ལུས་ཤ་ཚོ་ཆེས་པའམ་རྒྱགས་དྲགས་པ།
༡། ཀྲོ་མ་ཀྲོ་དང་། ཕོ་བ་རིས(mint)། ལོ་འཁོར་པད་ཚལ་ལམ་ཚོད་མ་མགོ་ལོག་གི་བཟའ་ཆས་རིགས་མང་དུ་བསྟེན་ན་ཚོ་ཆེས་པ་སྐེམ་པར་བྱེད།
༢། ཤིང་ཏོག་ལེམ་(lime) གྱི་ཁུ་བ་ཇ་ཁེམ་(teaspoon)གཉིས་རེ་ཆུ་ཀབ་ཕོར་གང་ནང་བླུགས་ནས་ཉིན་རེར་ཐེངས་གཉིས་རེ་འཐུང་ན་ཚོ་ཆེས་པ་སྐེམ་པར་བྱེད། བཅོས་ཀ་འདི་བཟའ་བཏུང་འོས་འཚམས་བསྟེན་ཐབས་དང་མཉམ་དུ་ལག་ལེན་བྱས་པས་ལུས་པོའི་ལྗིད་ཚད་ཉུང་དུ་གཏོང་བར་ཕན་ཞིང་། བཟའ་བཏུང་འོས་འཚམས་སམ་ཚད་རན་པོ་དེ་ཡང་མངར་ཆ་(carbs) ཡོད་པའི་འབྲས་དང་གྲོ་ཕྱེའི་བག་ལེབ་ཉུང་ངུ་ཟ་བ་དང་། བག་ལེབ་དཀར་པོའི་རིགས་དང་ཞོག་ཁོག་དང་འོ་མ་དང་བག་ལེབ་བམ་གོ་རེ་ལྟ་བུའི་བསྲེག་ཟས་འཁུར་བའི་(bakery) རིགས་རྒྱུན་དུ་སྤང་དགོས།
༣། བཅའ་སྒའི་ཇ་ཉིན་རེར་ཐེངས་གཉིས་རེ་འཐུང་ན་ཚོ་ཆེས་པ་ཉུང་དུ་བྲི་བར་ཡང་ཕན།
༤། ཁ་ལོ་རེ་(calory) ཅི་ཙམ་བསྟེན་གྱི་ཡོད་མེད་ལ་དོ་སྣང་བྱས་ཏེ། གོང་གསལ་བཅོས་ཀ་དེ་དག་གི་སྟེང་གོམ་བགྲོད་བྱེད་པའམ་རྐང་འཁོར་རམ་ལྕགས་རྟར་ཞོན་པ། ཡང་ན་ལུས་རྩལ་ཁང་ནས་རྩལ་སྦྱོང་རྩེ་ནའང་ཕན་ཐོགས་ཆེའོ་།
སྤྱིར་ལུས་ཤ་ཚོ་ཆེས་པ་ལས་སྐམ་པོ་རན་པོ་ཞིག་ཡིན་ན་དགའ། སྤྱིར་གང་ཞིག་གི་ལུས་ཤ་ཚད་རན་པོ་ཡིན་མིན་ལ་བལྟ་དགོས་ཚེ། ནུབ་ཕྱོགས་ཡུལ་དུ་ལུས་པོའི་ཡང་ལྗི་འོས་འཚམས་ཡིན་མིན་ལ་བལྟ་བར་ལུས་ཀྱི་བོངས་ཚད་འཇལ་གྲངས་ Body mass index (BMI)བརྟག་སྲོལ་ཞིག་ཡོད་པས། གཤམ་གྱི་རེའུ་མིག་ནང་གི་གཡོན་ཕྱོགས་ན་གྱེན་ཐུར་དུ་ཡོད་པའི་ཨང་རིམ་ནས་རང་གི་གཟུགས་པོའི་རིང་ཚད་ཀྱི་ཨང་གྲངས་དང་ཀླད་ངོས་ན་འཕྲེད་དུ་ཡོད་པའི་ཨང་རིམ་ནས་རང་གི་གཟུགས་པོའི་ལྗིད་ཚད་ཀྱི་ཨང་གྲངས་གཉིས་པོ་བལྟ་བསྡུར་མཛུབ་འདེད་བྱས་པའི་སྣོལ་མཚམས་ཨང་གྲངས་དེ་ནི་རང་གི་ལུས་ཀྱི་བོངས་ཚད་འཇལ་གྲངས་ (BMI) ཡིན་ལ། འཇལ་གྲངས་དེ་ཚོན་མདོག་གང་གི་ཁོངས་སུ་ཡོད་པར་བལྟས་ཏེ་ཀླད་དཀྱིལ་ན་ཡོད་པའི་ཚོན་མདོག་གི་འགྲལེ་བཤད་དེར་གཟིགས་ན་རང་ཉིད་ཀྱི་ལུས་ཤ་ཚོ་ཆེ་བའམ་སྐེམ་དྲགས་པ་ཡིན་མིན་ཤེས་ཐུབ།
ང་མི་ཚེ་གང་བོར་སྐམ་པོ་ཞིག་ཡིན། ད་རྒྱགས་པ་ལྷུག་ལྷུག་ཅིག་ཆགས་ན་འདོད་ཀི ཐབས་ཤེས་རེ་སློབས་དང་།
མཆོག་ནས་ཚོ་བྱང་སྐྱལ་གྱི་ཁ་ཟས་གལ་ཆེན་ཞིག་བརྗེད་འདུག ལ་ཕུག་དང་ལ་ཕུག་སྐོལ་ནས་ཁུ་བ་བཏུང་ན་ཚོ་བྱང་རྒྱུར་ངེས་པར་དུ་ཕན་པ་རེད། འོན་ཀྱང་ཁ་ཟས་ཉུང་དུ་གཏོང་རྒྱུ་དང་ལུས་རྩལ་གཉིས་ནི་མེད་དུ་མི་རུང་བ་ཞིག་ལོས་ཡིན། ཀླུ་སྨྱོན་ལགས་ཁ་ཟས་མང་དུ་བཞེས་དང་སྐུ་ཤ་རྒྱགས་པ་ཆག་རྒྱུ་ཐེ་ཚོམ་ཅི་ཞིག་ཡོད།།
ཕོ་ཆེ་དགོས་ན་སྐོམ་ཆང་འཐུང་།
སྙིང་ཆེ་དགོས་ན་གཡག་ཚུལ་ཟོ།
ལུས་ཆེ་དགོས་ན་མངར་ཟས་དང་མངར་ཆུ་བཞེས།
ད་དུང་། རྒྱགས་པ་མི་ཆགས་ན། རྒྱོ་ཉུང་ཙམ་རྒྱོབ། རྒན་མོ་མེད་ན་མཇེ་ལག་ཡང་ཉུང་ཙམ་བྱོས་དང་རྒྱགས་པ་ཆགས་ལ་དཀའ་ངལ་མེད་ཁོ་ཐག་ཡིན།
ཨ་ཁུའི་སྨན་ཐབས་འདི་ཡིན།
ཀླུ་སྨྱོན་ལགས། སྐུ་ཉིད་ཀྱི་སྐུ་ཤ་ནི་ཚད་རན་པོ་ཡོད་མེད་ཐད། གུས་ནས་གོང་འཁོད་རྩོམ་ཐུང་ལ་ཁ་སྣོན་ཅུང་ཟད་བྱས་ཡོད་པས་དེ་ནས་སྐུ་ཤའི་ཡང་ལྗི་རན་པོ་ཡོད་མེད་རྟོགས་ཐུབ།
སྤྱིར་སྐུ་ཤ་བརྟ་བར་བྱེད་དགོས་ན། དཔལ་ལྡན་རྒྱུད་བཞིར། དེ་ཟས་ལུག་ཤ་བུ་རམ་ཀ་ར་མར། འོ་མ་ཞོ་ཆང་ལ་སོགས་བཅུད་ཀྱིས་བརྟ། སྨན་སྦྱོར་ནད་དང་གང་འཕྲོད་སྨན་མར་བསྟེན། དཔྱད་དུ་འཇམ་རྩི་ཁྲུས་དང་བསྐུ་མཉེ་བྱ། སྤྱོད་ལམ་གཉིད་ལོག་དལ་དང་སེམས་དགའ་བརྟ། དེ་ཡིས་སྟོབས་འཕེལ་ནད་ཀུན་ཟིལ་གནོན་ནུས། ཞེས་དང་། ཡང་ འཚོ་བས་སྐེམ་བཟང་བརྟ་བ་ཚོད་ཟིན་བྱ་ ཞེས་ཀྱང་གསུངས་ཡོད།
ཡག་པོ་བྲིས་འདུག་རྗེས་ཕྱོགས་མུ་མཐུད་དུ་འདི་འདྲའི་རྒྱུན་མཁོའི་ཤེས་བྱའི་སྐོར་འབྲི་རོགས་ཞུ།།