ཁྲོ་གཏུམ།
ཁང་མིག་རེ་རེས་སྒོ་ལྕགས་རེ་གྱོན་འདུག
བར་འཁྱམས་ཀྱི་གླུ་སྐད་ཡོད་ཚད་ཡང་ངག་བསྡམས་འདུག
ངའི་རྐང་སྒྲ་གཅིག་པོ་ཧ་ཅང་གསལ་གྱི་ལེར
སྒོ་ཟྭ་ཕྱེ་བ་ནི་ནམ་རྒྱུན་གྱི་སྒྲ་ལས་མཐོ་ཞིང
སེམས་པ་ནི་རྒྱུན་ལྡན་ལས་ལྡིང་བ་མགྱོགས
གཡས་གཡོན་ནས་ཉིན་རྒྱུན་གྱི་ངག་དག་མ་གོ་ན
ངས་སུ་ཞིག་བུད་སོང་བའི་དྲན་པ་དེ་འཚོལ
འབའ་འབུ་ངུ་བའི་སྒྲ་འདི
སྔོན་ཆད་ཐོས་མ་མྱོང་རུང
དོ་དགོང་གི་ངའི་ལོངས་སྤྱོད་དུ་སོང་བའི་སྐྱོ་དབྱངས་རེད
གྲོགས་པོ་ཚོ་མེད་པའི་དོ་དགོང
ང་ད་དུང་རང་ཉིད་ཀྱི་ཉལ་ཁང་ནས
ཁྱོད་ཚོ་མེད་པའི་མཚན་མོ་དེར་ཕྲད་སོང
ཕྱིར་འདང་ཁྲོད་ནས
ཁྱེད་ཚོ་ནམ་ཡང་ངའི་མཁྲིས་ཀྱི་གླུ་སྐད་ལས་ཡལ་བ་རྙེད་དུས
མགྲིན་པ་བརྣངས་སོང་བས་ངག་གི་འགྱུར་ཁུག་དབེན
སེམས་པ་སྐྱོ་སོང་བས་ཁྱོད་ཚོའི་དགོད་སྒྲ་དབེན
སང་ཉིན་གྱི་དེ་རིང་ནི
ང་རང་གནས་འདི་ནས་བུད་འགྲོ་བའི་དུས་དང
ཁྱེད་ཚོ་ལྟར་ཕྱིག་མིག་འཕེན་པའི་རྣམ་པ་དེ
ཚོད་ཚོད་ལ་སྣ་གླུ་རེ་ལེན་པ་ཁོ་ཐག་ཡིན
བདེ་མོ་ཤེས
སློབ་དཔོན་རྣམ་པ
བདེ་མོ་ཤེས
ངའི་གྲོགས་པོ་ཚོ
བདེ་མོ་ཤེས
ངའི་ཉལ་ཁང་དྲོན་མོ
2013/8/1
སློབ་མཐར་ཕྱིན་རྗེས་སེམས་མ་སྐྱིད་པ་ཅིག་ཡོད་ཀ