ནམ་མཁའ།
རང་དབང་འཇོམས་པའི་རྩ་བ་འཐབ་པའི་མཆོག །
མཆོག་ཏུ་གྱུར་བའི་རང་སེམས་མྱོང་བའི་འབྲས།།
འབྲས་བུ་ཐོབ་པའི་མཚན་དཔེ་ཕྲེང་བའི་རྒྱན།།
རྒྱན་གྱི་མཆོག་གྱུར་འཁོར་ལོ་ཅན་དེར་འདུད།།
འཇིག་རྟེན་གསུམ་གྱི་སྡུག་བསྔལ་སྤངས་བའི་ཐབས།།
ཐབས་ཀྱི་མཆོག་གྱུར་ཐབས་ཤེས་སྒོམ་པའི་ལམ།།
ལམ་བཅུའི་གོ་རིམ་སྟོན་མཁས་གསུང་གི་སྒྲ །
སྒྲ་འཛིན་དབང་ཅན་ཀུན་ལ་སྟོན་དེར་འདུད།།
ལྟ་བ་རྟེན་འབྱུང་རིག་པའི་གྲུབ་པའི་མཐའ།།
མཐའ་དག་རྒྱུ་དང་རྐྱེན་ལས་གྲུབ་པའི་གསུང་།།
གསུང་གི་གཏན་ཚིག་གཡོབ་མེད་པའི་རྟགས།།
རྟགས་ཀྱི་གླེགས་བམ་བརྒྱ་ཡི་བདག་པོར་འདུད།།
འཚེ་བ་ཕྲ་མོ་སྤོང་བའི་སྤྱོད་པའི་དགེ །
དགེ་བའི་འདུལ་ཁྲིམས་སྲུང་བའི་ཕ་མ་ཀུན།།
ཀུན་གྱི་མགོ་བོ་འབྲུ་དྲུག་སྙེ་མ་བཞིན།།
བཞིན་རས་འཛུམ་པའི་བསྟན་པའི་བདག་པོར་འདུད།།
ཟླ་བའི་འོད་སྣང་ཕོག་པའི་ཆུ་སྐྱེས་བཞིན།།
ཁྱེད་ཀྱི་གསུང་རྒྱུན་ཅུང་ཟད་ཐོས་པའི་མཐུས།།
བདག་གི་སོར་མོ་སྙིང་གར་ལེགས་སྦྱར་སྟེ།།
ལྷ་མི་ཀུན་གྱི་མགོན་ཁྱོད་ཅིས་མི་བཀུར།།
འཇིག་རྟེན་བཀོད་པ་པོ་ལ་སྟོང་ཉིད་དང་།
གང་ཟག་རང་སྐྱ་ཐུབ་ལ་རྟེན་འབྲེལ་དོན།
རང་དོན་མཆོག་ལ་གྲུབ་མཁན་བྱང་ཆུབ་སེམས།
མགོན་པོ་ཁྱེད་གསུང་ནི་རྣམ་པར་བཀྲ།
སྡུག་བསྔལ་མྱོང་མཁན་ཀུན་གྱིས་སྡུག་བསྔལ་རྒྱུ་མ་ཤེས།
ཐར་པ་འདོད་མཁན་ཀུན་གྱིས་ཐར་མའི་ལམ་མ་ཤེས།
སྟོན་པ་ཁྱེད་ཀྱིས་སྡུག་བསྔལ་རྒྱུ་ནི་མ་རིག་ཅེས།
གསལ་བར་སྟོན་པས་སྐྱེ་རྒུའི་ཡིད་ནི་རྣམ་པར་གསལ།
རང་ལ་ཚད་མར་གྱུར་ནས་ནི། །
སྙིང་རྗེས་གཞན་དབང་གཞན་ལ་བསྟན། །
བསྟན་པའི་དམ་ཆོ་རྣམ་གཉིས་ཀྱིས། །
འགྲོ་རྣམས་སྐྱོབ་མཛད་ཁྱོད་ཕྱག་འཚལ། །
ཆོ་ཆོས་ལ་བཅོས་ནས་་་
སྟོན་པ་ལ་བསྟོད་ཚིག་ཡག་པོ་བྲིས་འདུག་མོད། ཡིན་ཡང་ནང་པའི་ཆོས་འདི་བོད་ལ་དར་ནས་བོད་ཀྱི་ཆབ་སྲིད་བོར་བརླགས་ཕྱིན་པ་རེད། འདི་མ་བརྗེད་པར་གྱིས་ལགས་ནམ་མཁའ།
འ་དཀོན་མཆོག་མཁྱེན་ནང་བསྟན་དར་ནས་བོད་འཕོངས་པ་ཡིན་ནམ། ནང་བསྟན་འདིའི་བཀའ་དྲིན་ལ་དེང་སང་བོད་ཆོལ་གསུམ་ལྡོག་རྩ་ཆིག་སྒྲིལ་གྱུར་བ་རེད་།
མཁས་དབང་དམ་པ་ནམ་མཁའ་ལགས། །བར་ལམ་མ་དྲཱ་ནང་མ་མཇལ་དབར། །ཕར་ཙམ་འདས་ནས་གནས་པ་ན། །རབ་བཏགས་སྙན་དངགས་བྱང་ལགས་སམ། །བསྔགས་པ་མཛད་པ་བཟང་ལགས་ཀྱང་། །ཧ་ཅང་ཐལ་ན་སྨད་ར་ཆགས། །སྙན་དབྱངས་བརྩམས་བྱ་རབ་འབྱམས་དག །ཟླ་བྲལ་སྨྲ་བར་གྲགས་སམ་གང་། །
རྟེན་འབྱུང་གསུངས་པས་སྟོན་པ་བླ་མེད་གྱུར།
ཤཱ་རི་བུ་ཡིས་རྟེན་འབྱུང་གསུང་ལ་རངས།
རྗེས་སུ་སངས་རྒྱས་གསུང་དེ་བསམ་མི་ཁྱབ།
འབྲས་འབྲངས་སྣ་ཚོགས་རང་རེའི་མཐོང་ཡུལ་མཆིས།།
་
རྒྱ་གར་དིང་དུས་ལོ་རྒྱུས་འབྲི་བ་འགས།
སངས་རྒྱས་ཉིད་ཀྱིས་འགགས་པར་མཛད་པ་དེ།
རྗེས་འབྲངས་རྣམས་ཀྱིས་སངས་རྒྱས་ཉིད་ལ་བརྩི།
དེ་ལྟར་བྲིས་པ་ཧིནྡཱིའི་སྐད་དུ་བཀླགས།།
ཨ་རོགས་ངག་ཁྲི་ལགས་ཁམས་བཟང་།ཕལ་ཆེར་ལོ་གཅིག་ལྷག་ལ་མཇལ་མ་བར་།དེ་རིང་འདིར་མཇལ་ནས་དགའ་སོང་།ཧཧཧཧ
ངག་ཁྲིའི་ཚིག་གི་མདའ་མོ་ཞིག།
ཁ་བརྡ་དྲ་རྒྱའི་ཀློངས་རོལ་ནས།།
གློག་དམར་འཁྱུག་པའི་སྤྲིན་ནག་དང་།།
ཐོག་མདའ་དམར་བོ་དང་སྡེབས་ཏེ།།
བླུན་པོ་ནམ་མཁའ་འབྲུག་དུངས་བརྫངས།།
སྤྱིར་ན་བླུན་པོ་སྨྲ་བ་ཉུང་ན་མཛེས་མོད།།
བླུན་པོ་ནམ་མཁས་ལྐུགས་བཤད་འདི།།
བླུན་པོ་ནམ་མཁའ་མི་གཡོག་རྒྱུགས་ཞོར་དུ།།
བླུན་པོའི་རྩོམ་འཆལ་དྲ་རྒྱའི་ཀློངས་སུ་འཁྱམས།།
སྙན་དངགས་སྨྲ་བ་དཔལ་ནམ་མཁས། །དམའ་སར་གནས་ནས་གཞན་སླད་བྲན། །རང་དང་སྐལ་མཉམ་དྲངས་ནས་སླར། །དཔག་དཀའ་རྣམས་ལའང་ལམ་བཟང་བསྟན། །
སྙན་དངགས་སྨྲ་བ་དཔལ་ནམ་མཁས། །དམའ་སར་གནས་ནས་གཞན་སླད་བྲན། །རང་དང་སྐལ་མཉམ་དྲངས་ནས་སླར། །དཔག་དཀའ་རྣམས་ལའང་ལམ་བཟང་བསྟན། །ལྷག་བསམ་དག་པས་སངས་འཕགས་ལ། །ཚངས་དབྱངས་དབྱངས་རྟ་རབ་དྲངས་མཐར། །སྙན་བཟང་བཟང་གྲས་རབ་
དཔག་དཀའ་ལབ་དཀའ་དད་དཀའ་བ། །
སངས་རྒྱས་དབྱངས་བཟང་གདམས་ངག་བཟང་། །
སྙན་དངགས་ངག་བཟང་དྭངས་གསལ་བས། །
རྟ་དབྱངས་དྲངས་ནས་སངས་འཕགས་བསྔགས། །
དབྱང་ཨི།
སྙིང་གི་དཀྱིལ་གྱི་ཏིག་ཏིག་གི །
འོ་ཀྱི་གསེར་ཐིག་སྟེང་གི་སྟེང་། །
དབྱིངས་ཡིག་པིར་གྱིས་སེར་བྲིས་ཤིག །
བྲིས་ཤིག་དིང་གི་མི་རིགས་ཀྱིས། །
དབྱངས་ཨུ།
ཡུལ་དབུས་གཞུང་ལུགས་ཀུན་འཐུང་བུ། །
གཡུང་དྲུང་གཞུང་ལུགས་ནུབ་སྲོལ་ཀུན། །
འབྱུང་ཁུངས་བླུན་མུན་ཀུན་བསུབས་སུ། །
དུས་སུ་གཡུལ་དུ་འཇུག་མཚུངས་འབུངས། །
དབྱངས་ཨེ།
ཨེ་ཨེ་ཀྱེ་ཀྱེ་ཁྱེད་མཁྱེན་ཀྱེ། །
ཐེག་ཆེན་དགེ་ལེགས་ལེགས་སྤེལ་ཁྱེད།
གསེར་སེར་སྟེང་རེག་ཤེས་བྱེད་དེ། །
གསེར་བསྲེག་ཉེས་སེལ་ལེགས་སྤེལ་ལེགས། །
དབྱངས་ཨུ།
འུ་ཐུག་མུ་མཐུད་ཨུ་ཚུགས་སུ། །
ཨུ་གཟུགས་གཞུང་ཀུན་དུས་སུ་བཏུས། །
འབྲུག་ཀུན་དུར་རྒྱུགས་ངུར་ཟུག་ཏུ། །
གཟུགས་སུ་སྤུངས་ལུགས་ནུ་རུ་འདུག །
ང་ཚོའི་ཡུལ་སྐད་དུ་འདི་རུ་ལ། ནུ་རུ་ཡང་ཟེར་སྲོལ་ཡོད།
ཚང་མས་ཡག་པོ་བྲིས་འདུག
འདིར་འབྲི་རྩལ་གསར་པ་ཞིག་བཀོལ་ཐབས་གནོངས་རོགས། དཔེར་ན།
བཅོམ་ལྡན། ཁྱོད་བདེ་མོ། སྡུག་བསྔལ་རྒྱུ་ཀུན་བྱུང་ཁྱེད་ཀྱིས་བརྙེད་པ་བཞིན་ཚན་རིག་པས་ཀྱང་ངོ། དེ་ནི་མ་རིག་པ་འོ། དེ་ལས་བདག་འཛིན་དང་བདག་གིར་འཛིན་པ་འོང་། དེས་ངའི་མཛའ་མོ་ཟེར་བཞིན་ཡིད་ནག་མུག་མུག་འོང་། ངའི་དགྲ་བོ་ཟེར་བཞིན་ཡིད་ནག་མུགམུག་འོང་། དེས་ངའི་དངུལ་ཟེར་བཞིན་ཆགས་པ་ཤུགས་ཆེ་འོང་། བཅོམ་ལྡན་ཁྱོད་བདེ་མོ།
༄༅། །དབྱངས་ལྔ་རིམ་པ་བཞིན་དུ་ངེས་པ་མུ་འགོད། ཕ་བཟང་འཇམ་དབྱངས་བླ་མ་ལས། །གདམས་ངག་གསན་ནས་ཉམས་སད་པས། །གཞན་ཕན་བྱ་བ་མཐའ་ཡས་རྣམས། །འབད་པ་བྲལ་ཡང་མང་དག་འཆད། །
སྐུ་ཞབས་ནམ་མཁའ་ལགས། གོང་གི་བསྟོད་པའི་ནང་ལ་ལམ་བཅུ་ཞེས་པའི་ལམ་བཅུ་དེ་འགྲེལ་རོགས་གནང་།
འཇིགས་ཤིང་གཟིགས་ཞིབ་ཉིད་ཀྱི་ཕྱིར། །དུག་གསུམ་དབྱུང་དུ་ཞུགས་དུས་སུ། །དགེ་བཤེས་བདེ་ལེེགས་གཉེར་དེ་གཤེགས། །གོ་དོན་ཡོངས་རྫོགས་བློ་ངོར་མཐོང་།
ཨ་མ་ཨ་མ་སྙན་དངགས་སྙན། །
བྲིས་ཤིང་མཐོང་བཞིན་ལྷོགས་ཤིང་བརླིངས། །
དུག་གསུམ་ཕུད་ནུས་གཡུལ་ཞུགས་དུས། །
དགེ་བཤེས་དགེ་ལེགས་གཉེར་དེ་ཕེབས། །
གོ་དོན་ཡོངས་རྫོགས་མིག་ངོར་མཐོང་། །
བྱ་ཀའི་དབྱངས་ལྔའི་སྙན་ཚིག་གོ །
གོ་དོན་ཡོངས་རྫོགས་མིག་ངོར་མཐོང་། །
འདི།
གོ་དོན་ཡོངས་རྫོགས་བློ་ངོར་མཐོང་། །
སྐུ་ཞབས་ནམ་མཁའ་ལགས། ཁྱེད་ཀྱི་སྙན་ཚིག་ནང་གི་ལམ་བཅུ་དེ་ག་རེ་རེད།
མཐོང་ལམ་གསུམ་པོ་མིག་ཡིན་ཀྱང་། །སྐབས་འདིར་དབྱངས་ཨོ་ངེས་སླད་དུ། །གོ་དོན་ཡོངས་རྫོགས་བློས་མཐོང་ཞེས། །དོན་དང་མཐུན་པར་བྲིས་པའི་ཁུལ། །
༄༅། །རིམ་ཅན་དུ་དབྱངས་ཨི་ཨུ་ཨེ་ཨོ་ངེས་པ། རིག་འཛིན་ཞིང་གི་སྤྱི་གླིང་ནི། །གཟུགས་སུ་གྲུབ་རྒྱུ་ཀུན་ཏུ་འདུག །རེ་ཆེན་སྙྙེགས་དེར་ཨེ་འཕེན་ཏེ། །ཨོ་ལོོ་ཕོ་མོར་འདོད་དོན་བསྐོངས། །
༄༅། །རིམ་ཅན་དུ་དབྱངས་ཨི་ཨུ་ཨེ་ཨོ་ངེས་པ། རིག་འཛིན་ཞིང་གི་སྤྱི་གླིང་ནི། །གཟུགས་སུ་གྲུབ་རྒྱུ་ཀུན་ཏུ་འདུག །རེ་ཆེན་སྙྙེགས་དེར་ཨེ་འཕེན་ཏེ། །ཨོ་ལོོ་ཕོ་མོར་འདོད་དོན་བསྐོངས། །དོགས་ཀློང་རོལ་འདོད་བློ་གྲོས་དཔོན། །བདེ་གཤེགས་བརྩེ་ཆེན་གཏེར་དེ་སྙེད། །དུས་ཀུན་སྐུ་གསུང་ཐུགས་གསུམ་དུ། །པིར་གྱིས་བྲིས་ཉིད་ཇི་བཞིན་གཟིགས།