ཀླུ་སྨྱོན།
ཉོན་མོངས་ཀུན་ལས་རྣམ་གྲོལ་བ། །ནམ་མཁའི་ལམ་ལ་རབ་གནས་པ། །འཇམ་དཔལ་མཚན་བརྗོད་ལས།
འོད་གསལ། གཉུག་མ། ཀ་དག ཆོས་དབྱིངས།
འདི་དག་ནི་དོན་གཅིག་མིང་གི་རྣམ་གྲངས་ཤིག་རེད་ལ།
འདི་དག་ནི་མཐར་ཐུག་གི་གནས་མལ་ཞིག་ཀྱང་རེད།
འོད་གསལ་དེའི་ཆེད་དུ།
འཁོར་བ་ཐོག་མ་མེད་པ་ནས།
མུན་ནག་ལ་སྐྲག་ཞོར་དང་འདར་ཞོར།
རང་ལུས་ཡིན་ཡང་མེ་རུ་སྒྲོན་འདོད་ཀྱི་དཔའ་སྤོབས་ཤིག་བཙལ་བ་རེད།
ཡང་སྙིང་ཞིག་གམ། གཏིང་རུམ་ཞིག་གི་ཆེད་དུ།
བུ་དང་ཆུང་མ་སོགས།
ཡོད་ཚད་བློས་བཏང་ཟིན་པས།
ད་ནི། གཉུག་སེམས་ཁྱོད་མངོན་དུ་འགྱུར་རེ་རན།
འཁྲུལ་སྣང་ཙམ་དང་། ཡང་ན་གནས་སྐབས་ཙམ་དུ།
བདེ་སྡུག་དང་དགའ་སྐྱོ། ཆགས་སྡང་དང་འདུ་འབྲལ་སོགས།
སྒྱུ་མའི་རྟ་རྒན་གྱི་གོང་ནས་ཐང་ལ་ལྷུང་བ་བཞིན།
དག་གཙང་གི་ནམ་མཁའི་དཀྱིལ་འཁོར་དུ་འཆི་རན་སོང་།
བྱ་དངོས་ཐམས་ཅད་ལ་ངོ་བོ་ཉིས་བརྩེགས་རེ་ཡོད་པ་བདེན་ན།
ཅིའི་ཕྱིར་ངོས་གཅིག་ཁོ་ནའི་ཆེད་དུ་ཚེ་སྲོག་འབེན་དུ་བཙུགས་ནས་དམར་འཛིང་བྱེད་དམ།
ཧ་ཅང་ལྷོད་ལྷོད་ངང་། རང་ཉིད་སངས་རྒྱས་ཟིན་པ་ཇི་བཞིན།
ཡོངས་ཁྱབ་ཀྱི་གནས་ལུགས་ཤིག་གི་ཀློང་ནས་བསྐལ་པའི་བར་དུ་བརྒྱལ་སོང་ན་ལོས་ཆོག
ཨ་ཨཨཨཨ།་་་ཨ་ཁུ་ཀླུ་སྨྱོན་གྱིས་འཛམ་གླིང་ཤར་ནུབ་རིག་པའི་སྐོར་བའི་བར་ལམ་ནས་ངོ་མ་ཐབས་མཆོག་ཟེར་ནི་རྙེད་ཡོད་ཀི་ཡ།་་་་ལོ་ངོ་སྟོང་ཕྲག་སོང་བའི་ཚིག་རྙིང་ཞིག་ལ་བརྟེན་ནས་གནས་ལུགས་མངོན་གྱུར་བྱེད་ཚུལ་གྱི་ལམ་བུ་་གསར་བ་ཞིག་རེག་ནོ་འདིའི་ཐོག་ནས་ཨ་ཁུ་ཁྱེད་ཀྱི་ཕུལ་དུ་བྱུང་བའི་རྣམ་དཔྱོད་ལ་རྟགས་མ་ཞིག་གི་ཚབ་ཏུ་སྒོ་གསུམ་གུས་པའི་ཕྱག་ཅིག་འཚལ།
ངོ་མ་ཡིན་གནས་ལུགས་ཟེར་ནོ་འདི་སྒོར་མོ་དང་གཅིག་རེད་བཙལ་བཙལ་རུང་ཅང་ཐོབ་ཡོང་རྒྱུ་ཞིག་མེད་ཀི་ཡ།་་་་་་་་་་་་་་་་ད་བཙལ་མི་དགོས་པར་ཐོབ་ཡོང་བའི་སྨོན་ལམ་འདེབས།་་་་་དེ་སྟབས་བདེ་ཤོས་རེད།
ཉིན་གཅིག་གནས་ལུགས་ཀྱིས་ང་བཙལ་ནས་རེག་སོང་ན་སྐབས་དེ་དུས་ངས་ཀྱང་ཨ་ཁུ་ཀླུ་སྨྱོན་ཁྱེད་ལ་བརྡ་ཞིག་གཏོང་ནོ་ཁོ་ཐག་ཡིན།་་་ད་བདེ་མོ་བྱོས།
ད་དུང་གསལ་འདེབས་ཤིག་བྱ་རྒྱུ་ཡོད་ཀི།་་་་་་་་་ནམ་ཞིག་ངའི་སྟོང་ཉིད་མངོན་གྱུར་བྱུང་དུས་ཨ་ཁུ་ཁྱེད་ལ་བརྡ་ཞིག་བརྒྱབ་རྒྱུ་ཁས་ལེན་བྱས་ཡོད་པས་ཇི་ལྟར་བྱས་ནས་བརྡ་ལན་སྤྲོད་དགོས།་་་་་ངའི་གནས་ལུགས་རྟོགས་ཡུལ་གྱི་གནས་དེ་ན་དྲ་འཕྲིན་འདི་འདྲ་ཡོད་ན།་་་་་་ཨོ་བཤད་རྒྱུ་ཞིག་ལཌྷ་ད་རུང་ངས་འཇིག་རྟེན་འདི་ནས་ཅང་ར་བྱས་མེད་ཐ་ན་ཆུང་མར་བུ་ཞིག་ཀྱང་བཟོས་ཚར་མེད་པས།་་་་་ངས་གནས་སྐབས་སུ་ཨ་ཁུའི་ལུགས་ཀྱི་སྟོང་ཉིད་དེ་རྟོགས་ན་མི་འདོད་ཀི།་་་་་་་་མཐའ་མ་ཞིག་ལ་ཡིན་དཱ
སྟོང་པ་ཉིད།
སྐུ་ཞབས་ཀླུ་སྨྱོན་ལགས་ཡིད་ཐང་ལས་སླ་བོར་རྩད་ནས་ཆོད་པ་དེ་ཡང་རང་རེ་ཚུར་རོལ་མཐོང་དག་ལ་ཡང་ཡང་འཕྲད་པའི་དཀའ་ངལ་གཅིག་པུ་དེ་རེད།
བསྐལ་བའི་བར་དུ་བརྒྱལ་སོང་ན་ཡང་ཆོག་མོ། ཀ་དག་ཆོས་དབྱིངས་གི་གནས་ལ་ཞུགས་པ་དང་།
འོད་གསལ་གཉུག་མའི་ས་ལ་བགྲོད་པའི་ལམ་བུ་ནི་བསྐལ་བ་དེ་ཡང་ཉིན་གཅིག་གི་དུས་ཡུན་ཙམ་ལས་མེད་ངེས་ཡིན་པ་མཁྱེན་གསལ་བཞིན། དེའི་ཕྱིར། ངས་ཀྱང་འདི་ལྟར་བརྗོད་ན་འདོད། བསྐལ་ཆེན་གྲངས་མེད་གསུམ་ཁྱེད་རང་ལོ་ངོ་གསུམ་མམ་ཟླ་ངོ་གསུམ། རབ་བྱུང་ན་ཉིན་མ་གསུམ་གྱི་ནང་ལ་ཐུང་དུ་བསྐུམ་ན་མི་ཆོག་གམ་ཞེས་ཞུས་ན་འདོད།
མི་ལོ་སུམ་ཅུའི་གོང་ལ་ང་སྐྱེས་ཤིང་མི་ལོ་དྲུག་ཅུའི་གོང་ལ་ངའི་ཨ་མ་སྐྱེས། ཡང་མི་ལོ་སུམ་སྟོང་གོང་ལ་ངའི་ཕ་མེས་དང་ཡང་མེས་སྐྱེས་ཤིང་མི་ལོ་ས་ཡ་གསུམ་གྱི་གོང་ལ་མིའུ་གདུང་དྲུག་གམ་འགྲོ་བ་མིའི་ཨ་མ་དང་པོ་དེ་སྐྱེས། དེ་ནས་མི་ལོ་ས་ཡ་སུམ་བརྒྱའི་གོང་ལ་མིའུ་གདུང་དྲུག་གི་ཕ་ཡུལ་སྟེ་རྩི་ཤིང་ནགས་ཚལ་གྱི་འཁོར་ཡུག་གསར་དུ་ཆགས། མི་ལོ་ས་ཡ་སུམ་སྟོང་གི་གོང་ལ་རང་རེའི་འཇིག་རྟེན་གྱི་ཁམས་འདི་གསར་དུ་ཆགས་ཤིང་། མི་ལོ་ས་ཡ་སུམ་ཁྲིའི་གོང་ལ་ཉི་ཟླ་གཟའ་སྐར་ལ་སོགས་པ་དང་བཅས་པ་གང་གིས་ཅང་སྟོང་བའི་སྟོང་ཁམས་ཆེན་པོའི་ཀློང་ན་རང་རེ་རྣམས་རླུང་རྡུལ་ཕྲ་རབ་དང་ངོ་བོ་གཡེལ་མེད་ངང་ཡར་འཕུར་མར་འཕུར་བྱེད་ནས་སྡོད་བཞིན་ཡོད་པ་རེད། སྐབས་དེ་དུས། འོད་གསལ། གཉུག་མ། ཀ་དག ཆོས་དབྱིངས། སྟོང་ཉིད་སོགས་ཀྱང་ང་ཚོ་དང་མཉམ་དུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
བསམ་ཤེར་གྱི་དགོངས་གནད། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
ལས་ཉོན་ཀུན་གྲོལ་གྱི་གཉུག་སེམས། །
ཀ་ལྷུན་ཟུང་འཇུག་གི་ཡེ་ཤེས། །
ཆོས་དབྱིངས་བདེ་གཤེགས་ཀྱི་སྙིང་པོ། །
ཡང་གསང་རྫོགས་ཆེན་དང་དོན་གཅིག །
དཔེ་དགུ་རྣམ་བཅུ་ཡི་བརྡ་དོན། །
རྒྱུ་མཚན་རྣམ་གསུམ་གྱི་སྙིང་པོ། །
གཞོན་ནུ་བུམ་སྐུ་ཡི་དཀའ་གནད། །
ངེས་དོན་མཐར་ཐུག་པར་དགོངས་གཅིག །
སྟོང་ཉིད་མ་ཤེས་པའི་མཚན་མོ། །
ཏིང་འཛིན་མི་སྐྱེ་བའི་གནམ་གང་། །
དགེ་སེམས་མ་སྐྱེས་པའི་མུན་ནག །
མ་རིག་གདོན་ཆེན་ལ་འཇིགས་རན། །
མཁྱེན་རབ་ཡེ་ཤེས་ཀྱི་ཉིན་མོ། །
བརྩེ་ཆེན་ཐུགས་རྗེ་ཡི་ཉ་གང་། །
དག་སྣང་དད་གུས་ཀྱི་འོད་གསལ། །
རིག་པའི་མཉམ་རྗེ་འདི་ངོ་མཚར། །
འཁོར་འདས་ཕྱག་རྒྱ་ཡི་མདུན་རྒྱབ། །
རིག་དང་མ་རིག་གི་ཆོ་འཕྲུལ། །
བདེ་སྡུག་རྣམ་གྲངས་འདི་བསམ་ཚེ། །
ཐམས་ཅད་རང་སེམས་ལ་ཐུག་གདའ། །
བརྒྱད་ཁྲི་བཞི་སྟོང་གི་ཆོས་འཁོར། །
རང་སེམས་འདུལ་ཐབས་དུ་གསུངས་པ། །
བསྟན་པ་རྣམ་དག་གི་ལུང་རིགས། །
མི་འདོད་སེམས་ཅན་རེ་སྲིད་དམ། །
༢༠༠༩ ༡༢ ༧ ཤྲྰིས་ཅི་དྲན་དུ་ཤར་མར་སྤེལ་བས་འགྲོ་བ་སེམས་ཅན་ཀུན་གྱིས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་རྟོགས་པའི་རྒྱུ་རུ་གྱུར་ཅིག །ཤྲྰི་སརྦ་ལོ་ཀེ་དྷརྨྰ་བི་ཛ་ཡནནྟུ། །
ཁ་སྟོང་པ་བཤད་ནས་སྡོད་པ་དེ་ཡང་སྟོང་པ་ཉིད་རེད། རང་རིགས་ཀྱི་ལས་དབང་མི་གླེང་པར་ཆེན་པོ་རྐྱང་ཤོད་སྡོད་པ་དེ་ཡང་སྟོང་པ་ཉིད་རེད། གྲྭ་བ་ལོག་ཚར་ནས་ད་དུང་གྲྭ་བའི་དྲི་མ་ཁྱེར་ནས་གང་དུ་ཕེབས་མཁན་ཡིན་ནམ། འཇིག་རྟེན་ལ་སྙིང་པོ་མི་འདུག་ཟེར་མཁན་རྣམས་མང་ཆེ་བ་འཇིག་རྟེན་འདིའི་ཐོག་གྲུབ་འབྲས་མ་ཐོན་པར་རང་ཤི་རྒྱག་ཉེར་ཡོད་པའི་མིའི་སྐད་ཆ་རེད་དོ།
གྲོགས་པོ་ངས་བསྒུག་ནས་ཡོད
གྷམིང་ལ་གཞོན་ནུ་ཟེར་བ་ལ་མགཏོགས་དངོས་ནས་གཞོན་ནུ་ཞིག་ཡིན་མིན་མི་ཤེས་ལ། གཞོན་ནུ་ཞིག་ཡིན་ན་སྒུག་སྡོད་པ་དེ་སྤངས་འོས་པའི་གཤིས་ཀ་ཞིག་ཡིན། ང་ལ་སྒུག་པ་ལས་སོ་སོ་འགྲོ་ན་དགའ།
བོད་རིགས་གཅིག་འགྲོ་ཐུབ་ན་ཡང་ངས་སེམས་གཏིང་ནས་གུས་བརྩི་བྱེད་ཀྱི་ཡིན། འོན་ཀྱང། ང་ཚོའི་སྤྱི་ཚོགས་ཁྲོད་ད་དུང་སྟོང་པ་ཉིད་དང་། བྱམས་སྙིང་རྗེ། གཞན་ཕན་སོགས་སྙན་པོ་དང་རྫིག་པོ་རྐྱང་རྐྱང་བཤད་ནས་ཉི་མ་རྐྱལ་མཁན་སྐོར་ཞིག་ཡོད་པ་དེ་ཚོས་གྷགཤིས་ཀ་ངན་པ་དེ་ཚོ་འགྱུར་བ་བཏང་ན་ང་ཚོའི་སྤྱི་ཚོགས་ལ་ཕན་ཐོགས་ཆེན་པོ་ཡོད་པར་ཡིད་ཆེས་གཙང་མ་ཡོད།
http://www.tibettl.com/blog/u/amaho/archives/2009/21619.html
མཇེ་མགོ་ཞིག་འདྲ་བོ་དེས་སྟོང་ཉིད་རྟོགས་མདོག་ཁ་བོ་འདུག་ད