གཡང་སྐྱབས་རྒྱལ་གྱིས།
ད་ནི་མཚན་གྱི་ཆུ་ཚོད་དང་པོ་རེད། ངའི་སྡོད་ས་འདི་འཇམ་ཏིང་ངེར་འདུག ཁ་ཤས་ཀྱིས་གཉིད་ལམ་འཁྲུགས་པོ་རེ་གཏོང་གི་ཡོད་ལས་ཆེ་ལ། ཁ་ཤས་ནི་འདོད་པའི་་་་་ཡོད་ལས་ཆེ། ངས་ཨོ་ལིམ་པིག་གི་ལྟད་མོ་འགའ་ལ་བལྟས་པ་ཡིན། རྒྱ་ནག་གིས་གསེར་གྱི་རྟགས་མ་བཅུ་གྲངས་ཤིག་བླངས་པ་རེད་ཟེར། ད་དུང་ག་ཚོད་ལེན་མིན་སུས་ཤེས་ཟེར། ང་ལྕགས་རྒྱ་འགྲམ་ནག་གིས་ཉིན་ཤས་སྔོན་གླེང་མོལ་བྱས་པའི་དོན་དེར་བསམ་བློ་བཏང་། ཨ་ཁ།
ངས་རང་སྐྱེས་སའི་གྲོང་གསེབ་དེ་ལ་བསམ་བློ་བཏང་། ངའི་མིག་ལམ་དུ་སྲང་ལམ་འདམ་གྱིས་ཁེངས་པ་དེ་ཤར། མི་ཐོག་འདི་ལ་འདམ་གྱིས་ཁེངས་ལ་མི་ཐོག་སྔོན་མ་ལ་ཡང་འདམ་གྱིས་ཁེངས། མི་ཐོག་བདུན་བརྒྱད། དེ་ལས་མང་བའི་མི་ཐོག་མང་པོར་འདམ་གྱིས་ཁེངས། ངའི་གྲོང་གསེབ་ལ་རྡོ་དང་ཆུ་ཡོད། འདམ་གྱིས་ཁེངས་པའི་ལམ་འདི་ལ་བཟོ་བཅོས་བྱེད་པའི་འདུན་པ་ཡེ་ནས་མ་ཤར། དེའི་དོད་དུ་ཁོང་ཚོས་མི་རབས་ནས་མི་རབས་བར་གསེར་རྐོང་དང་དངུལ་རྐོང་ཕུལ་ནས་ལུས། ད་དུང་ཉིན་རེ་བཞིན་མཁོ་བའི་གསང་སྤྱོད་གཅིག་ཀྱང་མེད། ཆོས་དང་དད་པ། སྐྱེ་བ་ཕྱི་མ་དང་བླ་མ། འཛམ་གླིང་གི་མིའི་ཚེ་ཚད། འདི་ཚོ་ནི་ཁོ་ཚོས་གཅེས་པ་དེ་རེད། ལྟོ་རང་གིས་འཚོལ། དཔུང་རང་གིས་སྒྲིག རང་ས་རང་གིས་སྲུང་། འདི་ཚོ་ནི་ཁོ་ཚོ་ལ་མི་དགོས་པ་དེ་རེད།
བོད་ནང་ན་ངའི་གྲོང་གསེབ་དང་འདྲ་བའི་གྲོང་གསེབ་ག་ཚོད་ཡོད་དམ། བོད་ལ་ངའི་གྲོང་གསེབ་པ་དང་འདྲ་བའི་གྲོང་གསེབ་པ་ག་ཚོད་ཡོད་དམ། བོད་མིའི་བརྒྱ་ཆའི་ཕོན་ཆེ་བ་ཞིག་ཏན་ཏན་ཡིན་པ་རེད། གཞོན་པ་དང་རྒན་པ་མི་འདྲ་ཞེས་མ་གསུངས། དོན་གྲུབ་རྒྱལ་གྱིས་སྙན་ངག་བྲིས་པ་རེད། ཁག་མེད། ཁོའི་དགེ་རྒན་ཚོའི་སེམས་ན་རིག་གནས་གསར་བརྗེའི་གཏོར་བཤིག་དེ་ཚོ་མ་ཉམས་པར་གསོན་པོ་ཡོད་པ་རེད་ལ། བོད་ཀྱི་སྐད་ཡིག་རིག་གཞུང་ཤུལ་མེད་དུ་འགྱུར་བའི་དངངས་སྐྲག་དེ་མིག་མདུན་ན་ཡོད་པ་རེད། དེ་ནས་བརྩིས་ན་ད་མི་ཐོག་གཅིག་འགྲོ་གི་ཡོད་པ་རེད། བོད་ནང་གི་སློབ་གྲྭ་ཆེན་མོ་ཚོའི་བསླབ་གཞི་ལ་གཅིག་གཟིགས་དང་། རྩོམ་རིག རྒྱལ་རབས། སྙན་ངག ཚད་མ་ དབུ་མ།་་་ ཁོང་ཚོ་ཚང་མ་དགེ་རྒན་བྱེད་རྒྱུ་རེད་དམ། བླ་མ་བྱེད་རྒྱུ་རེད་དམ། སློབ་གྲྭ་ཐོན་དུས་སློབ་གྲྭའི་སློབ་སྦྱོང་གིས་མི་ཚེ་ལ་སྒོར་མོའི་ཡོང་འབབ་བཟོ་ཐུབ་ཀྱི་ཡོད་དམ། ཐུབ་ཀྱི་རེད་དམ། མི་རབས་གསུམ་པ་ཟེར་མཁན་ཁ་ཤས་འདུག་ག སྙན་ངག་བྲིས་ནས་རང་གི་རང་མགོ་སྐོར་གཏོང་གི་ཡོད་རེད། འོ་ཡ། ད་ང་ཡང་ཉལ་རྒྱུ་ཡིན། རྨི་ལམ་སྐྱིད་པོ་ཞིག་གི་རེ་བ་རྒྱག་རྒྱུ་ཡིན།
དམར་དུག་ལྷག་ཡོད་མཁན་ཞིག་ཡིན་པ་འདྲ།
འདང་རྒྱག་རྒྱུ་འདུག ཡིན་ན་ཡང་། ཆོས་ལུགས་ཀྱི་གཞི་རིམ་ཉམས་ལེན་དང་ཚན་རིག་ལག་རྩལ་བེད་སྤྱོད་གཉིས་མཉམ་དུ་ལག་ལེན་བྱེད་མི་ཐུབ་པ་ཅི་ཡང་མེད་པས། རང་རེའི་མེད་མུག་འདིའི་ལན་པ་ཡོད་ཚད་ཆོས་ལུགས་ལ་མ་འགེལ་རོགས། རང་རེའི་སློབ་གྲྭ་པ་ཚོས་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། དམའ་འབྲིང་སློབ་གྲྭ་ནས་སུམ་རྟགས་སྙན་ངག་ལ་སློབ་སྦྱོང་བྱས་ན་འགྲིག་གི་རེད། ཡིན་ན་ཡང་། སློབ་གྲྭ་ཆེན་མོ་རུ་དེང་རབས་ཀྱི་ཚན་རིག་ལག་རྩལ་དང་ཐད་ཀར་འབྲེལ་བ་ཡོད་པའི་ཤེས་ཡོན་ལ་སློབ་སྦྱོང་བྱེད་རྒྱུ་དེ་ནི་ཚིག་གིས་མཚོན་དུ་མེད་པའི་གལ་ཆེན་པོ་ཞིག་རེད། སློབ་གྲྭ་ཆེན་མོ་བ་ཁོ་རང་ཚོས་འཇོན་ན་དེ་ལ་ཆོས་ལུགས་ཀྱིས་ནམ་ཡང་བཀག་འགོག་བྱས་མེད་ལ་བྱེད་ཀྱང་མི་སྲིད། ཡིན་ན་ཡང་ཆོས་ལུགས་དང་རིག་གཞུང་ཞིབ་འཇུག་པ་དག་གིས་སློབ་ཆུང་ནས་འབུམ་རམས་པ་བར་དུ་སྦྱང་བྱ་འདི་དག་ལ་སློབ་སྦྱོང་བྱེད་ཆོག་གིརེད། གནས་འགག་ཆེ་སའི་དོན་དག་འདི་ཚོ་གླེང་དུས་གཡས་གཡོན་མདུན་རྒྱབ་ཚང་མར་བསམ་གཞིག་གིས་ཆེད་བརྗོད་རེ་སྤེལ་ན་ལེགས། རིག་གསར་སྐབས་ཀྱི་དམར་སྲུང་དམག་མི་ཚོའི་བྱེད་སྟངས་ལྟར་ལྷ་འདྲེ་གདོན་བགེག་གཏོར་གཏོར་བཤིག་བཤིག་ཙམ་གྱིས་ད་ལྟའི་དུས་ཚོད་འདི་ལ་ས་རྒྱ་ཆེན་པོ་ཅང་ཆོད་ཀྱི་མི་འདུག
ཆོས་དང་ཚན་རིག་མཉམ་དུ་འགྲོ་བ་དང་ཡང་ན་མི་འགྲོ་བ་ནི་ངའི་བརྗོད་གཞི་མིན། ལོ་བཞི་རེའི་མཐོ་རིམ་སློབ་གྲྭའི་སློབ་སྦྱོང་དེ་ལ་འགྱུར་བ་ཞིག་གཏོང་དགོས་འདུག་ཟེར་གྱི་ཡོད། གཞན་སྙན་ངག་བྲིས་མི་ཆོག་དང་རྩོམ་རིག་དང་ཆོས་ལུགས་སྦྱོང་རྒྱུ་མི་འདུག་ཅེས་ཀྱང་བཤད་ཀྱི་མེད། ཚང་མས་དེ་ལ་སྦྱང་དགོས་པ་མི་འདུག་ཟེར་བ་ཡིན། དགོན་པའི་སློབ་སྦྱོང་དང་སྐྱ་བོའི་སློབ་སྦྱོང་ལ་དབྱེ་བ་ཞིག་ཡོད་པ་རེད་སྙམ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། བོད་ལྗོངས་སློབ་གྲྭ་ཆེན་མོ་བཅས་སུ་སློབ་ཚན་གྱི་ཁོངས་སུ། ཁྲིམས། གསར་འགྱུར། སྨན། ནད་གཡོག དེ་བཞིན་ལག་ཤེས་ཀྱི་སྡེ་ཚན་དེ་འདྲ་ཡོད་དམ་ཅེས་འབྲི་བ་ཡིན། འདི་ཚོ་ཁ་ཚ་དགོས་གཏུགས་རྐྱང་རེད། གལ་སྲིད་ ༢༠༠༨ ལོ་ལ་ཁྲིམས་ཀྱི་སློབ་ཚན་སྦྱོང་མགོ་བཙུགས་པ་ཡིན་ན། ༢༠༡༢ ལོར་ཁྲིམས་ཀྱི་ལས་ཀ་ཞིག་ཐོབ་ཀྱི་རེད། ༢༠༠༨ ལོར་ཚད་མ་སྦྱང་པ་ཡིན་ན། ༢༠༡༢ ལོར་ཚད་མའི་ལས་ཀ་ཞིག་ཐོབ་གི་མ་རེད། འདི་ཙམ་ཡིན། མཁྱེན་སོང་ངམ།
ཀླུ་སྨྱོན། ཞིང་ལ་ཆུ་འདྲེན་པ་དང་ཆུ་ལ་ཟམ་པ་འཕེན་པ། ལམ་ལ་ཨར་འདམ་འདིང་རྒྱུ་འདི་དག་ཆོས་སྲིད་གཉིས་མཉམ་འབྲེལ་དང་རིག་གནས་གསར་བརྗེ་ལ་འབྲེལ་བ་ཅི་ཞིག་ཡོད་པ་རེད།
རྒྱ་ནག་གཞུང་གིས་འདས་པའི་ལོ་ལྔ་བཅུ་ལྷག་གི་རིང་ལ་བོད་ཀྱི་ས་ཁུལ་དེང་རབས་ཅན་དུ་བསྒྱུར་བའི་མཐའ་མར། དེང་སང་བོད་དུ་བོད་མི་ཚོས་འབར་ཞུན་བཟོ་གྲྭ་ཞིག་ཀྱང་འཛིན་ཐུབ་ཀྱི་མེད། འདི་ནི་གཙོ་བོ་རྒྱ་ནག་གཞུང་གི་སྲིད་ཇུས་འདིང་ཕྱོགས་ལ་ཐུག་ཡོད།
དེང་སང་བོད་ཀྱི་ལྷམ་འཇོག་དང་། དཔར་བརྐོ། རྡོ་བཟོ་དང་། གདན་འཇོག། གྱང་རྡུང་བཅས་ལག་ཤེས་པ་འདི་དག་ཕལ་ཆེར་རྒྱུན་ཆད་པར་འགྱུར་ལ་ཉེ་ཞིང་། དེའི་རྒྱུ་མཚན་ཡང་ཆེ་ས་ནས་བཙལ་མི་དགོས་པར་དེ་ནི་དེང་རབས་བཟོ་ལས་ལག་རྩལ་གྱི་བཙན་འཛུལ་འོག་ཏུ་བོད་ཀྱི་སྲོལ་རྒྱུན་ལག་ཤེས་ཀྱི་ཟ་སྒོ་ཆད་པར་གྱུར་བ་ཞིག་ཡིན་པ་གསལ་བོ་ཡིན།
ང་ཚོར་འདིའི་ཐད་ལ་ཁག་འཇོག་ས་གསལ་བོ་ཞིག་ནི། རྒྱ་ནག་གཞུང་གི་དཔལ་འབྱོར་ལམ་ལུགས་ལ་ཐུག་ཡོད། གུང་ཁྲན་ཏང་གིས་བོད་ལ་དབང་སྒྱུར་བྱས་པ་ནས་བཟུང་སྤྱི་ཚོགས་རིང་ལུགས་ཀྱི་འཆར་གཞིའི་དཔལ་འབྱོར་གྱི་ལམ་ལུགས་འོག་ཏུ། བོད་ཀྱི་ཚོང་ཟོག་མང་ཆེ་ཤོས་རྒྱ་ནག་གི་བཟོ་གྲྭ་ཆེ་ཁག་ནས་ཐོན་སྐྱེད་བྱེད་འགོ་བརྩམས་པར་བརྟེན། བོད་རང་ཉིད་ཀྱི་ལག་ཤེས་བཟོ་ལས་རྣམས་དེང་རབས་ཅན་དུ་བསྒྱུར་བའི་གོ་སྐབས་མ་འཐོབ་པར། ལག་ཤེས་པ་མང་པོ་ཞིག་རང་བཞིན་གྱིས་ལས་མེད་དུ་གྱུར་ཏེ་ཞིང་ལས་དང་ཚོང་ལས་ཙག་ཙག་གི་འཚོ་རྟེན་གཞན་པ་མ་བཙལ་ཀ་མེད་དུ་གྱུར་ཡོད།
ཡིན་ནའང་ཏིན་ཞའོ་ཕིན་གྱི་རིང་ནས་བཟུང་དཔལ་འབྱོར་ལམ་ལུགས་ལ་བཅོས་སྒྱུར་བྱས་ཏེ། སུ་ལ་འཇོན་ཐང་ཡོད་ན་རང་ངོས་ནས་བཟོ་གྲྭ་བཙུགས་ཏེ་དངོས་པོ་ཅི་འདྲ་ཞིག་ཡིན་རུང་ཐོན་སྐྱེད་བྱེད་ཆོག་པར་གྱུར་ཡོད་པས། བོད་ཀྱི་ལག་ཤེས་བཟོ་ལས་འཕེལ་རྒྱས་སུ་འགྲོ་བའི་གོ་སྐབས་དང་རེ་བ་ད་དུང་ཡང་ཆེན་པོ་ཡོད། དཔེར་ན། སྐུ་གསུང་ཐུགས་རྟེན་བཞེངས་མཁན་གྱི་བྲིས་འབུར་སོགས་ཀྱི་ལག་ཤེས་དེང་སང་དར་རྒྱས་ཅུང་ཟད་ཆེན་པོ་སོང་ཡོད་པ་ལྟ་བུ་ཡིན།
དེང་རབས་ཀྱི་འགྱུར་ལྡོག་ལ་བརྟེན་ནས་བོད་ཀྱི་སྲོལ་རྒྱུན་ལག་ཤེས་ཚང་མར་དཀའ་ངལ་འཕྲད་ཡོད་ཚུལ་བཤད་ན་མི་འགྲིག བོད་ཀྱི་སྲོལ་རྒྱུན་གྱི་ལག་ཤེས་ལས་ལག་ཤེས་རིགས་གཅིག་ནི་ད་དུང་ཡང་མུ་མཐུད་དུ་དགོས་མཁོ་ཆེ་བར་བརྟེན། ལག་ཤེས་པ་དེ་དག་གིས་རང་གི་འཚོ་རྟེན་ཙམ་མ་ཟད། སྒྱུ་རྩལ་པ་ཆེན་མོའི་མཚན་སྙན་གྲགས་བླངས་ཏེ་ཐོབ་དང་གོ་ས་ཅན་དུ་འགྱུར་མཁན་ཡང་ཡོད་པ་ནི་དཔེར་ན་བོད་ཀྱི་ལྷ་བཟོ་རྣམས་ཡིན། ན་ནིང་ཞིན་ཧྭ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རེབ་གོང་སེང་གེ་གཤོང་གི་ལྷ་བཟོ་གདུགས་དཀར་གྱིས་གཙོས་པའི་བོད་ཀྱི་ལྷ་བཟོ་གསུམ་ལ་རྒྱ་ནག་གཞུང་གིས་སྒྱུ་རྩལ་བ་ཆེན་མོའི་གོ་ས་སྤྲད་ཡོད་པ་མ་ཟད། ན་ནིང་པེ་ཅིན་དུ་རེབ་གོང་གི་ལྷ་བཟོའི་སྒྱུ་རྩལ་གྱི་འགྲེམས་སྟོན་ཆེན་པོ་ཞིག་ཀྱང་ཚུགས་ཡོད།
སྐུ་གསུང་ཐུགས་རྟེན་བཞེངས་པའི་ལག་རྩལ་ནི་དེང་སང་བོད་ཕྱི་ནང་གང་དུའང་དགོས་མཁོ་ཆེ་ཞིང་། དེ་སྦྱོང་མཁན་གྱི་མི་ཡང་མང་བ་མ་ཟད་སྦྱོང་སའི་བཟོ་གྲྭ་ཡང་འཛུགས་སྐྲུན་བྱས་ཡོད། ལྷག་པར་དུ་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་མཁན་གྱི་མི་ནི་དེང་སང་རྒྱ་ནག་དང་ཕྱི་གླིང་ཁུལ་དུ་ཇེ་མང་དུ་འགྲོ་བཞིན་ཡོད་པར་བརྟེན། སྐུ་གསུང་ཐུགས་རྟེན་གྱི་མཆོད་ཆས་ཀྱི་རིགས་ཀྱི་དགོས་མཁོ་ཇེ་ཉུང་དུ་འགྲོ་མི་སྲིད། གཞན་ཡང་ཆོས་ཕྱོགས་ཀྱི་སྐུ་གསུང་ཐུགས་རྟེན་ལ་མཚོན་ན་ལག་ཤེས་བཟོ་རྩལ་མུ་མཐུད་དུ་རྒྱུན་འཛིན་བྱེད་ཐུབ་པའི་ཆ་རྐྱེན་དམིགས་བསལ་ཞིག་ཡོད་པ་ནི། དཔེར་ན། ཐང་ག་ཞིག་ལ་མཚོན་ན་བྲིས་མ་དང་དཔར་མ་གཉིས་ཀྱི་ནང་ནས་བྲིས་མ་རྩ་ཆེན་དུ་བརྩི་བ་དེ་བཞིན་ཡིན།
ཡིན་ནའང་ང་ཚོའི་དཀའ་ངལ་ནི་རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་ས་ཁུལ་དུ་ཟ་མ་བཟོ་བ་དང་། གོན་རྒྱུ་བཙེམ་པ། ཞིང་ལ་ཆུ་འདྲེན་པ་དང་། ཆུ་ལ་ཟམ་པ་ལས་པ་བཅས་ཀྱི་ལག་ཤེས་འདི་དག་སྦྱོང་སའི་ལས་རིགས་སློབ་གྲྭ་རྩ་ནས་བཙུགས་མ་མྱོང་བས་བོད་ཀྱི་བཟོ་ལས་ལག་ཤེས་ནི་ད་ལྟ་ཉེན་ཁའི་གནས་སུ་ལྷུང་སྟེ་ན་གཞོན་ལས་མེད་ཀྱི་དཀའ་ངལ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད་པ་གསལ་བོ་རེད།
ཀླུ་སྨྱོན། གནས་ལུགས་འདི་དང་གནས་སྟངས་འདི་ཧ་གོ་སོང་ངམ། དཀའ་ངལ་འདི་ཆོས་ལུགས་ཀྱི་གཞི་རིམ་ཉམས་ལེན་ལ་འབྲེལ་བ་ཡོད་པ་ཞིག་མ་རེད་ལ་དམར་སྲུང་དམག་ལ་དེ་བས་ཀྱང་འབྲེལ་བ་མེད། སྙིང་རྗེ། གྲྭ་བ་ཞིག་གིས་གྲོང་བའི་དཀའ་ངལ་ག་ལ་ཤེས།
འབར་ཞུན། གློག་ཀླད་བཟོ་སྟངས་ཕར་གཡུགས་ཞོག དེ་ཚོ་མི་གཞན་པས་བཟོས་ཡོང་གི་རེད། ང་ཚོས་ཉོ་ཆོག་གི་རེད། དང་པོར་ང་ཚོར་ཡོད་པའི་ལག་ཤེས་དེ་ཚོ་མ་ཉམས་པ་ཞིག་བྱུང་ན་རབ། རྒྱལ་སྤྱིའི་ཐོག་ཚོང་ཡང་ཡག་པོ་ཡོད་རེད། ངའི་ཕ་ཡུལ་དུ་བོད་ཀྱི་ཁྱད་ཆོས་ལྡན་པའི་ཤིང་བཟོ་བ་ཚང་མ་རྒྱ་མི་རྐྱང་རྐྱང་རེད། གཅིག་བྱས་ན་འབྲོག་པ་ཚོའི་ལག་པ་གཡག་ར་འདྲ་བ་དེ་ཚོར་ཡང་སྦྱོང་བརྡར་སྤྲད་རྒྱུ་ཡོད་མོད།
འབྲོག་མོ་རོང་དུ་བབས་ནས་ཐོ་སྐེད་ལ་བཅིངས་ཏེ་ལག་ཏུ་ལྕགས་ཁེམ་བཟུང་ནས་རྒྱ་ཁང་བཟོ་བ་ཚོར་བྱེ་མ་བཙགས་པའི་ཞོར་ལས་བྱེད་བཞིན་པ་ངས་ལོ་གཉིས་ཀྱི་གོང་ལ་དངོས་སུ་མཐོང་བྱུང་། རྩྭ་ས་བགོད་སྟངས་དེའི་ཚུགས་ཀར་བལྟས་ན་འབྲོག་པ་ཚོའི་ལག་ལ་མི་རིངས་པར་ཅི་ཞིག་འཛིན་དགོས་པར་འགྱུར་རྒྱུ་བཤད་དཀའ་མོ་ཞིག་མ་རེད། རོགས་གཅེས།
ཡང་ཁ་སང་ཤིན་ཅང་དུ་ཧན་གསུམ་བསད་ཤག ཁ་ཆེ་དེ་རྣམས་ངོ་མ་ངར་བ་རེད། ཨོ་་་་་་་་་གོང་དུ་ཁ་ཤས་ཀྱིས་འཁང་ར་དང་དམོད་པ་རྟག་ཏུ་ནང་ལ་གཏོང་གི་འདུག་ཀ ཁོང་རྣམས་ལ་སུའི་མ་དྲང་ངམ། སོ་སོས་རང་དབང་རང་བཅ༹༹ན་ཆེད་ལས་ཀ་གང་བྱས་ཡོད། ཡང་ན་ག་རེ་བྱད་འཆར་ཡོད།
བློ་མཐུན་ཚོར། ཁྱེད་ཚོའི་བཤད་པའི་སློབ་གྲ་འདི་དག་རྒྱ་གཞུང་གི་སློབ་གྲ་རེད། འདི་རྒྱ་གཞུང་ངམ་ཁྱེད་ཚོའི་གཞུང་(དེ་འོ་ནས་སློང་སྤྱོང་གནང་ནས་དེའི་ཤུགས་རྐྱེན་ཆེ)དེ་ལ་བཤད་དགོས་པ་རེད། མ་གཞི་ཚད་མ་དང་དབུ་མ། སྙན་ངག་སོགས་སློབ་མཁན་ནི་བོད་ཡིག་སྡེ་ཁག་རེད་ལ། སྡེ་ཁག་དེས་བོད་ཀྱི་སློབ་མའི་བརྒྱ་ཆའི་བཅུ་ཡང་ཟིན་ཨེ་ཐུབ།
རྒྱལ་བ་རིན་པོ་ཆེ་ལ་དགའ་བ་དང་རྒྱལ་བ་རིན་པོ་ཆེའི་འཚེ་མེད་ཞི་བའི་ལྟ་བ་ལ་དགའ་མི་ཐུབ་པའི་འགལ་བ་འདི་སྐད་ཆ་དྲིས་ན་མི་བཤད་བསྒུག་ན་བཤད་ཟེར་བ་དེ་རེད། སེམས་ཀྱི་འགལ་བ་འདི་སྣང་མེད་དུ་མ་འཇོག་པར་རང་སེམས་ལ་དྲི་བ་འདྲི་དགོས་རྒྱུ་གལ་ཆེ།
པེ་ཅིན་ཨོ་རྩེད་མཛད་སྒོའི་སྐོར་གྱི་རྫུན་རྐུབ་རེ་རེ་བཞིན་བརྟོལ་ཡོང་གི་འདུག གླུ་དབྱངས་ལེན་མཁན་བྱི་མོ་ཆུང་ཆུང་དེས་ཁ་འགུལ་ནས་ལེན་ཁུལ་བྱེད་ཀྱི་ཡོད་པ་མ་གཏོགས། བྱི་མོ་གཞན་ཞིག་གི་སྐད་ཡིན་པ་ཕྱི་ལ་ཤོར་ནས། ཤེས་ནས་བཤད་མཁན་གྱི་འཛམ་གླིང་སྐྱེས་པོ་རྣམས་རྒྱ་ནག་གི་གཡོ་སྒྱུ་ལ་ཧོན་འཐོར་སོང་། རྒྱ་ནག་ནི་འཛམ་གླིང་གི་ཅ་ལག་རྫུན་མ་དང་སྐད་ཆ་རྫུན་མའི་ཡོང་ཁུངས་ཆེ་ཤོས་ཡིན་པ་ཡང་སྐྱར་ར་སྤྲོད་བྱས་སོང་།
གྲྭ་བའི་གྲས་ནས་ལུའུ་ཞུན་བཤད་ན་ཉན་མཁན་མེད། གྲོང་བའི་དཀྱིལ་ནས་ཆོས་ཉམས་ལེན་བཤད་ནའང་ཉན་མཁན་མེད།
ད་དེ་ལས་གླུ་ཞིག་ལོངས་དང་། མགོན་པོ་ཕྱག་གཉིས་མ་གཏོགས་དེ་ལ་དགའ་མཁན་མང་རབས་འདུག
ད་ངས་ཁྱོད་ལ་ཤགས་ཤིག་རྒྱག
ཁྱོད་ཨ་མའི་བུ་ར་ཨ་མའི་བུ།། ཁྱོད་ཕྱེ་མ་ལེབ་ཙེ་ཨ་མའི་བུ།། དགུང་ནམ་འཕང་གཅོད་གི་ཨ་མའི་བུ།། རླུང་བསེར་བུས་ཁྱེར་ན་ངོ་རེ་ཚ།།
ཁྱོད་ཨ་མའི་བུ་ར་ཨ་མའི་བུ།། ཁྱོད་ས་འབུ་ཐག་ནར་ཨ་མའི་བུ།། ས་མྱིག་ག་ཕུག་གི་ཨ་མའི་བུ།། ཆུ་ཆར་བས་ཁྱེར་ན་ངོ་རེ་ཚ།།
ཁྱོད་ཨ་མའི་བུ་ར་ཨ་མའི་བུ།། ཁྱོད་ལྩགས་རྒྱ་འགྲམ་ནག་ཨ་མའི་བུ།། གླུ་ལེན་ལ་དགའ་བའི་ཨ་མའི་བུ།། གླུ་ཕུགས་མེད་ཆགས་ན་ངོ་རེ་ཚ།།
ཉེན་མདའ།
ང་བྱ་རྒྱལ་རྒོད་པོ་འཕུར་རྒྱུ་ཡིན།། རི་མཐོན་པོ་ཡོད་ན་དམའ་མོ་གྱིས།།
ངས་བལྟས་ན་གཡང་ཀླུ་མགོན་ལྕགས་བཞི་ཡི་འབབ་ས་གཅིག་རེད། ཚང་མས་ད་ཡོད་སློབ་གྲྭའི་ལམ་ལུགས་ལ་འགྱུར་བ་ཞིག་གཏོང་དགོས་པར་འདོད། ཡིན་ན་ཡང་། སློབ་གྲྭའི་ལམ་ལུགས་ལ་འགྱུར་བ་ཅི་ཙམ་ཞིག་བཏང་ན་ཡང་སློབ་གྲྭ་པ་དེས་སྦྱངས་པའི་ཚན་རིག་བཀོལ་སྤྱོད་བྱེད་སའི་ལས་ཁུངས་བོད་ལ་མེད་པ་དང་། དེ་ཡང་དགེ་རྒན་ཞིག་གི་ལས་ཀ་རག་པས་འདོད་པ་ཚིམ་ནས་སྡོད་ཀྱི་རེད། གསོ་རིག་གི་་ཕྱོགས་ནས་ལས་ཀ་རེ་རག་རྒྱུ་རེད། ས་གཤིས་རིག་པ་དང་སྤྱི་ཚོགས་རིག་པ་ལྟ་བུར་གང་ཤེས།
ད་ལྟའི་བོད་ཀྱི་སློབ་གསོའི་ལམ་ལུགས་དེ་རྒྱ་ནག་གི་སློབ་གསོའི་ལམ་ལུགས་ཀྱི་ཆ་ཤས་ཤིག་ཡིན་པ་རེད། རྒྱ་ནག་ནང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚོ་ལྟར་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་ཧ་ལས་པའི་རྒྱ་ཆེན་པོ་མེད་ན་ཡང་ཡོད་ནི་ཡོད་པ་རེད། ཡིན་ན་ཡང་། སློབ་སྦྱོང་གི་དམིགས་ཡུལ་ནི་ཆེད་ལས་སློབ་སྦྱོང་ཡོད་མེད་ལ་མ་ལྟོས་པར་དེ་ད་རུང་རིག་གནས་སློབ་སྦྱོང་གི་ཁྱབ་ཁོངས་ལས་འདའ་ཐུབ་མེད། ནུབ་ཕྱོགས་པའི་སློབ་སྦྱོང་གི་དམིགས་ཡུལ་ནི་ལས་རིགས་ཀྱི་སློབ་སྦྱོང་ཁོ་ན་ཡིན་པ་རེད།
ངའི་ངོ་ཤེས་རྒྱ་མི་ཞིག་ནས་ཀྱང་། རྒྱ་ནག་ནང་ལས་རིགས་ཟབ་སྦྱོང་དང་ལས་རིགས་རྒྱ་བསྐྱེད་བྱ་དགོས་ཚུལ་བརྗོད་ཀྱི་འདུག ཡོན་ཏན་ཅན་གྱི་སློབ་གྲྭ་ཆེན་མོ་བ་རྣམས་སློབ་མཐར་ཕྱིན་རྗེས་ལག་རྡུམ་བྲག་ལ་འཛེགས་པ་བཞིན་གང་ཡང་བྱེད་རྒྱུ་མེད་ཚོད། བུ་རྣམས་ཀྱིས་རྐུན་མ་བྱས། བུ་མོ་ཚོས་གཞང་བཙོང་ནས་བསྡད་ཡོད་རེད་ཟེར། ད་བོད་ནང་དེ་ལས་ཀྱང་སྡུག་གི་རེད།
འདི་བདེན་པ་རེད། བོད་ཀྱི་དཀའ་ངལ་མང་པོ་ཞིག་རྒྱ་ནག་གི་སྤྱི་ཚོགས་ཀྱི་ཐོག་ནས་མཐོང་ཐུབ་ཀྱི་འདུག ཀླུ་སྨྱོན་ནམ་དགེ་ཆོས་ཀྱིས་བཤད་པ་ལྟར་འདི་སློབ་གྲྭའི་ལམ་ལུགས་གཅིག་པུའི་སྐད་ཆ་མ་རེད། ཁྲོམ་རའི་དཔལ་འབྱོར་གྱི་རྩ་བ་རྒྱས་མེད་པས། རྒྱ་ནག་གི་ཁྲོམ་རྭས་ད་སྔ་གཞུང་གིས་ལས་ཀ་བཀོད་སྒྲིག་བྱེད་པ་དེའི་ཚབ་བམ་འགན་དེ་འཁྱེར་ཐུབ་ཀྱི་མི་འདུག བོད་ཀྱི་ཁྲོམ་རྭས་དེ་བས་ཀྱང་ངོ་། གོང་དུ་བཤད་པའི་ལས་རིགས་ཀྱི་སློབ་གྲྭ་དེ་དག་དེང་སང་རྒྱ་ནག་གཞུང་གཅིག་པུར་རེ་དགོས་ཀྱི་མ་རེད། ཚོང་པ་ཚོས་ལས་རིགས་སློབ་གྲྭ་དེ་འདྲ་བཟུང་ཆོག་གི་རེད་མོད། ཡིན་ནའང་ད་སྔ་ཚོང་པ་ཚོས་དེའི་ཐོག་ན་ཁེ་སྲང་ལེན་རྒྱུ་མེད་པ་ཤེས་ནས་ཁུ་སུམ་མེར་ཁྲོམ་རྭའི་དཔལ་འབྱོར་གྱི་ཁོ་ལག་རྒྱས་པར་བསྒུག་ཡོད། ལས་རིགས་སློབ་གྲྭ་དང་ཁྲོམ་རྭ་ནི་གཅིག་ལ་གཅིག་བརྟེན་རེད།
དཔེར་ན། ཨབ་གྷ་ནི་སི་ཐན་དང་ཨི་རག་ལ་དམག་བརྒྱབ་པ་ནས་བཟུང་ངས་སློབ་སྦྱོང་བྱེད་སའི་སློབ་གྲྭ་ཆེན་མོ་དེར་ཨ་རབ་ཀྱི་སྐད་ཡིག་དང་རིག་གཞུང་། ཚོང་ལས་བཅས་སྦྱོང་མཁན་གྱི་ཕྱི་རྒྱལ་སློབ་མ་ལྡབ་ཁ་ཤས་ཀྱི་ཇེ་མང་དུ་སོང་ཡོད་པ་མ་ཟད། སློབ་ཚན་དེ་དག་ནས་མཐར་ཕྱིན་པའི་སློབ་མ་མང་པོ་ཞིག་གིས་རྒྱ་གྲམ་དམར་པོའི་ཚོགས་པ་སོགས་ཀྱིས་གཙོས་པའི་ཨ་རབ་རྒྱལ་ཁབ་དང་འབྲེལ་བའི་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་(NGO)ཏུ་བྱ་བ་སྒྲུབ་བཞིན་ཡོད་པ་ལྟ་བུ་ཡིན།
ལྷག་པར་དུ་མི་མང་པོ་ཞིག་གིས་གཞུང་གི་ལྕགས་ཕོར་ཆག་རྒྱུ་མེད་པ་དེ་ནས་སྨན་ཡོན་དང་རྒས་ཕོགས། ཁང་དོད་བཅས་ཀྱི་མཐུན་རྐྱེན་གཏན་འཇགས་ཟ་ལོབས་སུ་སོང་ཡོད་པས། རང་ཉིད་དང་ཡང་ན་རང་གི་བུ་ཕྲུག་བཅས་ཁྲོམ་རའི་དཔལ་འབྱོར་གྱི་སྐབས་འཕྲལ་གྱི་ལས་ཀ་གཏན་འཇགས་མཐུན་རྐྱེན་མེད་རིགས་ཀྱི་ཐོག་ལ་འགྲམ་ཆུ་ལྡང་གི་མེད་པར་གཞུང་གི་ལས་ཀར་འཚང་ཁ་བརྒྱག་གི་ཡོད། རྒྱ་ནག་གི་ཚོང་པ་ཚོས་མང་ཚོགས་ཀྱི་དགོས་འདོད་འདི་ཤེས་ཀྱི་ཡོད་མོད། ཡིན་ནའང་གཞུང་གི་ལས་ཀ་ཇེ་ཉུང་ནས་ཇེ་ཉུང་སོང་བ་ན། གཞུང་གི་ལས་ཀ་མི་རེག་མཁན་ཇེ་མང་ཡིན་པས། རྒྱ་ནག་ཏུ་རིམ་བཞིན་ལས་རིགས་སློབ་གྲྭ་ཇེ་མང་དུ་འགྲོ་རྒྱུ་བཤད་མི་དགོས་ལ། བོད་དུའང་དེའི་སྐོར་ལ་བསམ་བློ་གཏོང་མཁན་ཡོད་ན་ཅི་མ་རུང་སྙམ།
ཀླུ་སྨྱོན་འདི་ནས་ཁྱེད་ལ་བསམ་ཚུལ་ཞིག་བཤད་ན་འདོད། ཐམས་ཅད་མཁྱེན་པ་མིན་རུང་ཁྱོད་ཀྱི་རྩོམ་སྲོལ་དང་ཚིག་འགྲོས་ཕལ་ཆེར་ཤེས་ཐུབ་པས། མིང་སྣ་ཚོགས་ཀྱི་རྒྱབ་ལ་ཡིབ་ནས་རང་གིས་རང་ལ་རྒྱབ་སྐྱོར་དང་རང་ཉིད་དྲིལ་བསྒྲགས་བྱེད་པ་ལྟ་བུའི་གྲུབ་རྟགས་མ་བསྟན་ན་དགའ། སྤྱིར་དགོས་དབང་གིས་མིང་ཅི་ཙམ་བཀོལ་རུང་ཁྱད་པར་མི་འདུག་མོད། ཡིན་ནའང་གཡོ་ཟོལ་གྱིས་རྒྱབ་སྐྱོར་རྫུན་མ་དེ་འདྲ་བཙལ་ཡོང་དུས་སུན་གི རྒྱ་ནག་གིས་ཨོ་རྩེད་གཅིག་པུའི་ཐོག་ནས་དེ་འདྲ་ག་ཚད་བྱས་སོང་། ད་རྫུན་རྐུབ་བརྟོལ་ཡོང་གི་འདུག་ག
གནས་སྐབས་རིང་བདེ་མོ།
ཁྱོད་བྱ་རྒྱལ་གཤོག་བརྒྱ་སུ་ཡིན་རུང་།
མགོ་དམའ་མོ་ཡས་ནས་བསུ་དོན་མེད།
བྲང་རི་རྩེས་བཤགས་ན་སྡུག་གྱོང་ཡིན།
ང་ལྕགས་རྒྱ་འགྲམ་ནག་ལྕགས་བྱ་ཡིན།
ཁོང་སློབ་དཔོན་པད་མའི་གདུལ་བྱ་ཡིན།
རླུང་སྤུ་གྲིས་བར་ནས་གཤོག་རྩལ་རྒྱས།
དགུང་གནམ་འཕང་གཅོད་ཀྱི་བཀའ་ལུང་ཡོད།
ཀླུ་སྨྱོན། ཁོ་རེ། ཁྲི་ཁ་ནས་འགྱིངས་ཏེ་མགོ་སེར་ཚོར་ཆོས་གསུངས་ནས་མ་འདུག་པར་འདིར་ཤོག་ནས་ན་ཟླ་ཚོར་གླུ་ཞིག་ལོངས་དང་། ངས་གོང་ནས་གླུ་ཞིག་ལོངས་དང་ཞེས་ཁྱོད་ལ་བཤད་པ་ཡིན། མགོན་པོ་ལ་ཕྱག་གཉིས་ཀྱིས་མ་ཚད། ཕྱག་སྟོང་ཡོད་རུང་ཁྱོད་ལ་ཐུབ་ཚོད་བྱས་ན་ང་ཁྱོའི་རྒྱབ་ལ་ཀ་ལངས་ལངས་བྱེད། སྐད་ཆ་མ་བཤད་ཟེར་ནི་ཡོད་ན་ཐང་། གླུ་མ་ལེན་ཟེར་ན་ང་ཤི་ནི་ཡིན།
ཨ་རོ་། འ་ཁུ་ལྕགས་རྒྱ་། ཁྱོད་གླུ་ལེན་ནས་དགའ་སྡད་ཡོད་པ་། རང་ང་དགའ་ནི་ཡིན་ན། ཁ་སང་དེ་རིང་ངོ་མ་དགའ་ནི་ཟིག་རེད་། ང་ཡང་ཞེ་གི་དགའ་ནི་ཟིག་རེད་། ལས་ཀ་འགྲོ་ཞོར་ལ་འགྱོག་ལམ་ཐོག་ནས་གླུ་ཀྱེར་ནས་ལེན་གི་ཡོད་། ཁ་སང་ཨོ་འགྲན་མ་ཚོགས་གོང་ལ་ངའི་རང་གི་བསམ་ཚུལ་ཚིགས་ཁ་ཤེས་ཞིག་བྲིས་ནས
ཁ་བརྡ་ཐོག་ལ་སྐུར་པ་ཡིན་། འོན་ཀྱང་ཁ་བརྡ་རྩོམས་བསྒྲིགས་པས་མ་དཀོད་ཐ་ཁག་ཡང་མེད་། ངའི་ཁ་བརྡ་དེ་ཆང་མཐུང་ཞིག་གི་ཁ་བརྡ་རེད་བསམ་པ་ཡིན་པར་དོག། ཁྱོད་གླུ་ལེན་སྲོལ་ལ་ལྟས་ན་ཞེ་མཐུན་ནི་ཞིག་ཡིན་ས་རེད་། ངའི་ཁ་བརྡ་དེ་འདིཡིན།
མགོ་མཐོ་ས་ལ་བཏག་ན། སྐེ་དམའ་ས་ནས་ཆད་།
རྒྱ་ནག་གཞུང་གིས་མི་དམང་གི་གནས་བབས་ངོ་མ་དེ་ངོས་ཟིན་པ་འམ། ཡང་ན་ཟིན་ཀྱང་སྣང་མེད་དུ་བཞག་ནས། འཛམས་གླིང་འདིས་ནང་ངོ་ཚ་ཁྲེལ་མེད་ཀྱི་ཨུ་ཚུགས་མཐར་བསྐྱལ་བྱས་དེ་། འཛམས་གླིང་ཨོ་རྩལ་འགྲན་ཚོགས་དེ་ཚུགས་རྒྱུས་གོ་སྐབས་ཐོབ་། འཛམས་གླིང་ཐོག་གི་བློ་ལྡན་སྐྱེ་བོ་མང་པོ་ཞིག་གི་ཀྱང་། རྒྱ་ནག་གཞུང་གིས་གོ་སྐབས་ཀྱི་ལྡིང་ཆ་འདི་རྒྱུད་ནས་། བོད་ཀྱི་དཀའ་ངལ་གྱི་གཙོ་བྱས་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབས་ཐང་ཡར་རྒྱས་སུ་འགྲོ་རྒྱུར་བསྒུགས་ཡོད་པ་དེ་ནི་སྤྱང་ཀི་བུ་ལ་སྒོ་ཁྱི་རེ་བ་ལས་མེད་དེ་། རྒྱ་ནག་གཞུང་གི་ཐམས་ཅད་དྲགས་གནོན་གྱི་བསྒྲུབས་ཐུབས་པས་ཡིད་ཆས་ཡོད་པས། ༢༠༠༨གྱི་ཨོ་རྩལ་འགྲན་ཚོགས་དེ་ཡང་། མེ་འདའི་ཁ་ནས་ཚོགས་གྱི་ཡོད་པར་བསྟེན་། ཞིན་ཅང་སོགས་མི་རིགས་གཞན་པས་དེ་དག་གི་ཐབས་ལམ་གཞན་པས་རིགས་མི་འདེམ་ཐབས་མེད་བྱུང་བ་རེད་། པེ་ཅིང་གི་ཨོ་རྩལ་འགྲན་ཚོགས་དེ་མགོ་ཡི་དཔའ་འབར་གོམ་འགྲོལ་ནས་བཟུང་ཉིན་རེ་ལས་ཉིན་རེ་ཁྲག་དྲི་ཆེ་རུ་ཁ་ཡོང་གི་ཡོད་པས། རྒྱ་ནག་གཞུང་གི་རང་ཉིད་ལ་འཛམས་གླིང་ཨོ་རྩལ་འགྲན་ཚོགས་འཚོག་ཆོག་པས་ཆ་རྐྱེནགང་ཡང་མི་ལྡན་ཁར་། ཆ་རྐྱེན་དེ་དག་སྐྲུན་འདོད་ཡང་མེད་པར་ཨུ་ཚུགས་བཙན་ཐབས་ཀྱི་པེ་ཅིང་དུ་ཨོ་རྩལ་ཚུགས་པ་འདིས་། མགོ་མཐོ་ས་ལ་བཏག་ན་སྐེ་དམའ་ས་ནས་ཆད་པར་བསམ།