(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)
ཨ་རིག་དགེ་མཐོང་།
དྭངས་གཙང་རང་བཞིན་མ་བསླད་འོད་མདངས་དེ་རྒྱས་ཤིང་། །
རྟེན་འབྱུང་ཨ་མའི་ཐུགས་ཡིད་བདུད་རྩི་ཡིས་གཏམས་པས། །
སྣ་ཚོགས་ཀུན་རྫོབ་སྒྱུ་མའི་ངོ་གདོང་དེ་བཤུས་ནས། །
མཐར་ཐུག་སྐུ་བཞིའི་ལམ་ཡིག་ཕྱག་ཟུང་དུ་འབྱོར་བྱུང་། །
མི་བརྟན་འཁོར་བའི་ཟང་ཟིང་ལྟག་རྒྱབ་ཏུ་གཡུགས་པས། །
གཏན་གྱི་བདེ་བའི་རོ་བཅུད་མངར་མོ་དེ་མྱངས་ཡོད། །
མ་བརྟག་མིང་ཙམ་འཛིན་པའི་རྨོངས་ཞེན་རིགས་དོར་སྟེ། །
རྟོན་བཞིའི་འོད་ཟེར་དཀར་པོ་ཕྱོགས་ཀུན་ཏུ་འཕྲོས་བྱུང་། །
རྒྱུ་འབྲས་མན་ངག་བདུན་གྱི་འཕྲུལ་འཁོར་དེ་བསྐོར་བས། །
མ་གྱུར་སེམས་ཅན་ཡོངས་ལ་ཕྱག་ཟུང་དེ་བརྐྱངས་ཡོད། །
མཉམ་གཞག་རྩེ་གཅིག་གཞུ་མོ་ནང་རོལ་ཏུ་བཀུགས་ཏེ། །
མཚན་འཛིན་དགྲ་བོའི་མགོ་སྐེ་ཅིག་ཅར་ཏུ་བྲེགས་བྱུང་། །
ཞི་ལྷག་ཟུང་འབྲེལ་ལྷ་མོའི་ཞལ་རས་དེ་བསྒོམས་པས། །
དྲན་ཤེས་འདུ་འཛི་རྟ་ཕོ་ལྕགས་ཐག་གིས་བསྒྲོགས་ཡོད། །
ཐབས་ཤེས་བུ་སྤུན་མཐུན་སྒྲིལ་གསེར་སྐུད་ལ་བརྒྱུས་ཏེ། །
སྒྲིབ་གཉིས་རལ་བའི་གྱོན་ཆས་ཕྱོགས་ཡོངས་ནས་བཙེམས་བྱུང་། །
བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་གཉིས་དེ་རྫོགས་པས། །
མཚན་དང་དཔེ་བྱེད་བརྒྱད་ཅུའི་མགུལ་རྒྱན་དེ་བཏགས་ཡོད། །
མ་དག་འཁོར་བའི་གདུལ་བྱའི་འཚང་ཁ་དེ་རྒོད་ཀྱང་། །
ཕན་པའི་ཆོས་འཁོར་བསྐོར་ལ་ངལ་བ་ནི་མེད་དོ། །
མ་རིག་རྒུད་པའི་རྩ་བ་གཏི་མུག་སྟེ་བཅོམ་པས། །
དྲི་བྲལ་ཡེ་ཤེས་གཟིགས་ངོར་གཉིས་སྣང་དེ་ནུབ་ཡོད། །
ས་བཅུ་ལམ་ལྔའི་སྐས་ཐེམ་རིམ་བཞིན་དུ་བརྒལ་ཏེ། །
སྟོབས་བཅུ་མངའ་བའི་གོ་འཕང་བདེ་བླག་ངང་ཐོབ་བྱུང་། །
དེང་དུས་ཚན་རྩལ་རིགས་ལམ་མེ་སྟག་དེ་རྣོ་ཡང་། །
ལོ་ཟླའི་འཁོར་འགྲོས་བར་ནས་འགྱུར་ལྡོག་ནི་ཇེ་ཆེ། །
ཁྱེད་ཀྱི་ཡེ་ཤེས་དབྱིངས་དཔྱད་རྟེན་འབྱུང་གི་ལྟ་གྲུབ། །
ས་འོག་གསེར་གྱི་འོད་ལྟར་ཇེ་གསལ་དུ་ཕྱིན་ནོ། །
དུས་ངན་སྙིགས་མའི་ཆོ་འཕྲུལ་ཕྱོགས་ཡོངས་ནས་ལྡང་བས། །
རྗེས་འཇུག་གདུལ་བྱའི་ངོ་གདོང་ཇེ་རྫོབ་ཏུ་ཕྱིན་ཀྱང་། །
དྲང་དོན་ངེས་དོན་མདོ་སྡེའི་གཟི་བྱིན་གྱི་ངོགས་ནས། །
རྣམ་དག་ཆོས་པའི་རང་ཚུགས་བྲག་རི་བཞིན་བརྟན་ནོ། །
ཁྱེད་ཉིད་གླིང་འདིར་བྱོན་པའི་ལོ་རྒྱུས་དེ་གླེང་ན། །
དམ་ཚིག་དད་སྟོབས་དབེན་ན་འགྲེལ་ཐབས་ཤིག་མི་རྙེད། །
གླིང་འདིར་མཛད་པ་བཅུ་གཉིས་རིམ་བཞིན་དུ་བསྟན་ཡང་། །
ད་ལྟའི་སྐྱེ་བོ་ཡོངས་ཀྱི་མིག་ལམ་དུ་འཆར་དཀའ། །
ཁྱེད་རང་བཞུད་པའི་འོད་ཟེར་ཇེ་གསལ་དུ་ཕྱིན་ཡང་། །
སྐུ་ཉིད་འཁྲུངས་པའི་དུས་ཚིགས་གསལ་བོ་ཞིག་མ་དྲན། །
ཁ་ཆེ་བོད་ལུགས་བར་གྱི་འཁྲུངས་འདས་དེ་མི་འདྲ། །
རྒྱ་ནག་རྒྱ་གར་ཟུང་གི་འགྲེལ་ཚུལ་ཡང་ཁ་ཁ། །
ཁྱེད་གསུང་མདོ་སྡེ་མཇལ་བའི་སྐལ་བ་ཞིག་ལྡན་ཡང་། །
ཚིག་དོན་ཅི་བཞིན་མ་ཤེས་རྨོངས་པ་ཡིས་བཟི་བྱུང་། །
བརྩེ་ཆེན་ཐུབ་པ་ཁྱེད་ཀྱིས་ཕྱིར་མིག་རེ་གཟིགས་ཏེ། །
མ་རུང་གདུལ་བྱ་ངེད་ཅག་སྐྱབས་འོག་ནས་མ་འདོར། །
(དེ་རྒྱས་ཤིང་)
(དེ་བཤུས་ནས)
(དེ་མྱངས་ཡོད།)
(དེ་བསྐོར་བས།)
(དེ་བརྐྱངས་ཡོད།)
(དེ་བསྒོམས་པས།)
(དེ་རྫོགས་པས།)
(དེ་བཏགས་ཡོད།)
(དེ་རྒོད་ཀྱང་།)
(དེ་ནུབ་ཡོད།)
(དེ་རྣོ་ཡང་།)
(དེ་གླེང་ན།)
(དེ་མི་འདྲ།)
ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ། རྩོམ་ཐུང་ཐུང་ཞིག་གི་ནང་དུ་(དེ་)བཅུ་གསུམ་ཡོད་ཀི
ད་དུང་ཚིགས་གཞན་པ་རྣམས་ཀྱང་ལྕགས་ནག་པོ་བརྡུངས་ནས་བཀུག་པ་དང་འདྲ་བའི་སྲ་མོ་ཞིག་རེད། ཨ་རོགས། ཉེ་སྔོན་ཁྱེད་ཀྱི་ཟིན་བྲིས་སུ་ཤིང་གི་རྒན་མོ་མདོག་ཉེས་ཞིག་བཞག་སྟེ། ད་ལོའི་མཛངས་མ་འདྲན་བསྡུར་ཡིན་ཟེར་བའི་ཟུར་ཟ་བྱས་པ་དེ་ཅིག་མ་འགྲིག་ཟིག་ཀོ
དེ་སྒྲ་མང་བ་དེང་སང་གི་རྩོམ་སྟངས་ཤིག་རེད་ལགས། ཁྱེད་ཕེབས་པར་དགའ་བསུ་ཞུ། དངོས་ཡིན་ལགས།
ཨ་རོ་ཨ་ཁུ་དགེ་མཐོང་ཡིག་ནོར་སོ་དེ་འདྲ་མང་པོ་ཞིག་ག་རེ་ཡིན་ན། ཨ་ཁ་ཁ། ཁྱོད་ད་ངོ་མ།
ཁྱེད་རང་སྙིང་རྗེ། གླག་མིང་བ། གོང་དུ་དེ་སྒྲ་དེ་ཚོ་ཡིག་ནོར་རེད་དམ། གཞན་གྱིས་ཅི་ཟེར་ཡང་མ་ཤེས་བཞིན་དུ་ལད་ཟློས་ལ་འབད་ཁུལ་བྱས། ཞིབ་ཏུ་ཀློག་ནས་ཡིག་ནོར་སྟོན་དང་དེ་མིན་ཅང་མི་ཤེས་ན་ཁྱི་ཁ་ཚུམས།
མྱི་དྲང་མོ་ཨ་རིག་དགེ་མཐོང་།།
གནའ་འབྲོག་པའི་བོད་གཤིས་ཅན་པོ།།
ཁྱོད་མཇལ་ས་ཁ་བརྡ་དུས་བབ།།
ང་དགའ་སའི་དྲ་ཚིགས་གཉིས་ཡིན།།
༼དྭངས་གཙང་རང་བཞིན་མ་བསླད་འོད་མདངས་དེ་རྒྱས་ཤིང་། །
རྟེན་འབྱུང་ཨ་མའི་ཐུགས་ཡིད་བདུད་རྩི་ཡིས་གཏམས་པས། །
སྣ་ཚོགས་ཀུན་རྫོབ་སྒྱུ་མའི་ངོ་གདོང་དེ་བཤུས་ནས། །
མཐར་ཐུག་སྐུ་བཞིའི་ལམ་ཡིག་ཕྱག་ཟུང་དུ་འབྱོར་བྱུང་། །༽
ཀུན་རྫོབ་སྒྱུ་མའི་ངོ་གདོང་བཤུས་ཞེས་ཟེར་ལུགས་ལ་བལྟས་ན་སྔ་འགྱུར་རྙིང་མ་བ་ཁ་ཅིག་གིས་སངས་རྒྱས་ཀྱི་ས་ན་ཆོས་ཉིད་འབའ་ཞིག་གཟིགས་ཟེར་བ་དང་ཀུན་མཁྱེན་གོ་རམས་པས་དོན་དམ་ལ་དཔྱོད་པའི་སྐབས་སུ་ཀུན་རྫོབ་མི་གཟིགས་ཟེར་བ་དང་འདྲ་སེ་འདུག་པས། འོ་ན། སངས་རྒྱས་ཀྱིས་ཇི་སྙེད་པ་མཁྱེན་པ་མ་ཡིན་པར་ཐལ། ཆོས་ཉིད་འབའ་ཞིག་གཟིགས་པའི་ཕྱིར། འདོད་ན། ཐམས་ཅད་མཁྱེན་པ་མ་ཡིན་པར་ཐལ་ལོ།།
ཨ་རིག་དགེ་མཐོང་འབྲོག་པའི་གཤིས་ཀ།།
རྣམ་པ་ཡག་བཙོག་བཤད་རྒྱུ་མེད་ཀི།།
རྩོམ་ཡིག་ཐར་ཐོར་མང་པོ་བྲིས་ནས།།
ཀློག་མཁན་རྣམས་ལ་སེམས་རྒྱ་བསྐྱེད་སོང་།།
ཧ་ཧ་ཧ་ཧ་འགྲན་རྩོམ་ངོ་མ་སྨྱོ་ཀི