ཧི་མ་ལ་ཡའི་འཕྲུལ་སྨྱུག
སྟོན་པ་ཚད་སྒྲུབ་ཀྱི་སྐབས་སུ། མི་ཤེས་སྟོན་པར་བྱེད་པ་ལ། །འཁྲུལ་པར་དོགས་པ་ཅན་རྣམས་ཀྱིས། །དེས་བཤད་ནན་ཏན་བྱ་བའི་ཕྱིར། །ཤེས་ལྡན་འགའ་ཞིག་འཚོལ་བར་བྱེད། །ཅེས་སྟོན་པ་ཚད་མར་སྒྲུབ་དགོས་པ་ནི། བསྟན་པ་མ་ནོར་བ་ཞིག་དང་མཇལ་བའི་ཆེད་ཡིན་གསུངས། འོན་ཀྱང་དངོས་གཞིའི་སྐབས་སུ་དེ་ལས་ལྡོག་སྟེ། བསྟན་པ་བདེན་བཞིའི་གནས་ལུགས་མ་འཁྲུལ་བ་སྔོན་དུ་བསྒྲུབས་ཟིན་རྗེས། གཞི་ནས་སྟོན་པ་ཚད་མའི་སྐྱེས་བུ་རུ་ཐག་གཅོད་གནང་འདུག དགེ་ཆོས་ལགས་ཀྱིས། རིགས་པའི་དཔྱད་པ་ཤིང་རྟའི་སྲོལ་ལ་བརྟེན། ཤིང་རྟ་ཆེན་པོ་རིགས་པའི་སྟོབས་ཀྱིས་བསྒྲུབས། །རང་ཐག་ཆོད་ན་སུ་ཡི་རྗེས་སུ་འབྲང༌། །རང་ཐག་མ་ཆོད་སུ་ལ་ཡིད་རྟོན་བྱེད། །ཡང་དག་རིགས་པ་ངེས་དོན་ལུང་ལས་རྙེད། །དྲང་ངེས་ཁྱད་པར་དྲི་མེད་རིགས་པས་འབྱེད། །རིགས་པས་ཤེས་ན་ངེས་དོན་ཅི་ལ་འཚོལ། །རིགས་པས་མ་ཤེས་ངེས་དོན་ག་ལ་རྙེད། །ཅེས་ཕན་ཚུན་གཅིག་གི་དཔང་པོ་གཅིག་གིས་ཡོང་ཐབས་མེད་པར་གསུངས་པ་འདི་ཤིན་ཏུ་བདེན་ཏེ། བསྟན་པ་རྣམ་དག་ཏུ་ཐག་མ་ཆོད་པ་དེ་སྲིད་དུ་སྟོན་པ་ཚད་མ་ཞིག་རྙེད་མི་སྲིད་ཅིང༌། བསྟན་པ་རྣམ་དག་ཏུ་ཐག་ཆོད་ཚར་དུས་སྟོན་པ་ཚད་མ་འཚོལ་མི་དགོས་པའི་ཕྱིར་རོ།།
སྐྱོན་ཆ་གཏན་ནས་མེད་པའི་དགེ་རྒན་ཞིག་དང༌། ནོར་འཁྲུལ་ཡེ་ནས་མེད་པའི་རིག་གཞུང་ཞིག་རྙེད་ན་དག་མི་འདོད་མཁན་སུ་ཞིག་ཡོད་ཀྱང༌། སྐྱོན་ཡོན་འདྲེས་མར་གནས་པ་འདི་དངོས་པོ་ཀུན་གྱི་གཤིས་ལུགས་ཡིན་འདུག་པས་ཐབས་དང་བཀོད་པ་ཐོན་དཀའ་རྒྱུ་རེད་སྙམ། བདེན་བཞིའི་རྣམ་གཞག་གི་ཐད་དུ། བདག་མེད་རྟོགས་པའི་ཤེས་རབ་ཟེར་བ་འདི་ལ་བློ་རྩེ་གཏད་ས་ཅི་ཡང་མེད་པའི་ཚུལ་དབུ་མའི་སྐབས་སུ་བཤད་ཟིན། འཁོར་བ་བདེན་མེད་དུ་རྟོགས་ན་འཁོར་བ་དོན་གཉེར་གྱི་བློ་སྤོང་འགྲོ་ཟེར་བ་འདིའང་ཡོངས་སུ་འཁྲུལ་པ་ཡིན་ཏེ། དེ་ལྟར་ན་མྱང་འདས་བདེན་མེད་དུ་རྟོགས་ཚེ་མྱང་འདས་དོན་གཉེར་གྱི་བློའང་ཅིའི་ཕྱིར་སྤོང་མི་འགྲོ་སྟེ་རྒྱུ་མཚན་མཚུངས་པ་ལ་ཟློག་ཏུ་མེད་པའི་ཕྱིར་རོ། །ད་དུང་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ཞིག་ཡིན་ཚུལ་དང༌། དྲི་མ་རྣམས་གློ་བུར་བ་ཞིག་ཡིན་ཚུལ་སོགས་འཐད་པ་མེད་པའི་རྣམ་གཞག་མང་དུ་འདུག་མོད། སྙིང་གི་དཀྱིལ་དུ་སྔར་ནས་བསྣུན་ཟིན་པ་ཡིན་པས་ད་ཡན་ལག་རེ་རེ་བཞིན་དུ་བསོད་པའི་ངལ་བ་བསྟེན་མ་འདོད་དོ།།
རྩྭ་མ་ཟས་པར་ལྕི་བ་བཏང་གི་ཡིན་སྙམ་ན་ལོག་ལྟ་སྐྱེས་པ་རེད། ཡིད་གཉིས་འདུག་ན་སྐུ་ཉིད་ཀྱིས་དབུགས་བསྒོམ་རོགས།
མ་གཞི་ནས་བརྩེ་བ་མཐའ་མེད་ཅིག་འདི་རེད་སྙམ་པ་སུ་གཅིག་ལ་ཡང་མཐོང་ཐོས་དོགས་གསུམ་མེད་པ་འདྲ།
སྟོན་པ་ཚད་མ་ཡི་་པར་བསྒྲུབ་པ་ལ་དེ་བསྒྲུབ་པ་པོ་ཡི་རྒྱུད་ལ་དེ་བསྒྲུབ་ནུས་པའི་ཚད་མ་ཞིག་དགོས། དེ་ལྟར་མེད་ན་ཅི་ལྟར་བསྒྲུབ་ནུས་སམ། ཡང་སྟོན་པ་ཚད་མ་མ་ཡིན་པར་བསྒྲུབ་པ་ལའང་དེ་བསྒྲུབ་ནུས་པའི་འཁྲུལ་མེད་ཀྱི་བློ་ཡང་དག་པའམ་ཚད་མ་ཞིག་དགོས། དེ་ལྟར་མེད་པ་ནི་མདོ་ལུགས་ཀྱི་ལྟ་གྲུབ་མཐོ་ཤོས་སུ་གྲགས་པ་དབུ་མའི་ནང་ནས། འཇིག་རྟེན་པ་ནི་འཁྲུལ་བའི་རང་བཞིན་ཅན་ཡིན་ལར་གསུངས། དེས་ན་འཇིག་རྟེན་པའི་བློ་ངོར་ཀུན་རྫོབ་ཡང་ལོག་གཉིས་སུ་འབྱེད་ཀྱང་འཕགས་པའི་གང་ཟག་གི་ངོར་འཇིག་རྟེན་པའི་ཡང་དག་དང་མ་འཁྲུལ་བ་དག་ཀྱང་འཁྲུལ་པ་འབའ་ཤིག་ཏུ་གཟིགས། ད་ངེད་ཅག་གིས་སྟོན་པ་ཚད་མ་ཡིན་མིན་གྱི་སྒྲོས་འདོགས་གང་དུའང་ཁ་ཚོན་གཅོད་མི་ནུས་སོ།
དེ་ལས་དད་པ་ཡིད་ཆེས་བྱས་ཏེ་བཞུགས་དགོས།
གཅིག་བྱས་ན་བསྟན་པ་ལ་དག་ཐེར་བྱེད་ཀྱི་ཡིན་ཟེར་མཁན་གྱི་གཏམ་རྫིག་པོ་བཤད་མཁན་དེ་ཚོས་སྟོན་པ་ཚད་མའི་སྐྱེས་བུ་ཡིན་པར་རྟོགས་ཟིན་ཡོད་རྒྱུ་རེད། འོན་ཀྱང་རང་རྒྱུད་ཀྱི་ཤེས་པ་ཐམས་ཅད་འཁྲུལ་སྣང་འབའ་ཞིག་སྟེ་མཁྲིས་ནད་ཅན་གྱི་དུང་སེར་པོར་སྣང་བཞིན་བདེན་འཛིན་མ་རིག་པས་བསླད་ཅིང་ཆགས་སྡང་རྨོངས་གསུམ་གྱིས་བཟི་བའི་ཤེས་པ་ཞིག་གིས་དེ་ལྟར་ནམ་ཡང་བསྒྲུབ་མི་ནུས་ལ་བསྒྲུབ་ནུས་ཟེར་མཁན་གྱི་ཁ་ཕོ་ཆེན་པོས་ཤོད་མཁན་ཡོད་སྲིད་དེ་ནི་་་་བདེན་མེད་མངོན་སུ
་དུ་རྟོགས་པའི་སྐྱེས་བུས་ཧབ་བགད་ཀྱི་གནས་ལས་མ་འདས་སོ།
སྟོན་པ་ཚད་མ་ཡིན་མིན་དེ། ཁོང་གི་གསུང་དེ་ཚད་མ་ཡིན་མིན་ལ་ལྟ་དགོས། ཁོང་གི་གསུང་དེ་ཚད་མ་ཡིན་མིན་དེ། ཁོང་གི་གསུང་གི་བརྗོད་བྱ་བདེན་གཉིས་དངོས་པོའི་གནས་ཚོད་ཡོད་མེད་ལ་ལྟ་དགོས། དེས་ན།
རྗེ་རིན་པོ་ཆེས།
གང་གང་རྐྱེན་ལ་རག་ལས་པ། །
དེ་དེ་རང་བཞིན་གྱིས་སྟོང་ཞེས། །
གསུང་པ་འདི་ལས་ཡ་མཚན་པའི། །
ལེགས་འདོམས་ཚུལ་ནི་ཅི་ཞིག་ཡོད། །ཅེས་གསུངས་པ་ལྟར། སྟོང་པ་རྟེན་འབྱུང་གི་གསུང་ལ་ངེས་པ་བརྙེད་ནས། དེ་ནས། སྟོན་པས་གཞན་ལས་འབྲས་ཀྱི་སྐོར་གྱི་གསུངས་པ་ལ་ཡིད་འཆེས་བྱེད་དགོས་གསུངས་ཡོད་རེད།
ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །
སྟོན་པ་བདེ་གཤེགས་སྐྱོབས་ལ་ཕྱག་འཚལ་ལོ། །ཞེས་པ་འདི་ལ་ཧི་མ་ལ་ཡའི་འཕྲུལ་སྨྱུག་ལགས་ཀྱིས། དོན་འགྲེལ་ཅིག་གནོངས་དང་།
རྣམ་འགྲེལ་ལེའུ་གཉིས་པ་ལས་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་ཚུལ་ནི་བསྟན་པ་བདེན་བཞིའི་གནས་ལུགས་མ་འཁྲུལ་བར་སྒྲུབ་སྟོབས་ཀྱིས་སྒྲུབ་པས་ངེས་པ་མེད་པ་འདྲ་སྟེ། ལུགས་འབྱུང་གི་གཏན་ཚིགས་བཞི་པོ་རེ་རེས་ཀྱང་སྟོན་པ་ཚད་མར་སྒྲུབ་ནུས་ཤིང་། ལུགས་ལྡོག་གཏན་ཚིགས་བཞི་པོ་རེ་རེས་ཀྱང་སྟོན་པ་ཚད་མར་སྒྲུབ་ནུས་པའི་ཕྱིར། དེ་ལྟར་མིན་ན་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་བྱེད་ཀྱི་རིགས་པ་རྣམ་འགྲེལ་ནས་བཤད་པ་འདི་རེད་ཅེས་མཚན་གཞི་གཅིག་ལ་སྦྱར་བའི་རྟགས་སྦྱོར་གཅིག་མེད་པར་འགྱུར་བ་འདྲ།
ཡང་། ད་དུང་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ཞིག་ཡིན་ཚུལ་དང༌། དྲི་མ་རྣམས་གློ་བུར་བ་ཞིག་ཡིན་ཚུལ་སོགས་འཐད་པ་མེད་པའི་རྣམ་གཞག་ཅེས་གསུངས་པ་ཅུང་ཐལ་དྲགས་པ་འདྲ་སྟེ། འཐད་པ་མེད་ན་དཔལ་ཆོས་ཀྱིས་གྲགས་པས་རྟེན་བརྟན་པ་ཡིན་པའི་རྒྱུ་མཚན་རྣམས་མ་ངེས་པར་འགྱུར་ལ། དེ་ལྟར་ན་ཕྱི་རོལ་པས་ཉོན་མོངས་པ་སེམས་ཀྱི་གཤིས་ཡིན་པས་ཟློག་མི་ནུས་པར་བཤད་པ་དང་། ཟློག་ཀྱང་སླར་ཡང་སྐྱེ་བར་ཐལ་བའི་རིགས་པ་རྣམས་ལ་བདེན་ཁ་སྦྱིན་དགོས་པར་ངེས། ཆོས་ཀྱི་གྲགས་པས་གསུངས་པ་ཙམ་རྒྱུ་མཚན་དུ་བཟུང་ནས་ངེས་པར་དུ་ཁས་ལེན་དགོས་ཞེས་ལུང་ཙམ་ལ་སྐྱབས་སུ་འགྲོ་བ་མིན་ཀྱང་། དེ་དག་ལ་རྒྱུ་མཚན་གཏན་མེད་པ་ཞིག་ཡིན་པར་མི་སེམས་སོ། །སྤྱིར་ཤིན་ཏུ་ལྐོག་གྱུར་ཀྱི་གནས་ཡོད་པར་ཁས་ལེན་ན་རང་གི་རྒྱུ་མཚན་མ་མཐོང་བ་ཙམ་གྱིས་འཐད་པ་མེད་ཅེས་བཤད་མི་ནུས་པ་འདྲ་སྟེ། དེ་ལྟར་བཤད་ནུས་ན་ཡིད་ཆེས་རྗེས་དཔག་ཅེས་པའང་དོན་མེད་དེ། རང་གིས་དངོས་སྟོབས་ཀྱི་རྒྱུ་མཚན་མཐོང་ན་ཡོད་པར་ཐག་ཆོད་ཅིང། དེ་ལྟར་མ་མཐོང་ན་མེད་པར་ཐག་ཆོད་པའི་ཕྱིར། མ་ཟད་དེང་གི་དུས་སུ་འཛམ་གླིང་ས་ཆེན་པོའི་ཁྱོན་ལ་ང་ཚོ་འདྲ་བ་སུས་ཀྱང་རྟོགས་དཀའ་གནས་ཚུལ་རབས་དང་རིམ་པར་བྱུང་བཞིན་པ་བལྟས་ཀྱང་། རང་བློས་གཞལ་ནུས་པ་དང་མི་ནུས་པ་གཉིས་ལས་མི་ནུས་པ་མང་ངེས་སྙམ་དུ་སེམས་དགོས་པར་ངེས།
ཡང་། འཁོར་བ་བདེན་མེད་དུ་རྟོགས་ན་འཁོར་བ་དོན་གཉེར་གྱི་བློ་སྤོང་འགྲོ་ཟེར་བ་འདིའང་ཡོངས་སུ་འཁྲུལ་པ་ཡིན་ཏེ། དེ་ལྟར་ན་མྱང་འདས་བདེན་མེད་དུ་རྟོགས་ཚེ་མྱང་འདས་དོན་གཉེར་གྱི་བློའང་ཅིའི་ཕྱིར་སྤོང་མི་འགྲོ་སྟེ་རྒྱུ་མཚན་མཚུངས་པ་ལ་ཟློག་ཏུ་མེད་པའི་ཕྱིར་རོ། །ཞེས་གསུངས་པ་ལ། མྱང་འདས་བདེན་མེད་དུ་རྟོགས་པས་མྱང་འདས་དོན་གཉེར་གྱི་འདུན་པ་མེད་པར་འགྱུར་རོ་ཞེས་སེམས་འཚུབ་མི་དགོས་པར་འདྲ་སྟེ། ཐེག་པ་ཆེན་པོས་སྲིད་ཞི་མཉམ་ཉིད་དུ་མཐོང་བས་སྲིད་ཞིར་མི་གནས་པའི་ཚུལ་བཤད་པ་དེ་དག་གིས་ཁྱོད་ལ་བདེན་ཁ་སྦྱིན་པར་ངེས། འོན་ཀྱང་ཉན་ཐོས་རྣམས་ནི་མྱང་འདས་བདེན་མེད་དུ་རྟོགས་པ་མིན་ཏེ། འགོག་བདེན་གྲུབ་ཏུ་འདོད་པ་ལ་ཐེག་ཆེན་དབུ་མའི་གཞུང་ནས་དགག་པ་མང་དུ་མཛད་པ་ལས་ཤེས་སོ། །མཐར་དོན་འཁོར་བ་མ་ཟད་མྱང་འདས་ལ་འདུན་པའི་རྟོག་པ་ཕྲ་བའང་སྤང་དགོས་པས་ན་དེ་འདྲ་བའི་ལམ་ཞིག་ཡོད་ན་ཤིན་ཏུ་གུས་པར་རིགས་སོ། །དེ་ལྟར་མཐར་ཐུག་གི་དོན་ལ་མི་དགོས་པ་ཙམ་གྱིས་ལས་དང་པོ་རྣམས་ལ་དེ་མི་དགོས་པར་བསམ་ན་ཤིན་ཏུ་འཁྲུལ་སྟེ། ཆུ་བརྒལ་རྗེས་སུ་གཟིངས་མི་དགོས་ཀྱང་རྒལ་ཆེན་དུ་དགོས་པ་བཞིན་ནོ། །དེ་ནི་སྔོན་གྱི་མཁས་གྲུབ་རྣམས་ཀྱི་སྒྱུ་མའི་དཔུང་བསགས་ནས་དགྲའི་འཇིགས་པ་ལས་སྐྱབ་པ་དཔེ་སྦྱར་ནས་བསྟན་པ་བཞིན་ནོ།།
བདག་མེད་རྟོགས་པའི་ཤེས་རབ་ཟེར་བ་འདི་ལ་བློ་རྩེ་གཏད་ས་ཅི་ཡང་མེད་པའི་ཚུལ་དབུ་མའི་སྐབས་སུ་བཤད་ཟིན། ཅེས་པ་གང་དུ་བསྟན་ཟིན་པ་ཁོ་བོས་མ་མཐོང་། དེས་ན་དེ་ལྟར་བསྟན་ཟིན་ཅེས་པ་ལ་འཐད་པ་ཅི་ཡང་མེད་པས་དེ་ལྟར་བསྟན་མེད་ཅེས་བརྗོད་དགོས་པ་འདྲ་སྟེ། གོང་དུ་ཁྱེད་རང་གི་ཆོས་གྲགས་ལ་དགག་པ་བཞིན་ཡིན་མོད་འོན་ཀྱང་ཁོ་བོ་ལ་ནི་དེ་ལྟ་བུའི་སྤོབས་སེམས་མེད་པས་རེ་ཞིག་ཅི་མི་སྙམ་དུ་ལུས་སོ།།
སློབ་དཔོན་ཨཱརྱཱདེབས།
སྲིད་དང་སྲིད་ཐབས་ཞི་བ་ཡི།།
ཐབས་དང་དེ་བཞིན་ཞི་གསུངས་ཏེ།།
འཇིག་རྟེན་ཡོངས་སུ་མི་ཤེས་གང་།།
དེ་ནི་ཐུབ་པའི་ལྟ་བུར་མངོན།།
ཡང་དེ་ཉིད་ལས།
སངས་རྒྱས་ཀྱིས་གསུངས་ལྐོག་གྱུར་ལ།།
གང་ཞིག་ཐེ་ཚོམ་སྐྱེ་འགྱུར་པ།།
དེ་ཡི་སྟོང་པ་ཉིད་བསྟེན་ཏེ།།
འདི་ཉིད་ཁོ་ནར་ཡིད་ཆེས་བྱ།། ཚིགས་སུ་བཅད་པ་གོང་མས་འཕྲུལ་སྨྱུག་ཅན་ལྟ་བུ་ལུང་གིས་ཟིན་པ་བྱོས། ཕྱི་མས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་མིག་ཅན་རྣམས་གང་ལས་འཇུག་པའི་སྒོ་ངོས་བཟུང་བ་རེད། འདི་ལ་རྣལ་འབྱོར་གྱི་དབང་པོ་རྣམས་ཀྱིས་ཐར་པའི་སྒོ་སྟོང་པ་ཉིད་ཅེས་བརྗོད་ཀྱིན་ཡོད། བློ་རིག་རྒོད་པས་ཆབ་སྲིད་མཁས་དབང་ཚོས་རྟག་བརྟན་མི་འགྱུར་བས་ལས་རྒྱུ་འབྲས་ཀྱི་སྲིད་གཞུང་ཞེས་འབོད་ཀྱིན་ཡོད། སྲིད་གཞུང་འདིའི་ཕྱག་འཁྱེར་དངོས་མ་ཞིག་བླངས་འདོད་ཡོད་ན་དེ་འདྲ་རེད། སྦིག་སྦིག་སུག་སུག་བྱས་པས་ཅི་ལ་ཕན། འདི་ཡང་ངེས་པ་བྱོས།
༼དང་པོ་ཧི་མ་ལའི་འཕྲུལ་སྨྱུག་ཁྱེད་ཀྱིས་ལོག་རྟོགས་སྙིང་སྟོབས་ལ་དགག་ཡིག་འབྲི་ཁུལ་བྱས། ༽
(ད་ནི་ལོགས་རྟོགས་སྙིང་སྟོབས་མུ་འཁོད་བྱེད་བཞིན་པ་འདི་ལ་ )>
མདོ་དང་བསྟན་བཅོས་དུ་མ་ལས། སེམས་ཀྱི་རང་བཞིན་འོད་གསལ་བ།།ཞེས་དང་། བརྒྱད་སྟོང་བ་ལས། སེམས་ལ་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་གསུངས་པ་ལྟར་གྲུབ་མཐའ་སོ་སོ་ལ་སྦྱར་ནས་སེམས་ཀྱི་རང་བཞིན་འོད་གསལ་བའི་སྐོར་བཤད་ཚུལ་ཕྲ་རགས་དུ་མ་ཡོད་མོད། དབུ་མ་ཐལ་འགྱུར་བའི་ལུགས་དང་སྦྱར་བ་ནི་དངོས་པོའི་གནས་ཚུལ་དེ་ཁོ་ན་ལྟར་ཡིན་པས། དེའི་ནང་ནས་སེམས་གསལ་རིག་གི་སྐོར་དེང་དུས་གལ་གནད་ཆེ་བར་སྣང་བས། གསལ་ཞིང་རིག་པ་ཤེས་པའི་མཚན་ཉིད་དུ་ནང་པའི་གྲུབ་མཐའ་སྨྲ་བ་ཐམས་ཅད་མཐུན་ཡང་། གསལ་རིག་གི་དོན་འཇོག་ཚུལ་གྲུབ་མཐའ་འོག་མ་དང་སྦྱར་ན་དཔྱད་དཀའ་བས། ཐའ་གྱུར་བའི་ལུགས་ལྟར་འཆད་ན། གསལ་རིག་ཅེས་པའི་སྤྱིར་གསལ་བ་ལའང་གཟུགས་ཅན་དང་གཟུགས་ཅན་མིན་པ་གཉིས་སུ་ཡོད་པས། དང་པོ་ནི་ཉི་ཟླ་དང་གློག་དང་མར་མེའི་འོད་ལ་སོགས་པ་ཡིན་ལ། འདི་དག་ནི་གཟུགས་ཅན་གཞན་གྱི་ངོ་བོ་གསལ་བ་ཙམ་ལས་བྱེ་བྲག་དང་ཁྱད་པར་སོགས་འབྱེད་མི་ནུས་ཤིང་ངེས་ཤེས་འདྲེན་པའང་མི་ནུས། དུས་སྔ་ཕྱི་དྲན་པའང་མི་ནུས་ཤིང་། གཟུགས་ཅན་གཞན་གྱིས་གོ་འབྱེད་པ་དང་། གོམས་པས་འཕེལ་འགྲིབ་ཀྱང་མི་རུང་བ་དང་། གཟུགས་ཅན་དང་མ་འདྲེས་བའི་དོན་གང་ཡང་གསལ་མི་ནུས་པ་དང་། དེ་ཡང་ཡུལ་ད་ལྟ་གསལ་བ་ཙམ་ལས་འདས་མ་འོངས་ཀྱི་ཆོས་དང་ལྐོག་གྱུར་གྱི་དོན་གང་ཡང་གསལ་བར་མི་ནུས་སོ། །གཟུགས་ཅན་མིན་པའི་གསལ་བ་ལའང་རིག་པའི་གསལ་བ་དང་། ཆོས་ཉིད་ཀྱི་གསལ་བ་གཉིས་སུ་ཡོད་པས། དང་པོ་རིག་པའི་གསལ་བ་ནི། ཤེས་པ་རང་ཉིད་སྐྱེས་ཙམ་གྱིས་རང་གི་སྣང་བ་གསལ་བ་སྟེ་རང་གི་སྣང་བ་ལ་མངོན་སུམ་དུ་ཉིད་དུ་སྐྱེས་པས་ན་གསལ་བ་ཞེས་བྱ་ལ། ཡུལ་ལ་སྤུ་རིས་འབྱེད་ཅིང་ངེས་ཤེས་དངོས་སུ་འདྲེན་པས་ན་རིག་པ་ཞེས་ཀྱང་བྱ་སྟེ། དེ་ལྟ་བུའི་གསལ་བ་དང་རིག་པའི་ཚོགས་པ་ལ་ཤེས་པ་ཞེས་ཐ་སྙད་རྙེད་པ་ཡིན་ནོ། །དེའི་ཕྱིར་གསལ་བ་ཞེས་པ་ཤེས་པའི་རང་གི་ངོ་བོར་བསྟན་ནས། རིག་པ་ཞེས་པ་དེའི་བྱེད་ལས་བསྟན་ཅིང་རིགས་མི་མཐུན་སེལ་བྱེད་དུ་སྦྱར་ན། གསལ་ཞིང་རིག་པ་ཤེས་པའི་མཚན་ཉིད་དུ་འཐད་པ་ལེགས་པར་གྲུབ་པོ། ཤེས་པ་གང་ཡིན་རང་གི་སྣང་བ་ལ་མངོན་སུམ་གྱི་ཚད་མ་ཉིད་དུ་སྐྱེས་པ་དེ་གྲུབ་མཐའ་འོག་མ་ལ་བཤད་དུ་མི་རུང་བས། ཁོང་ཚོས་ཤེས་པའི་མཚན་ཉིད་ཀྱི་དོན་ཡང་འཇོག་དཀའ་ཞིང་རང་རིག་ཁས་མི་ལེན་ཀ་མེད་ཀྱང་བྱུང་བ་ཡིན་ནོ། །གསལ་ཚུལ་ཡང་གཟུགས་ཅན་གསལ་བ་ལས་ལྡོག་ཏེ་དེ་དང་དེའི་ནང་གསེས་ཀྱི་བྱེ་བྲག་སྤུ་རིས་འབྱེད་པ་དང་། གཟུགས་ཅན་གཞན་གྱིས་གོ་མི་འབྱེད་པས་ཐོགས་རེག་དང་བྲལ་བ་དང་། གཙོ་བོ་རིགས་མཐུན་སྔ་མ་གོམས་པ་ལས་ཕྱི་མ་སྐྱེས་པས་གོམས་པས་འཕེལ་འགྲིབ་ཆེ་བ་དང་། འདས་པ་དང་མ་འོངས་པ་དང་། གཟུགས་ཅན་མིན་པ་དང་ལྐོག་གྱུར་གྱི་དོན་རྣམས་ཀྱང་གསལ་ནུས་པས་ན་གཟུགས་ཅན་གྱི་གསལ་བ་དང་གཏན་མི་འདྲའོ། །གཉིས་པ་ཆོས་ཉིད་ཀྱི་གསལ་བ་ནི། སེམས་ཀྱི་རང་བཞིན་འོད་གསལ་བ།།ཞེས་པ་སྟེ། རང་གི་ངོ་བོ་རྡུལ་དང་དྲི་མས་བསླད་པ་མ་ཞུགས་ཤིང་། དེའི་རྟེན་ནམ་ཆོས་ཅན་གསལ་རིག་གི་རང་བཞིན་དུ་གནས་པ་དང་། ཆོས་ཅན་གྱི་དྲི་མ་ཇེ་དག་ཏུ་སོང་བ་ལ། ཆོས་ཉིད་ཀྱི་རང་མདངས་ཀྱང་ཇེ་གསལ་དུ་སོང་སྟེ། མཐར་ཆོས་ཅན་གསལ་རིག་ལ་དྲི་མའི་བག་ཆགས་དང་བཅས་པ་ཐམས་ཅད་སྦྱངས་ཏེ་ཟད་པ་ན། ཆོས་ཉིད་ཀྱང་སྒྲིབ་བྱེད་ཐམས་ཅད་དང་བྲལ་བའི་དབྱིངས་སམ་གནས་འབའ་ཞིག་ཏུ་གྱུར་བས་ན། དེའི་ཚེ་རྟེན་གསལ་རིག་ཡེ་ཤེས་ཆོས་ཀྱི་སྐུ་དང་བརྟེན་པ་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་གཉིས་ལྷན་ཅིག་ཏུ་འཇུག་པའོ། །དེས་ན་རྨོངས་བའི་ཆ་ཐམས་ཅད་སངས་པ་དང་། སེམས་ཀྱི་གསལ་བ་ཡོངས་སུ་རྒྱས་པས་ན་དེ་ལ་སངས་རྒྱས་ཞེས་བརྗོད་པ་ཡིན་གྱི། རྒྱུ་མེད་རྐྱེན་མེད་ལས་སམ་རང་བཞིན་གྱི་སངས་རྒྱས་ཤིག་འཇོག་པ་གཏན་མིན་ནོ། །དེའི་ཕྱིར་སེམས་སམ་གསལ་རིག་གི་ཆོས་ཉིད་ལ་རང་བཞིན་གྱིས་འོད་གསལ་བ་ཞེས་བརྗོད་པས་འདི་ལ་གསལ་བའི་ཐ་སྙད་འཇོག་པ་ནི་སངས་རྒྱས་ཀྱི་རིགས་ཀྱི་ངོ་བོར་མཚོན་པའི་ཆེད་ཡིན་ནོ། །འདི་ལ་མཚན་ཉིད་རིག་པས་རྩོད་གླེང་དུ་མ་ཞིག་འོང་སྲིད་ཀྱང་དེ་ནི་སེམས་ཀྱི་ཆོས་ཉིད་ལ་སྦྱངས་བའི་ཉམས་མྱོང་མ་བསགས་པས་ལན་ནོ། །
སྟོན་པ་ཚད་མ་ཡིན་ཏེ་བརྩེ་བ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཕྱིར། ལུང་ཚད་མ་ཡིན་ཏེ་དཔྱད་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། ཞེས་པའི་རིགས་པ་འདི་ལ་སུ་ཞིག་གིས་རྒོལ་བར་ནུས་ཏེ་མི་ནུས་སོ། །སྒྲུབ་བྱེད་ཐུགས་རྗེ་གོམས་ལས་ཏེ།།ཞེས་གསུངས་པ་ལྟར་རོ།།
བསྡུས་གྲྭའི་རིག་པ་འཆད་པའི་སྐབས་སུ་་་་ཤེས་དང་རིག་པ་བློ་གསུམ་དོན་གཅིག་ཏུ་འདོད་པས་དེ་ལྟར་ན་ཤེས་པ་དང་རིག་པ་གཉིས་ལ་འགྲེལ་བཤད་སོ་སོ་ནས་ཇི་ལྟར་འབྱུང་ངམ།
བློ་རིག་ཤེས་གསུམ་དོན་གཅིག
ཇི་སྐད་དུ།
་
འདུས་བྱས་ཐམས་ཅད་སླུ་བའི་ཆོས།
དེས་ན་དེ་དག་བརྫུན་པ་ཡིན།
་
ཞེས་གསུངས་ཀྱང་། རང་གི་བློ་རྣོན་པོར་བཟོ་བོའི་ཆེད་དུ། བདེན་པ་དང་། མི་བདེན་པ་མང་པོ་ཞིག་སྦྱང་དགོས་པ་མ་ཡིན།
་
རང་བློ་ཤེས་བྱ་ཀུན་ལ་མ་སྦྱངས་ན།
ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལས་རིང་།
་
ང་གཞོན་པའི་སྐབས་སུ་ཐོས། འོན་ཀྱང་སུས་གང་དུ་གསུངས་ད་ལྟ་མི་དྲན་ཏོ།།
དགོས་པ་མ་ཡིན། ཞེས་པར་དགོས་པ་མ་ཡིན་ནམ། ཞེས་སོ།
རིག་པའི་དཔྱད་གླེང་འདི་ལྟ་བུ་གོ་ན་བསམ་བློའི་སྙིང་བཅུད་འདུག མི་མཐུད་ནས་སྤེལ་རོགས་ཞུ།
བསྒོམ་རིམ་བར་པ་ལས།
སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་རང་གི་དོན་ཕུན་སུམ་ཚོགས་པ་མཐའ་དག་བརྙེས་ཀྱང་སེམས་ཅན་གྱི་ཁམས་མཐར་ཐུག་པའི་བར་དུ་བཞུགས་པར་མཛད་དོ། །
སངས་རྒྱས་བཅོམ་ལྡན་འདས་རྣམས་་་་་ཟེར་བ་དེ་བཅོམ་ལྡན་འདས་མང་པོ་ཞིག་ཡོད་པའི་དོན་ཡིན་ནམ། དུས་རྒྱུན་ཁྱེད་ཚོས་གཅིག་རང་མ་གཏོགས་མེད་ཟེར་ལབ་ཀྱི་འདུག་བ། དེ་འདྲ་བའི་བཅོམ་ལྡན་འདས་རེ་རེའི་ཞལ་ནས་གསུངས་པའི་ལྡོག་པ་ཐ་དད་པར་གྱུར་བའི་ནང་བསྟན་རེ་རེ་ཡང་ཡོད་ངེས། ད་ཡང་རྩ་བའི་དམ་ཚ་ཚ་ཚ་ཚ་རྒྱག་རན་སོང་ད། །
འདས་པའི་སངས་རྒྱས་གྲངས་མེད་བྱོན་ཟིན་རེད། །
ད་ལྟའི་བཞི་པ་ཤྰཀྱ་ཐུབ་པ་རེད། །
མ་འོངས་དགུ་བརྒྱ་དགུ་བཅུ་གོ་དྲུག་གི །
མ་འོངས་བྱམས་པ་ལ་སོགས་གྲངས་མེད་འོང་། །
གསུམ་པ་འོད་སྲུང་ལ་སོགས་འདས་པའི་སངས་རྒྱས་གྲངས་མེད་བྱོན། །
བཞི་པ་རྒྱལ་སྲས་གཞོན་ནུ་དོན་འགྲུབ་ད་ལྟའི་སངས་རྒྱས་རྗེས། །
ལྔ་པ་དགའ་ལྡན་འཚོ་བཞུགས་མི་ཕམ་མ་འོངས་འཚང་རྒྱར་འགྱུར། །
སངས་རྒྱས་གྲངས་མེད་བྱོན་ཟིན་གྲངས་མེད་འབྱོན་འགྱུར་ཐེ་ཚོམ་མེད། །
སངས་རྒྱས་ཡིན་ན། སངས་རྒྱས་བཅོམ་ལྡན་འདས་ཡིན་པས་ཁྱབ་སོང་ནི་རེད། བོན་པོ་ལགས། ཧཧཧཧཧཧཧཧ།།