིང་ཁ་འཁོར་ལོའི་མཚམས་ན་མཆོང་ལྡིང་བྱེད།།
ན་མོ་གུ་དེ་ཝ་ཌཱ་ཀི་ནཱི་ཡེ། ཆུ་འཛིན་བླ་བྲེ་གཡོ་བའི་མཁའ་དབྱིངས་སུ། ། ཉི་་ཟླའི་སྤྱན་གྱི་ཟུར་མིག་ཕྱོགས་ཙམ་ནས། ། བདག་གི་ཁ་ཡི་པདྨོ་ཁྱོད་ལ་ཕྱོགས། ། ཞལ་གྱི་སྦྲང་ཆར་འཐུང་བའི་རེ་བས་གདུང་། ། སོར་བཅུའི་འདབས་མས་ཁེབས་མིན་འདོད་པའི་བུམ། ། མནན་ན་ནེམ་ཅིང་འཇམ་པའི་རེག་བྱ་ཡིས། ། སྙིང་གི་སྒོ་ལྕགས་འབྱེད་ལ་བྲེལ་བའི་བློས། ། ངོ་ཚའི་ཁྲིམས་ཀྱིས་མ་ཁོག་རྗེན་པར་ཕྱུངས། ། དྲི་ཞིམ་རླན་དྲོད་ཁོལ་བའི་མཚན་མའི་སྒོ། ། ལུགས་མཐུན་དར་གྱིས་གཡོགས་ཀྱང་སྒྲིབ་མེད་དུ། ། སྙིང་གི་ཆུ་གཏེར་དབུས་སུ་ཤར་བའི་་ཟུག ། མ་བཟོད་འདོད་པའི་འཁྲི་ཤིང་མགོ་ལྕོག་ལྡེམས། ། འདྲེན་བྱེད་སྒྲིབ་གཡོག་སེལ་བའི་མཛེས་པའི་སྐུ། ། སྒྲ་འཛིན་དབང་པོ་གསོ་བའི་སྙན་འཇེབས་གསུང་། ། དྲན་པའི་ཡིད་ཀྱི་གདུང་སེལ་བྱམས་བརྩེའི་ཐུགས། ། བདག་དང་དབྱེར་མེད་བརྟན་པའི་དངོས་གྲུབ་སྩོལ། ། སྨྱོན་པ་ཞིག་གིས་ཤར་མར་བྲིས།
དེ་སང་གི་མཁས་མིང་འཛིན་པ་ཚོས་ཀྱང་མཚམས་མཚམས་སུ་ཟུག་སྐད་རྒྱག་ཤེས་ཀི་འདུག་ག ཀླུ་སྨྱོན་གྱི་སྙན་ངག་བྲིས་པར་བསྟོད་པ་འཐེན་བཞིན་ཁ་བརྡ་དྲ་གྲོགས་ཚོར་དམའ་ཕབས་དགོས་དོན་མི་འདུག་ག སྤྲང་ཁྱི་དང་གད་སྙིགས་ཟེར་བའི་སྐད་ཆ་འདི་ཚོ་ཁྱོན་ནས་བློར་བབས་མ་སོང་། ཁ་བརྡ་དྲ་བ་འདི་བཙན་བྱོལ་ནང་གི་བོད་ཡིག་དྲ་རྒྱ་ཡག་ཤོས་གཅིག་པུ་དེ་ཡིན་ནམ་སྙམ་ཡོད་ལ། འདིའི་ནང་དུ་རང་དབང་དང་དཀྱེལ་ཡངས་ཀྱིས་བགྲོ་གླེང་བྱེད་ཐུབ་པས་ན། བློ་སྦུག་དོག་མོ་ཅན་ཚོར་ཤོང་གི་མེད་ཀྱང་སྲིད། དེས་ན་ཡངས་ས་ཞིག་ལ་བུད་ཀྱང་མ་འཐུས་ཅང་མི་འདུག་སྙམ།
མཁས་དབང་བེར་འཇིགས་ལགས་དགོངས་པ་མ་ཚོམ་ལོ།།
དྲ་གྲོགས་ཚོ་ཕེབས་པར་དགའ་ཡོད། དགེ་བཤེས་བེ་འཇིགས་ལགས་སུ་པར་ལྷག་མ་རེ་ཡོད་མེད་ད་ནི་དྲན་གི་ཡང་མི་འདུག
དང་པོ་ལྷ་མོ་འཛུམ་དཀར་མ།
བར་དུ་སྲིན་མོ་གདོང་དམར་མ།
ཐ་མ་སྲོག་གཅོད་དབུགས་ལེན་མ།
ང་ཡི་བྱམས་པའི་མཚན་ཉིད་མ།
བེ་རི་འཇིགས་མེད་ལགས་ཀྱིས་གསུངས་ཟུར་ལ་བལྟས་ན་ཀླུ་སྨྱོན་ཁྱེད་ཨ་ལགས་ཤིག་ཡིན་པར་གདའ།
ཨ་ལགས་རིན་པོ་ཆེ་ཕྱི་ལོ་༢༠༡༡་གྱི་ལོ་གསར་བ་ལ་བཀྲ་ཤིས་བདེ་ལེགས།
ལོ་གསར་བ་འདིའི་ནང་ལ་སྐུའི་འཕྲོད་བཞེས་དང་ཐུགས་ཀྱི་སྨོན་འདུན་ཡོངས་རྫོགས་བཟང་བར་ཤོག་གུ
ཁྱེད་ཀྱི་ཁ་བརྡ་ཚང་གི་ཚེ་སྲོག་བཟུང་བར་བཀའ་དྲིན་ཆེ།
ང་ལ་མིག་གི་དཔྱིད་དཔལ་སྟེར་བའི་ཁ་དྲོན་ཡིན།
ཨ་ལགས་ཁྱེད་སྐུ་ཚེ་བརྟན་རོགས་ཞུ།
ཁ་བརྡ་ཚང་ལགས། ངས་རྩོམ་ཡིག་ཐེངས་ཁ་ཤས་བསྐུར་ཡིན་ཡང་རྩ་བ་ཉིད་ནས་བཀོད་རོགས་བྱེད་ཀྱི་མི་འདུག
དེའི་རྒྱུ་མཚན་གང་ཡིན་ནམ།
གོ་ཕྲུག་རྭ་བུ་ལགས།
ཁྱེད་ཀྱི་རྩོམ་དེ་ངེད་ཚོར་འབྱོར་སོང་། དེ་ལན་ཕུལ་ཡོད།
ངེད་ཚོར་(Word)ནང་བསྐུར་རོགས་ལབ་ཡོད། དེ་ལྟར་གནང་རོགས།
ཁ་བརྡ་རྩོམ་སྒྲིག་པས།
khabdha@gmail.com
http://www.khabdha.org
བེ་རི་འཇིགས་མེད་ཀྱི་མཆན་བུ་དེར་ལན་ཞིག་རྒྱག་འདོད་འདུག་མོད།
མི་རྒན་པ་ཞིག་ལ་མང་པོ་ལབ་རྒྱུར་འཚེར་སྣང་ཡོང་གི་འདུག རྒན་ལགས་ལ་ཁོམ་ལོང་ཡོད་དུས།
ཁ་བརྡའི་ནང་གི་རྩོམ་དེ་ཚོ་ཀློགས་དང་། རྩོམ་ཁ་ཤས་ཀྱིས་རྒན་ལགས་ལ་སློབ་སྟོན་དང་ཤེས་བྱ་གསར་བ་སྤྲོད་ངེས་བ་མ་ཟད།
རྒན་ལགས་ཀྱིས་མ་མཁྱེན་པ་དེ་འདྲ་ཡང་མང་པོ་ཡོད་རེད་དྲན། རྒན་ལགས་གུ་ཡངས་ཙམ་གནང་དང་། རྒན་ལགས་ཀྱི་སྒོ་གསུམ་གྱི་ཡོན་ཏན་ཡར་རྒྱས་འགྲོ་བར་ཕན་ཆེ་གི་རེད།
དེ་ཙམ་ཡིན།
བེ་རི་འཇིགས་མེད་དབང་རྒྱལ་གྱིས་གད་སྙིགས་བཟོས་བཟོས་ཤིག་སུ་གང་གིས་བཟོས་མྱོང་ཡོད་པ་མ་རེད། དགའ་ན་འདྲ། མ་དགའ་ན་འདྲ། ཤོག་བུའི་ངོས་ཀྱི་གད་སྙིགས་དང་། དྲ་རྒྱའི་ངོས་ཀྱི་གད་སྙིགས་སྤུངས་མཁན་སྡུག་ཤོས་ཤིག་བཙལ་དགོས་བྱུང་ན། བེ་རི་འཇིགས་མེད་ལས་གཞན་པ་མེད། དག་ཆ་ཟེར་ན་དེར་མེད། མཁྱེན་རྒྱ་ཟེར་ན་དེར་མེད། ཡར་ནས་བཤུས་ཏེ་མར་ལ་སྦྱར། མར་ནས་བཤུས་ཏེ་ཡར་ལ་སྦྱར་ནས་ཉི་མ་བསྐྱལ་མཁན་ཞིག་རེད། ཁ་རྒྱགས་པ་འདི་འདྲ་མ་བཤད་ན་ཡག་གི་རེད། ཁ་རྒྱགས་པ་བཤད་ཀི་ཡིན་ན། དེའི་ཚོད་ཀྱི་ཤེས་ཡོན་དགོས་པ་རེད་མ་གཏོགས། དྲ་གྲོགས་ཚོར་དམའ་འབེབས་བྱེད་སྟངས་འདི་རིགས་ངོས་ལེན་བྱེད་ཐབས་མེད། སྙན་ངག་ཡག་པོ་རེ་འབྲི་བ་ཁས་ལེན་ཡོད། དེ་མིན་གཞན་ནང་ཆོས་ཡིན་ནའང་འདྲ། ཐ་སྙད་རིག་གནས་ཡིན་ནའང་འདྲ། མཁས་པ་ཡིན་པའི་ངོས་འཛིན་མེད།
ཀླུ་སྨྱོན་ཨ་ལགས་མཆོག་གིས་ཁ་བརྡ་རུ། །
ཆགས་གཏམ་ཆོས་ཀྱི་ཚུལ་དུ་བཤད་པ་དེ། །
དུས་རབས་གསར་པའི་དགེ་སློང་རྣམ་པ་ཞིག །
བདེ་སྟེར་ལྷ་མོ་ཁྱོད་ལས་མངོན་པ་གསལ། །
བེར་སྨྱོན་སྤྱི་འཐུས་མཆོག་གིས་ཁ་བརྡ་རུ། །
ཕྱོགས་གཏམ་ཟུར་ཚིག་ལམ་ནས་བྲིས་པ་དེ། །
སྤྱི་སེམས་ཁོག་ཏུ་བཅང་པའི་རྣམ་པ་ཞིག །
རང་དབང་དྲ་ལམ་བརྒྱུད་ནས་མངོན་པ་གསལ། །
འཛིང་བཞག་ན་སྟག་སེང་ཁ་སྤྲོད་རེད། །
བྲིས་བཞག་ན་སྙན་ངག་རང་གྲོལ་རེད། །
བཤད་བཞག་ན་ཁ་ལྕེའི་དབང་ཐང་རེད། །
དཔེ་བཞག་ན་གཤན་འདན་འཁྲུགས་འདྲ་རེད། །
གཅིག་ནི་བླ་མ་སྨྱོན་པ་རེད། །
གཅིག་ནི་གྲྭ་པ་སྨྱོན་པ་རེད། །
གཉིས་ཀས་སྨྱོ་གཏམ་བཤད་ལ་དགའ། །
ང་ཡང་གསུམ་པའི་ཁུངས་སུ་གཏོགས། །
བེ་རི་འཇིགས་མེད་ལྟ་བུ་ནི་ཁ་བརྡ་དྲ་ཚིགས་ནང་ལ་མེད་ན་མི་རུང་བའི་རྩོམ་ཡིག་སྤེལ་མཁན་དེ་འདྲ་མ་རེད། འདི་འདྲ་བ་ག་ས་གང་ན་ཁེངས་བསྡད་ཡོད་པ་རེད། འདི་ལྟ་བུ་ཁ་བརྡ་དྲ་ངོས་ནས་རྒྱང་ཕུད་བཏང་བཞག་ན་ཡག་གི་རེད། རབ་ཡིན་ན། ཁྱེད་རང་གི་ལྟ་སྟངས་ལ་༼ སྤྲང་ཁྱི་འབ་ཟུག་མང་བའི་སྤྲ་སྒར༽འདིའི་ནང་མ་འཛུལ་ན་དགའ་བསུ་ཡོད། ཆོས་དང་རིག་གནས་གང་གི་ཐད་ནས་རྩོད་བསམ་པ་ཡོད་ན། ཕེབས་རོགས། ཁ་རྒྱགས་པ་མ་བཤད་ན་ཡག་གི་རེད། སོ་སོ་སོ་སོས་བཀྱགས་བསྡད་པས་ཕན་གི་མ་རེད།
ཁ་བརྡ་ཚང་ལགས། དགོངས་པ་འཚོམས།
ཁ་སྔོན་ངས་སྤྲུལ་སྐུའི་ལམ་ལུགས་ཀྱི་རྩོམ་ཞིག་ PDF བཟོས་ནས་བསྐུར་ཡིན་པས་ཏག་ཏག་བཀོད་འདུག ད་ལན་ཡང་བཀྲ་མཐོང་ལ་བསྐྱར་ཞིག་ཐེངས་གཅིག་ཟེར་བའི་རྩོམ་དེ་ངེས་པར་བཀོད་རོགས་ཐུགས་རྗེ་ཆེ།
འདི་ནས་ངས་མ་ཕྱི་བསུབས་ཚར་ཡིན།
མཚོ་བྱུང་ལྷ་མོ་བོད་ཀྱི་མཛེས་མར་འཁྲུངས་ན། །
གངས་སེང་དུད་འགྲོ་བོད་ཀྱི་མི་རྗེར་འཁྲུངས་ན། །
མ་འོ་སྡིག་ཆེན་དྷ་སའི་བོང་བུར་འཁྲུངས་ན། །
རང་གི་ལས་རྒྱ་རང་གི་བཟའ་ཟླར་སྐྱེས་ན། །
ང་ནི་་་་་་་་་
་་་་་་་་་་་་་་་་་་་་་་་་་་
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཆོས་འཕེལ་ལགས།
ཁོག་ཆུང་བྱེད་ནས་གཏམ་ཆུང་མ་བཤད། །
བློ་ཆུང་ཆགས་ནས་བྱབ་ཆུང་མ་བྱེད། །
སྨྱོན་པས་ཆིག་ལབ་བརྒྱབ་པ་ལ། །
ཁ་རྩོད་དཔུང་སྒྲིག་བྱེད་དོན་མེད། །
སྙིང་མེད་ན་དགྲ་སར་མ་འགྲོ། །
ལག་མེད་ན་མདའ་མོར་མ་བལྟ། །
ལྕེ་མེད་ན་གཏམ་སྒོ་མ་ཕྱེ། །
ཞེན་མེད་ན་ཟུར་མིག་མ་བལྟ། །
སྐུ་གཤོགས་བེ་རེ་འཇིགས་མེད་ལགས།
ཁ་བརྡ་དྲ་ཁང་དུ་འཛུལ་སྐབས་དེ་འདྲ་དངངས་སྐྲག་མ་བྱེད།
སྟག་སྨྱོན་མཚམས་ལ་རེར་མ་གཏོགས་འདི་བར་ཡོང་གི་མི་འདུག
སྐུ་ཞབས་བེ་རིས་ཁ་བརྡ་དྲ་ངོས་སུ་གད་སྙིགས་གཡུག་གི་འདུག་ཟེར། ཡིན་ནའང། ཁོང་གིས་གད་སྙིགས་ངོ་ཤེས་ཀྱི་མེད་པ་འདྲ། གལ་སྲིད་ཁོང་གིས་གད་སྙིགས་ངོ་ཤེས་ཀྱི་ཡོད་ན། ཁོང་རང་ཉིད་ལས་་གད་སྙིགས་ཤིག་ཟུར་དུ་འཇོག་རྒྱུ་མེད། བཙན་བྱོལ་ནང་གི་ཤེས་ལྡན་པར་རླུང་རྟ་རྒྱུགས་པ་དག་གི་ནང་ནས་ཁོང་ནི་གད་སྙིགས་གསོན་པོ་དེ་ཡིན་ལ། ཁོང་གི་གད་སྙིགས་ཀྱིས་ཆེ་སའི་ཁོར་ཡུག་བརླག་པ་མ་ཟད། ཉམས་ཆུང་ལ་འཁོས་ཞན་པའི་ནོར་གླིང་མཐོ་སློབ་ཀྱི་སློབ་མ་རེ་བ་ཅན་ཁ་ཤས་གད་སྙིགས་ཀྱི་ཉེ་སར་བསྐྱལ་ཡོད། གཅིག་བྱས་ན་ཡུལ་ཝ་ར་ན་སིར་ཡང་གད་སྙིགས་སྤུངས་བཞིན་པ་མེད་འགྲོ
ཨ་རིར་བཞུགས་པའི་ཨ་ལགས།།
སྙན་ངག་སྨྲ་བའི་རྒྱལ་པོ།།
རིག་པའི་གྲོགས་པོ་ཀླུ་སྨྱོན།།
སླར་ཡང་མཇལ་བས་སྤྲོ་བྱུང་།།
ང་ཚོ་མཉམ་དུ་ཡོད་པའི་འདྲ་པར་དེ་ཚོ་དུས་ཚོས་ཡོད་སྐབས་དང་བསྟན་ནས་སྐུར་རོགས།།
རྒྱུག་པ་འཕྲེད་ལ་ཐེངས་བཅིག་གཡུགས་པས།།
ཁྱི་ཕྲུག་ཅིག་གི་ཁ་ལ་ཕུག་འདུག།
ཁྱི་སོ་ཐང་ལ་འཐོར་བའི་ཉེས་པ།།
བླ་མ་ལྷ་ཡི་མདུན་ལ་འཆགས་སོ།།
སྐུ་ཞབས་བེ་རིས་ཁ་བརྡ་དྲ་ངོས་སུ་གད་སྙིགས་གཡུག་གི་འདུག་ཟེར། ཡིན་ནའང། ཁོང་གིས་གད་སྙིགས་ངོ་ཤེས་ཀྱི་མེད་པ་འདྲ། གལ་སྲིད་ཁོང་གིས་གད་སྙིགས་ངོ་ཤེས་ཀྱི་ཡོད་ན། ཁོང་རང་ཉིད་ལས་་གད་སྙིགས་ཤིག་ཟུར་དུ་འཇོག་རྒྱུ་མེད། བཙན་བྱོལ་ནང་གི་ཤེས་ལྡན་པར་རླུང་རྟ་རྒྱུགས་པ་དག་གི་ནང་ནས་ཁོང་ནི་གད་སྙིགས་གསོན་པོ་དེ་ཡིན་ལ། ཁོང་གི་གད་སྙིགས་ཀྱིས་ཆེ་སའི་ཁོར་ཡུག་བརླག་པ་མ་ཟད། ཉམས་ཆུང་ལ་འཁོས་ཞན་པའི་ནོར་གླིང་མཐོ་སློབ་ཀྱི་སློབ་མ་རེ་བ་ཅན་ཁ་ཤས་གད་སྙིགས་ཀྱི་ཉེ་སར་བསྐྱལ་ཡོད། གཅིག་བྱས་ན་ཡུལ་ཝ་ར་ན་སིར་ཡང་གད་སྙིགས་སྤུངས་བཞིན་པ་མེད་འགྲོ
ང་ཁ་བརྡར་ནང་དུ་ཡོང་ནས་ཟླ་གཅིག་ཙམ་ལས་ཕྱིན་མ་སོང་ཡང་། དུས་ཡུན་ཐུང་ངུ་དེའི་རིང་ལ་ཨ་ལག་ཀླུ་སྨྱོང་མཆོག་ནས་རྩོམ་ཡིག་མང་པོ་སྤེལ་ནས་ཀློག་པ་དུ་མའི་ཡིད་ལ་གོ་རྟོགས་གསར་པ་སྤེལ་བར་མཛད་པར་རྗེས་སུ་ཡིད་རངས་ཡོད།
ཁ་བརྡ་ནང་དུ་གད་སྙིགས་ཡོད་དམ་ཅི་མི་ཤེས་ཀྱང་། སྔར་ལོའི་གྲོས་ཚོགས་ནང་དུ་རྒན་གྱིས་དཔུང་པ་འཕུར་ནས་སྐད་ཤུགས་ཆེན་པོས་མགོ་འཇུག་ཆ་མ་འཚམས་པའི་གཏམ་བཤད་དུམ་བུ་གཅིག་བྱས་པའི་འཇུག་འབྲས་སུ་གདན་ས་ཁག་གི་དགེ་འདུན་པ་ཡོངས་ཀྱི་སེམས་གཏིང་དུ་བག་ཆགས་ངན་པ་ཞིག་བཞག་པའི་འཇུག་འབྲས་ནི་སྔོན་འགྲོའི་འོས་ཤོག་བླུགས་དུས་ཁ་གསལ་གཏིང་གསལ་དུ་ཆགས་མི་འདུག་གམ། བེ་རི་ལགས།
བེ་རི་ལགས། ད་ནི་གྲོས་ཚོགས་ནང་དུ་ཕལ་ཆེར་ཕེབས་ཤག་མི་འདུག དེ་ལས་ང་ཚོའི་མཉམ་དུ་ཁ་བརྡའི་དྲྭ་ཚིགས་ནང་དུ་ཅི་འགྲུས་མི་འགྲུས་འདྲ་བཤད་ན་ཅི་འདྲ།
གད་སྙིགས་ཡོད་དམ་ཅི་མི་ཤེས་ཀྱང་།
སྔོན་འགྲོའི་འོས་ཤོག་བླུགས་དུས་ཁ་གསལ་གཏིང་གསལ་དུ་ཆགས་མི་འདུག་གམ།
སྐུ་ངོ་བེར་རི་འཇིགས་མེད་ལགས།
སྤྱི་དོན་་ཉམས་མྱོང་མེད་པ་དང་། །ཆབ་སྲིད་ཤེས་བྱ་མེད་པ་ཡི། །སྤྱི་འཐུས་ཡོང་མདོག་མིན་འདུག་པས། །ཁ་བརྡའི་ནང་དུ་ཕེབས་རོགས་ཞུ། །
སྙིང་སྡུག་མ།
ཁྱོད་རང་དྲན་དུས་འཐུང་སྙིང་འདོད། །
འཐུང་ན་ཚོད་མེད་བཟི་སྙིང་འདོད། །
བཟི་ན་སྙན་ངག་འབྲི་སྙིང་འདོད། །
བྲིས་ན་བྲིས་ཚད་ཁྱོད་ཀྱི་སྐོར། །
དགེ་བཤེས་མིང་དང་ལུས་ཀྱི་གྱོན་ཆས་དེར།།
འདུ་ཤེས་མཐོ་ཙམ་བཞག་ཡོད་བེ་རི་ལགས།།
མཁས་པའི་ཡོན་ཏན་རྔམ་ཁའི་ཚད་གཞི་དང་།།
བསམ་སྤྱོད་དེ་ལ་མཐོང་ཞིག་མི་ཡོང་འདུག།
སྤྱི་ལོ་གསར་ཚེས་ལ་ཚང་མར་བཀྲ་ཤིས་བདེ་ལེགས་ཡོད། །
བདག་ནི་ཁྱེད་ལ་མི་དགའ་དོན་མེད་ཀྱང།།
ཙོང་ཁ་པ་དེའི་རང་ལུགས་འཛིན་མའི་ཁྱོན།།
གསེར་ཞུན་འོད་ཀྱེས་ཁེངས་པའི་པའི་དུས་མཐའ་འདིར།།
ཀུན་ལེགས་སྨྱོན་པའི་རྣམ་ཐར་སྐྱོང་བ་ཞིག།
དགེ་ལུགས་ཚང་གིས་སྐུ་གསུང་ཐུགས་ཀྱི་ཚབ།།
དགའ་བ་བརྒྱད་ལྡན་གྲོས་ལ་དབང་བསྐུར་བ།།
དཔྱོད་ལྡན་གད་མོ་ཤོར་པའི་ལོ་རྒྱུས་རེད།།
ཡིན་ཡང་ཉམས་མྱོང་ཚད་མའི་བློ་མིག་གིས།།
དགོངས་པ་ཡོངས་སུ་སྤྲོད་པའི་འབྲས་བུ་རྣམས།།
བོད་དོན་མདུན་དུ་བསྐྱོད་པའི་རྒྱུར་གྱུར་ཅིག།
xxxxxxxxxxxxxxxxxxxx
སྐུ་ཞབས་བེ་རི་ལགས། ངོས་ཁ་བརྡ་རྩོམ་སྒྲིག་པ་མིན་ལ། ཁ་བརྡའི་རྩོམ་པ་པོ་ཞིག་ལས་ཁ་བརྡ་དང་འབྲེལ་བ་གང་ཡང་མེད། ངོས་ནས་དང་པོ་ཁྱེད་ལ་སྐད་ཆ་ཁ་ཤས་ཤིག་བཤད་ཀྱི་ཡིན།
༡ ངོས་ཁ་བརྡའི་དར་རྒུད་ལ་ཤིན་ཏུ་སེམས་ཁུར་ཅན་ཞིག་ཡིན་པས། ཁྱེད་ནང་བཞིན་དྲ་ངོས་འདིར ཁྱི་དང་ཁྱི་ལ་སོགས་པའི་ཚིག་གཅིག་བྲིས་མྱོང་མེད།
༢ ངོས་ཁྱེད་ལ་སྐུར་བ་བཏབ་མེད་ལ། བསྙོན་འཛུགས་བྱས་མེད། འོན་ཀྱང་ཁྱེད་ལ་མཆན་བུ་འདེབས་མཁན་ཚང་མར་ཁྱེད་ནས་ཁྱི་དང་ཁྱི་ཞེས་འབྲི་བཞིན་པས་ཞེད་སྣང་དེའི་རྒྱུ་མཚན་ཁྱེད་རང་ངོས་ནས་ཕྱིར་བཏོན་ཐུབ་ན།
༣ ངོས་ཁ་བརྡའི་དྲ་ངོས་སུ་གད་སྙིགས་ཡོད་མེད་དང། གད་སྙིགས་སུས་བཟོས་མིན་སྐོར་བརྩི་བཀུར་དང་བཅས་ཁྱེད་དང་མཉམ་ཏུ་བགྲོ་གླེང་བྱེད་རྒྱུ་ཡིན།
༤ ནམ་ཞིག་ངོས་གཞི་མེད་ཚིག་གཅིག་བྲིས་པ་ཡིན་ན། དེ་དུས་ངོས་ཁྱེད་ཀྱི་ཁྱི་དང་ཁྱི་ཞེས་པའི་མིང་དེ་དང་དུ་ལེན་ངེས་ཡིན།
༥ གལ་སྲིད་ཁྱེད་ལ་དོན་དངོས་སྨྲ་ཐུབ་པའི་སོར་རྩལ་དང་སྤོབས་པ་ཡོད་ན། ངོས་ཁྱེད་ལ་དྲ་ངོས་འདི་ནས་སློབ་སྟོན་བྱེད་མ་ཐུབ་ཀྱང། མི་ཚེའི་ནང་ཁྱེར་ཆོག་པའི་ཉམས་མྱོང་གྱ་ནོམ་པ་ཞིག་སྤྲོད་ཐུབ་ངེས་ཡིན།
སྐུ་ཞབས་བེ་རི་ལགས་སུ་སྤྲིངས་པ།
གཏམ་གྱི་འགོ་མ།
བོད་པ་བྱེས་སུ་འབྱོར་ནས་མ་འགོར་བར།། དགེ་རབ་ཧོར་འཇིགས་ཆབ་བྲག་རིམ་བྱོན་གྱིས།། སེམས་ཚོར་བཅད་མར་སྤེལ་བའི་ལུགས་སྲོལ་ཞིག། བྱང་ཕྱོགས་རྡ་རམ་ཤཱ་ལའི་སྐེད་དུ་ཕྱེས།། ཉིད་རང་ཉིད་ཀྱིས་གསུངས་ལྟར་ནག་རིལ་མར།། ངེས་ཤེས་དྲངས་ཏེ་སྙན་པ་ངག་གི་མཚོར།། ཅི་དགར་ཞུགས་པ་འདས་པའི་བྱུང་བ་ཉིད།། དོན་དམ་གང་ཡིན་གླེང་བའི་ངལ་བ་སྤངས།།
བུ་མོའི་པར་རིས་འཁོད་པའི་དུས་དེབ་ཅིག། ལྷོ་ཕྱོགས་འདུས་པའི་སྡེ་ནས་འདིར་སོན་ཁར།། ལ་གཞས་མ་ཅིན་ཀྲིས་ལིར་བླངས་པ་ཡིས།། སྙན་ངག་སོགས་ལ་དུངས་པའི་སྐུ་ཞབས་ཤིག། ཡིན་པར་བསམ་ཞོར་སྙིང་རྗེ་བསམ་པ་དྲན།།
སྟོང་ལོ་གསར་བའི་དུས་ཀྱི་འགོ་མ་ལ།། དེབ་ཕྲེང་ཁ་ཤས་དཔར་བའི་ཚིག་འགྲོས་ལས།། བདག་གི་ཡོངས་འཛིན་དཔའ་བོའི་སོར་རྩེ་ལ།། དད་མོས་ཆེ་བའི་དྲི་མ་ཅུང་ཙམ་རིག། གཞན་ཡང་ངོ་བསྟོད་ཚིག་ཚོགས་ལུགས་བཟང་གི། གླེང་བརྗོད་འདོད་མིན་ཀུན་ལ་བྲིས་པ་རིག།
འོན་ཏེ་ཆོས་འབྱུང་ལམ་རིམ་ཆེན་མོའི་མཐུག་ཚད་ཅིག། བརྩམས་སམ་བསྡུས་པ་དེ་ཡི་ངལ་བ་ཙམ།། རིན་ཐང་ཆེ་བའི་ཡུལ་དུ་བཞག་པ་སོགས།། མེ་ཏོག་མ་ལ་སྣང་པའི་བེ་རི་སྟེ།། དགེ་ལུགས་དགེ་བཤེས་འཇིགས་མེད་དབང་རྒྱལ་རེད།།
དངོས་གཞི།
འོན་ཏེ་ཁོང་ཁྲོའི་ཚིག་གམ་ཚོད་མེད་ཚིག། ནར་གཅིག་གཡུག་པ་འདི་ལ་རིན་ཆུང་ཡང།། དངོས་ལ་མི་མཐུན་ཐ་མལ་ཚིག་དང་བཅས།། བཤེས་གཉེན་ངག་ནས་བརྡོལ་བ་ཤ་ཚ་ནས།། ཡི་གེའི་གཟུགས་འདི་ཝ་ན་ཎ་སིར་བསྐུར།།
རྒན་པོ་བྱབ་ཆུང་བེ་རི་འཇིགས་མེད་ཀྱི། །
ཕྱོགས་ལྷུང་གདོན་གྱི་སྨྲ་བ་ལན་གཅིག་གིས། །
ཞྭ་སེར་བསྟན་པའི་གདུག་དཀར་ཁྱོན་ཡངས་ངོས། །
ཁྱིམ་སུན་འབྱིན་གྱི་ནག་ནོག་དྲི་མས་བསླད། །
སྟོབས་ཀྱི་འཁོར་བསྒྱུར་ཀུན་གཟིགས་ལྔ་པ་ཆེར། །
ལོག་མཐོང་ལྟོ་འགྲོའི་རོ་འཛིན་གཡོ་བ་ལས། །
དད་ཅན་ཡིད་ངོར་སེར་གཟུགས་སྡང་དགྲ་ཞིག །
བསྟན་ལ་རྨ་འབྱིན་སྣོན་མར་ལྷགས་འདི་སྐྱོ། །
ཨ་རོགས་བེ་རི་འཇིགས་མེད། སྔོན་མ་ངས་ཁྱེད་ལ་བརྩི་མཐོང་ཆེན་པོ་ཡོད། སེམས་ཀྱི་གཏིང་ནས་བརྩི་བཀུར་བྱེད་ཀྱི་ཡོད། ཁྱོད་མཁས་པ་ཞིག་ཡིན་མིན་མི་ཤེས་ཤིང་། ཧ་ལམ་རྩོམ་ཡིད་ཚོ་ལ་བལྟས་ན་ལག་ཏུ་གང་བྱུང་དང་རྣ་བས་གང་གོ་ཞིབ་འཇུག་ཙམ་ཡང་མི་བྱེད་པར་འབྲི་རྐྱང་བྱེད་པ་དང་། གཙོ་བོ་སྤུས་ཚད་ལ་མི་བལྟ་བར་དེབ་ཀྱི་བམ་ཁ་འཐུག་ཐབས་ལ་བལྟ་མཁན་ཞིག་རེད་བསམ་སོང་། འོ་ན་ག་རེ་བྱས་ནས་བརྩི་བཀུར་བྱེད་ཀྱི་ཡོད་ཟེར་ན་ཁྱེད་མི་ཡག་པོ་ཞིག་དང་མཁས་པའི་བྱ་བ་ལ་དགའ་མཁན་ཞིག་རེད་བསམ་སོང་། ཁྱད་པར་དུ་གཞུང་ཞབས་པ་ཚོའི་ནང་ན་བོད་ཡིག་ཤེས་མཁན་ཉུང་བས་ཁྱོད་རྩ་ཆེན་པོ་རེད་བསམས་སོང་། ཡིན་ན་ཡང་ན་ནིང་གྲོས་ཚོགས་ནང་གི་གློག་བརྙན་དེ་མཐོང་བའི་རྗེས་ནས་ཁྱོད་ཀྱི་མིང་གོ་ན་ཡང་སྐྱུགས་མེར་ལངས་ཡོང་གི་འདུག དེར་བརྟེན་ཁྱོད་ཀྱིས་ང་ལ་དྲ་ཐོག་ནས་གྲོགས་པོ་བྱེད་རྒྱུའི་ Request ཐེངས་ཁ་ཤས་ལ་བཏང་རུང་ངས་ Accept བྱས་མེད། ན་ནིང་གྲོས་ཚོིགས་ནང་ནས་གཅོག་རྒྱུ་བརྡུང་རྒྱུ་ལུང་བ་གང་བཤད་ནས། ད་ཡང་དྲ་ཐོག་ཏུ་ཡོང་ནས་ཁྱི་རྒན་དང་། ཕྱི་ཕྲུག བརྡུང་རྒྱུ། རྒྱག་རྒྱུ་ཟེར་གྱི་ཡོད་དམ། ཁྱོད་ཀྱི་མཆན་༣༽པ་དང་༣༥༽པ་རྣམས་ལ་ལྟོས་དང་། དེ་འདྲ་ཡིན་ན་སྟོན་པའི་ནབ་བཟའ་དེ་མར་ཕུད་ནས་འདིར་ཤོག་དང་། ང་ཚོས་མཉམ་དུ་ཀུ་རེ་དང་ཧབ་དགོད་བྱེད་ཞོར་ལ་རྒྱ་མའི་ཟ་ཁང་ནང་དུ་ཉ་བཤའ་བར་འགྲོ་ཡ། ང་ཚོ་མི་ཞིག་ཡིན་པས་ཆོས་དང་འཇིག་རྟེན་གཉིས་ཀྱི་ནང་གི་གཅིག་ངེས་པར་དུ་དགོས་ནི་རེད།
ལྷ་ས་ཨབ་སོག ལྷ་པགས་གོན་པའི་ཁྱུ་ཕྲུག་ཨ་སག་ལགས། ཁྱི་ཡིས་ཁྱི་གཟུགས་བསྟན་ན་ལེགས་མོད་ཀྱང་།། ལྷ་པགས་གོན་ནས་དཀྲུགས་ན་ལེགས་པོ་མིན།། ལོ་ཤས་རྡ་སར་བསྡས་པའི་རྒྱུད་རིམ་ནང་།། ལྷ་སའི་མི་གཤིས་བདག་གིས་རགས་ཙམ་ཤེས།། བཤད་ན་ཉན་ཞིང་བསམ་ཤེས་ཐུབ་པ་དང་།། ཁོག་རྒྱ་ཡངས་ཤིང་ཕྱི་ཐག་རིང་བ་སོགས།། མྱི་ལ་དགོས་པའི་ལྷན་སྐྱེས་ཡོན་ཏན་མང།། མྱི་དང་ཁྱི་ཡིས་ཇི་ཙམ་འབད་བྱས་ཀྱང་།། ལྷ་ཡི་རྗེས་ལ་བསྙེག་ཐབས་ནམ་ཡང་མེད།། དེ་ཕྱིར་ལྷ་པགས་གོན་པའི་ཨ་སོག་ཁྱི།། སྡུག་ཁ་བཙུམ་ནས་ཁྱི་ཚང་ནང་དུ་རྒྱུགས།། དེང་སང་ཁྱི་གོང་འཕར་བའི་སྐབས་ཡིན་ཡང་།། རྔ་མ་མགོ་ལ་སྐྱེས་པའི་ཁྱི་རིགས་ཚོར།། ཨ་ན་གཅིག་གི་རིམ་ཐང་མི་ལྡན་པས།། ལ་ཟུག་ལུང་རྒྱུགས་བྱས་ཀྱང་ཕན་པ་ཆུང་།། རེས་གཟའ་ཉི་མའི་གུང་སིང་གཏོང་བའི་ཞོར།། དྲ་ཁྱི་ཨ་སོག་རྡུང་བའི་སྡིག་པ་འགའ།། འཆིས་ཚེ་དབྱངས་ཅན་མྱོས་པའི་བྲང་སྲིབ་ནས།། ཕྱོགས་དུས་བདེ་གཤེགས་ཀུན་གྱི་སྤྱན་སྔར་འཆག།། སརྦ་མངྒ་ལཾ།(ཨ་སོག་ལགས། འདི་རྩེད་མོ་ཡིན་གོ ཡིན་ན་ཡང་ལྷ་སའི་མིང་པགས་གོན་པ་དེ་ཡག་པོ་མ་རེད། སོ་སོའི་མིང་འབྲི་མ་ཕོད་་ཀྱང་མིང་རྫུན་གཞན་ཞིག་འབྲི་ན་ལོས་འགྲིགས། )
ཁྱུ_ཁྱི་ལ་བཅོས་རོགས།
གོ་ཕྲུག་རྭ་བུ། ཁྱོད་ཀྱི་རྩོམ་ཡིག་ལ་གོ་རྒྱུ་རེ་འདུག མུ་མཐུད་རྩོམ་ཡིག་རེ་བྲིས་ནས་ཐོངས། ཁྱིའི་ཁ་ལ་རྒྱུགས་མྱི་ཟུག་ན། མྱི་ཤི་ཁྱི་ལུས་ཟེར་རྒྱུ་དེ་རེད། མི་ཅི་ཙམ་སྡུག་ནའང་ལོང་ནས་འགྲོ་ལེ་རེད། གོག་ནས་འགྲོ་ལེ་མམ་རེད། མྱི་མྱི་སྡོད་ས་ལ་སྡོད་དང་། གོ་ཨེ་ཐལ།
རྩོམ་འདི་ལ་མཆན་སྒོ་བརྒྱབ་ཚར་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
khabdha@gmail.com
http://www.khabdha.org