གང་ཚེ་རྐང་གཉིས་གཙོ་བོ་ཁྱེད་བལྟམས་ཚེ། །
ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །
ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །
དེ་ཚེ་མཁས་པ་ཁྱེད་ལ་ཕྱག་འཚལ་ལོ། །
ནང་པ་ཞིག་གི་ངོས་ནས་ཡེ་ཤུའི་འཁྲུངས་སྐར་christmas ལ་རོལ་བ་ལས་བདག་ཅག་གི་སྟོན་པའི་འཁྲུངས་སྐར་ལ་རོལ་ན་དགེ་ཚོགས་འཕེལ། ཀླུ་སྨྱོན་ནས།
༄༅། །ཐུབ་ཆོག་བྱིན་རླབས་གཏེར་མཛོད་བཞུགས་སོ། །
ན་མོ་གུ་རུ་ཤྰཀྱ་མུ་ན་ཡེ།
དེ་ཡང་མདོ་ཏིང་འཛིན་རྒྱལ་པོ་ལས། འཆག་དང་འདུག་དང་འགྲེང་དང་ཉལ་བ་དང་། །མི་གང་ཐུབ་པའི་ཟླ་བ་དྲན་བྱེད་པ། །དེ་ཡི་འདུན་དུ་རྟག་ཏུ་ཐུབ་པ་བཞུགས། །དེ་ནི་རྒྱ་ཆེན་མྱ་ངན་འདའ་བར་འགྱུར། །ཞེས་དང། སྐུ་ལུས་དག་ནི་གསེར་གྱི་མདོག་འདྲ་བས། །འཇིག་རྟེན་མགོན་པོ་ཀུན་ནས་རབ་ཏུ་མཛེས། །དམིགས་པ་འདི་ལ་གང་གི་སེམས་འཇུག་པ། །བྱང་ཆུབ་སེམས་པ་དེ་ནི་མཉམ་བཞག་ཡིན། །ཞེས་གསུངས་པ་བཞིན་དུ་བདག་ཅག་རྣམས་ཀྱི་སྟོན་པ་མཚུངས་པ་མེད་པ་ཐུབ་པའི་དབང་པོ་རྗེས་སུ་དྲན་པའི་རྣལ་འབྱོར་དུ་བྱ་བ་ནི།
འདི་ལྟ་སྟེ། སངས་རྒྱས་ཆོས་དང་ཚོགས་སོགས་སྐྱབས་སེམས་དང། །ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་སྟེ།
ཆོས་ཐམས་ཅད་སྣང་ལ་རང་བཞིན་མ་གྲུབ་པའི་དོན་ཡིད་ལ་དྲན་པའི་ངང་ནས།
ཨཿ
སྐྱེ་མེད་སྟོང་པ་ཉིད་དང་རྟེན་འབྱུང་གི །
སྣང་བ་འགགས་མེད་ཟུང་འཇུག་སྒྱུ་མའི་ཚུལ། །
རང་མདུན་ནམ་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས། །
རིན་ཆེན་སེང་ཁྲི་པད་ཉི་ཟླ་བའི་སྟེང་། །
སྟོན་པ་མཚུངས་མེད་ཤྰཀྱ་སེང་གེ་ནི། །
གསེར་གྱི་མདོག་ཅན་མཚན་དང་དཔེ་བྱད་ལྡན། །
ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །
ཕྱག་གཡས་ས་གནོན་ཕྱག་རྒྱ་ལེགས་བརྐྱངས་ཤིང་། །
ཕྱག་གཡོན་མཉམ་བཞག་བདུད་རྩིའི་ལྷུང་བཟེད་བསྣམས། །
གསེར་གྱི་རི་ལྟར་གཟི་བརྗིད་དཔལ་འབར་བ། །
ཡེ་ཤེས་འོད་ཟེར་དྲྭ་བས་མཁའ་དབྱིངས་ཁྱབ། །
ཉེ་བའི་སྲས་བརྒྱད་གནས་བརྟན་བཅུ་དྲུག་སོགས། །
འཕགས་ཚོགས་རྒྱ་མཚོའི་འཁོར་གྱིས་ཡོངས་བསྐོར་ཞིང་། །
དྲན་པ་ཙམ་གྱིས་སྲིད་ཞིའི་མཐའ་གཉིས་ལས། །
རྣམ་གྲོལ་བདེ་བ་མཆོག་གི་དཔལ་སྩོལ་བ། །
སྐྱབས་གནས་ཀུན་འདུས་བདག་ཉིད་ཆེན་པོར་གསལ། །
ཞེས་དེ་ལྟར་སངས་རྒྱས་ཀྱི་སྐུ་ལ་དམིགས་ཏེ་དེ་ན་དངོས་སུ་བཞུགས་ཡོད་སྙམ་པའི་སེམས་བསྐྱེད་མ་ཐག་ཏུ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་ལ་ཕྱོགས་དང་དུས་གང་དུའང་ཉེ་རིང་མི་མངའ་བའི་ཕྱིར། གང་དུ་དམིགས་པ་དེ་ཉིད་དུ་ངེས་པར་བཞུགས་པར་འགྱུར་ཏེ།མདོ་ལས། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབ་བྱེད་ཅིང་། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །ཞེས་གསུངས་ཞིང་།
རྒྱལ་བ་ཉིད་ལ་དམིགས་ནས་ཚོགས་བསགས་པའང་མི་ཟད་པའི་དགེ་རྩ་ཆུད་མི་ཟ་བ་ཡིན་ཏེ། ཕལ་པོ་ཆེ་ལས། རྒྱལ་བ་དེ་དག་ཐོས་མཐོང་མཆོད་པ་བྱས་པས་ཀྱང་།ཚད་མེད་པ་ཡི་བསོད་ནམས་ཕུང་པོ་འཕེལ་བར་འགྱུར། །ཉོན་མོངས་འཁོར་བའི་སྡུག་བསྔལ་ཐམས་ཅད་སྤང་འགྱུར་དུ། །འདུས་བྱས་འདི་ནང་བར་མ་དོར་ནི་ཟད་མི་འགྱུར། ཞེས་དང་།དེའི་མདུན་དུ་སྨོན་ལམ་ཇི་ལྟར་བཏབ་པ་ཡང་དེ་བཞིན་དུ་འགྲུབ་སྟེ། འཇམ་དཔལ་ཞིང་གི་ཡོན་ཏན་བསྟན་པ་ལས། །ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་ཐོབ་པར་འགྱུར། །ཞེས་གསུངས་པའི་ཚུལ་རྣམས་ལ་ངེས་པ་བརྟན་པོ་བསྐྱེད་དེ།
སྙིང་རྗེ་ཆེན་པོས་རྩོད་ལྡན་སྙིགས་མའི་ཞིང་། །
བཟུང་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ། །
པད་དཀར་ལྟར་བསྔགས་མཚན་ཐོས་ཕྱིར་མི་ལྡོག །
སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །
བདག་གཞན་སྒོ་གསུམ་དགེ་ཚོགས་ལོངས་སྤྱོད་བཅས། །
ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་ནས་འབུལ། །
ཐོག་མེད་ནས་བསགས་སྡིག་ལྟུང་མ་ལུས་པ། །
སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས། །
འཕགས་དང་སོ་སོའི་སྐྱེ་བོའི་དགེ་བ་ནི། །
དུས་གསམ་བསགས་ལ་ལ་རྗེས་སུ་ཡི་རང་ངོ། །
ཟབ་ཅིང་རྒྱ་ཆེ་ཆོས་ཀྱི་འཁོར་ལོའི་ཚུལ། །
ཕྱོགས་བཅུར་རྒྱུན་མི་འཆད་པར་བསྐོར་དུ་གསོལ། །
ཁྱོད་ནི་ནམ་མཁའ་ལྟ་བུའི་ཡེ་ཤེས་སྐུ། །
དུས་གསུམ་འཕོ་འགྱུར་མེད་པར་བཞུགས་མོད་ཀྱི། །
གདུལ་བྱའི་སྣང་ངོར་སྐྱེ་འཇིག་ཚུལ་སྟོན་ཀྱང་། །
སྤྲུལ་བའི་གཟུགས་སྐུ་རྟག་ཏུ་སྣང་བར་མཛོད། །
བདག་གིས་དུས་གསུམ་བསགས་པའི་དགེ་ཚོགས་ཀྱིས། །
མཁའ་ཁྱབ་འགྲོ་བ་ཀུན་ལ་ཕན་སླད་དུ། །
ཆོས་ཀྱི་རྒྱལ་པོ་རྟག་པར་མཉེས་བྱེད་ཅིང། །
ཆོས་རྗེ་རྒྱལ་བའི་གོ་འཕང་ཐོབ་པར་ཤོག །
བདག་ཅག་སྙིགས་མའི་འགྲོ་བ་མགོན་མེད་རྣམས། །
ཐུགསརྗེས་ལྷག་པར་བཟུང་བའི་བཀའ་དྲིན་ལས། །
ཞིང་དང་དུས་འདིར་རིན་ཆེན་རྣམ་གསུམ་གྱི། །
སྣང་བ་ཇི་སྙེད་ཁྱེད་ཀྱི་ཕྲིན་ལས་ཉིད། །
དེ་ཕྱིར་སྐྱབས་མཆོག་མཚུངས་མེད་གཅིག་པུ་རུ། །
ཡིད་ཆེས་དད་པས་སྙིང་ནས་གསོལ་བ་འདེབས། །
སྔོན་གྱི་དམ་བཅའ་ཆེན་པོ་མ་བསྙེལ་བར། །
བྱང་ཆུབ་བར་དུ་ཐུགས་རྗེས་རྗེས་འཛིན་མཛོད། །
ཅེས་ཡིད་ཆེས་ཀྱི་དད་པ་དྲག་པོས་སྟོན་པ་དངོས་སུ་བཞུགས་ཡོད་སྙམ་པས་སྐུ་ལ་རྩེ་གཅིག་ཏུ་དམིགས་ཏེ། །
བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤྰཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། མཆོད་དོ། སྐྱབས་སུ་མཆིའོ། །
ཞེས་ཅི་འགྲུབ་དང་། ཐུགས་རྒྱུད་བསྐུལ་བའི་ཚུལ་དུ་ཤེར་ཕྱིན་ཡི་གེ་ཉུང་ངུ་ལས་གསུངས་པའི་གཟུངས་ནི།
ཏདྱཐྰ། ཨོཾ་མུ་ནེ་མུ་ནེ་མ་ཧྰ་མུ་ན་ཡེ་སྭྰ་ཧྰ། །
ཞེས་ ཅི་རིགས་དང་།ཨོཾ་མན་ཆད་ཅི་འགྲུབ་ཏུ་བཟླའོ། །འདི་དག་གི་སྐབས་སུ་སྟོན་པའི་ཡོན་ཏན་རྗེས་སུ་དྲན་ཏེ་དད་པའི་སེམས་ཀྱིས་རྩེ་ གཅིག་ཏུ་སྐུ་ཡི་གསལ་སྣང་ལ་དམིགས་ནས་མཚན་བརྗོད་པ་དང་། །གཟུངས་བཟླས་པའི་རྐྱེན་གྱིས་སྟོན་པའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་སྣ་ཚོགས་པའི་སྣང་བ་ཆེན་པོས་དབག་དང་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་བསལ་ཞིང་། །ཐེག་པ་ཆེན་པོའི་ལམ་གྱི་ཡོན་ཏན་ཚུལ་བཞིན་དུ་སྐྱེས་ཏེ་ཕྱིར་མི་ལྡོག་པའི་ས་ནོན་པར་བསམས་ལ་དེ་ལྟར་ཅི་ནུས་སུ་བརྩོན་པར་བྱའོ། །ཐུན་མཚམས་རྣམས་སུ་མཎཌལ་སོགས་མཆོད་པ་དང་། །ཐུབ་བསྟོད་ཀྱི་རིགས་དང་། སྙིང་རྗེ་པད་དཀར། རྒྱ་ཆེར་རོལ་བ། སྐྱེས་རབས་སྣ་ཚོགས།
དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་སོགས་མདོ་གང་འདོད་ཅི་ལྟར་ནུས་པར་བཀླག་དགེ་བའི་རྩ་བ་རྣམས་བླ་མེད་བྱང་ཆུབ་ཏུ་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་གདབ་པར་བྱའོ། །སྤྱིར་འགྲོ་འཆག་ཉལ་འདུག་གི་སྐབས་ཀུན་ཏུ་སྟོན་པ་ཉིད་མ་བརྗེད་པར་དྲན་པ་དང་།མཚན་མོ་ཡང་སྟོན་པ་དངོས་སུ་བཞུགས་པའི་སྐུ་ཡི་འོད་ཀྱིས་ཕྱོགས་ཐམས་ཅད་ཉིན་མོ་ཤིན་ཏུ་དྭངས་བའི་དྭངས་བའི་དུས་ལྟ་བུར་སྣང་བའི་འདུ་ཤེས་ཀྱི་ངང་དུ་གཉིད་ལོག་པར་བྱ། །དུས་རྒྱུན་དུ་སྟོན་པ་ཉིད་ཀྱིས་སྔོན་ཇི་ལྟར་ཐུགས་བསྐྱེད་པའི་ཚུལ་ལས་བརྩམས་ཏེ།
དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པར་ཐར་པ་ལ་རྗེས་སུ་གཞོལ་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་དམ་བཅའ་ལྷོད་པ་མེད་པའི་ངང་ནས་བྱང་ ཆུབ་སེམས་དཔའི་སྤྱོད་པ་སྤྱི་དང་ཁྱད་པར་དུ་ཞི་ལྷག་གི་རྣལ་འབྱོར་ལ་ཅི་ནུས་སུ་ བརྩོན་པས་དལ་འབྱོར་ཐོབ་པ་དོན་ལྡན་དུ་འགྱུར་ཏེ། །བདག་ཅག་གི་སྟོན་པ་འདི་ཉིད་ཀྱི་མཚན་ཐོས་པ་ཙམ་གྱིས་བྱང་ཆུབ་ཆེན་པོའི་ལམ་ལས་ ཕྱིར་མི་ལྡོག་པར་མདོ་ལས་གསུངས་ལ། གོང་དུ་བསྟན་པའི་གཟུངས་འདི་ལས་སངས་རྒྱས་ཐམས་ཅད་འབྱུང་ཞིང་། གཟུངས་འདི་རྙེད་པའི་མཐུས་ཤྰཀྱའི་རྒྱལ་པོ་ཉིད་སངས་རྒྱས་ཤིང་། སྤྱན་རས་གཟིགས་བྱང་ཆུབ་སེམས་དཔའི་མཆོག་ཏུ་གྱུར་པ་དང་། །གཟུངས་འདི་ཐོས་པ་ཙམ་གྱིས་བསོད་ནམས་རྒྱ་ཆེན་པོ་ཚེགས་མེད་པར་འཐོབ་ཅིང་ལས་ཀྱི་
སྒྲིབ་པ་ཐམས་ཅད་བྱང་བ་དང་། །སྔགས་བསྒྲུབ་པ་ན་བགེགས་མ་མཆིས་པར་གྲུབ་པར་འགྱུར་རོ་ཞེས་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཡི་གེ་ཉུང་ངུ་ཞེས་པ་དེ་ཉིད་ལས་གསུངས་ཤིང་།བཀའ་གཞན་ལས་ཀྱང་གཟུངས་འདི་ལན་གཅིག་བཟླས་པས་བསྐལ་པ་བྱེ་བ་ཕྲག་བརྒྱད་ཁྲིའི་བར་ དུ་བྱས་པའི་སྡིག་པ་ཐམས་ཅད་བྱང་བར་འགྱུར་བ་སོགས་ཕན་ཡོན་ཚད་མེད་པ་དང་ལྡན་ཞིང། དེ་བཞིན་གཤེགས་པ་ཤྰཀྱ་ཐུབ་པའི་སྙིང་པོ་དམ་པ་ཉིད་དུ་གསུངས་སོ། །དད་པ་བསྐྱེད་པ་དང་ཞི་ལྷག་གི་རྣལ་འབྱོར་ལ་ཇི་ལྟར་བརྩོན་པའི་ཚུལ་ཟུར་དུ་བཤད་པར་བྱའོ། །ཞེས་པ་འདི་ནི་བསླབ་གསུམ་ནོར་བུའི་མཛོད་མངའ་དབོན་ཨོ་རྒྱན་བསྟན་འཛིན་ནོར་བུ་ནས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་ཏེ་ནན་ཏན་དུ་བསྐུལ་པ་ཡིད་ལ་འཇགས་པའི་སྟེང་དུ་ཉེ་ཆར་ཡང་དབོན་རིན་པོ་ཆེ་ཉིད་ནས་སྤྲུལ་བའི་སྐུ་འཇིགས་མེད་པདྨ་བདེ་ཆེན་ལ་སྦྲན་ཏེ། རིན་ཆེན་དང་པོ་སོགས་བཀྲ་ཤིས་པའི་ལྷ་རྫས་ཀྱི་སྐྱེས་དང་བཅས་མྱུར་དུ་གྲུབ་པར་གྱིས་ཞེས་དམ་པ་ཟུང་གི་བཀས་བསྐུལ་བ་ལ་བརྟེན་ནས།སྟོན་པ་མཆོག་ལ་མི་ཕྱེད་པའི་དད་པ་ཐོབ་ཅིང་། །དུས་མཐར་ཆོས་སྨྲ་བའི་མིང་ཙམ་འཛིན་པ། །ཤྰཀྱའི་རྗེས་འཇུག་མི་ཕམ་འཇམ་དབྱངས་རྒྱ་མཚོས། རྗ་རྡོ་རྗེ་འཕན་ཕྱུག་གི་རི་ཞོལ་ཕུན་ཚོགས་ནོར་བུའི་གླིང་དུ་།ཀུན་ལྡན་ལྕགས་བྱི་
གསར་ཚེས་ཆོ་འཕྲུལ་ཆེན་པོའི་ཡར་ཚེས་བརྒྱད་ལ་གྲུབ་པར་བགྱིས་པ་འདིས་ཀྱང་བསྟན་འགྲོ་ལ་ཕན་པ་
རྨད་དུ་བྱུང་བ་རྒྱུན་མི་འཆད་པར་བྱེད་པ་དང་།ཚུལ་འདི་མཐོང་ཐོས་དྲན་རེག་གི་འགྲོ་བ་རྣམས་ཀྱི་རྒྱུད་ལ་
སྟོན་པ་ཐུབ་པའི་དབང་པོའི་བྱིན་རླབས་མཚུངས་པ་མེད་པ་མངོན་དུ་འཇུག་པར་གྱུར་ཅིག། མངྒ་ལཾ།། །།
ཨོཾ་མུཎི་མུཎི་མཧྰ་མུཎཡེ་སྭྰ་ཧྰ། །
ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །
མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང་། །
མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། །
ཤྰཀྱའི་གཙོ་བོ་དེ་ལ་གུས་ཕྱག་འཚལ། །
མཁའ་ལྡིང་དབང་བོ་མཁའ་ལ་བགྲོད་བགྲོད་ནས། །
ནམ་ཞིག་རང་སྟོབས་བྲི་བས་ལྡོག་འགྱུར་གྱི། །
ནམ་མཁའ་ཟད་པས་ལྡོག་པར་མི་འགྱུར་བཞིན། །
ཁྱོད་ཀྱི་ཡོན་ཏན་བརྗོད་པ་དེ་ལྟར་ལགས། །
ཨེ་མའོ་སྟོན་པ་ཨེ་མའོ་སྐྱབས། །
ཨེ་མའོ་སྨྲ་མཆོག་ཨེ་མའོ་མགོན། །
རྟེན་ཅིང་འབྲེལ་འབྱུང་ལེགས་གསུང་བའི། །
སྟོན་པ་དེ་ལ་བདག་ཕྱག་འཚལ། །
མཁའ་མཉམ་འགྲོ་ལ་མཁྱེན་བརྩེ་རབ་དགོངས་ནས། །
གྲངས་མེད་གསུམ་དུ་ཚོགས་གཉིས་རབ་རྫོགས་ནསཏེ། །
སྟོང་གསུམ་མི་མཇེད་ཞིང་གི་དཔལ་གྱུར་པ། །
འདྲེན་མཆོག་ཤྰཀྱའི་ཏོག་ལ་ཕྱག་འཚལ་ལོ། །
གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །
འགག་པ་མེད་པ་སྐྱེ་མེད་པ། །
ཆད་པ་མེད་པ་རྟག་མེད་པ། །
འོང་པ་མེད་པ་འགྲོ་མེད་པ། །
ཐ་དད་དོན་མིན་དོན་གཅིག་མིན། །
སྤྲོས་པ་ཉེར་ཞི་ཞི་སྟོན་པ། །
རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །
དམ་པ་དེ་ལ་ཕྱག་འཚལ་ལོ། །
གང་གིས་ཐུགས་བརྩེ་ཉེར་བཟུང་ནས། །
ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །
དམ་པའི་ཆོས་ནི་སྟོན་མཛད་པ། །
གོའུ་ཏམ་དེ་ལ་ཕྱག་འཚལ་ལོ། །
ཨོཾ་མུནི་མུནི་མཧྰ་མུནཡེ་སྭྰཧྰ། །
དགེ་བ་འདི་ཡིས་མྱུར་དུ་བདག །
ཤྰཀྱའི་རྒྱལ་པོ་འགྲུབ་གྱུར་ནས། །
འགྲོ་བ་གཅིག་ཀྱང་མ་ལུས་པ། །
དེ་ཡི་ས་ལ་འགོད་པར་ཤོག །
ཨོཾ མུནི མུནི མཧྰ མུནཡེ སྭྰཧྰ། །
རྒྱལ་བ་རིན་པོ་ཆེས་ད་ནང་ཞོགས་པ་ཆུ་ཚོད་བརྒྱད་སྟེང་ནེའུ་ཡོ་རུ་་མི་དམངས་ལ་བཀའ་སློབ་གནང་གཏན་འཁེལ་འདུག
དྲ་ལམ་ནས་ཐད་ཀར་མཇལ་འདོད་ན་གཤམ་གྱི་འབྲེལ་ཐག་སྟེང་ཕེབས།
http://www.tcnynj.org/
‘ཁྱོད་ནི་འགྲོ་བའི་དོན་གྱི་སླད།།
ཅུང་ཟད་ཙམ་ཡང་མི་ངལ་ཞིང་།།
འགྲོ་བ་རྣམས་ཀྱང་ཁྱོད་ཀྱི་ནི།།
ཡོན་ཏན་བརྗོད་ལ་ངལ་མ་གྱུར།།
་་་་་་་་་་་་་་་་་་་་་་་་་་་
སྟོན་པའི་ནང་ན་རྟེན་འབྲེལ་སྟོན་པ་དང་།།
ཤེས་པའི་ནང་ན་རྟེན་འབྲེལ་ཤེས་པ་གཉིས།།
འཇིག་རྟེན་འདི་ན་རྒྱལ་བའི་དབང་བོ་བཞིན།།
ཕུལ་བྱུང་ལེགས་པར་ཁྱོད་མཁྱེན་གཞན་གྱིས་མིན།།’
‘མི་རྟག་དུཿཁཾ་སྟོང་བ་བདག་མེད་པ།།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།།
བདུད་རྩི་ལྟ་བུའི་ཆོས་ཤིག’ ཁྱོད་ཀྱིས་རྙེད།།
རྒྱ་གར་ས་དོས་བདག་སེམས་ཡང་ཡང་བསླུས།།
གཞོན་པའི་དུས་སུ་འདོད་པའི་དཔལ་ཡང་རོལ།།
ལོ་ན་སྨིན་སྐབས་དཀའ་བས་ཤེས་རབ་བཙལ།།
ལོ་ངོ་སྟོང་ལ་མི་ནུབ་མཆོད་མེ་ཁྱོད།།
དུས་ནས་དུས་སུ་མི་ནུབ་འབར་གྱུར་ཅིག།
“དང་པོ་ཁྱོད་དང་འུ་གཉིས་འདྲ་འདྲ་སྟེ།།
ཁྱོད་ནི་བརྩོན་པ་ཆེ་བས་རྫོགས་སངས་རྒྱས།།
ང་ནི་ལེ་ལོ་ཆེ་བས་འཁོར་བར་འཁྱམ།།
ད་ལྟ་ང་ཡིས་ཁྱོད་ལ་ཕྱག་འཚལ་ལོ།།”
སྟོང་དང་བདག་མེད་སྡུག་བསྔལ་བ།།
ཁྱེད་ཀྱིས་གང་གསུངས་ངོ་འཕྲོད་ཀྱང་།།
འཁོར་བ་འདི་ལ་ཡིད་སུན་ནས།།
ངེས་བར་འབྱུང་བ་ངས་མི་འདོད།།
རྫོགས་སངས་གོ་འཕང་ཐོབ་འགྱུར་ཡང་།།
འཁོར་བའི་ཀློང་འདིའི་ངོ་གཞན་ཞིག།
དེས་ཀྱང་འཚེངས་བར་མི་འགྱུར་བས།
བདག་ནི་འཁོར་འདིར་ཧ་ཅང་སྐྱིད།།
ཞེ་གཏིང་གཏི་མུག་ང་རྒྱལ་ཕྲག་དོག་སོགས།།
ཁྱེད་ཀྱིས་ཉེས་པར་བལྟ་ནའང་།།
བདག་ནི་འདི་རྣམས་མེད་གྱུར་ན།།
མི་ཚེ་འདི་ལ་སྙིང་བོས་དབེན།།
སྡུག་བསྔལ་མེད་ན་བདེ་བ་མེད།།
དེ་བཞིན་འཁོར་དང་མྱང་འདས་ཀྱང་།།
གཅིག་དེ་མེད་ན་གཞན་ཡང་མེད།།
འཁོར་འདས་ཀློང་ལ་ཕྱག་འཚལ་ལོ།།
ཀྱེ་ཀྱེ། མ་འདྲིས་པའི་མཛའ་བཤེས་ཆེན་པོ་ལགས། ཁྱེད་ཀྱི་འཁྲུངས་སྐར་ལ་ཁྱེད་ཉིད་ལྷག་པར་དུ་དྲན། དེང་དུས་ཀྱི་བསྟན་འཛིན་རློམ་པ་དག་གིས་མིང་དངུལ་ཐོབ་གསུམ་ལ་བརྩོན་ཞིང་བསྟན་རྩ་བསླབ་གཞི་རྩ་ལྟར་འདོར་ཞིང་ཡིན་འདོག་གི་མགོ་བོར་ནམ་མཁར་ཕྱོགས་པ་དག་མཐོང་ཚེ་ཁྱེད་ཀྱི་མཛད་རྗེས་དག་ཡིད་ངོར་
འཆར་ནས་ཁྱེད་རང་དྲན།
ས་མཐའི་ཡུལ་ནས་རང་ཡུལ་ཡང་ཡང་དྲན།།
སེར་རྫུན་མཐོང་ཚེ་ཁྱེད་རང་ཡང་ཡང་དྲན།།
དྲན་གདུང་སྐྱོ་མོ་འདི་ཉིད་སེལ་མཁན་ཞིག།
དྲན་འཛིན་ལམ་ནས་མ་རྙེད་ད་བར་ལུས།།
དེ་བཞིན་གཤེགས་པ་ཤྰཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།
དེ་བཞིན་གཤེགས་པ་ཤྰཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།
དེ་བཞིན་གཤེགས་པ་ཤྰཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།
དེ་བཞིན་གཤེགས་པ་ཤྰཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།
དེ་བཞིན་གཤེགས་པ་ཤྰཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།
དེ་བཞིན་གཤེགས་པ་ཤྰཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།
བོད་སྐད་དུ་བཞུགས་པའི་ཐུབ་པའི་གཟུང་སྔགས།
གོའུ་ཏམ་དེ་ལ་ཕྱག་འཚལ་ལོ། །
གོའུ་ཏམ་དེ་ལ་ཕྱག་འཚལ་ལོ། །
གོའུ་ཏམ་དེ་ལ་ཕྱག་འཚལ་ལོ། །
༧སྟོན་པའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས།
༸གོང་ས་མཆོག་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས།
བོད་ཀྱི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས།
ཁྱེད་རང་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས།
ཁྱོད་རང་གི་སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས།