ཁྲི་རལ་པ་ཅན།
བྲམ་ཟེ་མཐོ་བཙུན་གྲུབ་རྗེ་ཡིས། ང་ནི་སངས་རྒྱས་ཕྱོགས་མི་འཛིན།། སེར་སྐྱ་སོགས་ལ་མི་ལྡང་ཡང་།། གང་ཞིག་རིགས་པར་ལྡན་པའི་ཚིག ། དེ་ཉིད་སྟོན་པར་ཡོངས་སུ་འཛིན།། ཞེས་གསུངས་པ་དང་། རྗེ་ཙོང་ཁ་པ་ཆེན་པོས། གང་དག་ཕྱོགས་འཛིན་མུན་པས་མ་སྒྲིབ་ལ།། ལེགས་ཉེས་འབྱེད་པའི་བློ་ཡི་མཐུ་ལྡན་པ།། ཅེས་གསུངས་པ་སོགས་ཁ་ཙམ་དང་ཚིག་ཙམ་མ་ཡིན་པར་བློ་གཟུ་བོར་གནས་ཏེ་བསམ་བློ་བཏང་ན། དེང་སང་འཛམ་གླིང་འདིར་རྗེས་འཇུག་པ་མང་ཤོས་ཀྱི་སྟོན་པ་ཡེ་ཤུ་དང་ཁོང་གིས་བསྟན་པའི་ཆོས་དེ་ནི་འཛམ་གླིང་འདིར་ཧ་ལམ་མི་མང་ཤོས་ལ་ཕན་ཐོག་ཤོས་དང་། ལྷག་པར་ལུས་སེམས་གཉིས་ཀ་དབུལ་ཕོངས་སྡུག་བསྔལ་གྱིས་མནར་བསྡད་པ་ཚོར། ཡེ་ཤུ་ཆོས་པ་ཚོས་དེང་སང་དུས་རབས་ཉེར་གཅིག་པའི་ནང་དུའང་བྱམས་པ་དང་སྙིང་རྗེ་ཆེན་པོའི་སྒོ་ནས་བདག་སྐྱོང་ལམ་སྟོན་གནང་བཞིན་པ་ལྟ་བུ་ཞིག་ཆོས་ལུགས་སུས་ཀྱང་གནང་ཐུབ་ཀྱིན་མེད་པ་རེད།
ང་རང་ཡེ་ཤུ་ཆོས་ཀྱི་རྗེས་འཇུག་པ་ཅིག་མིན་ནའང་། སེམས་གཏིང་ནས་ཡེ་ཤུའི་ཆོས་ལ་གུས་ཞབས་གཏིང་ཟབ་ཡོད་མཁན་ཅིག་ཡིན། སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཉིད་ནས་ཆོས་ལུགས་གཞན་ཚོར་གུས་ཞབས་གནང་དགོས་པ། མདོ་ཟླ་བ་སྒྲོན་མ་སོགས་སུ་ལན་མང་གསུང་བཞིན་ཡོད་ཅིང་། རྗེ་བཙུན་བྱམས་མགོན་གྱིས། འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་།། ཞེས་གསུངས་པ་དེ་དངོས་གནས་ད་ཆ་ཡེ་ཤུ་ཆོས་པ་ཚོས་ལག་ལེན་གནང་གི་ཡོད་པ་རེད།
དེང་སང་འཛམ་གླིང་ས་ཕྱོགས་གང་དུའང་ཡེ་ཤུ་རྗེས་འཇུག་པ་མང་ཤོས་ཡོ་རོབ་རྒྱལ་ཁག་དང་བྱང་ཨ་མི་རི་ཁ། ཨེ་ཤེ་ཡའི་ནང་གི་ལྷོ་ཁོ་རི་ཡ་སོགས་ནི་མང་གཙོ་རང་དབང་ཆེ་ཤོས་དང་འབྱོར་བ་ཆེ་ཤོས་གྲས། འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་ཕྱོགས་འཛིན་གྱི་དཀའ་རྙོག་ཆུང་ཤོས་གྲས་ཡིན་ཞིང་། དེ་ལས་ལྡོག་སྟེ་ཁ་ཆེའི་ཡུལ་ལུང་ཁག་ནང་ཆོས་ལུགས་གཞན་པ་ཚོར་དྲག་གནོན་དང་རྩ་མེད་བཟོ་བ། དམར་གསོད་འཇིགས་སྐུལ་སོགས་སྨྲ་བརྗོད་ལས་འདས་པ་ཡོང་གི་ཡོད་ཅིང་། ནང་པའི་རྒྱལ་ཁམས་འབར་མ་སོགས་ཀྱི་ནང་དུ་ཁ་ཆེ་སྟོང་ཕྲག་མང་པོ་གསོན་སྲེག་རྩ་མེད་བཟོས་པར།གཞུང་གིས་ཀྱང་སྲུང་སྐྱོབ་ལྟ་རྟོག་མེད་པར་ལུས་ཏེ་མཉམ་འབྲེལ་རྒྱལ་ཚོགས་དང་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཇུས་འཁྲི་བྱེད་དགོས་པར་གྱུར་ཡོད།
ཐ་ན་ཆོས་ལུགས་མང་པོ་གནས་སའི་རྒྱ་གར་ལྟ་བུར་ཡང་མུ་སྟེགས་པའི་ལྟ་བ་མཁྲེགས་འཛིན་པ་ཚོས། ཉམ་ཆུང་ཡེ་ཤུ་ཆོས་པ་མང་པོ་བཙན་གྱིས་མུ་སྟེགས་གྲངས་ཅན་པའི་ཆོས་ལུགས་སུ་བསྒྱུར་བ་དང་།ཡེ་ཤུ་བཙུན་མ་ཚངས་སྤྱོད་ལ་གནས་པ་མང་པོར་བཙན་གཡེམ་བྱེད་པ། ཡེ་ཤུའི་ཆོས་ཁང་དང་གསུང་རབ་བརྒྱ་ཕྲག་མང་པོ་མེར་སྲེག་པ་དང་ཡེ་ཤུ་ཆོས་པ་ཁག་ཅིག་གསོན་པོར་མེ་ལ་བསྲེགས་པ་སོགས། དེང་སང་ཡང་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་ཅིག་རེད།
འོ་ན་གོང་གི་ཆོས་ལུགས་དེ་ཚོ་དང་མི་འདྲ་བར་ཡེ་ཤུ་ལ་ཁྱད་ཆོས་དམིགས་བསལ་ཅན་ག་རེ་ཡོད་པ་རེད་ཅེས་ན། འཇིག་རྟེན་འདིར་སྣང་སྲིད་ཀྱི་ཆོས་སམ་སེམས་ཅན་ཐམས་ཅད་དཀོན་མཆོག་གིས་བཀོད་པ་དང་ཁོང་གི་ཕྲུག་གུ་ཡིན་པས། སེམས་ཅན་ཚང་མར་བྱམས་པ་དང་སྙིང་རྗེ་དགོས་པར་བསམ་བློ་བཏང་སྟེ། འཛམ་གླིང་ས་ཕྱོགས་གང་སར་དང་ལྷག་པར་ཡར་རྒྱས་མེད་པའི་རྒྱལ་ཁབ་དབུལ་ཕོངས་ཚོའི་ནང་དུ། ཆེད་མངགས་སློབ་གྲྭ་དང་སྨན་ཁང་རྒྱ་ཆེར་བཙུགས་ཏེ་རིན་མེད་ངང་ཕྲུ་གུ་ས་ཡ་མང་པོར་དེང་རབས་ཀྱི་ཤེས་ཡོན་སློབ་གསོ་སྤྲད་དེ། འཚོ་གནས་རང་འགོ་འཐོན་པ་སྲ་ཐག་ཐག་བཟོ་བཞིན་པ་མ་ཟད། ཐབས་ཟད་འུ་ཐུག་པའི་གནས་སུ་གྱར་པ་ནད་པ་དབུལ་བོ་དང་སྤྲང་པོ། ཉལ་ཐ་འཐེན་མཁན་དང་ཨེ་ཙི་ནད་པ་སོགས་འབུམ་ཚོ་མང་པོར་བདག་སྐྱོང་སྨན་བཅོས་གནང་བཞིན་པ་རང་གིས་དངོས་སུ་མཐོང་མྱོང་ལ། ང་རང་ད་སྔ་དངོས་སུ་སོང་བའི་ཡུལ་ཁག་ནང་རྒྱལ་ཁོངས་གཅིག་གི་ནང་གནས་ཡོད་ནའང་། གང་དུ་ཡེ་ཤུ་ཆོས་ལུགས་ཤུགས་ཆེར་དར་ཡོད་ས་དེར་རང་བཞིན་གྱིས་མི་ཚོར་བསམ་བློ་གུ་ཡངས་པོ་དང་། ཡར་རྒྱས་གང་འཚམས་ཡོད་པ། གཞོན་ནུ་ཚོར་དེང་རབས་ཀྱི་ཤེས་ཡོན་ཡག་པོ་ཡོད་པ་དང་བསམ་བློ་གཏོང་ཤེས་པ། གཙང་སྦྲ་དོད་པོ་དང་སྤྱི་ཚོགས་ནང་ཞི་བདེ་བག་ཕེབས་ཡོད་པ་ལས་རྩོད་རྙོག་འཁྲུག་འཛིང་རིགས་ཉུང་ཉུང་ཡིན་པ་མཐོང་ཆོས་སུ་ཡོད་ཅིང་།
ནང་པ་ཡར་ཕུད་པའི་ཆོས་ལུགས་གཞན་ཁག་དར་ས་མང་ཆེ་བར་མི་དབུལ་ཕོངས་མང་པོ་དང་དེང་དུས་ཀྱི་ཤེས་ཡོན་ཅན་ཉུང་བ། མི་རྣམས་རང་བཞིན་གྱིས་གཤིས་སྤྱོད་ངན་པ་དང་ཧམ་པ་ཚ་བོ། གཞན་མགོ་བསྐོར་དཀའ་ངལ་སོགས་ཀྱི་འོག་ཚུད་དེ་སྡུག་བསྔལ་ཇི་ཙམ་མྱོང་བཞིན་པར་ཡང་ཡ་ང་བ་དང་བསམ་ཤེས་ཡོད་པ་ཧ་ཅང་ཉུང་ཉུང་། ཆོས་ལུགས་གཞན་ལ་བཟོད་པ་ཆུང་ཞིང་རང་ཆོས་མཆོག་འཛིན་ཆེན་པོ། དེ་འབྲེལ་གྱི་འཁྲུག་རྩོད་དང་ཆགས་སྡང་གི་མི་བདེ་བ་ཆེན་པོ་ཡོད་པ་བཅས་དངོས་སུ་མཐོང་རྒྱུ་དང་གོ་རྒྱུ་ཡོད་པས། དེ་ཚོ་དང་བསྡུར་ན་ཡེ་ཤུ་ཆོས་དེ་མི་སྣ་ཚོགས་ལ་གང་ལ་གང་འདུལ་གྱི་སྒོ་ནས་ཕན་པ་རྒྱ་ཆེར་སྒྲུབ་མཁན་ཅིག་ཡིན་པ་མངོན་སུམ་མྱོང་གྲུབ་ཡིན་པ་རེད།
དཔེར་ན། རང་རེ་བཙན་བྱོལ་གྱི་ལོ་རྒྱུས་ནང་ཕྱིར་བལྟས་བྱས་ནའང་། བོད་མི་ཚོ་རོགས་མེད་ཁེར་རྐྱང་དཀའ་སྡུག་ཆེན་པོའི་འོག་གནས་སྐབས་ཀྱི་ཐོག་མའི་དུས་སུ། བོད་མིར་ཤ་ཚ་གནང་མཁན་དང་རོགས་ཕན་བྱེད་མཁན། དེང་རབས་ཀྱི་སློབ་གསོ་སྤྲོད་མཁན་དང་མི་གྲལ་དུ་འགྲོ་ཤེས་པ་བཟོ་མཁན་མང་ཤོས་ཡེ་ཤུའི་ཆོས་པ་ཚོ་ཡིན་སྟབས། ཕྱིེས་སུ་བཙན་བྱོལ་ནང་གི་སློབ་སྦྱོང་ཡག་ཤོས་གྲས་མཁས་དབང་ཟླ་བ་ནོར་བུ་དང་ཚེ་རིང་ཤཀྱ། འཇམ་དབྱངས་ནོར་བུ་དང་རྗེ་བཙུན་པདྨ་སོགས་མང་པོ་ཅིག་ཡེ་ཤུ་སློབ་གྲྭ་ནས་འཐོན་ཡོད་ཅིང་། དེང་སང་ཡང་གང་དུ་ཡེ་ཤུ་སློབ་གྲྭ་ཡོད་ས་དེ་ཚོར་འཚངས་ཁ་བརྒྱབས་བཞིན་པའང་། དེའི་ནང་ཕྲུག་གུ་ཚོར་སློབ་སྦྱོང་ཡག་པོ་འཐོབ་ཏེ་མདུན་ལམ་ཡོད་པ་དང་རང་འགོ་འཐོན་པ་ཡོང་གི་ཡོད་པས་རེད།
སློབ་དཔོན་འཕགས་པ་ལྷས། མཆོག་རྣམས་ཡིད་ཀྱི་སྡུག་བསྔལ་དང་།། དམན་པ་རྣམས་ལ་ལུས་སྐྱེས་སོ།། སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་རྣམས།། ཉིན་རེ་ཉིན་རེར་འཇོམས་པར་བྱེད།། ཅེས་གསུངས་པ་ལྟར། མི་རྣམས་འཚོ་གནས་ཡོང་བར་རྣམ་ཀུན་ལུས་སེམས་ཀྱི་སྡུག་བསྔལ་གང་རུང་གིས་མནར་གྱིན་ཡོད་ཅིང་། ཡེ་ཤུ་ཆོས་པ་ཚོས་ལུས་ཀྱི་སྡུག་བསྔལ་སེལ་བར་ཟས་གོས་གནས་མལ་གྱི་མཐུན་རྐྱེན་ཕུལ་བ་དང་། སེམས་ཀྱི་སྡུག་བསྔལ་སེལ་བར་ཤེས་རབ་ཀྱི་མིག་སྦྱིན་དགོས་དུས་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་ཚད་ལྡན་སྤྲོད་བཞིན་པ་བཅས།
རྡོ་དོན་འཛམ་གླིང་གང་དུ་དམག་འཁྲུག་ཆེ་ཤོས་དང་དབུལ་ཕོངས་ཀྱི་སྡུག་བསྔལ་ཆེ་ཤོས། ནད་དང་མུ་གེ་ཆེ་ཤོས་གང་ཡིན་དུ་ཡེ་ཤུ་ཆོས་པ་ཚོ་སླེབས་ཏེ་སྲོག་བློས་གཏོང་གིས་གཞན་ཕན་གྱི་བྱ་བ་སྒྲུབ་བཞིན་ཡོད་པས། ཆོས་ལུགས་གང་གི་རྗེས་འཇུག་ཡིན་མིན་དང་ཆོས་ཡོད་མེད་བཅས་ལ་མ་ལྟོས་པར། མི་དྲང་པོ་དང་ཡ་རབས། བླང་དོར་གྱི་གནས་ལ་བག་ཡོད་པ་རྣམ་དཔྱོད་ལྡན་པ་ཅིག་ཡིན་ཕྱིན། ཆོས་ལུགས་དེའི་སྟོན་པའི་འཁྲུངས་སྐར་སྲུང་བརྩི་དང་དགའ་སྟོན། དེ་ལ་ཡི་རངས་དགའ་གུས་བྱེད་འོས་པ་ཅིག་རེད་མ་གཏོགས། ཡེ་ཤུ་འཁྲུངས་སྐར་སྲུང་བརྩི་མཁན་བོད་པ་ཚོ་ནི་དྲ་ལམ་དུ་འཐོན་པ་ལྟར། ཨ་གསར་མཁན་དང་རང་གི་མི་རིགས་དང་རིག་གཞུང་ལ་མི་དགའ་མཁན། ལྷག་པར་“སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་ཡེ་ཤུ་ཟེར་བའི་སྟོན་པ་ཅིག་མེད་པ་དང་། ཕྱི་རོལ་པའི་སྟོན་པ་དེའི་འཁྲུངས་སྐར་སྲུང་བརྩི་བྱས་ན། དགའ་བའི་ཚབ་ཏུ་སྡུག་སྣང་འདུག་”སོགས། བོད་མི་འགའ་རེས་ལབ་བཞིན་པ་སྐད་ཆ་རྫབ་ཆེན་རེད།
ད་སྔ་བོད་དོན་རྒྱབ་སྐྱོར་དང་བོད་མི་ལ་ལྟོ་གོས་ཀྱི་རོགས་ཕན་གནང་མཁན། ༧གོང་ས་སྐྱབས་མགོན་ཆེན་པོར་ཆེ་མཐོང་གདེང་འཇོག་གནང་མཁན། བོད་ཀྱི་རིག་གཞུང་དར་ཁྱབ་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཚོ་ནི་ནུབ་ཕྱོགས་ཡེ་ཤུ་ཡི་ཡུལ་ཁག་རྣམས་ཆགས་ཡོད་པ་ལས། ནང་པའི་རྒྱལ་ཁབ་ཚོས་ནང་པ་གཅིག་གྱུར་གྱི་ལར་རྒྱ་བཟུང་སྟེ་བོད་ལ་རོགས་དེ་ཙམ་བྱས་པའི་ལོ་རྒྱུས་མེད་པ་རེད། བོད་པའི་ནང་ཆོས་དེ་སངས་རྒྱས་པའི་གྲས་སུའང་ཚུད་ལ་མ་ཚུད་ཙམ་རེད།
དེ་ནས་ཡེ་ཤུ་ཆོས་ལུགས་སངས་རྒྱས་པའི་གཞུང་དུ་གསུང་བཞིན་པའི་ཕྱི་རོལ་པའི་གྲས་སུ་འགྲོ་མིན་དོགས་གཞི་ཆེན་པོ་རེད། ཕལ་ཆེར་བོད་འགྱུར་གྱི་ཕྱི་རོལ་པའི་འདོད་པ་མང་ཤོས་བཀོད་པ་ཅིག་ནི། སློབ་དཔོན་ལེགས་ལྡན་གྱི་དབུ་མ་སྙིང་པོའི་རང་འགྲེལ་རྟོག་གེ་འབར་བ་ཡིན་ལ། དེའི་ནང་ཕྱི་རོལ་པའི་གྲུབ་མཐའ་སུམ་བརྒྱ་ལྷག་ཅིག་དངོས་སུ་སྨྲོས་པའི་ནང་ཡེ་ཤུ་ཆོས་ལུགས་མཐོང་མ་སོང་།
གང་ལྟར་མ་གཞི་སེམས་ཅན་ལ་ཕན་དང་མི་ཕན་ལ་ལྟོས་དགོས་པ་ལས། རང་སྡེ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བའི་ནང་དུའང་བརྗོད་དུ་མེད་པའི་བདག་སོགས་འདོད་མཁན། སངས་རྒྱས་ཀྱི་བསྟན་པ་སྤྱིའི་གཞུང་ཤིང་དང་འགལ་བསྡད་པ་མདོ་ལུང་རྒྱབ་རྟེན་དང་བཅས་ཡོད་མཁན་ཡོད་པས། དེ་ཚོ་གནའ་ནས་ད་བར་ནང་པའི་གྲས་ལས་ཕྱིར་ཕུད་མེད་པར་ཡང་བསམ་བློ་གཏོང་དགོས་པ་རེད།
ཡང་དགོས་༧རྗེ་ཙོང་ཁ་པ་ཆེན་པོས་དབུ་མ་དགོངས་པ་རབ་གསལ་དུ་ཚེ་རབས་གྲངས་མེད་པར་མུ་སྟེགས་ཀྱི་ལྟ་བར་གོམས་ཏེ་བདག་ཡོད་པ་འདོར་མི་ཐུབ་པ་ཚོར། དེ་ལྟར་ཁས་བླངས་ཏེ་སོ་སོའི་ཁམས་དང་མཐུན་པར་ལམ་དུ་དཀྲི་དགོས་ལུགས་ནན་ཆེར་གསུངས་ཡོད་པ་ལས། ལྟ་བ་ཅུང་མི་མཐུན་ཚེ་འཕོང་ཕྱིས་ཀྱི་རྡོ་ནང་བཞིན་འདོར་དགོས་པ་དང་མི་དགའ་བ་དང་སྡུག་སྣང་ཡོང་དགོས་པ་སོགས།
ད་སྔ་ནང་པའི་སློབ་དཔོན་ཚད་ཐུབ་སུས་ཀྱང་གསུང་མེད་པར་ལྟོས་ཏེ། སྟོན་པ་ཡེ་ཤུ་ཡི་འཁྲུངས་སྐར་སྲུང་བརྩི་ནི་འགྲིག་པ་དང་ཡི་རངས་བྱེད་དགོས་པ། རབ་ཡིན་ན་ཁོང་གི་རྗེས་འཇུག་ཚོའི་སྤྱོད་པ་ལ་སློབ་དགོས་པ་ནི་ང་ཚོ་རང་ཉིད་ཡར་རྒྱས་ཆེད་ཡིན་པ་བཅས། བོད་མི་དང་ནང་པ་བསམ་ཡོད་ཚོས་ཡིད་ལ་བཅིངས་གལ་ཆེའོ།།།།
ངས་ཕྱི་ལོ་གསར་པའི་ལོ་གསར་མི་བསུ་ལ། ཡེ་ཤུའི་སྟོན་པའི་འཁྲུངས་སྐར་དེའས་ཀྱང་མི་བསུ། ཅིའི་ཕྱིར་ཞེ་ན། ང་བོད་པ་ཞིག་དང་ནང་པ་ཞིག་ཡིན་པས་འདི་དག་བསུ་དགོས་དོན་མི་འདུག ང་ལ་བོད་གངས་ཅན་པ་རང་ཉིད་ཀྱི་ལོ་གསར་བསུ་རྒྱུ་ཡོད་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་སྐར་བསུ་རྒྱུ་ཡོད། བོད་པ་ཚོ། ཁྱོད་ཚོ་ཅིའི་ཕྱིར་འདི་ལྟར་གཡམ་རྒྱུག་བྱེད་བཞིན་ཡོད། ཁྱོད་ཚོ་ལ་འདི་དག་སྲུང་བརྩི་བྱེད་དགོས་པའི་འགན་ཁུར་ཅི་ཞིག་ཡོད། ཁྱོད་ཚོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་སྐར་སྲུང་བརྩི་བྱེད་མཁན་གྱི་ཡེ་ཤུའི་ཆོས་དད་པ་ཞིག་མཐོང་ཨེ་མྱོང་། ནུབ་ཕྱོགས་པ་ཚོས་རང་ཉིད་ཀྱི་དཔལ་འབྱོར་དང་། ཆབ་སྲིད། དམག་དོན་སོགས་ཀྱི་སྟོབས་ཤུགས་ལ་རྟེན་ནས། ཁོ་ཚོའི་ཆོས་ལུགས་དང་། སྐད་ཡིག རིག་གཞུང་དང་། གོམས་གཤིས་སོགས་ཀྱིས་འཛམ་གླིང་ལ་དབང་བསྒྱུར་རྒྱུའི་ཧམ་སེམས་འཆང་བཞིན་ཡོད་པ་མ་ཤེས་སམ། ཁོ་ཚོས་རང་ཉིད་ཀྱི་སྐད་ཡིག་ལ་འཛམ་གླིང་སྤྱི་སྐད་དུ་འབོད་བཞིན་ཡོད་ལ། ཡེ་ཤུའི་ཆོས་ལུགས་ལ་འཛམ་གླིང་སྤྱིའི་ཆོས་ལུགས་སུ་འབོད་བཞིན་ཡོད་པ་འདིས་སྟེང་ནས་ཁོ་ཚོའི་ཧམ་སེམས་དེ་གསལ་པོ་མཐོང་ཐུབ། དོན་ངོ་མ་འཛམ་གླིང་སྤྱི་སྐད་ཟེར་བ་དང་སྤྱིའི་ཆོས་ལུགས་ཟེར་བ་ཞིག་གཏན་ནས་མེད། ལྷག་ཏུ་ཡེ་ཤུའི་ཆོས་ལུགས་སྤེལ་མཁན་ཚོའི་ཧམ་སེམས་ནི་ཚད་ལས་བརྒལ་བ་ཞིག་ཡིན། ཁོང་ཚོ་གྲོང་ཁྱེར་ནང་དུ་སླེབས་ཡོད་ལ་གྲོང་རྡལ་ནང་དུ་སླེབས་ཡོད། ཁོང་ཚོ་སློབ་གྲྭའི་ནང་དུ་སླེབས་ཡོད་ལ་སྨན་ཁང་ནང་དུ་སླེབས་ཡོད། ཁོང་ཚོ་གྲོང་གསེབ་ཏུ་སླེབས་ཡོད་ལ་དགོན་པའི་ནང་དུའང་སླེབས་ཡོད། མདོར་ན་རི་བོའི་རྩེ་དང་རྒྱ་མཚོའི་འགྲམ་གང་དུ་ཡང་ཁོང་ཚོ་མ་སླེབས་པའི་གནས་མེད། ཁོང་ཚོས་སློབ་གྲྭ་རྒྱག་པ་དང་སྨན་ཁང་བཙུགས་པ། ཉམ་ཐག་ལ་རོགས་རམ་བྱེད་པ་སོགས་དགེ་ལས་གང་ཞིག་སྤེལ་རུང་དེ་དག་གི་རྒྱབ་ལ་ཆོས་ལུགས་སྤེལ་རྒྱུའི་ཧམ་སེམས་རི་འདྲ་བ་རེ་འཆང་མེད་པ་ཧ་ཅང་དཀོན། གནས་ཚུལ་འདི་ལྟ་བུའི་འོག་ནས་ང་ཚོས་ད་དུང་ཁོ་ཚོའི་རྗེས་སུ་གཡམ་རྒྱུག་གིས་ཁོ་ཚོའི་འདོད་དོན་སྒྲུབ་རོག་བྱེད་པ་ནི་དཔེར་ན་རང་ཉིད་གསོད་པའི་ཤན་པ་ལ་གྲི་བརྡར་རོགས་བྱེད་པ་དང་ཅིག་མཚུངས་ཡིན། བོད་པ་ཚོ། “རང་ཚུགས་མ་ཤོར་གཞན་སེམས་མ་དཀྲུག” མཐའ་དོན་མཁས་དབང་དགེ་ཆོས་ཀྱིས། གཞན་ཕན་སྙིང་རྗེའི་སྣུམ་དང་བྲལ་ན་ཡང་། །རིག་རྩལ་ཐབས་མཁས་གློག་གི་འཁྲུལ་འཁོར་གྱིས། །དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་པའི། །སྐྲ་སེར་སྤྲེའུའི་རིགས་ལ་དོགས་ཟོན་མཛོད།། ཞེས་པའི་བསླབ་བྱ་འདི་ཡིད་ལ་ཟུངས་ཤིག།
ཡེ་ཤུལ་འཁྲུངས་སྐར་རོལ་ཡ་ལ་ཤིས་ཚིག་དག་དག་གིས་ཁེངས་པའི་ནང་སྟོན་རྗེས་འཇུག་པ་དག་གིས་གོ་དགོས་པའི་གཏམ། དེ་རིང་དང་འབྲེལ་བ་ཡོད་པའི་བཀའ་མོལ་འདི་བོད་ཡིག་ཏུ་བསྒྱུར་ཡོད། …… 近年来,当许多朋友和弟子
ཉེ་བའི་ལོ་འགའ་ནས་གྲོགས་པོ་དང་སློབ་མ་ཚོས་
向我发来“圣诞快乐”的祝福时,
ང་ལ་ཡེ་ཤུའི་སྐྱེས་འཁྲུངས་སྐར་བཟང་ཞེས་པའི་ཤིས་ཚིག་སྐུར་ཡོང་སྐབས།
我总会回复道:“佛教徒不过圣诞,只祝快乐!”
ངས་རྟག་པར་ཁོང་ཚོར། སྟོན་པའི་རྗེས་འབྲངས་པ་ཚོས་ཡེ་ཤུའི་འཁྲུངས་སྐར་ལ་རོལ་གྱི་མེད། སྤྱིར་གཏང་སྤྲོ་སྐྱིད་ཡོང་བའི་སྨོན་ལམ་ཙམ་ཡོད་ཅེས་ལན་སྤྲོད་ཀྱི་ཡོད།
这不是我们不圆融,更不是执着
འདི་ནི་ང་ཚོར་དཀྱེལ་ཡངས་མེད་པ་མིན་ལ། མཁྲེགས་འཛིན་བྱས་པ་དེ་བས་ཀྱང་མིན།
,而是出于对信仰的坚守,
དེ་ལས་ལྡོག་སྟེ། དད་མོས་བརྟན་སྲུང་གི་ཕྱོགས་ནས་བསམ་བློ་བཏང་བ་ཞིག་རེད་ལ།
也是一份起码的宗教感情。
ཆེས་མ་མཐའི་ཆོས་ལུགས་ཀྱི་རྩེ་དུང་ཞིག་ཀྱང་རེད།
….当中国的佛教徒们年年祝福“圣诞快
ཀྲུང་གོའི་ནང་པ་དག་གིས་ལོ་རྟག་པར་ཡེ་ཤུའི་སྐྱེས་སྐར་ལ་འཚམས་འདྲི་བྱེད་ཀྱང་།
乐”,却不知道什么叫“佛诞”,
ཅི་ཞིག་ལ་སངས་རྒྱས་ཀྱི་འཁྲུངས་སྐར་ཟེར་བ་མི་ཤེས་པར་མ་ཟད།
也从不祝贺“佛诞快乐”的时候,
སངས་རྒྱས་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་རྩ་བ་ནས་བྱེད་སྲོལ་མེད་པ་མཐོང་སྐབས།
我的心是悲凉的!
ང་སེམས་པ་ནི་སྐྱོ་སྣང་དང་བཅས་པ་ཞིག་སྟེ།
这是佛教教育的失败!
འདི་ནི་ནང་བསྟན་སློབ་གསོའི་ཕམ་ཉེས་ཡིན་པ་རེད།
今天,我想郑重地呼吁:
ངས་དེ་རིང་སེམས་ཚོར་ཆེན་པོས་འབོད་སྐུལ་ཞུ་འདོད་པ་ཞིག་ལ།
每年农历的四月初八日,
ལོ་རེའི་སྲོལ་རྒྱུན་གྱི་བཞི་བའི་ཚེས་བརྒྱད་ནི་
是我们伟大的三界导师释迦牟尼佛的
ང་ཚོའི་རླབས་ཆེན་གྱི་སྟོན་པ་ཤཱཀྱ་ཐུབ་པ་
诞辰。让我们永远記住
སྐུ་བལྟམས་པའི་དུས་ཆེན་ཏེ།
“佛诞节”,年年互道
སངས་རྒྱས་ཀྱི་འཁྲུངས་སྐར་ཡིན་པ་ནམ་ཡང་མ་བརྗེད་པ་དགོས་ཤིང་། དེ་ཉིད་ལོ་ནས་ལོར་མཐུད་དགོས།
索達吉 堪布 མཁན་པོ་བསོད་དར་རྒྱས།
རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཚན་བསྒྱུར་བྱས།
སྟོན་པ་ཡེ་ཤུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་ན་རང་ཚུགས་ཤོར་འགྲོ་བའི་རྒྱུ་མཚན་ཅི་རེད་དམ། བོད་པ་མིན་པས་རེད་དམ། ཡིན་ན་རྒྱ་གར་བའི་ཤཀྱའི་རྒྱལ་པོའི་འཁྲུངས་སྐར་བསུས་ན་རང་ཚུགས་བརྟན་འགྲོ་དོན་ཅང་ཨེ་ཡོད། ཤཀྱའི་རྒྱལ་པོ་ཡང་བོད་པ་མ་རེད་བ།
སོ་སོའི་ཕ་མེས་ཀྱི་བོན་ཆོས་ལ་ངན་སྨྲ་དང་རྡོག་རོལ་བཏང་། གདོན་འདྲེ་ལྟ་བུར་བརྩིས་ནས་དགག་པ་བརྒྱབས་བརྒྱབས་ཀྱིས་རྣམ་སྨིན་འཁོར་ཡོང་བ་མིན་ནམ། ཨ་གསར་ཆེ་དགོས་བོད་ན་མི་རིགས་ལས་ཨ་གསར་ཚ་བ་སུ་ཡོད་དམ།་་་་ཧཧཧ
དེང་རབས་༢༠་ཡན་ཆན་རྒྱ་གར་འཕགས་པའི་ཡུལ་རེད། དེང་སང་དེང་རབས་༢༡་ནང་དུ་ནུབ་ཕྱོགས་འཕགས་པའི་ཡུལ་རེད་ད། ནུབ་ཕྱོགས་འཕགས་ཡུལ་དུ་བདེ་བ་ཅན་གྱི་ཞིང་ཁམས་ཡོད། རང་དབང་ཡོད། དམངས་གཙོ་ཡོད། དཔལ་འབྱོར་ཡོད། བདེ་སྐྱིད་ཡོད། འཕགས་པའི་ལྷ་ཆེན་སྟོན་པ་ཡེ་ཤུ་བཞུགས་བསྡད་ཡོད་རེད་དོ།་་་་་ཨོ་ཧཧཧཧཧ ཕྲག་དོག་ཅན་ཚོ་ངུས་དང་དགའ་གི་རེད།
ཅོ་རི་བུ། དེ་རེད་ད། ཁྱོད་ཚོ་ལ་དགོས་པ་ནི་ནུབ་ཕྱོགས་འཕགས་ཡུལ་དང་། སྒྲོ་ལོ་སྔོན་པོ་ཡིན་པ་ལས་མི་རིགས་དང་རིག་གཞུང་རང་དབང་དང་རང་བཙན་མིན་པ་སྔར་ནས་ཤེས་ཡོད། ཤཀྱཱའི་རྒྱལ་པོ་དང་སྟོན་པ་ཡེ་ཤུ་གཉིས་བོད་པ་ཡིན་མིན་གྱི་སྐད་ཆ་བཤད་ཀྱི་མེད། ཤཀྱཱའི་རྒྱལ་པོ་ནི་ནང་པའི་སྟོན་པ་རེད་ལ། བོད་པ་བརྒྱ་ཆའི་གོ་དགུ་ནི་ནང་པ་ཡིན་པས་ཁོང་གི་འཁྲུངས་སྐར་སྲུང་བརྩི་བྱེད་པ་ལ་རྒྱུ་མཚན་ཡོད་པ་རེད། སྟོན་པ་ཡེ་ཤུ་ནི་ཡེ་ཤུའི་ཆོགས་ལུགས་ཀྱི་སྟོན་པ་ཡིན་ཞིང་། ང་ཚོ་ཡེ་ཤུའི་ཆོས་དད་པ་མིན་པས་འཁྲུང་སྐར་སྲུང་བརྩི་བྱེད་དགོས་པའི་རྒྱུ་མཚན་མི་འདུག་ཟེར་བ་ཡིན། སོ་སོའི་ཕ་མེས་ཚོས་བོན་ལ་དགག་པ་རྒྱབ་པའི་རྣམ་སྨིན་འཁོར་བ་མིན་ནམ་ཞེས་དགའ་ནས་གད་མོ་ཤོར་ལུག་ལ་ལྟས་ན་ཁྱེད་རང་ནི་རང་གི་མི་རིག་དང་རིག་གནས་ལ་ཤ་ཚ་ཏིལ་འབྲུ་ཙམ་ཡང་མེད་པའི་མི་ཞིག་ཡིན་པ་གསལ་པོ་སྟན་འདུག
བོད་མི་བརྒྱ་ཆའི་དགུ་བཅུ་གོ་དགུ་ཤཀྱའི་རྒྱལ་པོ་ལ་དད་པ་བྱེད་མཁན་རེད་ཟེར་བའི་སྐད་ཆ་འདི་ཧམ་བཤད་རེད། བོད་མི་བོན་པོ་དང་བོད་མི་ཁ་ཆེ། བོད་པ་ཡེ་ཤུ་པ་རྣམས་ཀྱིས་རང་རང་གི་སྟོན་པ་དད་པ་བྱེད་ཀྱི་རེད། བརྒྱ་ཆའི་ཐོག་ནས་བཤད་ནའང་༢༠་ལྷག་ཤཀྱའི་ཆོས་ལུགས་པ་མ་རེད།
བོན་པོ་དང་ཁ་ཆེ། ཡེ་ཤུའི་ཆོས་བྱས་མཁན་བོད་མི་མང་པོ་ཡོད་རེད། ཁོ་ཚོའི་སྟོན་པའི་འཁྲུངས་སྐར་བོད་མི་རྣམས་བསུ་མི་དགོས་པ་ཅི་རེད་དམ། ཉུང་ཤས་ཤིག་རེད་ཟེར་གྱི་ཨེ་ཡིན། ཁྱོད་ཚོས་ག་དུས་ཡིན་ནའང་ཉུང་ཤས་ཤིག་ལ་བརྙས་བཅོས་དང་མཐོང་ཆུང་བྱས་བསྡད་ཙང་འགྲིག་གི་མེད་པ་རེད།
ཤཀྱའི་རྒྱལ་པོའི་ཆོགས་ལུགས་དེ་བོད་ཀྱི་རིག་གནས་ཡིན་པར་ཁས་ལེན་གྱི་མིན། རང་ངོ་རང་གིས་མི་ཤེས་མཁན་བཀོར་ཟན་ཚོས་ཤཀྱའི་ཆོས་ལུགས་བོད་ཀྱི་རིག་གནས་མདོག་མདོག་བཤད་བསྡད་པ་འདི་ཤེས་ལྡན་འགྲོ་བ་མི་སུས་ཀྱང་ཁས་ལེན་གི་མ་རེད། དེ་ལྟར་ཡིན་ན་ཁ་ཆེའི་ཆོས་ལུགས་ཡང་བོད་ཀྱི་རིག་གནས་ཡིན་པར་ཐལ། བོད་མི་ཁ་ཆེའི་ཆོས་བྱས་མཁན་ཡོད་ཕྱིར། ཡེ་ཤུའི་ཆོས་ལུགས་ཡང་བོད་ཀྱི་རིག་གནས་ཡིན་ཐལ། རྟགས་དེའི་ཕྱིར།་་་ཧཧཧ
རང་ཚུགས་མེད་མཁན། རང་ངོ་མི་ཤེས་མཁན་ཁྱོད་ཚོས་ཤཀྱའི་ཆོས་ལུགས་བོད་ཀྱི་རིག་གནས་ཡིན་མདོག་མདོག་བཤད་ཀྱི་མཚམས་ཞོག བོད་ཀྱི་རིག་གནས་ཡིན་ཐག་ཆད་བོན་ཆོས་རེད། དེ་ལ་ཁྱོད་ཚོས་གུས་བཀུར་དང་འཁྲུངས་སྐར་མི་བསུ། གུས་བཀུར་མེད་ནའང་དམོད་འབོད་མ་བྱེད་ན་དེའི་འགྲིག་ཀྱང་་་བོད་ཆེན་པོའི་ཕ་མེས་ཀྱི་ཆོས་ལུགས་ལ་ཁྱོད་ཚོས་དམོད་འབོད་ག་ཚོད་བྱས་མེད་དམ། བསམ་བློ་ཐོངས། རང་ངོ་རང་གིས་ཨེ་ཤེས་ལྟོས།
ཟླ་བ་མང་པོའི་སྔོན་དུ་ཁ་བརྡའི་དྲ་ཐོག་ཏུ་ཡོང་སྟེ་མཆན་སྤེལ་བ་དང་རྩོམ་ཡིག་བཀླགས་པ་སོགས་བྱས་པ་ཡིན། ཡིན་ན་ཡང་། དྲ་གྲོགས་མང་ཆེ་བ་ཆོས་ལུགས་དང་ཆོལ་ཁའི་འཐེན་འཁྱེར་གྱི་དུག་ཆང་གིས་བཟི་འདུག་པས་རང་ཉིད་ཀྱི་རྩ་ཆེ་བའི་དུས་ཚོད་འཕྲོ་བརླག་གཏོང་བ་ལས་དོན་ཆེན་པོ་དེ་འདྲ་ཅང་མི་འདུག་བསམ་སྟེ་ཕྱིར་དེངས་པ་བྱས། ཁ་སང་ངོ་ཤེས་ཞིག་བརྒྱུད་དེ་ལོ་ངོ་བཞི་སྟོང་ལྷག་སོང་བའི་བོད་ཡིག་འགའ་རྙེད་པའི་གསར་འགྱུར་དེ་ཁ་བརྡར་བཀོད་འདུག་ཟེར་བས་ཕྲན་སླར་ཡང་དྲ་ངོས་འདིར་ཁྲིད་བྱུང་། འདིར་དྲ་གྲོགས་ཚོར་བཤད་འདོད་པ་ནི། ཁྱེད་ཚོས་བོད་སྤྱིའི་རིག་གནས་ཀྱི་རིན་ཐང་ལ་བསམ་བློ་གཏོང་རོགས། བོད་ཡིག་གི་དགུང་ལོ་ཅི་ཙམ་མཐོ་བས་བོད་ཀྱི་རིག་གནས་ཀྱི་དགུང་ལོ་མཐོ་རུ་ཕྱིན་པ་རེད། བོད་ཀྱི་རིག་གནས་ཀྱི་འགོ་ཁུངས་རྒྱ་གར་དང་རྒྱ་ནག་ཏུ་གཏུགས་ཅི་ཐུབ་བྱེད་པའི་རྡོ་རྗེ་སྐེད་འཛིན་གྱི་ལོ་རྒྱུས་རྩ་མེད་བཟོས་པ་རེད། དེས་ནི་བོད་ཤེས་རིག་གི་གཞི་རྩའི་རིན་ཐང་གཞན་ལས་གཞལ་དུ་མེད་པ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ལྟ་གྲུབ་དང་ཤེས་རིག་ཅེས་པའི་ཐ་སྙད་ཀྱི་གཟི་བརྗིད་དོན་ལྡན་དུ་བཏང་བ་རེད། བོད་ཀྱི་ཤེས་རིག་རྒྱལ་ལོ། བོད་ཀྱི་ཡིག་གཟུགས་རྒྱལ་ལོ། །
བདེན་རྫུན་མ་ཤེས་པར་གཡམ་རྒྱུག་མ་བྱེད།
དེ་རིང་མཁན་ཆེན་བསོད་དར་རྒྱས་མཆོག་གི་མཚན་ཐོག་ནས་བྲིས་པའི་ཡེ་ཤུ་འཁྲུངས་སྐར་བསུ་བ་ལ་དགག་པའི་རྩོམ་ཐུང་དེ་དེ་རིང་ཕྱི་དྲོ་མཁན་ཆེན་མཆོག་གི་འཆད་འཁྲིད་ཐད་གཏོང་སྐབས་དྲ་སྟེང་གི་ཡིག་འཁྱམ་དེ་ཁོང་གིས་བྲིས་གནང་མེད་པ་དང་། ཆོས་ལུགས་ཕན་ཚུན་བར་གུས་བརྩི་ཞུ་དགོས་ཞེས་གསུངས་འདུག དྲང་མོ་བཤད་ན་ང་རང་ཉིད་ཐེ་བའི་གྲོགས་པོ་མང་པོ་ཞིག་གིས་རྩོམ་ཐུང་དེ་མཁན་ཆེན་མཆོག་གིས་བྲིས་པ་ཡིན་རྐྱང་བྱས་ཡིན། མི་བུ་སུ་ཞིག་གིས་བསམ་བློ་གང་འདྲ་ཞིག་བཏང་ནས་བྲིས་མིན་མི་ཤེས་མོད། མཁན་ཆེན་གྱི་མཚན་སྙན་བེད་སྤྱོད་ལོག་པར་བཏང་བ་དེས་མི་བུ་དེའི་བསམ་བློའི་ཆུ་ཚད་མ་སྨིན་པ་དང་ཀུན་སྤྱོད་བཟང་པོ་ཞིག་མེད་པར་མཚོན། དེས་མ་ཚད་མཁན་ཆེན་མཆོག་ཉེ་བའི་དུས་སུ་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་མཛད་འཕྲིན་གྱི་འོད་དཀར་འཕྲོ་བཞིན་པ་ཡིན་པས་མི་ཁ་ཤས་ཀྱི་སྤྱོད་ངན་མི་འཁྲབ་པའི་ངེས་པའང་མི་འདུག ཞིབ་ཏུ་དཔྱད་ན་འདི་རང་གར་བྲིས་བཞག་པ་ཞིག་ཀྱང་ཡིན་མི་འདུག་ཏེ། མཁན་ཆེན་མཆོག་གི་ཚིག་གི་ཉམས་དེ་དག་བེད་སྤྱོད་བཏང་མཁས་པ་ཞིག་ནས་བྲིས་འདུག དེས་ན་ཅིག་བྱས་ན་ནང་པའི་ལ་རྒྱ་བཟུང་ནས་བྲིས་པ་ཡིན་སྲིད། དེ་ལྟར་ཡིན་ན་དོན་གྱི་ཆ་ནས་བརྒྱབ་སྐྱོར་ཡོད་ཀྱང་། མཁན་ཆེན་གྱི་མཚན་སྙན་བེད་སྤྱོད་བྱ་དགོས་དོོན་ཅི་ཡིན་སྙམ་པའི་དྲི་བ་འདི་སླར་ཡང་འབྱུང་གི་འདུག་པས། ཚང་མས་དྲ་འབུ་དག་གི་འཆལ་རྩོམ་རྣམས་བརྟག་དཔྱད་མ་གནང་བར་གང་བྱུང་བརྒྱུད་བསྐུར་མི་བྱེད་པའི་རེ་བ་ཡོད། ད་དུང་འདི་བོད་རྒྱ་སུས་བྲིས་པའང་ཐག་གཅོད་མི་ཐུབ་པས་འདིའི་རྒྱབ་ལ་བསམ་ནག་གི་ཇུས་ངན་རེ་མེད་པའི་རེ་སྨོན་དང་། རང་ཅག་རྣམས་ཀྱི་སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་སྐར་དེ་ཐུགས་ལ་ངེས་པའི་ཐོག་ནས་ལོ་རྟག་པར་མཉམ་བསུ་མཉམ་རོལ་གྱི་འབོད་སྐུལ་དང་རྒྱབ་སྐྱོར་ཞུ། མི་ཉུང་བ་ཞིག་གིས་འདི་བདེན་མིན་འདྲི་བཞིན་འདུག་པས། གུས་པ་སྟག་རྩེད་པས་འཕྲལ་མར་བྲིས་པར་ཚིག་གོང་འོག་དང་ཆད་ལྷག་བཅས་ནོར་འཁྲུལ་མང་དུ་ཡོད་ངེས་པས་ཀློག་པ་པོ་ཡོངས་ལ་དགོངས་དག་ཞུ། ། ༢༠༡༤/༡༢/༢༥ སྟག་རྩེད་སྤྲུལ་སྐུའི་དྲྭ་ལས་བཤུས།
ཡེ་ཤུ་རྒད་པོའི་སྐྱེས་སྐར་གཏོང་མཁན་གྱི་ངོ་ཤེས། ཚོགས་སྡེ་གང་གིས་ཡུལ་དང་གནས་གང་ལ་འགྲོན་དུ་བོས་ཡོད་ན། དེ་ནི་ཕ་རོལ་ལ་གུས་ཞབས་དང་འཆམ་མཐུན། བསམ་ཤེས་ཀྱི་ངོ་བོར་སྒོམ་ནས་འགྲོ་དགོས་བ། སྐྱིད་སྐྱིད་གཏོང་དགོས་བ་ཞིག་ལས།
རང་གི་སེམས་ངོར། ཡེ་ཤུ་རྒན་པོའི་ཡོན་ཏན་དང་བྱིན་རླབས། ཐུགས་རྗེ་བཀའ་དྲིན་ཞིག་གི་བསམ་པའི་ཀུན་ནས་བསླངས་སྟེ། སོ་སོ་རང་ཉིད་ཀྱིས་རྒན་པོའི་སྐྱེས་སྐར་བསུ་བཞིན་ཡོད་ན་ནི། སོ་སོ་ནང་བ་བ་ཞིག་མིན་པའི་དབང་དུ་བཏང་ནས་མ་བྱས་བ་ཡིན་ན་ནི་དེ་རེད། གཞན། གཡམ་རྒྱུག་ཟེར་བ་ནི་འདི་འདྲ་ལ་ཞུ་བ་རེད།
ཆོས་ནི། འདྲ་མི་འདྲ་འདུག། ཁ་ཆེ། རྗེའུ་ལ་སོགས་པས། གོང་གི་ཁྲི་རལ་གྱི་ལབ་རྡོལ་གྱི་དགེ་རྩ་དང་ཕན་ཡོན་མ་རིག་པ་ཡིན་རྒྱུ་མ་རེད་དེ། གཡམ་རྒྱུག་བྱེད་ནིའི་མི་རྡོག་ནི་རྐང་གཅིག་ཀྱང་ཡོད་པའི་གོ་ཐོས་མཐོང་གསུམ་ནི་མ་ཡོད་དོ།
བོད་མི་ཁྲི་རལ་ལྟ་བས་རྩ་བ་མེད་པའི་བརྩེ་བ་ཞིག་ཡོད་མདོག་གིས། མགོར་རུ་ཐུར་བཙུག་ནས་ཤྭ་གྲལ་དང་། ཨོང་རྩམ་སྐྱ་བསྐུས་ནས་དགོ་གྲལ་ལ་འཚང་ན། ཤེས་རྒྱ་ཆེ་མདོག་དང་། དགོང་པ་ཡང་མདོག་བྱེད་པ་ནི་སྙིང་རྗེ་ཡ་འདྲ་ཞིག་རེད། རྩ་བ་མི་བརྟན། རྩེ་མོར་མི་སྙོབ་པའི་ངའི་སྤུན་ཟླ་འདི་ཚོའི་དོན་སྙིང་སྣོད་དྲུག་ཅི་བྱུང་བ་ཡིན་ནམ། དཀོན་མཆོག་གིས་ང་ལ་ལན་ཞིག་སྤྲོད་རོགས།
དོན་སྙིང་སྣོད་དྲུག་(ལ)ཅི་བྱུང་ཟེར་ནས་བཅོས་སོ།
གོང་ན་(མ)་ལྷག་མ་ཞིག་ཡང་འདུག།
འདི་འདྲ་ཞིག་ཡིན་དགོས། སོ་སོ་ནང་བ་བ་ཞིག་མིན་པའི་དབང་དུ་བཏང་ནས་བྱས་བ་ཡིན་ན་ནི་དེ་རེད། གཞན། གཡམ་རྒྱུག་ཟེར་བ་ནི་འདི་འདྲ་ལ་ཞུ་བ་རེད།
པདྨ་ཟེར་བ་འདི་ཨེ་མ་ཧོ་ཞེས་པའི་རྩོམས་སྤེལ་ཚད་ལ་མཆན་འགོད་མཁན་དང་ཤོས་དང་་་་ཨེ་མ་ཧོས་བྲིས་པའི་རྩོམ་ཕལ
ཆེར་ལ་མི་ཚོས་མཆན་འགོད་ཀྱི་མེད། འོན་ཀྱང་པདྨ་ཞེས་པས་དེར་མཆན་དགོད་རྐྱང་བྱེད་ཀྱི་འདུག ཨེ་མ་ཧོ་དང་་་་པདྨ། མཁན་ཆེན་ཞེས་པ། དཔལ་དགྱེས་ཞེས་པ་སོགས་མི་གཅིག་རང་རེད།
ལྟོས་དང་། ཅོ་རིའི་ཧམ་བཤད་ལ། ནང་ཆོས་བྱེད་མཁན་བོད་མི་བརྒྱ་ཆ་ཉི་ཤུ་ལས་ལྷག་མེད་ཟེར། མངོན་སུམ་ལ་སྙོན་འདིང་མཁན་གྱི་མི་འདི་ཚོ་ལས་སྐྱུག་བྲོ་བ་ཞིག་གང་ན་ཡོད། ཁ་ཆེ་དང་ཡེ་ཤུས་ཆོས་བྱེད་མཁན་གྱི་བོད་མིའི་གྲངས་འབོར་ནི་ཧ་ཅང་ཉུང་ཉུང་རེད། ག་ཚོད་མང་ཡང་མི་ཁྲི་ལས་བརྒལ་བ་མེད་ཅེས་ངས་ཐག་བཅད་ནས་བཤད་ཐུབ། བོན་ཆོས་བྱེད་མཁན་གང་འཚམས་ཤིག་ཡོད་ཀྱང་བོན་པོའི་མིང་བཏག་པ་ཙམ་ལས་དོན་ལ་ནང་ཆོས་དང་ཅིག་པ་རེད། སངས་རྒྱས་ཆོས་ལུགས་འདི་བོད་ཀྱི་རིག་གནས་ཡིན་པ་ཁྱེད་རང་གིས་ཁས་བླངས་མ་བླངས་གང་ཡང་མེད་པ་རེད། བོད་མི་ཕལ་མོ་ཆེས་ཁས་ལེན་གྱི་ཡོད་པས་དེས་འགྲིག་གི་རེད། ཁྱོད་རང་གིས་ཁས་མ་བླངས་ཀྱང་ཁྱོད་རང་བོད་པའི་སྤྱི་ཚོགས་ནས་ཟུར་དུ་བུད་རྒྱུ་ལས་ཐོབ་བྱ་གཞན་མེད་པ་ཤེས་པར་གྱིས། བོན་པོའི་འཁྲུངས་སྐར་བསུ་དགོས་ན་བོན་པོ་ཚོས་བསུ། ཡེ་ཤུས་འཁྲུངས་སྐར་བསུ་དགོས་ན་ཡེ་ཤུ་ཚོས་བསུས། ང་ཚོ་ནང་པ་ཚོས་འདི་ཚོ་བསུ་དགོས་པའི་འགནའཁྲི་མེད།
་་་་་་་་་་་་་་་་་ བོན་པོའི་འཁྲུངས་སྐར་བསུ་དགོས་ན་བོན་པོ་ཚོས་བསུ། ཡེ་ཤུས་འཁྲུངས་སྐར་བསུ་དགོས་ན་ཡེ་ཤུ་ཚོས་བསུས། ང་ཚོ་ནང་པ་ཚོས་འདི་ཚོ་བསུ་དགོས་པའི་འགནའཁྲི་མེད། ་་་་་་་་་་་་་་་་
སེར་སྐྱ་སོགས་ལ་མི་ལྡང་ཡང་།།
འདི།
སེར་སྐྱ་སོགས་ལ་མི་སྔང་ཡང་།།
་་་་་་་་་་་་་་་་་་་་ དེང་རབས་ཀྱི་སློབ་གསོ་སྤྲོད་མཁན་དང་མི་གྲལ་དུ་འགྲོ་ཤེས་པ་བཟོ་མཁན་མང་ཤོས་ཡེ་ཤུའི་ཆོས་པ་ཚོ་ཡིན་སྟབས། ཕྱིེས་སུ་བཙན་བྱོལ་ནང་གི་སློབ་སྦྱོང་ཡག་ཤོས་གྲས་མཁས་དབང་ཟླ་བ་ནོར་བུ་དང་ཚེ་རིང་ཤཀྱ། འཇམ་དབྱངས་ནོར་བུ་དང་རྗེ་བཙུན་པདྨ་སོགས་མང་པོ་ཅིག་ཡེ་ཤུ་སློབ་གྲྭ་ནས་འཐོན་ཡོད་ཅིང་། དེང་སང་ཡང་གང་དུ་ཡེ་ཤུ་སློབ་གྲྭ་ཡོད་ས་དེ་ཚོར་འཚངས་ཁ་བརྒྱབས་བཞིན་པའང་། དེའི་ནང་ཕྲུག་གུ་ཚོར་སློབ་སྦྱོང་ཡག་པོ་འཐོབ་ཏེ་མདུན་ལམ་ཡོད་པ་དང་རང་འགོ་འཐོན་པ་ཡོང་གི་ཡོད་པས་རེད། ་་་་་་་་་་་་་་་་་་
སྒང་གི་མཆན་ཨང་༡༢་པ་འབྲི་མཁན་ལིང་ཏོག་ལགས་ཁྱེད་རང་གིས་བཤད་སྟངས་ཡག་ཀི་ཡ། དེས་ན་ཡ་ངས་ཁྱོད་རང་ཕར་ལ་དྲི་བ་ཞིག་འདྲི་རྒྱུ་ཡོད་ཀི། རྣ་བ་བླགས་ནས་ཉོན་ཨ། ང་ཚོ་བོད་མི་རིགས་ནང་ཤག་ཐུབ་རྗེས་འཇུག་ཡིན་ཟེར་མཁན་ཚོ་མིང་བཏགས་པ་ཙམ་མ་གཏོགས་དོན་དུ་ཤག་ཐུག་རྗེས་འཇུག་པ་རེད་དམ་མ་རེད། གལ་ཏེ་ཡིན་ན་འཛམ་གླིང་ཤག་ཐུབ་རྗེས་འཛིན་ཡོད་དོ་ཅོག་ལས་ལོགས་སུ་གྱུར་དགོས་པའི་རྒྱུ་མཚན་ཅི་ཡིན་ཤོད་ཤིག དེ་ཡང་འབར་མ། ཐེ་ལན། ཤི་རི་ལངྐ། ཐེ་ཝན། རྒྱ་གར། རྒྱ་ནག ཝེར་ནམ། ད་དུང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་མང་ནི་རེད་ཡ། ཧ་ཧ་ཧ།
ཁོ་མོས་སྔོན་མ་ཞིག་ནས་ཁྱེད་ཚོ་ལ་འདི་ལྟར་གདམས་མྱོང་བ་དྲན་སོང་།
བྱ་བྱེད་མོད་པའི་བོད་རྒྱུད་ཐུབ་བསྟན་པ།།
ཀླུ་གྲུབ་བྱམས་མགོན་བགྲངས་རྒྱུ་མང་དྲགས་ནས།།
ཐེག་ཆེན་ནང་པ་གཤེན་གྱི་ཚོགས་གྲལ་ནས།།
རྟགས་དང་རྟེན་འབྲེལ་མ་འགྲིགས་ཟུར་དུ་ཕུད།།
ང་རྒྱལ་གྱིས་སྦོས་བོད་རྒྱུད་ཐུབ་བསྟན་པ།།
ཐེག་ཆེན་རྫོགས་ཆེན་སྨྲ་བ་མང་དྲགས་ནས།།
ཤར་ནུབ་རྒྱལ་ཁབ་གཞན་གྱི་ཉན་ཐོས་པས།།
ཤཀྱཱའི་རྗེས་འཇུག་གྲལ་ནས་བཙན་གྱིས་བཏོན།།
ལྷ་ཡིས་མ་འདོད་གཞལ་ཡས་ཁང་ནས་ཕུད།།
འདྲེ་ཡིས་མ་དགའ་ཧོམ་ཁུང་ནང་ནས་བཏོན།།
ཞེས་པའི་གནའ་མའི་ཁ་དཔེ་སྙན་མོ་དེ།།
དོན་དུ་ཁྱོད་ཅག་བསམ་ནས་གསུངས་པར་སྙམ།།
ད་ནི་ཤཀྱཱའི་སྟོན་པར་སྐྱབས་འཚོལ་ན།།
ཐེག་དམན་ཉན་ཐོས་གྲལ་དུ་ཁུ་སིམ་སྡོད།།
གལ་ཏེ་ཐེག་པ་ཆེན་པོ་དགོས་གྱུར་ན།།
རྒྱལ་བ་གཤེན་གྱི་དགོངས་མཐིལ་ཉམས་སུ་ལོངས།།
དེ་གཉིས་ཁྱོད་ཅག་གདམ་ངར་ཡོད་ལགས་ན།།
མ་འདུག་གཅིག་གི་གོ་སྐབས་ལོངས་ཤིག་ཅེས།།
སྨན་མོས་བསླབ་བྱའི་སྨན་མཆོག་སྟེར་ནས་ཡོད།།
ཐན་ཐུན་ཟོ་དང་སེམས་ནད་སངས་ངེས་ཡིན།།
ངས་ངོས་ནས་བལྟས་ན་བོད་མི་བརྒྱ་ཆ་ཉིས་ཤུ་ཙམ་ལ་མ་གཏོགས་ནང་པའི་མཚན་ཉིད་ཚང་མི་འདུག ཁ་མར་འཁོར་ནས་ཆོས་བཤད་དབང་སྐོར་བྱེད་མཁན་གྱི་བླ་སྤྲུལ་རེ་གཉིས་ལ་ཡང་ནང་པའི་མཚན་ཉིད་ཚང་འདུག་མིན་དོགས་པའི་གནས་རེད་དོ། སྐྱབས་འགྲོའི་འགྲོ་སྟངས་ཙམ་ཡང་ཤེས་པར་ནང་པ་ཡིན་མདོག་མདོག་བྱེད་མཁན་ཚོ་ནང་པ་མ་རེད་ད།་་་་ཧཧཧ མ་ཎི་འདོན་པ་ཙམ་གྱིས་ནང་པ་ཡིན་པར་མི་འདོད། དབང་ཞུ་བ་ཙམ་གྱིས་ནང་པ་ལ་མི་འགྱུར།
ཤཀྱའི་ཆོས་ལུགས་བོད་ཀྱི་རིག་གནས་ཡིན་པར་ཁས་མ་ལེན་ན་བོད་པའི་སྤྱི་ཚོགས་ཀྱི་ཟུར་དུ་འབུད་དགོས་པའི་རྒྱུ་མཚན་སྤུ་ཙམ་མེད། རིག་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེ་བོ་མིན་གསུངས་མཁན་རྗེ་བདག་ཉིད་ཀྱི་ཆེན་པོ་རེད། རྒྱ་གར་བའི་ཤཀྱའི་ཆོས་ལུགས་བོད་ཀྱི་རིག་གནས་ཡིན་ལབ་ན་རིག་པ་དང་འགལ་བའི་གྲུབ་མཐའ་རེད། རྗེ་བདག་ཆེན་པོས་ཀྱང་ཁས་མི་ལེན་པས་བོད་པའི་སྤྱི་ཚོགས་ནས་ཟུར་དུ་ཕུད་པ་ཨེ་རེད། ་གཅིག་རེད།
བོན་པོའི་འཁྲུངས་སྐར་བོན་པོས་བསུ་བ་དང་། ཡེ་ཤུའི་འཁྲུངས་སྐར་ཡེ་ཤུ་པ་ཚོས་བསུ་ཡི་ཡོད་རེད། ཁྱོད་ཚོ་མིག་ཚ་དགོས་དོན་ཅི་རེད། ཡེ་ཤུའི་འཁྲུངས་སྐར་ལ་ཤིས་ཚིག་འབུལ་རེའི་བྱས་མཁན་བོད་མི་དེ་དག་ཡེ་ཤུ་ཆོས་ལ་དགའ་དད་ཡོད་ནས་བྱས་ཀྱི་ཡོད་རེད། དགའ་པོ་མེད་ན་སུས་ཀྱང་བྱས་ཀྱི་མ་རེད་བ། ཁོ་ཚོའི་རང་དབང་རེད་བ། ཁྱོད་ཚོ་ལ་ཇུས་གཏོག་ག་རེ་ཡོད་དམ།
རྒྱ་བླ་ཚེ་བཀྲ་དང་ལུང་རྟོགས་ཁྱོད་གཉིས་ཀྱིས་མཁན་པོ་བསོད་ནམས་དར་རྒྱས་གསོན་པོ་བཙོང་གི་ཡོད་མེད་གསལ་བཤད་བྱོས།
སྐྱབས་འགྲོའི་འགྲོ་སྟངས་ཙམ་ཡང་མི་ཤེས་པར་ནང་པ་ཡིན་མདོག་མདོག་བྱེད་མཁན་ཚོ་ནང་པ་མ་རེད་ད།་་་་ཧཧཧ་་ཞེས་བཅོས་ཤོག་ཨ
ཨོ་རེད་་་ཁྱོད་ཚོས་ངོས་དོལ་རྒྱལ་བརྟེན་མཁན་ཚང་མ་ནང་པ་མ་རེད་ཟེར་གྱི་ཡོད་པ། ཁྱོད་ཚོས་རྒྱུ་མཚན་བཀོད་དུས་་་་དོལ་ཚོགས་ཆོས་ཅན། ནང་པ་མ་ཡིན་པར་ཐལ། འཇིག་རྟེན་པའི་ལྷ་གསོ་བཞིན་ཡོད་པའི་ཕྱིར།་ཞེས་བཀོད་ཀྱི་འདུག་ག
གཏན་ཚིགས་འགོ་མཚམས་ཤིག་བཀོད་ན་་་་གཞིར་ལུས་བོད་མི་མང་ཆེ་བ་ཆོས་ཅན། ནང་པ་མ་ཡིན་པར་ཐལ། འཇིག་རྟེན་པའི་ཡུལ་ལྷ་གཞི་བདག་གསོ་མཆོད་བྱེད་མཁན་རྐྱང་རྐྱང་ཡིན་པའི་ཕྱིར།
ཁྱོད་ཚོས་བོད་མི་བརྒྱ་ཆ་ཉིས་ཤུ་ལས་ལྷག་ནང་པ་སངས་རྒྱས་པ་ཡིན་སྟངས་དང་། ནང་པའི་མཚན་ཉིད་ཚང་སྟངས་ཤོད་ཤོག་ཨ། བཤད་ཀྱི་མེད་ན་ཁ་བཙུམ་ནས་སྡོད།
རང་གི་ཕྲུ་གུས་བོད་ཡིག་མི་ཤེས་པར།
རིག་གཞུང་སྐྱོབ་མདོག་བྱེད་དུས་དགོད་རེ་བྲོ།
རང་གིས་སྐབས་འགྲོའི་འགྲོ་སྟངས་མི་ཤེས་པར།
ནང་པ་ཡིན་མདོག་བྱེད་དུས་ཤ་རེ་ཚ།
རང་གི་རིག་གནས་རང་ངོ་མི་ཟིན་པར།
བྷ་བྷའི་བྲན་གཡོག་བྱེད་དུས་ཡིད་རེ་རྨུགས
ཕ་མེས་ཆོས་ལ་མཆི་མ་འདེབས་བཞིན་དུ།
ས་དུང་ལྷ་རུ་བཀུར་དུས་སྙིང་རེ་རྗེ།
སྨན་མོ་མཚོ། ཁྱོད་རང་བོན་པོ་ཞིག་ཡིན་པ་སྔར་ནས་ཤེས་ཡོད། བོན་པོ་ཚོས་ནང་པ་ལ་སྡང་ཟུག་བྱེད་པར་ཁག་ཅི་ཡོད། བོན་པོའི་གོ་ས་ནང་པ་ལ་ཤོར་སོང་བ་རེད། དེ་ཙམ་ལས་ཅང་བཤད་རྒྱུ་མིན། ཅོ་རིའི་ལན་ནང་ལ་ཁྱེད་རང་གི་དྲི་བའི་ལན་ཡང་ཡོང་ངེས་པས་དེས་ཆོག་པ་གྱིས།
ཅོ་རི། ནང་པ་ཞེས་པ་དེ་སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ན་དེ་ནང་པ་རེད། ཆོས་ཀྱི་ནང་དོན་ཤེས་མི་ཤེས་ཀྱིས་ཆོས་ལུགས་དེའི་རྗེས་འཇུག་ཡིན་མིན་བཞག་དགོས་ན་ཡེ་ཤུ་དང་ཁ་ཆེ་སོགས་ཀྱི་རྗེས་འཇུག་པ་དེ་དག་ཕལ་མོ་ཆེ་ཡང་དེ་དང་དེའི་ཆོས་ཀྱི་རྗེས་འཇུག་པར་མི་འགྱུར་སྟེ། ཁོང་ཚོའི་ནང་ལ་ཡང་དཀོན་མཆོག་ལ་དད་པ་ཙམ་ལས་ཆོས་ཀྱི་ནང་དོན་ཤེས་མཁན་དཀོན་པས་སོ། རྗེ་བདག་ཉིད་ཆེན་པོས་ནང་ཆོས་བོད་ཀྱི་རིག་གནས་མ་ཡིན་པ་གང་དུ་གསུངས་འདུག་དང་པོ་དེ་ཁྱེར་ཤོག་དང་དེ་ནས་ལྟ་ཆོག བོད་པ་ཡེ་ཤུས་འཁྲུངས་སྐར་སྲུང་བརྩི་བྱེད་མཁན་ཚོ་ནི་ཡེ་ཤུས་ཆོས་ལ་དད་དྲག་ནས་མ་རེད། ཁོ་ཚོ་ནི་གཡམ་རྒྱུག་ལ་དགའ་ཞིང་སྤྲོ་སྐྱིད་ཀྱི་གོ་སྐབས་འཚོལ་མཁན་རྣམས་རེད། དོན་དུ་ཁོ་ཚོ་ཕལ་ཆེ་བས་ཡེ་ཤུས་འཁྲུངས་སྐར་ཞེས་པ་ཅི་ཡིན་ཙམ་ཡང་ཤེས་མཁན་ཉུང་ཚོད་རེད། ཇུས་ཏོག་ཡོད་དང་ཡོད། ང་བོད་པ་ཞིག་ཡིན་ལ་ནང་པ་ཞིག་ཡིན། ང་ལ་སོ་སོའི་མི་རིགས་འདི་ལམ་ནོར་ལ་མི་འགྲོ་བར་ཡང་དག་པའི་ལམ་ལ་ཁྲིད་རྒྱུའི་འགན་འཁྲི་ཡོད། ཁྱོད་རང་བཞིན་དུ་ལམ་ལོག་པ་ལ་ཁྲིད་ཅི་ཐུབ་བྱེད་འདོད་མེད། ད་དུང་དོལ་རྒྱལ་སྐོར་ལ་གཏན་ཚིག་འདྲ་ཞིག་བཀོད་ཁུལ་བྱས་འདུག་ཀྱང་དེ་ནི་ལྟར་སྣང་རེད། ཁྱོད་རང་གི་གཏན་ཚིག་དེ་ལ་རྟགས་མ་གྲུབ་ཟེར་རྒྱུ་ཡིན། གཞིས་ལུས་བོད་མི་ཚོས་ལྷ་གསོལ་ཀླུ་གསོལ་བྱེད་ཀྱི་ཡོད་ཀྱང་དེ་ཆོས་ཡིན་པར་བཤད་མཁན་སུ་ཡང་མེད། དེ་ནི་གནས་སྐབས་ཚེ་འདིས་བྱ་བ་ལམ་འགྲོ་ཡོང་བ་ཙམ་ལ་དམིགས་ནས་བྱེད་ཀྱི་ཡོད། དོལ་རྒྱལ་ཚོགས་པ་ནི་དེ་དང་མི་འདྲ་སྟེ། ཁོ་ཚོས་དོལ་རྒྱལ་འཇམ་དབྱངས་གི་སྤྲུལ་པ་ཡིན་པ་དང་དེ་ལ་གློ་སྙིང་བྲང་གསུམ་སྟན་ནས་སྐྱབས་སུ་འགྲོ་དགོས་པར་བཤད་པས་སོ།
ད་དེ་འདྲ་མ་གནང་། བོན་ནི་བོད་ཀྱི་ཤེས་རིག་གི་འབྱུང་ཁུངས་ཡིན་པར་མ་ཟད། ཨེ་ཤི་ཡ་དང་ནུབ་ཕྱོགས་སུའང་ཤུགས་རྐྱེན་ཡོད་པའི་ཤེས་རིག་ཅིག་ཡིན་པས། གནའ་རྫས་འདིར་བདག་པོ་རྒྱོབ་ཅེས་མི་ལབ་རུང་རྡོག་བརྫིས་གཏོང་དོན་འདུག་གམ། གལ་ཏེ་བོད་འདི་ཤེས་རིག་གི་འབྱུང་ཁུངས་ཤིག་ཡིན་ན། སྲུང་སྐྱོབ་བྱེད་འོས་མ་རེད་དམ། སྐུ་ངོ་ལགས། བླ་མ་སྐྱབས་སུ་མཆིའོ།
ཁ་བརྡ་ནམ་རྒྱུན་ཀློག་གི་ཡོད། མཆན་ཡང་གལ་ཆེན་དེ་ཚོར་ལྟ་གི་ཡོད།
ཡིན་ནའང་། ཅོ་རི་ཟེར་བ་འདིའི་མཆན་མཐོང་འོང་དུས། མ་བལྟས་པར་མཆན་གཞན་པར་ལྟ་གི་ཡོད།
སྐད་ཆ་དེ་དག་ལ་ལྟ་རི་ཞིག་མི་འདུག
ཐུབ་པ་ལགས། སྐད་ཆ་ལ་ཉན་རིན་ཡོད་མེད་མ་རེད། ཁྱེད་རང་ལ་ཅོ་རིར་རྩོད་པ་བྱེད་ཕོད་པའི་བློ་ཁོག་འདུག་གམ། ད
ཨ་ཙི་་་གནམ་ལགས། མི་དཀར་པོ་ལ་ཞྭ་མོ་ནག་པོ་ཞིག་གཡོགས་་བཞིན་འདུག་ག སྐུ་སྲོག་ལ་གནོད་པ་བྱེད་རྩིས་འདུག་ཨེ། ཁུངས་སྐྱེལ་ཡོད་པེ། ཁྲིམས་ཀྱི་མདུན་ས་དཔང་རྟགས་ཡོད་པེ། ཞྭ་མོ་ཆེན་པོ་དེ་འདྲ་ཀོན་པར་རང་གཟུགས་ཕྱི་ལ་སྟོན་དགོས་ཀྱི་རེད་པ། ངོ་སྤྲོད་ཤིག་བྱོས་དང་།
སྔོན་མ་ཁྱོད་ཀྱིས་ཁ་ཆེ་དྲག་སྤྱོད་པ་ཚོས་མི་སྐེ་བཅད་པ་ལྟར་ཅོ་རིའི་སྐེ་གཅོད་ཀྱི་ཡིན་ཟེར་ནས་བཤད་ཡོད། དེ་རིང་ཡང་སྲོག་ལ་ཐུག་པའི་རྫུན་གཏམ་བཤད་བཞིན་འདུག བུ་ཡིན་ན་་་རྐུབ་ལ་ཕོ་རྟགས་ཡོད་ན་་་རང་ཉིད་ངོ་སྤྲོད་བྱོས།
ལུང་རྟོགས་་་ཉོན་ཨ། ཁྱོད་ཀྱི་རྩ་བའི་དམ་བཅའ་ཟེར་ནའང་འདྲ། ཧམ་བཤད་ཟེར་ནའང་ཆོག་་་ཁྱོད་ཀྱིས་་་་ཤཀྱཱའི་རྒྱལ་པོ་ནི་ནང་པའི་སྟོན་པ་རེད་ལ། བོད་པ་བརྒྱ་ཆའི་གོ་དགུ་ནི་ནང་པ་ཡིན་པས་ཁོང་གི་འཁྲུངས་སྐར་སྲུང་བརྩི་བྱེད་པ་ལ་རྒྱུ་མཚན་ཡོད་པ་རེད།་་ཅེས་བཤད་ཡོད།
༡་་་བོད་མི་བོན་པོ་ག་ཚོད་ཡོད་དམ། ངས་བྱས་ན་ས་ཡ་གཅིག
༢་་བོད་མི་ཁ་ཆེའི་ཆོས་ལུགས་པ་ག་ཚོད་ཡོད་དམ། ངས་བྱས་ན་ཁྲི་གཅིག
༣་་་བོད་མི་ཡེ་ཤུ་ཆོས་བྱེད་མཁན་ག་ཚོད་ཡོད་དམ། ངས་བྱས་ན་སྟོང་གཅིག
༤་་་བོད་མི་དོལ་རྒྱལ་བ་ག་ཚོད་ཡོད་དམ། ངས་བྱས་ན་ས་ཡ་གཅིག
༥་་་བོད་མི་ཆོས་མེད་སྨྲ་བ་ག་ཚོད་ཡོད་དམ། བྱས་ན་ཁྲི་གཅིག
༦་་་སྐྱབས་འགྲོའི་འགྲོ་སྟངས་མི་ཤེས་མཁནབོད་མི་་ས་ཡ་གསུམ།
བསྡམས་ན་བོད་མི་༥༠༢༡༠༠༠ཙམ་ཁྱོད་ཚོས་བཤད་པའི་ནང་པ་དེ་མ་རེད། ད་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་ཤཀྱའི་ཆོས་ལ་དད་པ་བྱེད་མཁན་དང་ནང་པ་ཇི་ལྟར་ཆགས་སོང་བ་རེད་དམ། ་་ཧཧཧ འདི་ལ་རྫུན་བཤད་དང་ཧམ་བཤད། ལོག་བཤད་ཟེར་ལེ་རེད་དོ།
བོད་མི་རང་ལོ་༡༨་མན་ཆོད་ཚང་མ་ཆོས་ལུགས་གང་གིས་ཀྱང་ཁོངས་གཏོགས་མིན། ཕྲུག་གུ་ཆུང་ཆུང་ལོ་ན་མ་ལོན་པ་མང་པོ་གྲྭ་བ་བཟོ་བཞིན་པའི་ལམ་ལུགས་འདི་ལ་བསྒྱུར་བ་ངེས་པར་དུ་གཏོང་དགོས། དེ་འདྲ་བྱས་ན་གྲྭ་བ་ལོག་མཁན་ཉུང་དུ་འགྲོ་གི་རེད། གྲྭ་བ་སྤུས་ཀ་ཡག་ཏུ་འགྲོ་གི་རེད། ངས་བལྟས་ན་ཆོས་བརྒྱུད་ཁས་ཤས་ཀྱི་མི་སེར་ཕལ་ཆེ་བ་གྲྭ་ལོག་རྐྱང་རྐྱང་ཡིན་པའི་བཟོ་འདྲ་པོ་འདུག་ད། དེ་ཚོ་ཚང་མ་ནང་པ་ཡིན་ལབ་དགོས་པ་རེད་དམ། གང་ན་གང་ཡིན་ལབ་དགོས་ཤེས་ས་ལ་མི་འགི་ཨ་རོགས། །
བོད་པ་བརྒྱ་ཆའི་གོ་དགུ་ནང་པ་ཡིན་དང་མིན་དེ། ནང་པའི་མཚན་ཉིད་ཚང་མིན་ལ་བལྟ་དགོས་པ་རེད་མ་གཏོགས། མ་ནི་པད་མེ་འདོན་མིན་ལ་བལྟ་རྒྱུ་ཞིག་ཨ་ཡིན་ན། ནང་པ་ཡིན་ན། མཆོག་གསུམ་སྐྱབས་གནས་སུ་ཁས་ལེན་ཞིང་གྲུབ་མཐར་བཞུགས་པའི་གང་ཟག་་་ཅིག་དགོས་པ་རེད། འདིའི་གྲུབ་མཐར་བཞུགས་པ་ཞེས་པ་ནི། བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་དང་བཞིའི་གྲུབ་མཐར་བཞུགས་པ་ལ་གོ་མ་གཏོགས། ས་དགེ་བཀའ་རྙིང་བཞིའི་གྲུབ་མཐར་བཞུགས་པ་ལ་གོ་བ་ག་ལ་ཡིན། དེ་འདྲ་ཡིན་དུས། བོད་པའི་པོ་པོ་རྨོ་རྨོ་ཕལ་ཆེར་དང་། བོད་པའི་ཕོ་རྒོད་མོ་རྒོད་ཕལ་ཆེར་དང་། བོད་པའི་ཕྲུག་གུ་ལོ་ཆུང་ཕལ་ཆེ་བ། རྒྱ་གར་གྱི་བྱེ་མདོ་སེམས་དབུ་བཞི་པོ་གང་རུང་གི་གྲུབ་མཐར་བཞུགས་པའི་གང་ཟག་ཡིན་ཟེར་ནས། ལུང་རྟོགས་ལགས་ཀྱིས་རང་དཔུང་པ་ནམ་མཁར་འཕྱར་བ་ཡིན་ན། ཚན་རིག་པ་ཚོ་གད་མོ་ཤོར་ཡོང་ད། །
ཧཧཧ ད་ཡིན་ན་བོན་པོ་ཚོ་ངར་ཡོང་གི་འདུག ཡིན་ཡང་དོན་དངོས་མིག་གིས་མཐོང་བཞིན་དུ་ཅོ་རི་ཉི་མ་བཤད་པ་བཞིན་ཧམ་བཤད་ཁོ་ན་བྱེད་འདོད་ན་རང་དབང་རེད། དེ་མིན་དངོས་ཡོད་གནས་ཚུལ་ནི་ལྷ་ས་ལ་ཁ་ཆེའི་ལྷ་ཁང་ཅིག་ཡོད་པ་ལས་བོད་ཆོལ་ཁ་གསུམ་ནང་ལ་ཁ་ཆེའི་ལྷ་ཁང་ཅིག་ཀྱང་མེད་པ་འདིས་བོད་པ་ཁ་ཆེ་ཇི་ཙམ་ཡོད་མེད་གསལ་བཤད་བྱས་ཡོད་པ་རེད་ལ། བོད་ཤར་ཕྱོགས་ཚ་ཁ་ལྷོ་ཞེས་པར་ཡེ་ཤུ་བྱེད་མཁན་བོད་པ་ཁ་ཤས་ཡོད་རབས་ཙམ་ལས་ཡེ་ཤུས་ཆོས་དར་སའི་བོད་ཀྱི་ས་ཆ་ཅིག་ཀྱང་སྟན་རྒྱུ་མེད་པ་འདིས་ཡེ་ཤུ་པ་ཇི་ཙམ་ཡོད་མེད་ཀྱང་ཤེས་ཐུབ་པ་ཞིག་རེད། དེ་བཞིན་བོན་པོའི་དགོན་པ་ཡང་ཉུང་ཤས་ཤིག་ལས་མེད་པ་གསལ་པོ་རེད། ཆོས་མེད་སྨྲ་བ་ནི་ཞོགས་དུང་སོགས་མཛུབ་མོའི་རྩེ་ལ་བགྲངས་རྒྱུ་ཙམ་ལས་མེད་པས་ཁྲི་ཅིག་གང་དུ་ལེན་ཁ་འགྲོ་རྒྱུ་ཡིན། སྐྱབས་འགྲོའི་སླབ་བྱ་མ་ཤེས་ཀྱང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་མཁན་ཚང་མ་ནང་པ་ཡིན་པ་ངས་གོང་དུ་བཤད་ཟིན་པ་ཡིན་ལ། དེ་ལ་ཁྱོད་ཚོས་གནས་ལུགས་ཡོད་པའི་དགག་པ་གང་ཡང་ཕོག་མི་འདུག་པས་བསྐྱར་བཤད་དགོས་དོན་མི་འདུག
ལུང་རྟོགས་འདི་ཉིད་ལ་ལིང་ཏོག་བྱུང་ཡོད་ས་རེད། ག་དུས་ཡིན་ནའང་མ་འགྲིག་མ་འཐུས་ཟེར་ནས་གཞན་གྱི་གཏམ་ལ་དགག་རྐྱང་བྱེད་ཀྱི་འདུག་འོན་ཀྱང་དཔའ་བོ་དྲང་བདེན་ཅོ་རིའི་གཏམ་བཤད་ལ་ལན་དོན་མཐུན་གཅིག་ཀྱང་འདེབས་ཐུབ་མ་སོང། བོན་པོའི་དགོན་པ་ག་ཚོད་ཡོད་མེད་ང་ལའང་ཏག་ཏག་ཤོད་རྒྱུ་མེད། འོན་ཀྱང་བོད་ས་སྟོད་སྨད་ཀུན་ལ་དཔུང་པ་མཉམ་གཤིབས་བྱས་ནས་གནས་པར་མ་ཟད། ནག་ཆུའི་ས་ཁུལ་སྦྲ་ཆེན་རྫོང་ཟེར་བ་རྫོང་ཆ་ཚང་བོན་པོ་རེད་འདུག དེ་བཞིན་ཨ་མདོ་ཤར་ཁོག་ཟིང་ཆུ་རྫོང
བོན་པོ་རེད་དེ་བཞིན་གཉན་རོང་ཞིང་ཡང་བོན་པོ་རེད་འདུག་དེ་ཚོ་ལ་དཔགས་ན་བོན་པོ་ག་ཚོད་ཡོད་མེད་ཤེས་ཐུབ་ངེས་རེད།
# 12 ལུང་རྟོགས།་ལགས་ཀྱིས་མཆན་བཏབ་པ།:
December 26th, 2014 at 12:10 AM
ལྟོས་དང་། ཅོ་རིའི་ཧམ་བཤད་ལ། ནང་ཆོས་བྱེད་མཁན་བོད་མི་བརྒྱ་ཆ་ཉི་ཤུ་ལས་ལྷག་མེད་ཟེར། ་་་་་་་་་་་་་་་་་་་་་
ཅོ་རི། ཁྱོས་༧གོང་ས་མཆོག་ལ་དམ་ལོག་བྱས་ཡོད་པ་ཚང་མས་ཤེས་ནི་རེད། ཁྱོས་དོལ་འདྲེ་ཚོགས་པ་ལ་དམ་འཛིན་བྱེད་བཞིན་ཡོད་པའང་ཤེས་ནི་རེད། ཁྱོའི་ཁ་ཡར་ཁྲིད་ན་མར་ལ་འཁོར་འགྲོ་བ་ཞིག་ཡིན་པ་ཡང་ཤེས་ནི་རེད། ཟ་ཁང་མ་གཡོག་ཞིག་ལ་ཤེས་བྱ་མཐའ་མེད་མིན་པ་ཡང་ཤེས་ནི་རེད། ཅི་བཤད་འདི་བཤད་ལ་མདོ་རྩ་མེད་མཁན་ཞིག་ཡིན་པ་ཡང་ཤེས་ནི་རེད།
འོག་ནས་ངས་ང་དྲ་འབུ་ཞིག་མིན་པའི་མིན་ལུགས་དང་མྱི་ཞིག་ཡིན་པའི་ཡིན་ལུགས་བཤད།
ངོ་སྤྲོད: ངའི་མིང་ལ་གནམ་ཟེར། བླ་མས་གནང་ཞིག་མ་རེད། ཕ་མས་བཏགས་པ་ཞིག་ཡིན་འདུག། རུས་རྒྱུད་བོད་ཡིན། འགྲོ་འདུག་གང་བདེ་ཡིན། ཁ་ཟས་རྩམ་པ་ཡིན། བལྟས་ན་བོད་ཚུགས་ལྡན་པོ་ཡོད། གཤིབ་ན་བོད་གཤིས་འཇམ་པོ་ཡོད།
རྒྱབ་ལྗོངས: ཆང་འཐུང་ན་མཆིན་པ་རུལ་འཇུག་ཐུབ་ལ། ཆོས་བྱས་ན་ཡོད་ཚད་འབུལ་ཐུབ་པ་ཞིག་ཡིན། འཁོར་བ་ཟེར་བའི་ཆེན་པོ་མེད། རང་ཁ་མི་སོས་དཀའ་ངལ་མེད། ཕ་རྒྱུད་ལ་དཔའ་བོ་མང་། མ་རྒྱུད་ལ་འབྱོར་ལྡན་མང་། རང་རྒྱུད་ན་ཀ་ཁ་ཡོད།
སྤྱོད་པ: མཁས་བ་རིག་ན་སྒུར་ཐུབ་ནི་ཞིག་ཡིན། བཙན་པོར་ཐུག་ན་འདུལ་ཐུབ་ནི་ཞིག་ཡིན། རང་དོན་རྐྱང་མི་སྒྲུབ། གཞན་དོན་རྐྱང་མི་སྐོང་།
དགྲ་བོ་ཕྱོགས་གཉིས་ཡོད: ཕྱི་དགྲ་ནི་དགྱ་དམར་བ་ཚོ་ཡིན། ནང་དགྲ་ནི་ཅོ་རི་ལྟ་བུའི་ནང་རྒོལ་བ་ཚོ་ཡིན།
རེ་བ: དགྱ་དམར་ཡོངས་བོད་ནས་མཐར་སྤྲོད་རྒྱུ་དང་། བོད་རིགས་ཡོངས་རྡོག་རྩ་གཅིག་ལ་སྒྲིལ་རྒྱུ་ཡིན།
ཁྱད་ཆས: གཡུལ་ས་ནས་སྔོན་ལ་གཡུག་ཤེེས་ནི་ཞིག་ཡིན། ཁྲིམས་ཁ་ནས་ཉན་བཞིན་བཤད་ཤེས་ནི་ཞིག་ཡིན། གསལ་བོ་བཤད་ན་འདི་འདྲ་ཡིན། ཅོ་རྟུལ་སེམས་ལ་འཛིན་ཡག་བྱོས།
# 16 སྨན་མོ་མཚོ་་ལགས་ཀྱིས་མཆན་བཏབ་པ།:
December 26th, 2014 at 3:46 AM
་་་
ད་ནི་ཤཀྱཱའི་སྟོན་པར་སྐྱབས་འཚོལ་ན།།
ཐེག་དམན་ཉན་ཐོས་གྲལ་དུ་ཁུ་སིམ་སྡོད།།
གལ་ཏེ་ཐེག་པ་ཆེན་པོ་དགོས་གྱུར་ན།།
རྒྱལ་བ་གཤེན་གྱི་དགོངས་མཐིལ་ཉམས་སུ་ལོངས།།
་་་་་་ཟེར།། །།ཧཧཧཧཧཧཧཧཧཧ།། །།
# 17 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
December 26th, 2014 at 4:25 AM
ངས་ངོས་ནས་བལྟས་ན་བོད་མི་བརྒྱ་ཆ་ཉིས་ཤུ་ཙམ་ལ་མ་གཏོགས་ནང་པའི་མཚན་ཉིད་ཚང་མི་འདུག ་་་་་་་་་ཟེར། ཧཧཧཧཧཧ།
# 28 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
December 26th, 2014 at 4:26 PM
ལུང་རྟོགས་་་ཉོན་ཨ།
་
་
་
༤་་་བོད་མི་དོལ་རྒྱལ་བ་ག་ཚོད་ཡོད་དམ། ངས་བྱས་ན་ས་ཡ་གཅིག
་
༦་་་སྐྱབས་འགྲོའི་འགྲོ་སྟངས་མི་ཤེས་མཁནབོད་མི་་ས་ཡ་གསུམ།
་
་
་་་་་་་་ཟེར།
་་་་་་་་་་་་་་་ བསྡམས་ན་བོད་མི་༥༠༢༡༠༠༠ཙམ་ཁྱོད་ཚོས་བཤད་པའི་ནང་པ་དེ་མ་རེད། ད་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་ཤཀྱའི་ཆོས་ལ་དད་པ་བྱེད་མཁན་དང་ནང་པ་ཇི་ལྟར་ཆགས་སོང་བ་རེད་དམ། ་་ཧཧཧ འདི་ལ་རྫུན་བཤད་དང་ཧམ་བཤད། ལོག་བཤད་ཟེར་ལེ་རེད་དོ། ་་་་་་་་་་་་་་་་་་་ ཟེར།
# 32 ཁྱུང་སེ།་ལགས་ཀྱིས་མཆན་བཏབ་པ།:
་་་་་་་་་་་་་་་་། བོན་པོའི་དགོན་པ་ག་ཚོད་ཡོད་མེད་ང་ལའང་ཏག་ཏག་ཤོད་རྒྱུ་མེད། ་་་་་་་་་་་་་་་ཟེར།
ད་འགྲིགས་སོང་། ད་བན་བོན་མ་རྩོད། རྒྱ་བོད་རྩོད་དང་།། །།
སྟོན་པ་སངས་རྒྱས་ཀྱི་ཆོས་དང་སྟོན་ཡེ་ཤུ་ཡི་ཆོས་གང་ཡིན་ན་བོད་མིའི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གཞུང་གང་ཡང་མ་རེད།སངས་རྒྱས་པའི་ཆོས་ལ་དགའ་མོས་དད་པ་བྱེད་ཆོག་ས་ནས་ཡེ་ཤུ་ཆོས་ལ་དགའ་མོས་ཙམ་བྱེད་མི་ཆོག་དོན་གང་ཡིན་ནམ།དེ་འདྲ་ཕྱོགས་རིས་བྱས་ན་མི་སུས་ཀྱང་ཁས་མི་ལེན་པ་མ་ཟད།སོ་སོ་ལ་གཞན་མི་དགའ་བྱེད་ཙམ་ལས་མི་ཕན།
བོད་ཀྱི་སྤྲུལ་སྐུའི་ལུགས་སྲོལ་མཚམས་མི་འཇོག་པ་དང་མུ་མཐུད་ནས་ཆོས་ལུགས་པའི་བླ་སྤྲུལ་ཚོས་བོད་པའི་སྤྱི་ཚོགས་ཆུང་ཆུང་འདིར་ཐུག་པ་དཀྲུགས་དཀྲུགས་བྱེད་བསྡད་ན་་བོད་མི་མང་པོ་ཞེན་པ་ལོག་ནས་ཡེ་ཤུའི་ཆོས་ལ་ཞུགས་པ་དང་ཁ་ཆེའི་ཆོས་ལ་ཞུགས་ངེས་རེད།
༡་་་ཁྱོད་ཚོས་མུ་མཐུད་ནས་སྤྲུལ་སྐུ་བདེན་རྫུན་བརྩད་ནས་ནང་འཁྲུག་ལོངས།
༢་་་ལྷ་འདྲེ་བཟང་ངན་བརྩད་ནས་ནང་འཁྲུག་ལོངས།
༣་་་གྲུབ་མཐའ་ཡག་སྡུག་བརྩད་ནས་ནང་འཁྲུག་ལོངས།
བོད་མི་རིགས་ནང་འཁྲུག་བརྒྱབས་བཅུག་མཁན་ཆོས་ལུགས་པ་ཚོ་ཡིན། མ་གཏོགས་ཆོས་མི་ཤེས་པའི་ཁྱིམ་པ་ཕོ་མོ་ཚོ་མིན། ངས་བསམ་ཚུལ་བྱས་ན་དཀྲུགས་ཤིང་དེ་དག་མཚམས་ཞོག བོད་མི་རིགས་སྡུག་བསྔལ་ནས་ཡར་འདྲེན་བྱས་མ་ཐུབ་ནའང་སྡུག་བསྔལ་གྱི་རྒྱ་མཚོའི་ནང་དུ་མ་གཡུག་རོགས་བྱོས། གལ་སྲིད་མུ་མཐུད་ནང་འཁྲུག་རྐྱང་རྐྱང་ལོངས་བསྡད་ན་བོད་མི་ཚོ་སྐྱུག་མེར་ལངས་འགྲོ་གི་རེད་དོ།
ཁྲི་རལ་ཞེས་པ་ཁྱོད་རང་ཡེ་ཤུའི་ཆོས་དད་པ་ཞིག་ཡིན་ན་སྐད་ཆ་འདི་ལྟར་བཤད་ན་འོས་པ་ཞིག་རེད། མི་སུ་ཡིན་ཡང་རང་གི་ཆོས་ལ་ཞེན་ཁོག་མེད་མཁན་སུ་ཡང་ཡོད་མ་རེད། འོན་ཏེ་ཁྱོད་རང་ནང་པའི་ཆོས་དད་པ་ཞིག་ཡིན་ན་རང་ངོ་རང་གིས་མི་ཤེས་པའི་མི་ཞིག་རེད་འདུག བོད་མིའི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གཞུང་ཡིན་ན་འདྲ་མིན་ན་འདྲ་ནང་ཆོས་འདི་བོད་མི་རིགས་ཀྱི་ཤ་རུས་ཁྲག་གསུམ་ལ་ཐིམ་ཟིན་པའི་རིག་གཞུང་ཞིག་རེད་ལ། རིན་ཐང་གི་ངོས་ནས་བསམ་ན་ཡང་ཆོས་ལུགས་གཞན་སུ་ཅིག་ལ་སྨོན་མི་དགོས་པ་ཞིག་རེད།འདི་འདྲ་ཞིག་ཡོད་བཞིན་དུ་ཟུར་ནས་ཆོས་ལུགས་གཞན་དང་སྟོན་པ་གཞན་ལ་བསྟོད་ཁུལ་བྱེད་པ་ནི། ས་སྐྱ་ལེགས་བཤད་ལས།
འགྲོ་མགོན་སངས་རྒྱས་བཞུགས་བཞིན་དུ། །སྟོན་པ་གཞན་ལ་གུས་བྱེད་པ། །ཡན་ལག་བརྒྱད་ལྡན་ཆུ་འགྲམ་དུ། །བ་ཚྭའི་ཁྲོན་པ་བརྐོ་བ་ཡིན།། གསུངས་པ་དེ་རེད།
ལུང་རྟོགས་ཟེར་བ་དེར།ཡེ་ཤུ་ཆོས་ལ་དད་མི་དད་སོ་སོའི་རང་དབང་རེད་ད།ང་རང་གི་རང་ལུས་འདོམས་བཀང་བོ་འདི་ང་རང་ལ་དབང་གི་རེད་ད།ཁྱོད་ཚོས་ངས་ཆོས་གང་ལ་དད་པ་བྱེད་མིན་ཇུས་གཏོག་དགོས་མ་རེད་ལོ།
ཆོས་ལུགས་པ་ཚང་མས་སོ་སོའི་ཆོས་ལུགས་མཆོག་ཏུ་གྱུར་པ་ཡིན་བསམ་བཞིན་ཡོད་པ་རེད་མ་གཏོགས།ཁ་ཆེ་དང་ཡེ་ཤུ།འཇོས་དང་ཧིན་དུ།སིག་དང་ཛོ་ར་སིཏན་ཚང་མས་ནང་ཆོས་མཆོག་ཏུ་གྱུར་རེད་ཅེས་སུས་ཁས་ལེན་རྒྱུ་རེད།གད་མོ་ཤོར་གཞི་རེད།སྡུག་ས་ནས་བཤད་ན་ཧིན་དུ་ཚོས་ནང་ཆོས་དེ་ཁོང་ཚོའི་ལྷ་ཀིརཤིན་གྱིས་ལྷ་མིན་ཚོ་ཕན་ཆེད་དུ།སྟོན་པ་སངས་རྒྱས་ལ་སྤྲུལ་ཏེ་སྤེལ་བའི་ལོག་ཆོས་སུ་བཤད་བཞིན་པ་རེད།
ཡང་ཐེག་དམན་པ་ཚོས་བོད་ཀྱི་ཐེག་ཆེན་པ་ཚོ་དང་གསང་སྔགས་པ་ཚོ་ནི་རང་བཟོ་དང་ཕྱི་རོལ་པའི་ཆོས་སུ་བརྩིས་བཞྀན་པས་གང་ཐུབ་ཀྱིས་རྒྱང་བཀྱེད་བཞིན་པ་རེད།ད་བོད་ཀྱི་ནང་ཆོས་ཡག་ཤོས་གང་འདྲ་སེ་ཆགས་རྒྱུ་རེད་གྲོགས་པོ།།
ཁྲི་རལ་པའི་རང་ཉིད་སྒེར་གྱི་བསམ་ཚུལ་དང་དད་འདུན་ལ་མོས་འདུན་དང་ཡི་རངས་ཡོད། མི་བུ་སུ་ཞིག་ཡིན་རུང་རང་ཉིད་ཀྱི
དད་ཡུལ་རང་ཉིད་ཀྱིས་ཐག་ཆོད་པ་ལས་སུ་ཞིག་གིས་དེར་དགག་པ་བྱེད་མི་ནུས་རྒྱ་མིས་མི་སྒེར་གྱི་བསམ་བརྗོད་དང་ཆོས་དད་ལ་བཀག་སྡོམ་བྱེད་བཞིན་ཡོད་མོད་འོན་ཀྱང་དེ་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་འགལ་ཅིང་འགྲོ་བ་མི་ཡི་རང་དབང་ལ་རྡོག་རོལ་བཏང་བ་ཡིན་པར་རང་དབང་ལ་དགའ་བའི་སྤྱི་སྒེར་ཀུན་གྱིས་དེར་དགག་པ་བྱེད་ཀྱིན་ཡོད། ལུང་རྟོག་ཁྱོད་རང་ཡང་རྒྱ་མི་དམར་པོའི་བྱེད་སྟངས་དང་གཅིག་པ་རེད་འདུག
ཁྲི་རལ། ཁྱེད་རང་སུ་ལ་དད་མ་དད་ཁྱེད་རང་གི་འདོད་པ་རེད། ངས་དེའི་ཐོག་ལ་གང་ཡང་བཤད་ཀྱི་མེད། འོན་ཀྱང་ནང་པ་ཞིག་ཡིན་ན་བྱེད་སྟངས་འདི་མ་འགྲིག་པ་རེད་ཟེར་བ་ཡིན། རྒྱུ་མཚན་ངས་གོང་དུ་བཤད་ཡོད། ལར་ནས་ཁྱེད་རང་བོད་པ་ནང་ཁུལ་ལ་ཐུག་དུས་ཅིག་མ་འགྲིག་གཉིས་མ་འཇོན་ཁ་ཆག་སྣ་རལ་ཤེས་བཤད་མཁན་ཞིག་ཡིན་ཡང་། ཕྱི་རོལ་ཡེ་ཤུས་སྟོན་པ་ལ་བཟང་རབས་རྒྱན་རབས་ཀྱིས་བསྟོད་པ་མཐེན་ཁུལ་བྱེད་པ་འདིས་ཕྱི་ནང་མི་ཤེས་ཤིང་ལ་རྒྱ་མེད་པའི་མི་ཞིག་ཡིན་པ་སྟན་ཡོང་གི་འདུག ངས་སྔར་ཡང་ཁྱེད་རང་ལ་རེ་བ་བྱེད་མྱོང་བ་ལྟར་དེ་རིང་ཡང་རེ་བ་ཞིག་ཡོད་པ་ནི། ཁྲི་རལ་ཞེས་པའི་བོད་ཀྱི་བཙན་པོ་སྙིང་སྟོབས་ཅན་ཁོང་གི་མཚན་དེ་བརྗེ་རོག ཁྱེད་རང་ལ་ངོ་མ་མིང་དེ་མི་མཛའ་གི
ཁྱུང་སེ། རྒྱ་མི་དམར་པོའི་ཁ་རྗེས་ལྕེ་རྗེས་ལ་རྒྱུག་ནས་རྟག་པར་བོད་རང་གི་གཞུང་དང་དབུ་ཁྲིད་ཚོར་ཁ་གཏོང་མཁན་དེ་སུ་ཡིན་ས་རིས་ཐང་གསལ་རེད། ཁྱོད་ཚོ་བོན་པོ་ཚོས་ནང་ཆོས་དང་བོད་ཀྱི་ཆོས་རྒྱལ་ཚོ་དགྲ་རུ་བཟུང་བ་ལས་རྒྱ་མི་དམར་པོ་དགྲ་རུ་བཟུང་བ་ཞིག་མཐོང་མ་མྱོ་ལ། བོད་དོན་གྱི་ཆད་དུ་ལས་ཀ་བྱས་པ་ཞིག་དེ་བས་ཀྱང་མཐོང་མ་མྱོང་། ད་དུང་ང་ལ་རྒྱ་མི་དམར་པའི་བྱེད་སྟངས་དང་ཅིག་པ་རེད་ཟེར་ན་ངོ་མི་ཚའམ།
ཅོ་རི། བོད་ཀྱི་སྤྱི་ཚོགས་ཆུང་ཆུང་འདིམཐུག་པ་དཀྲུག་མཁན་ནི་རྒྱ་མིན་བོད་མིན་ཕྱི་མིན་ནང་མིན་གྱི་དྲ་འབུ་ལས་ངན་དེ་ཚོ་ཡིན་པ་ཤེའ་པར་གྱིས། སྐྱེ་བོ་ངན་པས་རང་གི་སྐྱོན། །གང་ཡིན་གཞན་ལ་འགོད་པར་བྱེད། །ཁྭ་ཏས་མི་གཙང་ཟོས་པའི་མཆུ། །ས་གཙང་གཞན་ལ་འབད་དེ་འབྱིད།། ཞེས་པའི་ལེགས་བཤད་འདི་ལ་ཡང་བསློབ་སྦྱོང་རེ་གྱིས།
ལུང་རྟོགས་་་ནང་པ་ཞིག་གིས་ངོས་ནས་ཡེ་ཤུའི་འཁྲུངས་སྐར་ལ་འཚམས་འདྲི་བྱེད་མ་ཆོག་ན་་་ཡེ་ཤུའི་ཆོས་ལུགས་པ་ཚོས་ཏ་ལའི་བླ་མའི་རྩ་ནས་ཆོས་ཞུས་ན་འགྲིག་གི་ཡོད་ཀྱི་མ་རེད། རྗེས་སུ་ཡེ་ཤུ་ཆོས་ལུགས་པ་དེ་དག་གསུང་ཆོས་ཉན་མཁན་མ་ཡོང་རོགས་བྱོས་ཟེར་ནས་གསལ་པོ་བཟོས་ན་ཡག་གི་རེད།།
ཡེ་ཤུའི་བླ་ཆེན་པོབ་མཆོག་གིས་ཏ་ལའི་བླ་མ་དང་མཇལ་འཕྲད་མ་གནང་པ་དེ་ཡང་སྡུག་བསྔལ་གྱིས་མནར་བའི་མི་དེ་དག་ཡང་བསྐྱར་སྡུག་བསྔལ་གྱི་ནང་དུ་མི་ལྷུང་བའི་ཆེད་དུ་ཡིན་ཞེས་བསྒྲགས་སོང་བ། འགྲམ་ལྕག་ཚ་པོ་ཞིག་བརྒྱབས་འོང་དུས་་་ཡེ་ཤུའི་འཁྲུངས་སྐར་བསུས་ན་མི་འགྲིག་མདོག་མདོག་བཤད་ཀྱི་གཡུག་ཞོག གལ་སྲིད་མཇལ་འཕྲད་འདྲ་གནང་། ཆེ་སྟོད་འདྲ་བྱས་ཡོད་ན་ཁྱོད་ཚོས་སྔོན་མ་བྱས་ནས་ཡེ་ཤུའི་འཁྲུངས་སྐར་ལ་འཚམས་འདྲི་བྱེད་ཀྱི་རེད་བ་་་་་ཧཧཧཧ
ང་ནང་པ་དང་བོན་པོ་གང་ཡིན་རུང་ཁྱད་པར་མེད་་་་་ང་བོན་པོ་ཡིན་པའི་སྐད་ཆ་བཤད་མེད་ལ། ལུང
རྟོག་ཁྱོད་རང་གིས་བྱེད་བྱས་གང་ཡོད་དམ་་་་ངས་ལྟས་ན་བོན་པོས་བོད་ལ་ཞབས་ཕྱི་སྒྲུབ་པ་ཞབས་འདྲེན་ཞུས་མ་སོང་བསམ། ཐེ་ཝན་སྙོག་ཁྲ་དང་ལྷ་འཁྲུགས་འདྲེ་འཁྲུགས་སོགས་གང་ཡང་བྱས་མ་སོང་བསམ། བོད་མིའི
སྒྲིག་འཛུགས་ཀྱི་བཀའ་བློན་རིམ་པས་བོན་པོར་བསྔགས་བརྗོད་བྱས་པ་ལས་སྐྱོན་བརྗོད་ནམ་ཡང་བྱས་མེད། དེ་ལྟར
ཡོད་ན་འགྲིག་གི་རེད
ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་དོལ་རྒྱལ་བརྟེན་མཁན་ཚོ་འདྲེ་ལ་བསྒྱུར་ནས་རང་གི་རྗེས་འབྲངས་མི་དམངས་ལ་བློས་གཏོང་བྱེད་བཅུག་ནས་ནང་འཁྲུག་བརྒྱབས་བཅུག་བསྡད་མཁན་དེ་དྲ་འབུ་ཚོ་ཨེ་རེད། གཞི་ལུས་བོད་མི་ཚོས་རང་ལུས་མེ་ལ་བསྲེགས་ནས་འཐབ་རྩོད་བྱེད་བཞིན་པའི་སྐབས་སུ་ཁྲོམ་གཞུང་དུ་དགལ་བ་ལ་དང་སྐྱིད་པ་ལ་ཟེར་ནས་གཞས་བཏང་། རྔ་རྡུངས། བྲོ་འཆམ་བཅུག་མཁན་དྲ་འབུ་ཚོ་ཨེ་རེད། ཧམ་པ་བཤད་མ་འོང་ཨ།
ལུང་རྟོགས་ལགས།
མཆན་༤༧༼ཁྱོད་ཚོ་བོན་པོ་ཚོས་ནང་ཆོས་དང་བོད་ཀྱི་ཆོས་རྒྱལ་ཚོ་དགྲ་རུ་བཟུང་བ་ལས་རྒྱ་མི་དམར་པོ་དགྲ་རུ་བཟུང་བ་ཞིག་མཐོང་མ་མྱོ་ལ། བོད་དོན་གྱི་ཆད་དུ་ལས་ཀ་བྱས་པ་ཞིག་དེ་བས་ཀྱང་མཐོང་མ་མྱོང་།༽ ཁྱོད་ཚོ་བོན་པོ་ཚོ་ཟེར་ན་ཅི་ལབ་བཞིན་ཡོད་ཨ་རོགས། མང་མདོག་ཁ་པོ་མི་འདུག་ད། བོན་པོས་ནང་ཆོས་དང་ཆོས་རྒྱལ་དགྲ་རུ་བཟུང་རྒྱུ་ཕར་ཞོགས། རྒྱ་གར་བས་རྒྱང་ཕུད་བཏང་བའི་ནང་ཆོས་སྐྱབས་བཅོལ་བ་ལ་བོད་ཡུལ་དུ་བོན་པོས་གནས་ཚང་ཡག་པོ་གཡར་བ་རེད། གནས་ཚང་གཡར་བས་མ་ཚད་ཐོབ་དང་གོ་གནས་དེ་ཚོ་ཡག་ཐག་ཆོད་སྤྲད་པ་རེད། ཡིན་ནའང་སྐྱིད་སྡུག་མེད་པའི་ནང་ཆོས་སྐྱབས་བཅོལ་བ་དྲི་འཚུབ་དེ། ཧམ་པ་ཆེ་རུ་ཆེ་རུ་ལག་པ་རིང་དུ་རིང་དུ་སོང་ནས། བོན་ལུགས་བཀའ་དྲིན་ཅན་ལ་དྲིན་གཟོ་ཡང་མེད་པ། རང་ཉིད་ལ་ཆོས་དང་འཇིག་རྟེན་གང་གི་འགྲོ་སྟངས་ཀྱང་མེད་པར། བོན་ལུགས་སྣུབ་དགོས་རབས་དང་རྩ་མེད་བཟོ་དགོས་རབས་སོགས་ལུང་པ་གང་བཤད་ནས་ཨ་ཙ་ར་ཡི་རོང་རྟགས་མངོན་སུམ་པར་བསྟན་པ་རེད། ཁ་དཔེ་ལ། ཨ་ཁུ་རོང་པའི་མི་ལ་ཚ་བའི་གཡའ་ཟེར་བ་དེ་དངོས་གནས་བདེན་པ་མིན་ན་ཅི་ཡིན། ལོ་ཁ་ཤས་སྔོན་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཀྱང་ཐུགས་ཕམ་བཟོ་མཁན་དེ་བཀའ་དྲིན་ཅན་ལ་དྲིན་གཟོ་མེད་མཁན་རོང་དྲི་བྲོ་བའི་བན་རྒན་ཁྱོད་འདྲ་བ་དེ་ཚོ་ཡིན་གྱི་རེད། སེམས་ལ་དྲན་རྒྱུ་མང་ནས་ཁ་ནས་གང་བྱུང་བཤད། ཁ་ལ་བཟའ་རྒྱུ་མང་ནས་རྐུབ་ནས་གང་བྱུང་བཏང་ནས་འགྲོ་མཁན་ཁྱེད་ཚོ་ལ་ཡོད་ད། །
ཏ་ཟིག་འོལ་མིན་ལུང་རིངས་ཀྱི་ཞིང་ཁམས། བོན་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ། བོད་གངས་ཅན་རིག་པའི་འབྱུང་གནས། རྗེ་ཞང་ཞུང་རྒྱལ་པོའི་ཕ་ས། བོད་ཆེན་པོའི་མིའུ་གདོང་དྲུག་གི་ཡ་གྱལ་དབྲ་པ་ཅེས་འབོད་པའི་མངའ་རིས་ཀྱི་དབྲ་པ་ཡོངས་རྫོགས་བོན་པོ་རེད།
དེ་ནས་ཀོང་པོའི་ཡུལ་དུ་བོན་པོ་མང་། དཀར་མཛེས་ལ་བོན་རྒན་དགོན་ཟེར་བའི་དགོན་པ་ཞིག་ཡོད། བོད་ས་སྟོད་སྨད་བར་གསུམ་ལ་བོན་པོ་ཡོད། རང་ཚུགས་ཡོད་པའི་བོད་མི་ཚོས་བོད་ས་རང་ནས་ས་སྐྱེས་རྡོ་སྐྱེས་བྱུང་བའི་གཡུང་དྲུང་བོན་གྱི་རིག་གནས་ལ་དགའ་དད་བཞིན་ཡོད། བོན་རྒན་དྲིན་ཅན་ཚོས་བཟོས་པའི་བོད་ཡིག་འདི་བེད་སྤྱོད་བཞིན་ཡོད།
བོན་པོ་ཚོས་ཆོས་རྒྱལ་ཚོ་དགྲ་རུ་བཟུང་ཟེར་བའི་སྐད་ཆ་འདི་ལ་བདེན་ཁ་མེད། བོད་ཆེན་པོའི་རྒྱལ་ཁབ་ཀྱི་ཆོས་རྒྱལ་ཚོའི་རྒྱལ་རྒྱུད་བཅད་མཁན་དང་རྒྱལ་པོའི་མགོ་གླང་རྭ་བཙུགས་ནས་རྒྱལ་རྒྱུད་འདྲེ་ལ་བསྒྱུར་མཁན་ནི་ཤན་པ་ལག་དམར་བ་བན་རྒན་ལྷ་ལུང་རེད།
ཁ་ཏྭས་མི་གཙང་ཟོས་པའི་མཆུ། གཙང་ས་བོན་ལ་མ་འཕྱིད་རོགས་་་་་་ཧཧཧཧ
བཀའ་འགྱུར་ན་མུ་སྟེགས་བྱེད་ཀྱི་བུ་བདེན་པར་སྨྲ་བའི་མཚན་ཅན་གྱི་བྱུང་ཆུབ་སེམས་དཔའ་ཞིག་བཞུགས་པ་དེ་ལ་བཅོམ་ལྡན་འདས་ཀྱིས་འདས་པ་དང་ད་ལྟར་དང་མ་འོངས་པའི་དུས་ན་མུ་སྟེགས་བྱེད་ཀྱི་ཚུལ་བཟུང་ནས། སེམས་ཅན་གྱི་དོན་བྱེད་པར་ལུང་བསྟན་མཛད། སྟོན་པ་ཡེ་ཤུའི་རྗེས་འའབྲངས་པ་སྤྱིར་གོང་སྨོས་ལྟར་གཞན་ཕན་ལ་བརྩོན། གོང་ས་༧་རྒྱལ་བ་རིན་པོ་ཆེས་ཀྱང་འགྲོ་བ་མི་རིགས་པ་ཕགས་ཐོགས་བྱེད་པ་རང་རེ་སངས་རྒྱས་པ་དག་གིས་ཡེ་ཤུའི་རྗེས་འབྲངས་པ་དག་ནས་སློབ་དགོས་པ་གསུངས། ༡༨༦༡་ཙམ་ལ་ཨིན་ཡུལ་པ་མཁས་དབང་། ཨེད་ཝིན་ ཨརྣོལྡ་མཆོག་གིས་སངས་རྒྱས་ཀྱི་ལྟ་བ་དང་མཛད་པ་བསྟན་པའི། ཤར་ཡུལ་པའི་སྒྲོན་མ། ཞེས་པ་བརྩམས་ཏེ་༡༨༧༩་་ལ་སྤར་དུ་བསྐྲུན་པ། ཨིན་ཡུལ་དུ་ཚར་དྲུག་ཅུ། ཨ་མེ་རི་ཀཱར་ཚར་བརྒྱད་ཅུ་སྤར་བསྐྲུན་གྱིས་དེབ་ས་ཡ་མང་པོ་བཙོངས། ཀློག་པ་པོ་དེ་དག་ཕལ་ཆེ་བ་སྟོན་པ་ཡེ་ཤུའི་རྗེས་འབྲངས་པ་ཡིན་པར་རྗེས་སུ་དཔགས། དེ་བཞིན་ཡི་ཤུའི་ཆོས་ལུགས་སྤེལ་བ་པོ། བློ་གྲོས་ཀྱི་སྤྱན་ལྡན། ཨེཅ་ ཨེ་ ཞས་ཀེ་མཆོག་གིས་གར་ཞ་རུ། ༡༨༥༧ བོད་ཇར་མན་ཚིག་མཛོད་བཟོ་བ་མགོ་བཙུགས་ཏེ། ༡༨༧༡་དང༡༨༧༦སྤར་དུ་ཐོན། དེ་ཉིད་ཇར་མན་སྐད་ནས་ཨིན་ཡིག་ཏུ་བསྒྱུར་ཏེ། ༡༨༨༡ རྒྱ་གར་ཀ་ལ་ཀ་ཏྟཱ་རུ་སྤར་བསྐྲུན་བྱས་པ་དེ་མཆོག་ཏུ་གྱུར་པ་མཆིས་ཤིང་རང་རེའི་བོད་སྐད་ཚིག་མཛོད་དུ། མིང་ཚིག་རིམ་སྒྲིག་བྱེད་པའི་མིག་དཔེར་གྱུར་པ་ལགས་སོ།
གྲོ་བ་མི་རིགས་པ་ཕགས་ཐོགས་བྱེད། ཅེས་པ་འགྲོ་བ་མི་རིགས་ལ་ཕན་ཐོགས་བྱེད། ཞུས་དག་བྱས།
་་་་་་་་་་་་་་་་་་་་ དེ་བཞིན་ཡི་ཤུའི་ཆོས་ལུགས་སྤེལ་བ་པོ། བློ་གྲོས་ཀྱི་སྤྱན་ལྡན། ཨེཅ་ ཨེ་ ཞས་ཀེ་མཆོག་གིས་གར་ཞ་རུ། ༡༨༥༧ བོད་ཇར་མན་ཚིག་མཛོད་བཟོ་བ་མགོ་བཙུགས་ཏེ། ༡༨༧༡་དང༡༨༧༦སྤར་དུ་ཐོན། དེ་ཉིད་ཇར་མན་སྐད་ནས་ཨིན་ཡིག་ཏུ་བསྒྱུར་ཏེ། ༡༨༨༡ རྒྱ་གར་ཀ་ལ་ཀ་ཏྟཱ་རུ་སྤར་བསྐྲུན་བྱས་པ་དེ་མཆོག་ཏུ་གྱུར་པ་མཆིས་ཤིང་རང་རེའི་བོད་སྐད་ཚིག་མཛོད་དུ། མིང་ཚིག་རིམ་སྒྲིག་བྱེད་པའི་མིག་དཔེར་གྱུར་པ་ལགས་སོ། ་་་་་་་་་་་་་་་་་་་་་་་་་་
་་་་་་་་་་་་་ གར་ཞ་རུ། ༡༨༥༧ བོད་ཇར་མན་ཚིག་མཛོད་བཟོ་བ་མགོ་བཙུགས་་་་་་་་་་་་་་་་་་་་
ཡེ་ཤུའི་སྟོན་པའི་འཁྲུངས་སྐར་གུས་བརྩི་ཞུས་ན་མ་ཞུ་དང་། མ་ཞུས་ན་ཞུས་ཟེར་ནས་གང་ཡང་ཞུ་རྒྱུ་མེད། རང་རེའི་བོན་པོ་ཚོས་ཀྱང་སྟོན་པ་གཤེན་རབ་གར་སྐྱེ་གར་ཤི་དང་། ནམ་སྐྱེས་ནམ་ཤི་རེ་ཤེས་སོང་ན་དེའི་འཁྲུངས་སྐར་འདས་སྐར་བརྩི་སྲུང་དང་སྐྱེ་ས་ཤི་ས་ལ་སྐོར་བ་རེ་བརྒྱབ་ཆོག་གི་རེད། དེ་མ་ཤེས་པར་ང་ཚོའི་ཕ་མེས་ཀྱི་རིག་གཞུང་ཟེར་ནས་ལུང་པ་ཁུགས་ཀྱོག་ཏུ་སྐད་ཆེན་པོ་བརྒྱབ་བསྡད་རུང་ཕན་ཆེན་པོ་ཐོགས་ཀྱི་མ་རེད།
ཅོ་རི། ཡེ་ཤུས་ཆོས་ལུགས་པ་ཚོ་ང་ཚོ་ནང་བཞིན་མགོ་སླ་པོ་དེ་འདྲ་མ་རེད། ཁོང་ཚོ་གོང་ས་མཆོག་གི་བཀའ་ཆོས་ལ་ཡོང་བ་དེ་ནང་ཆོས་ལ་དད་པ་བྱས་ནས་ཡོང་བ་མ་རེད། ནང་ཆོས་ནི་ཆོས་ལུགས་ལས་བརྒལ་ནས་སེམས་ཀྱི་ཚན་རིག་དང་རྒྱ་ཆེ་ཞིང་ཏིང་ཟབ་པའི་ཤེས་བྱ་ཞིག་ལ་ངོས་འཛིན་གྱིས་བློ་སྐྱེད་གསར་པ་རེ་ཨེ་རག་ལྟ་རུ་ཡོང་བ་རེད། དེ་ཙམ་ཡང་མ་ཤེས་ན་འུར་རྒྱག་རྒྱུ་ཞོགས་ཤིག ཡེ་ཤུས་བླ་ཆེན་གྱིས་གོང་ས་མཆོག་དང་འཇལ་འཕྲད་མ་བྱས་པ་ལ་སྡུག་སྔལ་བྱེད་མཁན་ནི་ཡེ་ཤུ་ཚོ་རེད་མ་གཏོགས་ནང་པ་ཚོ་མ་རེད། ཡེ་ཤུ་ནང་ནས་ཀྱང་ཊུ་ཊུ་ལྟ་བུའི་བླ་ཆེན་དེ་ཚོ་རེད། འདིས་སྟེང་ནས་གོང་ས་ཆེན་པོའི་བླ་ན་མེད་པའི་གཟི་བརྗིད་དང་རིན་ཐང་དེ་ཡང་མཐོང་ཐུབ་པ་ཞིག་རེད། ཡིན་ན་ཡང་བོད་པ་ཡིན་ནང་པ་ཡིན་ཟེར་མཁན་ཀླད་མེད་ཁྱོད་ཚོ་དགའ་བས་མྱོས་འདུག་ག ཁྱོད་ཚོ་ལ་མིས་ཀླད་པ་བཞག་ནས་ཁྱིས་ཀླད་པ་ཙམ་ཡང་མེད་པ་གསལ་པོ་སྟན་འདུག ཧཧཧ ཤ་ཁྲག་ཅིག་པའི་བོད་མི་ས་ཡ་དྲུག་བཞག་ནས་རྒྱ་མི་དམར་པོའི་རྐུབ་ལྡག་མཁན་དོལ་རྒྱལ་བ་ཚོ་རེད་ད། བོད་ནང་གི་བོད་མི་མང་པོས་རང་དབང་གི་ཆེད་དུ་རང་ལུས་མེ་ལ་བསྲེགས་ནས་རྒྱ་གཞུང་ལ་འཐབ་རྩོད་བྱེད་དུས། རྒྱ་དངུལ་དམར་པོའི་བམ་ཁ་ལ་ལྟས་ནས་རང་གི་དབུ་ཁྲིད་དང་གཞུང་ལ་རྒོལ་མཁན་དོལ་ཚོགས་དང་དྲ་འབུ་ཁྱོད་ཚོ་མིན་ན་སུ་རེད།
བོན་པོ་ལགས། ངས་བོད་ཀྱི་ཕ་མེས་ཀྱི་ཆོས་བོན་ཆོས་ཡིན་པ་ཁས་ལེན་གྱི་ཡོད་ལ་གུས་ཞབས་ཡང་བྱེད་ཀྱི་ཡོད། ཡིན་ན་ཡང་བོན་པོ་ལ་ལས་རྫུན་ཆེན་པོ་དེ་འདྲ་བཤད་ཡོང་གི་འདུག དེ་ལ་ང་དགའ་པོ་མེད། སངས་རྒྱས་ཆོས་ལུགས་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་སྔོན་གྱི་ལོ་པཎ་ཚོས་དཀའ་ཚད་ཆེན་པོས་རྒྱ་གར་ནས་གདན་དྲང་ཡོང་བ་ལས་སྐྱབས་གཅོལ་ཡོང་བའི་ལོ་རྒྱུས་མེད་པ་རེད་ལ། བོན་པོ་ཚོས་སངས་རྒྱས་ཆོས་ལུགས་དར་སྤེལ་ལ་བཀག་འགོག་ཅི་ཐུབ་བྱས་པའི་ལོ་རྒྱས་ལས་གནས་ཚང་གཡར་བའི་ལོ་རྒྱུས་མེད། འོན་ཀྱང་འཐབ་རྩོད་ཀྱི་ཁྲོད་ནས་བོད་མི་མང་གིས་སངས་ཆོས་གདམ་ནས་བོན་ཆོས་ཕམ་སོང་བ་རེད། འདི་ནི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་ཡིན་པ་ལས་སུ་ལ་ཡང་ངན་ཁག་དཀྲི་ས་མེད་པ་རེད། དེས་ན་བོན་པོ་ཚོས་གོང་ས་མཆོག་གིས་བོན་ཆོས་ལ་ཆོས་རྒྱུད་གཞན་དང་ཐོབ་ཐང་འདྲ་མཉམ་གནང་བའི་བཀའ་དྲིན་དྲན་པར་གྱིས་ལ། ནང་ཆོས་དང་ནང་པའི་ཆོས་དཔོན་ཚོར་སྐུར་འདེབས་བྱེད་ཀྱི་མ་འདུག
སྤོབས་པ་མཐའ་ཡས་ལགས།
རྗེ་བཙུན་བྱམས་མགོན་ག་པ་འཁྲུངས་པ་རེད་ག་པ་ཤི་བ་རེད། སྤྱན་རས་གཟིགས་ག་པ་འཁྲུངས་པ་རེད་ག་པ་ཤི་པ་རེད། གཅིག་གསུང་རོགས་བྱོས་དང་། དེ་ནས་སྟོན་པ་གཤེན་རབ་ག་པ་འཁྲུངས་དང་ག་པ་ཤི་ངས་བཤད་ཆོག
ཅོ་རི་ལགས། རྗེ་བཙུན་བྱམས་པ་དང་འཇམ་དབྱངས་ཟེར་བ་དེ་ཚོ་ང་ཚོའི་སྟོན་པ་ནི་མ་རེད། གར་སྐྱེས་གར་ཤི་ང་ལ་ཆ་རྒྱུས་མེད། རྙེད་དགོས་དོན་ཡང་མེད། འདི་འདྲ་བ་བརྒྱ་བརྒྱ་སྟོང་སྟོང་རེད། འདི་ཚང་མ་སྐྱེས་ས་འཆི་ས་བཙལ་ཐུབ་གི་མ་རེད། བསྟན་པ་གཅིག་ལ་སྟོན་པ་གཅིག་ཡོད་པ་དེ་སྐྱེས་ས་འཆི་ས་མ་རྙེད་ན་ཐབས་སྐྱོ་པོ་རེད།
སྤྱན་རས་གཟིག་གར་ཤི་གར་སྐྱེས་མ་ཤེས་པར་བོད་གངས་ཅན་པ་སྤྱན་རས་གཙིགས་ཀྱི་གདུལ་བྱ་ཡིན་ཟེར་བསྡད་ན་ལུགས་མཐུན་རེད་པེ། བྱམས་མགོན་གར་ཤི་གར་སྐྱེས་མ་ཤེས་པར་བྱམས་ཆོས་སྡེ་ལྔ་ལ་སློབ་སྦྱོང་བྱས་བསྡད་ན་ཁུངས་དག་རེད་པེ།
སྟོན་པ་གཤེན་རབ་ཀྱི་ཤི་ས་དང་སྐྱེས་ས་མ་ཤེས་ན་ལུང་པ་ཁུག་ཀྱོག་ཏུ་སྐད་ཆེན་པོ་བརྒྱབས་བསྡད་ཡོད་པ་རེད་ཅེས་ཁྱོད་ཀྱིས་བཤད་པ་མ་ཡིན་ནམ། སྤྱན་རས་གར་ཤི་གར་སྐྱེས་མ་ཤེས་པར་བོད་གངས་ཅན་པ་ཡོངས་རྫོགས་དེའི་གདུལ་བྱ་ཡིན་ཟེར་བསྡད་ན་ལུང་པ་ཁུག་ཀྱོག་ནང་གི་སྐད་ལོགས་ཨེ་རེད།
དཔྱོད་ལྡན་ཅོ་རི་ཉི་མ་ལགས། ང་ཚོ་སྟོན་པ་སངས་རྒྱས་ཤཱཀྱ་ཐུན་པའི་རྗེས་འཇུག་རེད། ང་ཚོའི་བསྟན་པ་འདི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་རེད། མི་རིགས་དང་རྒྱལ་ཁབ་ཀྱི་ས་མཚམས་ཆུ་མཚམས་གང་ཡིན་ལ་མ་ལྟོས་པར་ང་ཚོ་ས་འདིའི་སྟེང་དང་གནམ་འདིའི་འོག་གི་ནང་པ་སངས་རྒྱས་པའི་རྗེས་འཇུག་ཚོ་སྟོན་པ་ཤཱཀྱ་ཐུབ་པ་སྐྱེས་ས་ཤི་ས་ལ་ཚང་མ་གྲོས་མ་བྱས་བསམ་པ་གཅིག་མཐུན་གྱིས་འཛོམ་ཡོང་གི་ཡོད་རེད། སྤྱན་རས་གཟིགས་ཅིག་ཅིག་མིག་ཟེར་མཁན་ཚོ་ལུང་པ་ཁུག་ཀྱོག་གི་ཡིད་ཆེས་དད་མོས་རེད། སྐྱེས་ས་འཆི་ས་དེ་ནང་པ་ཁྱོན་ཡོངས་ལ་གལ་ཆེན་པོ་གང་ཡང་མ་རེད། འདི་མ་རྙེད་ནས་ནང་པ་སངས་རྒྱས་པའི་བསྟན་པ་དེ་ཁུངས་མེད་ལུང་མེད་གང་ཡང་ཆགས་ཀྱི་མ་རེད། འདིའི་ནང་པ་སངས་རྒྱས་པ་ཚང་གི་ཆེ་མཐོང་གཟི་བརྗིད་ཀྱི་བ་སྤུ་གཅིག་ཀྱང་བསྒུལ་གྱི་མ་རེད། ནང་པ་སངས་རྒྱས་པ་བརྒྱ་ཆ་ཉུང་ཉུང་ཞིག་མ་གཏོགས་སྤྱན་རས་གཟིགས་ཟེར་བ་ཞིག་ཐོས་ཀྱང་མྱོང་ཡོད་ཀྱི་མ་རེད། གང་ཤེས། ངས་ཀྱང་དེ་ཚོའི་སྐྱེས་ས་འཆི་ས་གང་ཡིན་གནད་འགག་ཅིག་ལ་གང་ཡང་བརྩི་གི་མེད།
གཡང་དྲུང་བོན་གྱི་སྟོན་པ་གཤེན་རབ་སྐྱེས་ས་དང་ཤི་ས་གར་ཡིན་མི་རྙེད་པའི་དཀའ་ངལ་མེད། དང་པོར་་་རང་ཚོའི་བན་དེའི་སྤྱི་ཚོགས་ནང་གི་སངས་རྒྱས་སྐད་གྲགས་ཆེན་པོ་དེ་དག་གི་སྐྱེས་ས་ཤི་ས་གར་ཡིན་ངོ་སྤྲོད་བྱོས་དང་་་་་དེ་ནས་སྟོན་པ་གཤེན་རབ་སྐོར་བཤད་ཆོག་གི་རེད་བ།
ཨོ་ཡ་་་སྤོབས་མཆོག བོད་གངས་ཅན་པ་སྤྱན་རས་གཟིགས་ཀྱི་གདུལ་བྱ་ཡིན་ཟེར་བའི་སྐད་ཆ་དེ་ལུང་ཁུག་ནང་གི་སྐད་ལོགས་རྒྱག་གྱི་ཡོད་པ་ཡིན་པར་ཁས་ལེན་ན་བརྩད་པ་མེད་་་ཕར་ཞོག མ་ཎི་ཡང་ཁུངས་མེད་ཡིན་པར་ཆ་ཞོག དེར་འདོན་མཁན་ཚོ་སྨྱོ་པ་ཡིན་གྱི་རེད།
ཡིན་ཀྱང་བྱམས་མགོན་གྱིས་གསུངས་པའི་བྱམས་ཆོས་སྡེ་ལྔ་ཁུངས་དག་མིན་ན་ནང་བསྟན་ཁུངས་དག་མིན་པར་ཆགས་སོང་བ་མ་ཡིན་ནམ། བྱམས་མགོན་སྐྱེས་ས་ཤི་ས་གར་པ་ཡིན་ནམ། ཁུངས་སྐྱེལ་དགོས་ཀྱི་འདུག་ག་་ཧཧ
ཨོ་རེད་་་ད་དུང་་ན་ལེན་ཌའི་རྒད་པོ་ལོ་༩༠༠་ཅན་ཞིག་ཀྱང་ཡོད་པ།་་་ཧཧ
བྱང་སེམས་བྱམས་པ་ད་ལྟ་ཡུལ་དགའ་ལྡན་ཏུ་སི་ཏ་རུ་འདུག ང་དེར་མཇལ་ཁ་ལན་ཁ་ཤས་ཕྱིན་པ་ཡིན། སངས་རྒྱས་བྱམས་པ་མ་འོངས་པར་རྒྱ་གར་བི་ཧར་རྡོ་རྗེ་གདན་ལ་འཚང་རྒྱ་བགྱི་རེད། འཇམ་དབྱངས་རྒྱ་ནག་རི་བོ་རྩེ་ལྔ་དང་། སྤྱན་རས་གཟིགས་པོ་ཏ་ལར་འགྲོ་རྒྱུའི་ཝི་ས་རག་ན་མཇལ་ཁ་རང་བགྱིད་ཡོད་ས་རེད། ཧཧཧ། སྤོབས་མཐར་སྐུ་རྩེད་ཚུལ་དུ་བྱས་སོ།། །།
བཀའ་བསྟན་འགྱུར་གྱི་མ་དཔེ་སཾ་སྐྲི་ཏའི་སྐད་ཐོག་ཏུ་བྲིས་ཡོད་ཟེར་བའི་དཔེ་ཆ་དེ་དག་ག་པ་ཡོད་དམ། འཛམ་གླིང་ཐོག་ཏུ་ཅང་ཡོད་ཟོལ་མི་འདུག་ག མ་དཔེ་མེད་པའི་ཕྲུ་གུ་ཞིག་སྐྱེས་པ་འདི་ཡང་ཡ་མཚན་ཆེན་པོ་རེད་བ། བོན་པོའི་རྩ་ནས་འཕྲོག་པ་དང་ཡིན་གྱི་མ་རེད་བ།
དྲ་གྲོགས་དཔྱོད་ལྡན་ཅོ་རི་ཉི་མ་ལགས། བཀའ་བསྟན་གྱི་མ་དཔེ་ཡོད་པ་དང་མེད་པ་ཅི་རིགས་པ་རེད། རྒྱ་དཔེ་ད་ལྟ་མེད་ན་ཡང་སྔོན་དུས་སུ་ཡོད་པའི་དཔང་རྟགས་ཡོད་པ་ཧ་ཅང་མང་པོ་རེད། རྒྱ་དཔེ་འབོར་ཆེན་ཞིག་ད་ལྟ་ཡང་ཡོད་པ་རེད། དགེ་འདུན་ཆོས་འཕེལ་གྱིས་ཀྱང་མང་པོ་ཞིག་ཡོད་ཚུལ་བྲིས་འདུག དགེ་ཆོས་ཀྱི་གྲོགས་པོ་ར་ཧུལ་གྱིས་ཀྱང་དྲེལ་རྒྱབ་མང་པོ་བོད་ནས་ཚུལ་རྒྱ་གར་ཁྱེར་ཡོང་ཚུལ་འདུག དཔེར་ན། ཚད་མ་རྣམ་འགྲེལ་སོགས་ཀྱི་རྒྱ་དཔེ་ཐོ་རེ་བ ཞིག་ཡོད་ཚུལ་འདུག དེ་བཞིན་དུ་ད་ལྟ་མེད་ན་ཡང་ལོ་རྒྱུས་དཔང་རྟགས་རང་གིས་ཡོད་པར་ཁ་གྲག་པ་དཔེར་ན། མདོ་སྡེ་པདྨ་དཀར་པོ་དང་། དྲི་མ་མེད་པར་གྲགས་པས་ཞུས་པའི་མདོ། རྡོ་རྗེ་གཅོད་པ་སོགས་ཕོན་ཆེན་ཞིག་བོད་སྐད་དུ་བསྒྱུར་བ་ཅི་བཞིན་རྒྱ་ནག་སྐད་དུ་ཡང་འགྱུར་ཡོད།
བོན་གྱི་མ་དཔེ་དེ་ཚོ་སྟག་གཟིག་གི་སྐད་ནས་བསྒྱུར་བ་རེད། ངས་ནི་སྤྱི་ལོ་༡༩༥༩་གོང་གི་བོན་རང་གི་འདོད་ཚུལ་གཙང་མ་གཞིར་བཞག་ནས་བཤད་ཀྱིན་ཡོད་མ་གཏོགས་དེང་སང་གི་མགོ་བདེ་ཁ་བདེ་ཚོས་ཡར་ཁྲིད་མར་ཁྲིད་བྱེད་པའི་རྗེས་སུ་འབྲངས་ཀྱིན་མེད། དང་པོ་དེ་ཚོ་ཁུངས་སྐྱེལ་ཐུབ་ན་ད་གཟོད་རྐུན་མ་རྩད་གཅོད་བྱེད་ཆོག་གི་རེད།
སྤྱན་རས་གཟིགས་དང་། འཇམ་པའི་དབྱངས་ཟེར་བ་དེ་ཚོ་གཅིག་བྱས་ན་ལྷ་སྒྲུང་གི་མི་སྣ་ཡིན་སྲིད་པ་རེད། གཅིག་བྱས་ན་གནའ་བོའི་རྒྱ་གར་བའི་མི་རྒན་གྲོངས་ཟིན་པ་དེ་འདྲའི་རྣམ་ཤེས་ལ་གསོལ་མཆོད་བྱེད་པའི་སྲོལ་ལས་བྱུང་བ་ཡིན་སྲིད་པ་རེད། གཅིག་བྱས་ན་མི་དངོས་གནས་ཡོད་སྲིད་པ་རེད། གང་ལྟར་འདི་ཚོ་ནང་པ་སངས་རྒྱས་པ་སྤྱི་ཡོངས་ལ་གལ་ཆེན་དོན་ཆེན་གང་ཡང་མ་རེད། ས་ཁུག་ལུང་ཀྱོག་གི་དད་མོས་ཡིད་ཆེས་ལ་འདྲ་མི་འདྲ་ཡོང་སྲིད་པ་རེད། དེ་ཚོ་རྙེད་མི་རྙེད་ཀྱིས་ནང་པ་སངས་རྒྱས་པ་སྤྱི་ཡོངས་ལ་ཕན་གནོད་གང་ཡང་མེད་པ་རེད།
ནང་པ་སངས་རྒྱས་པའི་བཀའ་བསྟན་ནང་ན་ཡང་ཕན་ཐོགས་མེད་དམ་བེད་སྤྱོད་ཡོད་མེད་ཅི་རིགས་ཡོད་ཚུལ་སྐོར་ལ་སྔོན་མ་ངས་བཀའ་བསྟན་དབྱིན་བསྒྱུར་སྐོར་ལ་བསམ་ཚུལ་རིང་པོ་ཞིག་བྲིས་ནས་བོད་ཀྱི་དུས་བབ་དྲ་རྒྱར་བཀོད་ཀྱང་མྱོང་།
ཤཀྱའི་རྗེས་འཇུག་པ་བོད་གཅིག་པོ་མ་རེད། རྒྱ་གར་དང་ཐག་ཉེ་ཤོས་སེང་རུ་ལ་གྷ་དང་། དེ་ནས་ཐད་ལེན་ཌ། འབར་མ། ཤཀྱའི་རྒྱལ་པོ་འཁྲུངས་ཡུལ་བལ་པོ་སོགས་ལ་བཀའ་བསྟན་འགྱུར་དེ་འདྲ་མང་པོ་ཞིག་ཡོད་ཟོལ་མི་འདུག ཁྱོད་ཀྱི་བཤད་པ་ལྟར་ཉན་ཐོས་སྡེ་བའི་མདོ་ཙམ་ལས་བཀའ་འགྱུར་ཟེར་བ་ཡོད་ཟོལ་མི་འདུག བོད་པའི་བཀའ་བསྟན་འགྱུར་བསྒྱུར་བ་ལྟར་རྒྱལ་ཁབ་གཞན་ཚོས་བསྒྱུར་མ་ཐུབ་པ་ནི་ཡིན་གྱི་མ་རེད། བསྒྱུར་འདོད་མེད་པ་ནི་ཡིན་གྱི་མ་རེད། བོད་ལས་སྤྱང་པ་དང་འཇོན་པའི་རྒྱལ་ཁབ་དེ་དག་གི་ནང་དུ་བཀའ་འགྱུར་པོ་ཏི་མང་པོ་དེ་འདྲ་མི་འདུག་ག་་་ཧཧཧ
གཏན་ཚིགས་གང་ལ་བརྟེན་ཀྱང་ཡིད་ཆེས་དཀའ་བའི་གནས་ཚུལ་མང་པོ་འདུག མ་ཟད་གྲྭ་ཆས་ལ་བལྟས་ནའང་བོད་ཀྱི་བན་དེའི་གྲྭ་ཆས་དང་བོན་པོའི་གྲྭ་ཆས་གཉིས་འདྲ་བ་ལས་ཤཀྱའི་རྒྱལ་པོའི་ན་བཟའ་དང་མི་འདྲ་བ་མིག་མདུན་དུ་འདུག བོད་ཀྱི་བོན་བན་གཉིས་འབྲེལ་བ་ཆེན་པོ་འདུག བོན་གཞུང་བཀླགས་ན་བན་ཆོས་སྦྱངས་མྱངས་མཁན་ཞིག་ཡིན་ན་དོན་གོ་མི་ཐུབ་པའི་དཀའ་ངལ་མི་འདུག
ཕྱོགས་གང་བལྟས་ཀྱང་ཕར་འདྲེས་ཚུར་འདྲེས་ཡོད་པ་ནི་མངོན་སུམ་རེད་འདུག་་་་བསམ་ཚུལ་ཙམ་ཡིན།
བལ་ཡུལ་ལུམ་བི་ནི་རུ་ལོ་ ༢༦༠༠ གོང་དུ་འཁྲུངས་ཤིང་རྒྱ་གར་ཡུ་པི་རྩ་ཆོག་གྲོང་དུ་གྲོངས་མཁན་དེ་ངེད་ཅག་གི་སྟོན་པ་ཡིན་ནི་རེད། བོན་སྟོན་ཆོས་ཅན། འཁྲུངས་ས་དང་འཁྲུངས་ཚེས་འདས་ཚེས་མེད་དེ། མེད་པའི་ཕྱིར། འོལ་མོ་ལུང་རིང་བཞིན།
དཔྱོད་ལྡན་བགྲོ་གླེང་བ་ཅོ་རི་ཉི་མ་ལགས། དེ་ག་རང་རེད་ལགས། ང་ཡིད་མི་ཆེས་དོན་དེ་བན་དེ་དང་བོན་པོ་འདྲ་ཆེ་སོང་བས་རེད། བོན་པོ་རང་གི་ལོ་རྒྱུས་ནང་དུ་བོན་གྱི་ལུགས་དེ་རྒྱ་གར་དང་རྒྱ་ནག་ཏུ་རྒྱ་ཆེན་པོ་དར་ཚུལ་བྲིས་འདུག རྒྱ་གར་ནག་གི་ལོ་རྒྱུས་ནང་དུ་གཏན་ནས་མེད་པ་རེད། དེ་འདྲ་བ་ལ་རྫུན་རྐུབ་རྡོལ་བ་ཞེས་འབོད་ཆོག་པ་རེད།
ང་ཚོ་བོད་དུ་སངས་རྒྱས་ཀྱི་གསུངས་རེད་ཟེར་ནས་བསྒྱུར་ཚད་ཚང་མ་སངས་རྒྱས་ཀྱི་གསུངས་མ་ཡིན་པ་ངས་ཀྱང་འདོད་བཞིན་ཡོད། འདི་སངས་རྒྱས་ཀྱི་གསུངས་རེད་དང་འདི་མ་རེད་ཟེར་ནས་བཤད་ཀྱང་ཤེས་ཀྱིན་མེད། ཡིན་ན་ཡང་། མང་པོ་ཞིག་རིགས་པས་དཔྱད་ན་ཕྱོགས་ཙམ་ཤེས་ནུས་ཀྱི་རེད། དཔེར་ན། རྒྱུད་སྡེའི་སྐོར་དེ་སྟོན་པའི་གསུངས་མ་ཡིན་པ་བརྒྱ་ཆ་བརྒྱ་རེད། རྒྱུད་ཀྱི་སྐོར་དེ་ཧིན་དྷུ་ལ་དཔེ་བལྟས་ནས་ནང་སངས་རྒྱས་པས་རྗེས་སུ་བཟོས་པ་རེད། ཐེག་པ་ཆེན་པོ་ཡང་སངས་རྒྱས་ཀྱི་གསུངས་ལ་བརྟེན་ནས་བཟོས་པ་མ་གཏོགས་སངས་རྒྱས་ཀྱིས་དངོས་སུ་མ་གསུངས་པ་གསལ་པོ་རེད། དེ་འདྲ་བྱས་ནས་དཔྱད་ཡོང་དུས་བཀའ་བསྡུ་བ་རིམ་པ་གསུམ་ཀྱི་ནང་དུ་ཚུད་ཡོད་པའི་ཡིག་ཆ་བཀའ་འགྱུར་གྱི་བཞི་ཆ་གཅིག་ཀྱང་ཡོད་མེད་དཔྱད་གཞི་རེད།
ཨོ་རེད་་་སྤོབས་མཆོག་་་་ཏ་ཟིག་གི་སྐད་ཡིག་ཟེར་ནའང་འདྲ། བོད་ཡིག་ཟེར་ནའང་ཆོག ང་ཚོས་བེད་སྤྱོད་བཞིན་པའི་སྐད་ཡིག་འདི་ཏ་ཟིག་གི་སྐད་ཡིག་ཡིན། བོན་པོ་ཐོན་མི་མ་སྐྱེས་པའི་སྔོན་ནས་བོད་ལ་སྐད་ཡིག་ཡོད། དཔང་རྟགས་ཡང་རྙེད་འདུག་ག ཞང་ཞུང་གི་སྐད་ཡིག་ལ་ཐོན་མིས་ལེགས་བཅོས་བྱས་པ་ལས་ཐོག་མ་གསར་བཟོ་བྱས་མཁན་མིན།
བཀའ་བསྟན་འགྱུར་ཏ་ཟིག་གི་སྐད་ཡིག་ནས་བོད་སྐད་ལ་སྒྱུར་གྱི་མེད་པར་ཐལ་སྐད་ཡིག་འདི་གཉིས་གསར་རྙིང་ཙམ་གཏོགས་གཅིག་པའི་ཡིན་ཕྱིར་་་་ཞེས་བཀོད་ན་ལན་གང་ཡོད་དམ།
མཁྱེན་ལྡན་ཅོ་རི་བ་ལགས། སྟོན་པ་གཤེན་རབ་ཀྱི་(གཤེན་སྒྲུང་)རྣམ་ཐར་ལོ་རྒྱུས་ཡིན་ཟེར་བའི་སྒྲུང་གཏམ་དེ་ཚོའི་ནང་དུ་སྟག་གཟིག་གི་སྐད་ནས་ཞང་ཞུང་གི་སྐད་དུ་བསྒྱུར། དེ་ནས་བོད་སྐད་དུ་བསྒྱུར་ཞེས་འཁོད་འདུག ཡིན་ན་ཡང་། ན་ཚ་ཆེ་ཤོས་དེ་དཔང་རྟགས་མེད་པའི་དཀའ་ངལ་རེད། བོན་གྱི་དཔེ་རྙིང་རང་གི་ནང་དུ་བཤད་པ་དང་དེང་དུས་དངོས་སུ་མཐོང་བའི་དཔང་རྟགས་གཉིས་པོ་ཆ་མ་མཚུངས་པའི་དཀའ་ངལ་རེད། དུས་རབས་བཅུ་པའི་གོང་དུ་བོན་ཡོད་པའི་དཔང་རྟགས་ལ་ལྷ་སྐུ་ཆག་རོ་གཅིག་གམ། ཡིག་གེ་ཤོག་ལྷེ་གཅིག་གམ། རྩིག་ཆག་ཞིག་རོ་གཅིག་ཀྱང་བསྟན་ཐུབ་ཀྱི་མི་འདུག དམར་མཆོད་སོགས་ལྷ་གསོལ་གཏོ་བཅོས་བྱེད་མཁན་གྱི་བོན་ཟེར་བ་ཡོད་སྲིད་ན་ཡང་དེང་དུས་ཀྱི་ང་ཚོའི་སྤྱི་ཚོགས་ནང་གི་བོན་དང་བསྡུར་ན་ཁྱད་པར་གནམ་ས་ལྟ་བུ་རེད། སྟོན་པ་གཤེན་རབ་ཀྱི་ལོ་རྒྱུས་ནང་དུ་གསས་མཁར་སྟོང་ཕྲག་བཞེངས་ཚུལ་སོགས་བྲིས་འདུག དེ་ཚོའི་རྩིག་ཆག་གཅིག་ཀྱང་བསྟན་ཐུབ་ཀྱི་མེད་པ་ཁྱད་མཚར་རེད་བསམ་གི། བོད་དུ་གནའ་ཤུལ་སྔོགས་འདོན་གཞི་རྒྱ་ཆེ་ཙམ་ཁ་ཤས་བྱས་པ་རེད། དེ་དག་གི་གྲས་སུ་ད་བར་དུ་བོན་ཟེར་བ་ཞིག་སྔོན་དུས་སུ་ཡོད་པའི་དཔང་རྟགས་གཅིག་ཀྱང་རྙེད་མེད་པ་རེད།
བོད་གངས་ཅན་པའི་ཕ་མེས་ཚོའི་སྟོན་པ་གཤེན་རབ་ཆོས་ཅན། འཁྲུངས་ས་དང་འཁྲུངས་ལོ་ཡོད་པར་ཐལ། ཕྱི་ལོའི་སྔོན་ ༡༦༠༡༧ལོར་སྟོད་མངའ་རིས་སུ་འཁྲུངས་པའི་ཕྱིར། བོད་གཡུང་དྲུང་གི་རྒྱལ་ཁབ་ཆེན་མོའི་ལོ་རྒྱུས་ཆུ་རྒྱུན་ལས་རིང་པའི་ཕྱིར། གཡུང་དྲུང་གི་རྒྱལ་པོ་ཆེན་པོ་ཚོའི་མཛད་རྗེས་གངས་ཏ་ཟིག་ལས་མཐོ་བའི་ཕྱིར།
ཏ་ཟིག་འོལ་མིན་ལུང་རིངས་དང་ཞང་ཞུང་གཉིས་ཡུལ་གཅིག་རེད། ཏ་ཟིག་གི་སྐད་ཡིག་དང་ཞང་ཞུང་གི་སྐད་ཡིག་གཉིས་གཅིག་པ་རེད། ཁ་ཁར་ག་འདྲ་སུ་ཡོད་རེད་དམ། གཅིག་ནས་གཅིག་ལ་བསྒྱུར་རྒྱུ་མེད་པ། གསར་རྙིང་ཙམ་མ་གཏོགས་དེང་སང་འབྲི་བཞིན་པའི་བོད་ཡིག་འདི་ཡང་ཞང་ཞུང་གི་སྐད་ཡིག་རེད། སྟོད་མངས་རིས་བའི་སྐད་ཡིག་རེད།
དཔྱོད་ལྡན་ཅོ་རི་བ་ལགས། སྟོན་གཤེན་རབ་འཁྲུངས་ལོ་༡༦༠༡༧ཞེས་པའི་ལོ་བརྩི་སྟངས་དེ་ལ་འགྲེལ་བཤད་ཅིག་ཡོད་པར་ཞུ། ངས་དེ་ཡག་པོ་གོ་མ་སོང་ལགས།
སྟོན་པ་གཤེན་རབ་སྟག་གཟིག་ནས་འཁྲུངས་ཞེས་པ་མ་གཏོགས་མངའ་རིས་ནས་འཁྲུངས་ཟེར་བ་མེད་ཐོག་ཞང་ཞུང་ནས་འཁྲུངས་ཟེར་བ་ཡང་མི་འདུག་བསམ་སོང་། ཡིན་ན་ཡང་། ངས་བོན་གྱི་ལོ་རྒྱུས་ཁ་ཤས་རེ་བཀླགས་པ་མ་གཏོགས་གཞུང་ལུགས་མང་པོ་ཞིག་ལ་བལྟས་མེད་པས་ཞང་ཞུང་ནས་འཁྲུངས་པའི་ཁུངས་ཡོད་ན་སྟོན་རོགས་ཞུ།
སྟག་གཟིག་གི་སྐད་དང་ཞང་ཞུང་གི་སྐད་གཉིས་མི་གཅིག་ཚུལ་ནི་སྟོན་པ་གཤེན་རབ་ཀྱི་སྒྲུང་གི་ནང་དུ་ཡོང་གིན་འདུག སྟག་གཟིག་དང་ཞང་ཞུང་མི་གཅིག་ཅིང་སྟག་གཟིག་གི་སྐད་དང་ཞང་ཞུང་གི་སྐད་ལོགས་སུ་ཡོད་ཚུལ་བཤད་ཡོད་ས་དེ་གཤེན་སྒྲུང་དེ་ཚོ་རེད།
ང་ཚོས་སྐད་ཆ་དྲང་པོ་བཤད་དགོས་རེད། བོན་པོའི་དམར་མཆོད་ཕུལ་རེད་ཟེར་ནས་བན་དེ་ཚོས་བཤད་ཀྱི་རེད། ལྷ་སའི་རྡོ་རིང་གི་ངོས་སུ་ཐང་བོད་རྒྱལ་ཁབ་ཆེན་མོ་གཉིས་ཀྱིས་མནའ་གན་བཞག་སྐབས་སུ་ཆོས་རྒྱལ་ཁྲི་རལ་པས་དམར་མཆོད་ཕུལ་ཡོད་པར་རྡོ་རིང་ཐོག་ཏུ་བྲིས་འདུག ཁྲི་རལ་བོན་པོ་རེད་དམ་བན་དེ་རེད།
ཞང་ཞུང་བོད་ཀྱི་མངའ་ཁུངས་མ་ཚུད་པའི་སྔོན་དུ་མངའ་རིས་ཅེས་འབོད་ཀྱི་ཡོད་ཟོལ་མི་འདུག བོད་ཀྱི་མངའ་ཁུངས་མ་ཚུད་པའི་སྔོན་དུ་ཏ་ཟིག་དང་ཞང་ཞུང་རྒྱལ་ཁབ་ཟེར་བ་ལས་མངའ་རིས་རྒྱལ་ཁབ་ཟེར་བ་ཤིག་འབོད་ཀྱི་ཡོད་ཟོལ་མི་འདུག མངའ་རིས་ཅེས་པའི་ཐ་སྙད་འདི་ཞང་ཞུང་བོད་ཀྱི་དབང་དུ་སྡུད་པའི་རྗེས་སུ་སྟོད་མངའ་རིས་ཅེས་འབོད་ཀྱི་ཡོད་ཟོལ་འདུག
་་་་་་་་་་་་་་་་ རྒྱུད་སྡེའི་སྐོར་དེ་སྟོན་པའི་གསུངས་མ་ཡིན་པ་བརྒྱ་ཆ་བརྒྱ་རེད། རྒྱུད་ཀྱི་སྐོར་དེ་ཧིན་དྷུ་ལ་དཔེ་བལྟས་ནས་ནང་སངས་རྒྱས་པས་རྗེས་སུ་བཟོས་པ་རེད། ཐེག་པ་ཆེན་པོ་ཡང་སངས་རྒྱས་ཀྱི་གསུངས་ལ་བརྟེན་ནས་བཟོས་པ་མ་གཏོགས་སངས་རྒྱས་ཀྱིས་དངོས་སུ་མ་གསུངས་པ་གསལ་པོ་རེད། ་་་་་་་་་་་་་་་་་་ཟེར།
་་་་་་་་་་་་་་་ # 76 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
December 28th, 2014 at 5:32 AM
བོད་གངས་ཅན་པའི་ཕ་མེས་ཚོའི་སྟོན་པ་གཤེན་རབ་ཆོས་ཅན། འཁྲུངས་ས་དང་འཁྲུངས་ལོ་ཡོད་པར་ཐལ། ཕྱི་ལོའི་སྔོན་ ༡༦༠༡༧ལོར་སྟོད་མངའ་རིས་སུ་འཁྲུངས་པའི་ཕྱིར། ་་་་་་་་་་་་
རྒྱ་ནག་བཀའ་འགྱུར་ཏུ། བོད་ཀྱི་བཀའ་འགྱུར་ལ་ཡོད་པའི་མདོ་སྡེ་བརྒྱ་ཆའི་༩༥་ཙམ་ཡོད་ཐག་ཆོད་རེད། ཐེག་ཆེན་མདོ་སྡེ་རྣམས་ཕལ་ཆེ་བ་དུས་རབས་དྲུག་པའི་མཇུག་ནས་བཟུང་བསྒྱུར་བ་རེད།ཐང་སན་ཙང་ནས་སོག་པོའི་རྒྱལ་རབས་སྔོན་ཏུ་བསྒྱུར་བ་ལ་། སྔགས་ཀྱི་སྐོར་ལ། བྱ་རྒྱུད་ཐུགས་ཆེན་སྐོར། སྦྱོང་རྒྱུད་ཕལ་ཆེ་བ། ཡི་དམ་སྐོར་ལ། རྡོ་རྗེ་སེམས་དཔའ། ཁྲོ་བོ་བཅུ། རྡོ་རྗེ་ཕུར་བ། མཁའ་འགྲོའི་སྐོར་ལ་སྲུང་བའི་ལྷ་མོ་ལྔ། གདུགས་དཀར། འོད་ཟེར་ཅན་མ། ལྷ་མོ་ཙུནྡེ། དཔལ་ཆེན་མོ། སྲུང་མའི་སྐོར་ལ། རྒྱལ་ཆེན་སྡེ་བཞི། མགོན་པོ། སྐར་མ་ས་ག དགྲ་གཅན་སྟེ་རཱ་ཧུ་ལ་སོགས་བཞུགས་ཀྱང་ཤིན་ཏུ་གསང་བ་བྱེད། སོག་པོའི་རྒྱལ་རབས་མཇུག་ནས་བོད་ལ་ཡོད་པའི་རྒྱུད་སྡེ་མང་པོའི་སྒྲུབ་སྐོར་བསྒྱུར་འདུག །རྒྱ་ནག་དང་། ཀོ་རི་ཡ། ཉི་ཧོང་སོགས་མང་ཆེ་བའི་ཡི་དམ་སྤྱན་རས་གཟིགས་དང་། ཁ་འདོན་སྤྱན་རས་གཟིགས་ཀྱི་མཚན་དང་མ་ཎི་རེད་ཅེས་སྨྲས་ཀྱང་ཐལ་ཆེ་བ་མི་འགྱུར་རོ། །
ཕྱི་ལོའི་སྔོན་གྱི་ ༡༦༠༡༧ གཤེན་ལོ་འདིས། འཁོར་བ་འཇིག སེར་ཐུབ། འོད་སྲུངས་སོགས་དྲན་དུ་བཅུག་སོང་།
པྱི་ལོ། ༢༨་ནས་༧༠་བར་རྒྱ་་ནག་གི་རྒྱལ་པོ། ཧན་མིང་ཏེ་汉明帝ཟེར་བའི་སྐབས་རྒྱ་གར་གྱི་སློབ་དཔོན་གཉིས་རྒྱ་ནག་ཏུ་ཡོང་། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་བསྟན་ཏེ་ཐམས་ཅད་ཡིད་ཆེས་པའི་གནས་ལ་བཀོད། སློབ་དཔོན་ཀ་ཡ་མུ་ཐིན། 迦葉摩騰 ་ ཀུ་ཧྥ་ལན་竺法蘭་རྣམ་གཉིས་ཀྱིས་མདོ་སྡེ་ལེའུ་ཉེར་བཞི་པ་ཟེར་བ་ཐོག་མར་བསྒྱུར། (四十二章經)དེ་ནས་རིམ་པར་ཆོས་སྒོ་བརྒྱ་རྩ་ཟེར་བ་བསྒྱུར། (百法明门经)ཟེར་བའི་ཐེག་པ་གསུམ་བསྡུས་པའི་བསྟན་བཅོས་བསྒྱུར། ཐེག་ཆེན་ཞེས་པའི་གྲགས་པ་རྒྱས། གསང་སྔགས་ཀྱི་ཆོས་ཡོད་པར་ཡོངས་སུ་གྲགས་ཀྱང་སྦས་པའི་ཚུལ་ལས་ཀུན་ཀྱིས་སྦྱང་མི་ཆོག་པའི་བཀའ་རྒྱ་མཛད། རིམ་པར། དགེ་སློང་ཨན་ཧྲི་ཀོ་安世高法師 ཟེར་བའི་དུས་ནས་ཐེག་ཆེན་རྣམས་རིམ་པར་བསྒྱུར། རྒྱ་ནག་ལ་ཆོས་བརྒྱུད་ཆེན་པོ་བརྒྱད་བྱུང་། 八種宗派,(華嚴宗、禪宗、淨土宗、律宗、天台宗、法相宗、三論宗、真言宗)དེའང་། ཕལ་པོ་ཆེ། བསམ་གཏན་པ། དག་ཞིང་པ། འདུལ་བ་པ། གནམ་སྐས་པ། མཚན་ཉིད་པ། བསྟན་བཅོས་གསུམ་པ། བདེན་ཚིག་པའམ་གསང་སྔགས་པའོ། ། དེས་ན་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ཙམ་ནས་ཐེག་ཆེན་དང་སྔགས་གཉིས་ཀ་རྩོད་མེད་དུ་དར་ཡོད་པར་མངོན་ནོ། ། སངས་རྒྱས་ཀྱིས་མ་གསུངས་པའི་བདེན་དཔང་ཡང་མི་རྙེད་དོ། །
རྒྱ་ནག་ལ་ཆོས་བརྒྱུད་ཆེན་པོ་བརྒྱད་བྱུང་།
ཕལ་པོ་ཆེ།
བསམ་གཏན་པ།
དག་ཞིང་པ།
འདུལ་བ་པ།
གནམ་སྐས་པ།
མཚན་ཉིད་པ།
བསྟན་བཅོས་གསུམ་པ།
བདེན་ཚིག་པའམ་གསང་སྔགས་པའོ། །
་་་་་་་་་་་་་་་་་་་ དེས་ན་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ཙམ་ནས་ཐེག་ཆེན་དང་སྔགས་གཉིས་ཀ་རྩོད་མེད་དུ་དར་ཡོད་པར་མངོན་ནོ། ། སངས་རྒྱས་ཀྱིས་མ་གསུངས་པའི་བདེན་དཔང་ཡང་མི་རྙེད་དོ། ། ་་་་་་་་་་་་་་་་་་་་་་་
འདི་ལ་རྒྱབ་སྐྱོར་བརྒྱ་ཆ་ཐམ་པ་ཡོད་དོ།།
ཅོ་རི་ཞེས་པ་འདི་ནི་ཅི་ཡང་མི་ཤེས་པའི་བླུན་པོ་འུར་སྒྲོག་མཁན་ཞིག་རེད། འཕགས་མཆོག་སྤྱན་རས་གཟིགས་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་སྙིང་རྗེ་ཆེན་པོ་ལྷ་སྐུ་ཞལ་ཕྱག་གི་རྣམ་པར་ཤར་བ་ཞིག་ཡིན་པས་ས་འདི་ནས་སྐྱེས་དང་འདི་ནས་ཤི་ཟེར་བ་ཞིག་སྟན་རྒྱུ་ག་ལ་ཡོད། ཡང་མི་ཁྱོད་ཚོས་དེ་ཚོ་ལྷ་སྒྲུང་རེད་ངས་ཁས་མི་ལེན་ཟེར་ངེས་ཀྱང་། རྒྱ་མཚན་དྲིས་ན་ང་ཡིད་མི་ཆེས་ཟེར་བ་ཙམ་ལས་དེ་འདྲ་ཡོང་མི་ཆོག་པའི་སྒྲུབ་བྱེད་ནི་ཁྱེད་ཚོ་ལ་གང་ཡང་མེད་པ་གསལ་པོ་རེད། དེ་ཅིག་ཡིན། གཉིས་ནས་བཀའ་བསྟན་འགྱུར་བསྒྱུར་བའི་གཞི་རྒྱ་དཔེ་སྟན་རྒྱུ་མི་འདུག་ཟེར་ཡང་དེ་ནི་ལོ་རྒྱས་མ་ཤེས་པའི་སྐྱོན་རེད། སྤྱིར་བོད་ནང་གི་ས་སྐྱ་སྤྲུལ་པའི་ལྷ་ཁང་དང་ཞ་ལུ་སོགས་སུ་རྒྱ་དཔེ་ཕོན་ཆེན་པོ་ཡོད་པ་མཁས་དབང་དགེ་ཆོས་ཀྱི་གསུང་འབུམ་ནང་དུ་གསལ་པོ་བཀོད་འདུག་ལ། རྒྱ་གར་ལ་མཚོན་ན་ནང་པའི་གནས་གཞི་ཆེ་ཤོས་ནཱ་ལེནྡྲ་དང་བི་ཀྲ་མ་ལ་ཤཱི་ལ་གཉིས་པོ་ཁ་ཆེའི་དམག་གིས་བཅོམ་ནས་དཔེ་མཛོད་མེ་ལ་སྲེགས་ཤོར་བའི་ལོ་རྒྱུས་ཡོད་པས་དེང་སང་རྒྱ་གར་ལ་རྒྱ་དཔེ་མཐོང་རྒྱུ་མེད་པའི་རྒྱུ་མཚན་དེ་ལ་ཐུག་ཡོད་པ་རེད། གཞན་ཡང་ཐེག་ཆེན་མ་དར་སའི་ལུང་པ་དེ་ཚོའི་ནང་ལ་ཐེག་ཆེན་གྱི་མདོ་མི་བསྒྱུར་བ་ནི་སུས་ཀྱང་ཤེས་ཐུབ་པ་ཞིག་རེད་ལ། ཐེག་ཆེན་དར་ས་དཔེར་ན་རྒྱ་ནག་ལྟ་བུ་ལ་མཚོན་ན་རྒྱ་གར་ནས་བསྒྱུར་བའི་དཔེ་ཆ་ཧ་ཅང་མང་པོ་ཡོད་པ་གོ་མྱོང་། ཡིན་ན་ཡང་བོད་ནང་བཞིན་མེད་པ་ལ་རྒྱུ་མཚན་ཡོད་པ་རེད། བོད་ཀྱི་ཆོས་རྒྱལ་ཚོས་སངས་རྒྱས་ཀྱི་ཆོས་བོད་ལ་བསྒྱུར་རྒྱུའི་ཆེད་དུ་དཀའ་ལས་རྒྱབ་པ་ལྟ་བུ་ཞིག་སུས་ཀྱང་རྒྱབ་མེད་པ་གསལ་པོ་རེད། དཔེར་ན་བོད་ནང་མཁན་ཆེན་ཞི་བ་མཚོ་དང་ཀ་མ་ལ་ཤཱི་ལ་སོགས་སྔ་འགྱུར་གྱི་དུས་དང་། ཇོ་བོ་རྗེ་སོགས་ཕྱི་འགྱུར་གྱི་དུས་སུ་རྒྱ་གར་གྱི་པནྜི་ཏ་མཁས་པའི་དབང་པོ་ཧ་ཅང་གི་མང་པོ་ཞིག་བོད་ལ་དངོས་སུ་བྱོན་ཡོད་པ་དང་། དེ་བཞིན་བོད་ཀྱི་ལོ་ཙཱ་བ་གྲངས་ཀྱིས་མི་ལང་བ་ཞིག་རྒྱ་གར་ལ་བཏང་ཡོད་པ་འདི་ཚོའི་སྟེང་ནས་རྟོག་ཐུབ་པ་ཞིག་རེད། རྒྱ་ནག་ལྟ་བུ་ལ་མཚོན་ན་ཐང་སན་དང་ཕ་ཧན་སོགས་ཁ་ཤས་ཤིག་རྒྱ་གར་ལ་སོང་ནས་ཆོས་བསྒྱུར་བའི་ལོ་རྒྱུས་ཙམ་ལས། རྒྱ་གར་གྱི་པནྜི་ཏ་མང་པོ་རྒྱ་ནག་ལ་གདན་འདྲེན་ཞུས་པ་དང་རྒྱ་ནག་གི་ལོ་ཙཱ་བ་མང་པོ་རྒྱ་གར་ལ་སོང་བ་སོགས་ཀྱི་ལོ་རྒྱས་མེད་པ་རེད། གཞན་ཡང་བན་བོན་གཉིས་ཆས་གོས་དང་ཆོས་སོགས་འདྲ་བ་ཙམ་གྱིས་བན་ཆོས་བོན་ལས་བྱུང་བ་སྒྲུབ་མི་ཐུབ་སྟེ། དེ་གཉིས་སུས་སུ་ལ་དཔེ་ལྟས་ཡོད་པ་མི་ཤེས་པའི་ཕྱིར་རོ།
(1) གུ་གེ་ཞེས་པ་ནི། རྦ་བཞེད་ནང་ཞང་ཞུང་བོན་གྱི་ས་རྟགས་ལ། སྟོད་གངས་དཀར་ཏི་སེའི་གནས་མཆོག་འདིར། སྤུ་རངས་གངས་ཀྱིས་བསྐོར་དང་གཅིག །མང་ཡུལ་ཆབ་ཀྱིས་བསྐོར་དང་གཉིས། །གུ་གེ་གཡའ་ཡིས་བསྐོར་དང་གསུམ། །བསྐོར་གསུམ་ཡོད་པས་རྫིང་བུ་འདྲ། །བོན་མངའ་འབངས་ཀྱི་རིས་སུ་གཏོགས་པ་ལ། །སྟོད་མངའ་རིས་བསྐོར་གསུམ་གྲགས་པ་ཡིན། ཞེས་པ་ད་ལྟ་རྩ་མདའ་རྫོང་ག་ཁོངས་སུ་ཡོད་སྐད།་་་་་་་་་་འདི་གཞན་ལས་དྲངས་པའོ།
ལུང་རྟོགས་ལགས། ཁྱེད་ཀྱི་མཆན་གྲངས་༦༠་པར།
༡༼སངས་རྒྱས་ཆོས་ལུགས་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་སྔོན་གྱི་ལོ་པཎ་ཚོས་དཀའ་ཚད་ཆེན་པོས་རྒྱ་གར་ནས་གདན་དྲང་ཡོང་བ་ལས་སྐྱབས་གཅོལ་ཡོང་བའི་ལོ་རྒྱུས་མེད་པ་རེད་ལ།༽
གདན་དྲངས་ཡོང་རབས་བཤད་པ་དེ་ཚོ་ནི་ཆེ་བསྟོད་གནང་བ་ཞིག་ཡིན་པ་འདྲ། དཔེར་ན་དེང་སང་རྒྱ་གར་བས་བོད་པ་ཚོ་སྐུ་མགྲོན་ཡིན་ཟེར་ནས་གསུངས་པ་མ་གཏོགས། བྲོས་བྱོལ་བ་རེད་ཟེར་ནས་གསུངས་སྲོལ་མེད་པ་ལྟ་བུ་རེད། སྔ་དུས་རྒྱ་གར་བའི་ནང་ཆོས་ཀྱི་བསྟི་གནས་ཚང་མ་གྱང་རོ་རྐྱང་རྐྱང་བཟོས་བཞག་འདུག་བ། ནང་པའི་ལྷ་ཁང་དང་མཆོད་རྟེན་སྐུ་འདྲ་སོགས་དེ་ཙམ་གཏོར་བཤིགས་བཏང་སྟངས་ལ་བལྟས་ན་དོན་དག་དག་ཆུང་ཆུང་ཞིག་ནི་རྩ་བ་ནས་ཡིན་ས་མིན་འདུག སྡོད་ས་གནས་ས་ཚང་མ་བོད་ལ་རིག་གནས་གསར་བརྗེ་ཚུགས་པ་ཇི་བཞིན་གཏོར་བཤིགས་བཏང་འགྲོ་དུས་མི་རྣམས་མ་བྲོས་རང་བྲོས་རེད་བ། བྲོས་དུས་ཐག་རིང་ཙམ་ཉན་ཁ་མེད་ས་ཞིག་ལ་སྐྱབས་བཅོལ་ལ་འགྲོ་དགོས་པ་ནི་མི་རྣམ་དཔྱོད་ཅན་ཚོས་ལོས་ཤེས། འོ་ན་རྩ་བ་ཉིད་ནས་བྲོས་དགོས་ཐུག་ཡོད་མ་རེད་ཟེར་ནས་ཁྱེད་ཀྱིས་ཐག་གཅོད་ཐུབ་བམ། །
༢༼བོན་པོ་ཚོས་སངས་རྒྱས་ཆོས་ལུགས་དར་སྤེལ་ལ་བཀག་འགོག་ཅི་ཐུབ་བྱས་པའི་ལོ་རྒྱས་ལས་གནས་ཚང་གཡར་བའི་ལོ་རྒྱུས་མེད།༽
དེ་དུས་བོད་གངས་ཅན་གྱི་ཞིང་ཁམས་བོན་པོའི་མངའ་འོག་ཡིན། ག་རེ་བྱས་པ་ཡིན་ན་ལས་བྱ་ཆོག་པ་ཞིག་ཡོད་པ་རེད། སྐབས་དེ་དུས་ཀྱི་མཁས་པ་ཚོས་སྤྲང་འཁྱམས་ཚོ་ལ་ཐ་ཚིག་འདི་ལྟར་སྨྲས་འདུག།༼ཤིག་འཁྱམས་རྐང་ལ་བཞུགས་ན་སྤྱི་བོའི་གཙུག་སྙོགས༽ ཚིག་རྐང་འདི་གཅིག་པུས་ཐོག་ནས་ཤེས་ས་རེད་མང་པོ་ཤོད་དགོས་ས་མི་འདུག བོན་པོའི་གནས་ཚང་མ་གཡར་ན་ཁོ་ཚོ་དེ་འདྲ་བཟའ་ཆོག་སྡོད་ཆོག་ག་འདྲ་བྱུང་བ་ཡིན་ནམ། བོད་ཀྱི་རྒྱལ་པོ་མཇལ་བ་ལའང་ཞབས་འོག་གི་དཔོན་གཡོག་མང་པོར་བརྒྱུད་ནས་འགྲོ་དགོས་པ་ནི་ཁྱེད་ཀྱིས་ལོས་མཁྱེན། དཔེར་ན་རྒྱ་བཟའ་ཀོང་ཇོ་ལ་བློན་པོ་དེ་ཚོས་དཀའ་ངལ་ག་ཚོད་བཟོས་མི་འདུག་གམ། འདི་ཕྱི་ཚུལ་ལ་ཆོས་དོན་ཞིག་ཡིན་པའི་ཆ་ནས། སྐབས་དེ་དུས་ཀྱི་ཆོས་དཔོན་ཚོ་དང་མ་འབྲེལ་ནས་ལས་ཀ་འགོ་ག་བ་འཛུགས་ཐུབ། བོན་པོ་ཚོས་ཤིག་འཁྱམས་དེ་ཚོ་ལ་ཏན་ཏན་གནས་ཚང་གཡར་ཡོད་པ་བརྒྱ་ཆ་བརྒྱ་རེད་དོ། །
༣༼འོན་ཀྱང་འཐབ་རྩོད་ཀྱི་ཁྲོད་ནས་བོད་མི་མང་གིས་སངས་ཆོས་གདམ་ནས་བོན་ཆོས་ཕམ་སོང་བ་རེད།༽
སྐད་ཆ་འདི་བདེན་པ་རྩ་བ་ཉིད་ནས་མ་རེད། དགེ་བཤེས་ཧམ་ཆེན་ཞིག་གི་སྐད་ཆ་འདྲ་པོ་འདུག་ད། དུས་རབས་བཅུ་བདུན་བར་བོད་ཡུལ་དུ་བོན་པོ་ཚོ་ཧ་ཅང་རྒྱ་ཆེན་པོར་གནས་ཐུབ་འདུག དུས་སྐབས་དེ་ཙམ་ནས་སོག་ཇག་གང་ཞིག་དང་ངན་པ་ལག་འབྲེལ་གྱིས་མངོན་སྤྱོད་དྲག་པོས་ཆོས་ལུགས་བཙན་བསྒྱུར་བྱེད་པའི་ལམ་ལུགས་ལག་སྟར་བྱས་པ་རེད། དེ་ཁྱེད་རང་ཚོས་བྱས་རྗེས་ཡོད་ན་མེད་ན་གཅིག་རེད་ད། དཔེར་ན་བོན་གྱི་བསྟན་སྦྱིན་ཆེན་མོ་མདོ་ཁམས་བེ་རི་རྒྱལ་པོ་འཁོར་དང་བཅས་པ་དམར་གསོད་བཏང་ནས། ཁམས་ཕྱོགས་ཀྱི་བོན་ལུགས་དང་བོན་དགོན་ཕལ་ཆེར་བཙན་བསྒྱུར་བྱེད་མཁན་དེ་སུ་ཡིན་ནམ། དེ་བཞིན་རྒྱལ་རོང་གི་ཡུལ་དུ་བོན་སྐྱོང་ཆུ་ཆེན་རབ་བརྟན་རྒྱལ་པོ་མཆོག་ལ། ཆིང་གོང་མ་དང་ངན་པ་ལག་འབྲེལ་གྱིས། མི་ལོ་བཅུ་ཕྲག་གི་རིང་དུ་གསོད་བཏུབ་རྙོག་གསུམ་གྱི་དམག་འཁྲུགས་བརྒྱག་མཁན་དེ་སུ་རེད་དམ། དེ་དུས་རྒྱལ་རོང་གི་ཡུལ་དུ་ཆོས་ལུགས་བཙན་བསྒྱུར་བྱེད་པའི་ལམ་ལུགས་ངན་པ་ལག་སྟར་བྱས་པ་རེད། འདི་ཡང་ཁྱེད་ཚོའི་བྱས་རྗེས་རེད་ད། དེ་བཞིན་མཚོ་སྔོན་དང་བོད་ཡུལ་གྱི་ས་ཆ་གང་སར་ཆོས་ལུགས་བཙན་བསྒྱུར་བྱས་རབས་ཀྱི་སྐད་ཆ་དེ་ཚོ་བཤད་ན་ཤོད་ཉན་མི་འདུག དངོས་གནས་ཁྱེད་ཚོ་བྱས་རྗེས་ཅན་རེད་འདུག་གོ། ཁ་བཤད་དང་ལག་མེན་མི་མཚུངས་བའི་འཚེ་མེད་ཞི་བའི་བསྟན་པ་དངོས་གནས་ཡིན་ས་རེད། ད་དུང་མི་གསོད་ཁྲག་སྦྱོར་གྱི་བྱས་ཉེས་ལས་ཉེས་ལ་གནོང་འགྱོད་དགོངས་སེལ་མི་ཞུ་བར་དཔའ་གཏམ་བཤད་ནས་འགྲོ་མཁན། དུས་ངན་སྙིགས་མའི་སྟོན་པ་ཤཀྱཱ་ཐུབ་པའི་ཞབས་འདྲེན་ཁྱེད་ཚོས། བོད་ཀྱི་བོན་པོ་ཁས་ཞན་ཉམ་ཆུང་ཚོའི་ཐོག་ལ་རྫིག་རྫིག་དང་རྔམ་རྔམ་ཤོད་རྒྱུ་དེ་མཚམས་བཞག་ན་ཡག་བར་སེམས་སོ། །
་་་་་་་་་་་་་་་་་་་་་ ཁ་བཤད་དང་ལག་མེན་མི་མཚུངས་བའི་འཚེ་མེད་ཞི་བའི་བསྟན་པ་དངོས་གནས་ཡིན་ས་རེད། ད་དུང་མི་གསོད་ཁྲག་སྦྱོར་གྱི་བྱས་ཉེས་ལས་ཉེས་ལ་གནོང་འགྱོད་དགོངས་སེལ་མི་ཞུ་བར་དཔའ་གཏམ་བཤད་ནས་འགྲོ་མཁན། དུས་ངན་སྙིགས་མའི་སྟོན་པ་ཤཀྱཱ་ཐུབ་པའི་ཞབས་འདྲེན་ཁྱེད་ཚོས། བོད་ཀྱི་བོན་པོ་ཁས་ཞན་ཉམ་ཆུང་ཚོའི་ཐོག་ལ་རྫིག་རྫིག་དང་རྔམ་རྔམ་ཤོད་རྒྱུ་དེ་མཚམས་བཞག་ན་ཡག་བར་སེམས་སོ། ། ་་་་་་་་་་་་་་་་་་་་་་
ད་བན་བོན་མ་རྩོད། རྒྱ་བོད་ཐོབ་ཐང་རྩོད།
བོན་བན་སྐོར་འདི་ན་འདུག། http://youtu.be/Gx5GtSb-fhc
Bonpo ལགས། མི་ལོ་སྟོང་ཕྲག་འདས་པའི་གྱང་རོ་འདི་ཚོ་ནང་པ་སངས་རྒྱས་པ་ཟེར་བའི་ཆོས་འདི་མི་ལོ་སྟོང་ཕྲག་གི་སྔོན་ནས་ཡོད་པའི་བདེན་དཔང་རེད། ཐ་ན་སྟོན་པའི་གཟིམ་ཁང་གི་ཤུལ་རེད་ཟེར་ནས་བསྟན་རྒྱུ་ཡོད་པ་རེད། གཤེན་སྒྲུང་གི་ནང་དུ་གཤེན་རབ་ཟེར་བ་དེས་གསས་མཁར་སྟོང་བཞེངས་ཚུལ་སོགས་བྲིས་ཡོད་ཚུལ་ལ་བལྟས་ན་མི་རྒན་འདིས་ཚེར་གང་གང་བོར་གྱང་དང་རྩིག་པའི་ལས་ཀ་བྱས་ནས་བསྡད་ཡོད་ས་རེད་བསམ་བསམ་ཞིག་འདུག་མོད་ད་ལྟ་གྱང་ཆག་རྩིག་ཆག་རེ་ཡང་མཐོང་རྒྱུ་མེད་དོན་ཅི་ཡིན་ནམ། རྩིག་གྱང་དེ་ཚོ་འཇའ་ལུས་སུ་དྭངས་སོང་བ་འདྲ་ཡིན་ནམ།
༧གོང་ས་མཆོག་གི་གསུངས་པ་དེ་༼གཏོ་ལུགས་ཟེར་བའི་བོན་༽དེ་ལ་དགོངས་པ་ཡིན་པ་འདྲ། འདི་ལྟར་བརྟགས་ཚེ་བོན་པོ་རྣམས་ནི་ཐུགས་གུ་ཡངས་པོ། དཔྱད་ཤེས་པ། རང་ལུགས་བཟུངས་སྟེ་གཞན་ལུགས་ལ་དགག་པ་ཆེར་མི་བྱེད་མཁན་ཞིག་ཡིན་པ་འདྲ། ༧གོང་ས་མཆོག་གི་གསུང་དེ་བོད་ཀྱི་ནང་པའི་ཆོས་རྒྱུན་གཞན་ཞིག་ལ་བཤད་པ་ཡིན་ན་ཕྱི་ཉིན་ནས་ངོ་རྒོལ་ཡོང་བར་ངེས། དཔེར་ན་དོལ་ཚོགས་བཞིན། བན་དེ་ནང་ཁུལ། བོད་པའི་དབུ་ཁྲིད། དགེ་ལྡན་རང་ལུགས། རང་གི་བླ་མ་ལ་ངོ་རྒོལ་བྱེད་པར་ཐེ་མི་ཚོམས་པ་ལྟ་བུའོ། ། བོན་པོ་རྣམས་ཀྱིས་མི་རིགས་ཀྱི་ཤ་ཞེན། སྤྱི་དོན་གྱི་བློ་གཏད། བླ་མའི་གུས་ཞབས་འདིས་མཚོན་པར་འགྱུར་བས་གཞན་སྨྲ་མི་དགོས་སོ། འཁོར་བ་འཇིག་དང་། གསེར་ཐུབ་འོད་སྲུང་སོགས་ཀྱི་བསྟན་པའི་ལྷག་མ་རང་རེའི་བོན་འདི་ཡིན་པའི་དག་སྣང་བྱའོ། །
སྐུ་མཁྱེན་གསུངས་མཁྱེན། སྟོད་མངའ་རིས་ན་བོན་པོ་ལ་ཟ་སྒོ་འཐུང་སྒོ་ཅི་ཡང་མི་འདུག ཞང་ཞུང་ཟེར་བ་དེ་གནའ་སྔ་མོའི་དུས་སུ་འབྲོག་སྡེ་ཚོ་བ་ཆུང་ངུ་ཞིག་རེད། དུས་རབས་བདུན་པའི་ནང་ལ་ཞང་ཞུང་གི་རྒྱལ་པོ་ལིག་མི་རྐྱ་ཟེར་བ་ཐ་ན་རང་གི་ཚེ་གྲོགས་བུད་མེད་ཀྱི་འདོད་པ་ཡང་སྐོང་མི་ཐུབ་མཁན་ཞིག་བྱུང་བ་དེས་རྒྱལ་ས་མ་ཟིན་པར་སྤུ་རྒྱལ་བོད་ཀྱི་དབང་འོག་ཏུ་ཚུད་པ་རེད། ནམ་མཁའི་ནོར་བུས་དང་པོ་ཁ་ཕོ་མང་པོ་བཤད། ཐ་མ་ཁུངས་མ་འཁྱོལ་ནས་སྟོད་མངའ་རིས་ཡས་མས་ལ་སོང་ནས་གནའ་ཤུལ་རྩད་གཅོད་འདྲ་བོ་མང་པོ་བྱས་པ་རེད་མོད་ཅི་ཡང་མ་རྙེད་ནས་དེང་སང་ནམ་མཁའི་ནོར་བུའི་བརྗོད་གཞི་དེའི་སྟེང་ལ་ཁ་གཅིག་ཀྱང་གྲག་ཕོད་གི་མེད་པ་རེད། དེང་སང་ཆོས་འདྲ་བཤད། བྲོ་འདྲ་འཁྲབ་ནས་བསྡད་ཡོད་པ་རེད། ཁྱོད་རང་ཚོས་ཀྱང་མ་གཟབ་ན་ཁོང་ལ་ཡོང་བ་དེ་ཡོང་གི་རེད།
ད་བན་བོན་མ་རྩོད། གནའ་དེང་བོད་ཡིག་བྲི་སྟངས་རྩོད།
བོན་པོ་ལགས། ལོ་རྒྱུས་མི་ཤེས་པའི་འུར་བཤད་མ་གནང་། ཆོས་རྒྱ་ཁྲི་སྲོང་གིས་དུས་རབས་བདུན་པ་བརྒྱད་པའི་ནང་ལ་ནང་ཆོས་རྒྱ་གར་ནས་གདན་དྲང་བ་རེད་ལ། དེའི་སྐབས་སུ་ནཱ་ལེནྡྲ་དང་བི་ཀྲ་མ་ལ་ཤཱི་ལ་སོགས་རྒྱ་གར་གྱི་ནང་པའི་བཤད་གྲྭ་ཆེན་པོ་དེ་ཚོ་དར་ཞིང་རྒྱས་པའི་དུས་རེད། ནཱ་ལེནྡྲ་སོགས་གཏོར་གཤིས་གཏོང་བའི་དུས་ནི་དུས་རབས་བཅུ་གཉིས་པའི་ནང་ལ་རེད། དཀའ་ངལ་མ་འཕྲད་གོང་ནས་སྐྱབས་བཅོལ་མི་ཡོང་ནི་དཔྱོད་ལྡན་སུ་ཡིན་ཡང་ཤེས་ངེས་རེད། གཉིས་ནས་སངས་རྒྱས་ཆོས་ལུགས་བོད་ལ་ཐོག་མར་དར་སྐབས་བོན་པོས་དཀའ་ངལ་སྤྲད་པའི་ལོ་རྒྱུས་མང་པོ་ཡོད་པ་རེད། དཔེར་ན་བཻ་རོ་ཙ་ན་རྒྱལ་མོ་ཚ་བའི་རོང་ལ་རྒྱང་ཕུད་བཏང་བ་དང་། རྒྱ་གར་ནས་ཕབས་པའི་པཎྜི་ཏ་མང་པོ་ཆོས་རྒྱལ་ཁྲི་སྲོང་གིས་རྐུས་དངོས་སྦས་པ་བཞིན་སྦས་དགོས་བྱུང་བ་དང་། རྒྱལ་པོས་ཆོས་ཞུ་བའི་སྐབས་སུ་ཡང་མཚན་མོ་སོགས་ལ་གསང་ནས་ཞུ་དགོས་བྱུང་བའི་ལོ་རྒྱུས་ཡོད་པ་མ་ཟད། ཐ་ན་ཆོས་རྒྱལ་ཁྲི་སྲོང་བོན་བློན་ཞིག་གིས་མདའ་རྒྱབ་ནས་སྐུ་སྲོག་ཤོར་བའི་ལོ་རྒྱུས་ཡང་ཡོད་པ་རེད། འོན་ཀྱང་ཆོས་རྒྱལ་ཁྲི་སྲོང་གིས་ཐབས་སྣ་ཚོགས་ལ་རྟེན་ནས་སངས་རྒྱས་ཆོས་ལུགས་བོད་ལ་དར་རྒྱས་སུ་བཏང་ཡོད་པ་དང་། བན་བོན་གཉིས་ཆོས་རྩོད་བྱེད་དུ་བཅུག་པས་བོན་པོ་ཕམ་ནས་བོན་པོ་མང་པོ་རྒྱང་ཕུད་གཏོང་བའི་ལོ་རྒྱུས་སོགས་ཡོད་པས་འདི་དག་ལ་ལྟས་ན་བོན་པོས་ནང་པ་ཀླག་མ་ཁེལ་བ་ལས་བཟང་པོའི་སྒོ་ནས་གནས་ཚང་གཡར་མེད་པ་གསལ་པོ་རེད། ཆོས་ལུགས་བསྒྱུར་བའི་ལོ་རྒྱུས་དེ་བོན་པོ་ཅིག་པུ་ལ་འཕྲད་པའི་གོད་ཆག་ཅང་མ་རེད། བཀའ་རྒྱུད་པའི་དབང་འཛིན་ཚོའི་དུས་སུ་དགེ་ལུགས་པ་མང་པོ་བཀའ་རྒྱུད་ལ་བསྒྱུར་བ་དང་། དགེ་ལུགས་པའི་དབང་འཛིན་གྱི་སྐབས་སུ་བཀའ་རྒྱུད་དང་རྙིང་མ་མང་པོ་དགེ་ལུགས་ལ་བསྒྱུར་བའི་ལོ་རྒྱུས་ཡོད་པ་རེད། དེས་ན་བོན་པོས་བོད་ལ་དབང་བསྒྱུར་བྱེད་མ་ཐུབ་པ་མ་གཏོགས་བྱེད་ཐུབ་ཡོད་ན་ནང་པ་རྣམས་བོན་པོ་ལ་བསྒྱུར་ཐབས་བྱེད་རྒྱུ་ཡིན་པ་དཔག་ཐུབ་པ་ཞིག་རེད།
ལ་དྭགས་ཁྲིག་རྩེའི་དགོན་པ་དགེ་ལུགས་པ་ཡིན་པ། རྒྱལ་པོ་སེངྒེ་རྣམ་རྒྱལ་གྱིས་འབྲུག་པ་བཀའ་བརྒྱུད་པར་སྒྱུར་མཛོད་ཅེས་བླ་མ་སྟག་ཚང་རས་པར་ཞུས་པ་ན། སྟག་ཚང་རིན་པོ་ཆེས་སྔར་བོད་ཀྱི་ཡུལ་འགའ་རེར་དགེ་ལུགས་པས་དབང་ཡོད་ཀྱིས་བཀའ་བརྒྱུད་པ་དགེ་ལུགས་པར་བསྒྱུར་ཀྱང་། ངས་དེ་འདྲ་མི་བྱེད། དགེ་ལུགས་པ་ཁོང་རང་རྣམས་བཀར་བགྱུད་པར་དད་མོས་ཀྱིས་བཀའ་བརྒྱུད་པར་ཆགས་ན་འགག་ཆ་མེད་གསུངས་པ་ན། རྒྱལ་པོ་སེངྒེ་རྣམ་རྒྱལ་གྱིས། འོ་ན་ཁྲིག་རྩེ་དགོན་པ་དམག་སྒར་བྱེད་ཞུས་པ་ན། སྟག་ཚང་རས་པས། དེ་ལྟར་ན་སངས་རྒྱས་ཀྱི་བསྟན་པ་གཤིག་པར་འགྲོ་བས། བསམ་བློ་ཐོངས། ཞེས་གསུངས་པ་སྔར་ཁ་བརྡར་བཀོད་ཟིན་ཀྱང་། འཕྲོས་པ་ཐུག་པ་སློང་གཏམ། ཟེར་བ་ལྟར་སླར་ཡང་བཀོད་པ་སྐྱོན་མེད་དོ་བསམས་སོ།
འཕྲོས་པ་ཐུག་པ་སློང་གཏམ། ཡི་གེའི་དག་ཆ་ཇི་ལྟར་ཡིན། དཔྱད་པར་མཛོད།
འཕྲོས་པ་ཐུག་པ་སློང་གཏམ་མམ། བྲོད་པས་ཐུག་པ་སློང་གཏམ། ཡང་ཡིན་སྲིད། དེ་རིང་མ་གཏོགས་འདི་འདྲ་གོ་མ་བྱུང་བས། ་་་་་་་་་་་་་དག་བཅོས་མཛོད་ཅིག
ལ་དྭགས་པ་བཀྲ་རབ་ཀྱིས་བྲིས་པའི་ལོ་རྒྱུས་ནང་།རྒྱལ་དབང་ལྔ་པས་འབྲུག་པ་བཀའ་བརྒྱུད་ལ་ཕྲག་དོག་བྱས་པ་དང་དགེ་ལུགས་སྤེལ་འདོད་ཀྱིས་ལ་དྭགས་སུ་བཙན་འཛུལ་བྱུང་བ།བོད་པར་ཕམ་ཉེས་བྱུང་བ་དང་།རྗེ་ཙོང་ཁ་པར་གསུང་འབུམ་པོད་བཅུ་གསུམ་ཡོད་པ་སོགས།བོད་ཀྱི་ལོ་རྒྱུས་ཡོངས་གྲགས་ཁག་དང་ཁྱོན་ནས་མི་མཐུན་པ་མང་དག་ཅིག་གསུང་འདུག་པས།འབྲེལ་ཡོད་ལ་བོད་དམག་འཁྲུག་དང་༧གོང་ས་ལྔ་པའི་སྐབས་ཀྱི་རྣམ་ཐར་དང་རྒྱལ་རབས།ཆོས་བྱུང་སོགས་མང་པོའི་ནང་བཙལ་མོད།ཁོང་གི་བཤད་པ་དེ་ཚོར་རྒྱབ་རྟེན་གང་ཡང་རག་མ་སོང་།ལྷག་པར་རྗེ་ཙོང་ཁ་པར་གསུང་འབུམ་པོད་བཅོ་བརྒྱད་ཡོད་པ་ཡོངས་གྲགས་ཤིག་ཡིན་པ་རེད།
དེང་སང་ཡང་ལ་དྭགས་སུ་ཆོས་བརྒྱུད་ཁག་ཕན་ཚུན་འཁྲུག་སེ་ཡོད་ས་རེད་དམ།བཀུར་འོས་རྣམ་དཔྱོད་ལྡན་པ་རྒན་ལ་དྭགས་པས་རྒྱུས་གཏམ་རེ་བཤད་རྒྱུའི་རེ་བ་ཆེ།
འཕྲོས་པ་ཐུག་པ་སློང་གཏམ།
བྲོད་པས་ཐུག་པ་སློང་གཏམ།
བྲོད་པས་ཐུག་པ་སློང་སྟངས།
ཁྲི་རལ་པ་ཅན་མཆོག་ལ་ཞུ་ན། འདིའི་སྐོར་ང་ལ་དམིགས་བསལ་རྒྱུས་མེད། སོག་པོ་དགའ་ལྡན་ཚང་བཀྲ་ཤིས་ལྷུན་པའི་གྲྭ་པ་སྐྱ་བབ་པ་དམག་དཔོན་ལ་ཡོད་པས་སོག་དམག་ཅེས་པ་ལོ་གསུམ་རིང་ང་སྐྱེ་ས་བ་སྒོ་མཁར་དུ་དབང་བར་འབད་པ་བྱས་ཀྱང་མ་ཐུབ། ཁ་རྒྱུན་ལས་ཐོས། མཇུག་ཏུ་ཁ་ཆེའི་ཡུལ་ནས་ཀླ་ཀློའི་དམག་ཆེན་ལ་དྭགས་པའི་རྒྱབ་སྐྱོར་དུ་སླེབས་པ་ན། ད་ནི་ལ་དྭགས་སུ་ཡོད་པའི་བོད་དམག་ལ་མ་ཟད། བོད་དུ་ཡང་ཉེན་ཀ་འདུག་ཅེས་དགའ་ལྡན་ཚང་གིས་བཤད་པ་ཞིག་དྲན།
གཅིག་ཆ་ན་བཀྲ་ཤིས་རབ་རྒྱས་ཀྱི་ལ་མར་ཡུལ་ལ་དྭགས་རྒྱ་རབས་ན་ཡོད་ཤས་ཆེ། ལ་དྭགས་ལ་དངོས་སུ་འཐོན་ནས་སངས་རྒྱས་པའི་ཆོས་ལུགས་ལྟ་ཅི་མུ་སུལ་མན་དང་ཡི་ཤུའི་ཆོས་ལུགས་པ་སུ་དང་འཐབ་རྩོད་མེད། དེ་ལྟར་བྱུང་བ་བཀྲ་རབ་ཀྱིས་བཤད་ཀྱང་ངེས་པ་མེད། ༡༩༤༨ལོར་གར་ཞ་པ་དམག་མི་བློ་དམན་འགའ་ཞིག་གིས་དེར་ཡོད་མུ་སུལ་མན་ཀུན་གསོད་པར་བརྩམས་ཀྱང་། ལ་དྭགས་པའི་མགོ་བྱེད་དག་གིས་དེ་འདྲ་བྱེད་པར་བྱེད་པར་ཁས་བླངས་མེད་པ་ཐོས། བདེན་མིན་མི་ཤེས། དེ་ལྟར་བྱུང་ཚེ་ལ་དྭགས་གཤམ་ཕྱོགས་ཀྱི་སངས་རྒྱས་པའི་རྗེས་འབྲངས་རྣམས་པཱ་ཀུ་སྟཱན་གྱི་དམག་མིས་བསད་ཡོད་ཤས་ཆེ། དེ་དུས་ཀུ་ལུ་མ་ནཱ་ལཱི་རུ་ཡོད་པའི་མུ་སུ་མན་མང་པོ་ལྔ་པའི་ལམ་དུ་བཏང་ཡོད་པ་ཐོས། ཨ་རི་པ་བོད་ཀྱི་ཆོས་ལ་གཅེས་ཤིང་དད་ལྡན་ཡིན་པ་ཁོང་གི་གྲོགས་བོད་པ་ཞིག་ཀྱང་བཀྲོངས། དེ་དག་ལམ་གྲོགས་མུ་སུལ་མན་ཞིག་བྲོས་ནས་ལ་དྭགས་ཨུ་སླེབས་པས་སྤྱི་ཏི་པ་གྲོགས་པོ་དག་ལ་འཇུ་ཟེར་ལོན་བསྐུར་བ་ཐོས་སོ།
དེ་ལྟར་བྱུང་བ་བཀྲ་རབ་ཀྱིས་བཤད་ཀྱང་ངེས་པ་མེད། འདིར་ཞུས་དག དེ་ལྟར་བྱུང་བ་སངས་རྒྱས་པའི་བཀའ་དྲིན་ཡིན་བཀྲ་རབ་ཀྱིས་བཤད་ཀྱང་ངེས་པ་མེད།
༧རྒྱལ་དབང་ལྔ་པའི་རང་རྣམ་སོགས་ཡིག་ཆ་མང་པོར་འཁོད་པ་ཡིན་ན།ལ་དྭགས་རྒྱལ་པོས་ས་ཁོངས་རྒྱ་བསྐྱེད་བྱས་ཏེ་མངའ་རིས་སྟོད་ཀྱི་ས་ཆ་མང་པོ་མངའ་འོག་ཏུ་བསྡུས་རྐྱེན།སོག་རྒྱལ་གུཤྲིར་ཁན་གྱི་ཚ་བོ་བཀྲས་ལྷུན་དགེ་བསྐོས་དགའ་ལྡན་ཚེ་དབང་དུ་འབོད་པ་དེས།ལ་དྭགས་རྒྱལ་པོ་འདུལ་བསྐལ་དུ་བབས་པར་༧གོང་ས་ལྔ་བས་ལུང་བསྟན་དང་བཅས་བཏང་སྟེ།ལ་དྭགས་དབང་དུ་བསྡུས་བར།ལ་དྭགས་རྒྱལ་པོ་ཁ་ཆེའི་ཡུལ་དུ་བྲོས་ཏེ་ཀླ་ཀློའི་དམག་སྟོང་ཕྲག་མང་པོ་དྲངས་ནའང་དེ་ཚོ་ཚང་མ་བོད་སོག་དམག་གིས་ཕམ་པར་བྱས་ཏེ།སླེའི་རྒྱལ་པོ་བདེ་ལྡན་རྣམ་རྒྱལ་གྱི་ཕོ་བྲང་མདུན་དགའ་ལྡན་ཚེ་དབང་གི་རྟ་བཏགས།ལ་དྭགས་རྒྱལ་པོ་འཁོར་དང་བཅས་པས་མགོ་བཏགས་ཏེ་ས་སྲུང་དུ་བསྐོས་བཞག་བྱས་པ་དང་།བོད་ལ་ལོ་ཕྱག་དང་ཁྲལ་མཇལ་དགོས་པ།དེ་ནས་བཟུང་དགའ་ཚེ་མངའ་རིས་སྒར་ཆེན་དུ་བསྡད་པ་སོགས་བྲིས་འདུག་པ།ལ་བོད་གཉིས་ཀྱི་ལོ་རྒྱུས་མི་འདྲ་དོན་གང་ཡིན་ནམ།
ལ་དྭགས་སུ་བར་སྐབས་དགེ་འདུན་པ་དེ་འདྲ་ཁ་ཆེས་བསད་དོན་གང་ཡིན་ནམ།ང་རང་གིས་བལྟས་ན་རྒྱ་གར་གཞུང་གི་བཀའ་དྲིན་ཉག་གཅིག་མ་གཏོགས།ཆོས་ལུགས་མཐུན་སྒྲིལ་གྱི་སྐད་ཆ་ཁོ་རང་མེད་པར།ད་ཚོད་ཁ་ཆེས་འཇིག་ཚར་རེད་བསམ།གང་ལྟར་དཔྱོད་ལྡན་རྒན་ལ་དྭགས་པས་དོགས་སེལ་འདྲ་གནང་ཐུབ་ན་ཕན་ཐོག་ཆེ་སྙམ།
ལ་དྭགས་སུ་བར་སྐབས་དགེ་འདུན་པ་དེ་འདྲ་ཁ་ཆེས་བསད་དོན་གང་ཡིན་ནམ།
་
ལོ་ངོ་བཅོ་ལྔ་ཉི་ཤུ་ཙམ་སྔོན་དུ་ཁ་ཆེ་ཡུལ་དུ་པཱ་ཀི་སྟན་ནས་འཇིགས་སྐུལ་པ་མང་དུ་སླེབས། དེ་འདྲ་འཇིགས་སྐུལ་པ་ཞིག་ཟངས་དཀར་དུ་སླེབས། ལོག་སྐབས་སུ་རླངས་འཁོར་དུ་ཕྱི་ལོགས་ནུབ་ཕྱོགས་ལྟ་སྐོར་པ་གཉིས་ཙམ་འཛིན་བཟུང་གིས་བསད་པའི་སྔོན་དུ་རང་འདུམ་དགོན་པ་འི་གྲྭ་པ་གཉིས་ཙམ་མེ་མདའ་རྒྱབ་དུས་གྲྭ་པ་གཞོན་པ་ཞིག་གཙང་པོའི་ཆུར་མཆོངས། རྐྱལ་ཤེས་པས་མ་ཤི་ཙམ་བྱུང་ནས། ཉེན་རྟོག་པར་གནས་ཚུལ་བཤད་པ་འགྲོ་སྐབས་འཇིགས་སྐུལ་པ་དེ་དག་རྟར་བཞོན་ནས་རི་བོའི་ལོགས་ནས་འགྲོ་བར་མཐོང་ཡང་བྱ་ཐབས་གང་ཡང་མ་བྱུང་། དབྱར་དུས་ཁ་ཆེ་ཡུལ་ནས་ར་མ་འཚོ་མཁན་འབྲོག་པ་ཀླ་ཀློ་དག་གིས་འཇིགས་སྐུལ་པ་དེ་ཀུན་འཁྲིད་འོངས་པ་ཐག་ཆོད། གཉེན་རྟོག་པ་མང་ཆེ་བ་ཀླ་ཀློ་ཡིན་པ་དང་བཞེད་སྣང་གིས་ཁ་ཆེའི་ཡུལ་ཡོངས་ན་འཇིགས་སྐུལ་པ་འགོག་ཐབས་བྱེད་པ་མེད་པ་ལྟ་བུར་ཆགས། ཕྱི་རྒྱལ་ལྟ་སྐོར་པ་ཁ་ཤས་འཛིན་བཟུང་གིས་བསད། ཨ་རི་པ་ཞིག་མཚན་མོ་གྲོད་པ་བཤལ་བའི་ན་ཚའི་ཟོལ་གྱིས་འབྲོས་ནས་ཐར། རྒྱ་གར་པ་དང་ཕྱི་ལོགས་པ་སུ་་ཡང་ཁ་ཆེའི་ཡུལ་དུ་ལྟ་སྐོར་འོང་མཁན་མེད་པར་སོང་། ལ་དྭགས་པ་ཡང་ཁ་ཆེའི་ཡུལ་དུ་འགྲོ་བར་བཞེད་སྣང་གིས་ཀུ་ལུ་མ་ནཱ་ལཱིའི་བརྒྱུད་རྒྱ་གར་དུ་འགྲོ་འོང་དང་། གནམ་གྲུ་ཐོག་འགྲོ་འོང་བྱས། ཕྱི་ནང་གི་ལྟ་སྐོར་པ་མང་པོ་ཁ་ཆེར་འགྲོ་བའི་ཚབ་ཏུ་ཀུ་ལུ་མ་ནཱ་ལཱི་དང་ལ་དྭགས་ལ་འགྲོ། ཨཕ་གན་དམག་གིས་པཱ་ཀི་སྟན་ནས་འཇིགས་སྐུལ་པ་ཁ་ཆེར་འོང་བ་མེད་པ་ལྟ་བུས་དིང་སང་ཁ་ཆེར་ལྟ་སྐོར་པ་དང་འགྲུལ་པ་འོང་བ་མགོ་འཛུགས་ཀྱང་ཁ་ཆེ་ཡུལ་དུ་ཞི་འཇམ་འབྱུང་བ་བཤད་མི་ཤེས་པ་ལྟ་བུར་གནས། ཁ་ཆེ་ཡུལ་དང་ལ་དྭགས་སུ་རྒྱ་གར་དམག་མི་ཡོད་པས་ཀྱང་ལ་དྭགས་པ་་ཀུན་རང་གནས་སུ་འཁོད་ཐུབ་པ་ཡང་བདེན། དིང་སང་ལ་དྭགས་པ་ཀུན་ལ་དཔལ་འབྱོར་འོང་འབབས་ཆེ་བར་ཡོད་པས་བུ་ཕྲུག་ཀུན་སྒེར་གྱི་སློབ་གྲྭར་གཏོང་བ་མང་བས་་ས་གནས་གཞུང་གིས་བཙུགས་པའི་སློབ་གྲྭ་ཀུན་སྟོངས་པ་ཆགས་པ་དང་སྒོ་རྒྱབ་དགོས་པའི་གཉེན་ཀར་སླེབས་པ་ཐོས་སོ།
སློབ་གྲྭ་ཐོན་པའི་བུ་དང་བུ་མོ་ལོ་ཆུང་རྣམས་ལྟ་ཅི། རྒན་ལོ་དྲུག་ཅུ་ལོན་པ་དག་གིས་ཀྱང་ཁ་ནས་ལ་དྭགས་བོད་སྐད་རྒྱབ་ཤེས་ཀྱང་འབྲི་མི་ཤེས་གནས་སྟངས་འདི་ཡིས་་བོད་སྐད་སྟོར་བའི་གཉེན་ཀར་སླེབས་ཡོད། བོད་སྐད་སྲུང་བའི་ཕྱིར་དུ་བོད་སྐད་དུ་གསར་ཤོག་ཀློག་པའི་གོམས་པའམ་ལོབས་ཤིག་རྒན་གཞོན་ཡོངས་ལ་བྱེད་དགོས་པ་མཐོང་། བདག་རང་གི་རྒན་ཕོགས་ཀོ་ལམ་བི་ཡ་སློབ་གྲྭ་ནས་བྱུང་བ་མང་པོ་མེད་རུང་ལོ་རེར་ཨ་སྒོར་ཁྲི་རེ་ལོ་བཅུའི་རིང་བསྐུར་ཐབས་བྱས་ཡོད་ཅིང་འདི་ཙམ་མ་ཡིན་པར་གསར་ཤོག་ཚོང་ཐབས་དང་ལ་དྭགས་པ་འབྱོར་ལྡན་གཞན་ནས་ཀྱང་ཞལ་འདེབས་འདུ་གྲོགས་བཅོལ་དགོས་པ་མཆིས། སྟབས་ལེགས་ཀྱིས་བཀའ་འགྱུར་ན་ལ་དྭགས་གྲོང་ཡུལ་པའི་མིང་ཚིག་མང་པོ་ཡོད་པར་མཐོང་། དཔེར་ན། རྒྱལ་བ་ཞེས་ལེགས་པའི་དོན་ལ་བཀོལ་བ་མཐོང་། དཔེར་ན། མཛངས་བླུན་ན། བྲན་མོ་དེ་ལ་མེ་ཏོག་རྒྱལ་བར་བྱིན། འདུལ་ཕྲན་ཚེགས་ན། སྣལ་མ་ལ་རིན་རྒྱལ་བ་བྱུང་། ལ་དྭགས་གཞུང་དུ་ཟུར་ཆག་རྒྱ་ལ་ཟེར་ཡང་། ལ་དྭགས་གཤམ་གྱི་གྲོང་ཡུལ་དག་དང་སྦལ་ཏིའི་ཡུལ་དུ་རྒྱལ་བ་ཞེས་སྒྲ་གདངས་མ་ཉམས་པར་འདུག་གོ །
རྒན་གྱི་ཞེ་འདོད་ལྟར་ན། རྒྱལ་པ་ཡིན་དགོས་སོ། རང་རྐུབ་རྡུང་སྤྱད་ཀྱི་རྒྱལ་བ། སྐལ་བ། བསྩལ་བ། འཕལ་བ། རལ་བ། དྲུལ་བ། ཧ་ཧ་ཧ།
མི་ལོ་ཉིས་སྟོང་ལྷག་ཡེ་ཤི་དང་ལོ་ཁྲི་ཕྲག་གི་གཤིན་རབས་ཟེར་གཉིས་ཁྱད་པར་ནི་ཡེ་ཤི་དངོས་ཡོད་ཀྱི་ལོ་རྒྱུས་དང་བོན་རྟོག་སྒྲུང་གི་ཁྱད་པར་འདུག དེས་ན་ཡེ་ཤིའི་འཁྲུངས་སྐར་དང་ལོ་གསར་ལ་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ།
་་་་་་་་་་་་་་་ སློབ་གྲྭ་ཐོན་པའི་བུ་དང་བུ་མོ་ལོ་ཆུང་རྣམས་ལྟ་ཅི། རྒན་ལོ་དྲུག་ཅུ་ལོན་པ་དག་གིས་ཀྱང་ཁ་ནས་ལ་དྭགས་བོད་སྐད་རྒྱབ་ཤེས་ཀྱང་འབྲི་མི་ཤེས་གནས་སྟངས་འདི་ཡིས་་བོད་སྐད་སྟོར་བའི་གཉེན་ཀར་སླེབས་ཡོད། བོད་སྐད་སྲུང་བའི་ཕྱིར་དུ་བོད་སྐད་དུ་གསར་ཤོག་ཀློག་པའི་གོམས་པའམ་ལོབས་ཤིག་རྒན་གཞོན་ཡོངས་ལ་བྱེད་དགོས་པ་མཐོང་། ་་་་་་་་་་་་
གནམ་ལེགས།
སྔོན་གྱི་མཁས་པ་རྣམས་ཀྱིས་བྲིས་པའི་དཔེ་ཆ་ལ་ཚིག་རྣམས་ཀྱིས་དག་ཆ་རྣམས་ངོས་གཟུང་། རྗེས་འཇུག་རྐྱང་རྐྱང་ལ་བལྟས་ནས། པ་དང་བ་འདམས་ན། བོད་སྐད་ཀྱི་དག་ཆ་རྣམས་འཇིག་པར་འགྱུར། དམིགས་བསལ་ཡོད་པ་ཤེས་དགོས། དཔེར་ན། རྐང་པ་གཉིས་ས་ལ་བཙུགས་ནས་འགྲོ་དགོས། གནམ་བློ་ལྡན་གྱི་ལུས་པོ་འདི་ས་ཆུ་མེ་རླུང་སྟེ། འབྱུང་བ་བཞི་ལ་བརྟེན་པ་ཡིན། ཏན་ཏན་མ་བྱས་ན། འབྱུང་པོས་གནོད་པ་སྐྱེལ་འོང་། གནམ་ལེགས།
་་་་་་་་་་་ རྐང་པ་གཉིས་ས་ལ་བཙུགས་་་་་་་་་་་་་་་་་་་་
གཡག་པ།
རྐང་པ།
བོད་པ།
གླེན་པ།
བཏབ་པ།
རྩམ་པ།
ལྷ་པ།
གར་པ།
ཕལ་པ།
ཆོས་པ།
ག་ང་ད་ན་བ་མ་འ། །
ར་ལ་ས་རྣམས་རྗེས་འཇུག་རྗེས། །
པ་ཉིད་ཐོབ་པའི་དཔེར་བརྗོད་ཅིག །
ཁ་བརྡ་འདི་རུ་སྤེལ་ཡོད་དོ། །
པ་དང་པོ་འཇུག་བཞིན་པའི་དཔེ།
གླུ་པ། གྲྭ་པ། པར་པ། ཀ་པ། ཁ་པ། ག་པ། ང་པ།
གཡག་པོ། མང་པོ། འཆད་པོ། ཆེན་པོ། ཟབ་པོ། སྒམ་པོ། དགའ་པོ། དམར་པོ། རྒྱལ་པོ། རྒྱས་པོ།
རྗེས་འཇུག་བཅུ་ག་ལ། པ་དང་པོ་ཐོབ་སྟངས།
ཡག་པོ། ཡག་པ།
མང་པོ། མང་པ།
ཐད་པོ། ཐད་པ།
ཕན་པོ། ཕན་པ།
འཆབ་བོ། འཆབ་པ།
སྒམ་པོ། སྒམ་པ།
དགའ་པོ། དགའ་པ།
དཀར་པོ། དཀར་པ།
རྒྱས་པོ། རྒྱས་པ།
མི་རྣམ་དཔྱོད་ཅན་རྣམས་ཀྱིས་རྒྱལ་པོ་སེངྒེ་རྣམ་རྒྱལ་དམག་གིས་གུ་གེ་ལ་འཛིངས་པ་འགྲིག་མི་འདུག་ཅེས་བྲིས་པ་བཀླགས།་སེང་རྒྱལ་གྱི་ཡབ་འཇམ་དབྱངས་ཇི་ལྟར་གྲོངས་པ་དང་གང་དུ་གྲོངས་པ་ལ་ཤེས་འདོད་ཡོད་ཀྱང་ད་བར་དུ་རྩད་མ་ཆོད། ཟངས་དཀར་དུ་འཇམ་རྒྱལ་གྱིས་བླ་མ་སྟག་ཚང་རས་པ་མཇལ། ལ་དྭགས་ལ་ཕེབས་པར་གསོལ་བ་པ་བཏབ་པ་ལྟར། ཨོརྒྱན་མཇལ་ཏེ་ལོ་གཅིག་ན་ལ་དྭགས་བ་སྒོ་མཁར་དུ་བྱོན། སྦལ་ཏིའི་སྲས་མོ་རྒྱལ་ཁ་ཏུན་དང་སྲས་གཉིས་ཏེ། སེངྒེ་རྣམ་རྒྱལ་དང་། ནོར་བུ་རྣམ་རྒྱལ་བཅས་ཡུམ་སྲས་གསུམ་པོ་ལ་རྟ་ཕྱག་ཟུང་འབྲེལ་གྱི་དབང་བསྐུར། སེང་རྒྱལ་དང་ནོར་རྒྱལ་གཉིས་ཕྱོགས་པ་སོ་སོས་འཐེན་ཏེ། སོ་སོར་གྱེས་པ་ན། བླ་མ་སྟག་བོད་དབུས་གཙང་ནས། ཕྱོགས་སྡུམ་མཛད་པར་ལ་དྭགས་སུ་ལོག ཕྱོགས་གཉིས་ནག་བསྒྲིགས་ཀྱིས་སེང་རྣམ་གྲྭ་པ་དང་། ནོར་རྒྱལ་པོར་མངའ་གསོལ་རྒྱུར་བྱས་ཀྱང་། སྐྱ་དྲག་རྣམས་ཀྱིས་གཡོ་སྒྱུས་ནོར་བུ་རྣམ་རྣམ་རྒྱལ་ལྔ་ལམ་དུ་གྲྱར་ཏེ། སེང་གེ་རྣམ་རྒྱལ་རྒྱལ་པོ་ཆགས། ཡུལ་རྒྱལ་ཁ་ཏུན་གྱི་དགོངས་རྫོགས་ལ་པཎ་ཆེན་ཆོས་རྒྱན་ལ་འབུལ་བ་མང་པོ་ཕུལ་ཀྱང་། རང་གི་རྩ་བའི་བླ་མ་སྟག་ཚང་ལ་འབུལ་བ་ཡོད་པ་མི་གསལ། རྒྱལ་ཁ་ཏུན་མི་ཚེ་གང་པོར་ཨིས་ལམ་ལ་གནས་ཀྱང་། ལ་དྭགས་པ་རྣམས་ཀྱིས་རྗེ་བཙུན་སྒྲོལ་དཀར་སྤྲུལ་པར་གྲགས་ཞེས་ལ་དྭགས་རྒྱལ་རབས་སུ་ཇོ་སེབ་བྲིས། བ་སྒོའི་གསེར་སྦྱངས་བྱམས་པ་ལ་ཕྲ་རྒྱན་ཚང་མ་རྒྱལ་ཁ་ཏུན་གྱིས་ཕུལ་པ་སྟག་ཚང་རིན་པོ་ཆེའི་རྣམ་ཐར་ན་ཡང་གསལ།
སེང་གེ་རྣམ་རྒྱལ་གུ་གེ་བཅོམ་པའི་རྗེས་སུ་གླེར་ལོག་སྐབས་ལམ་དུ་སྐུ་གཤེགས། སྐུ་སྤུར་གསང་བས་གླེ་རུ་སླེབས། དགའ་ལྡན་ཚང་སོ་དམག་གླེ་བརྒལ་ནས་བ་སྒོར་སླེབས། བ་སྒོའི་མཁར་བཙན་པས་སོག་དམག་ནང་དུ་སླེབས་མ་ཐུབ། དེ་ནས་ལ་དྭགས་དམག་གྲོགས་ལ་ཁ་ཆེའི་ཕོན་ཆེ་བས་སོག་དམག་ལ་དྭགས་ན་ཕྱིར་འཐེན་དགོས། སོག་དམག་རྣམས་ཐང་དུ་འཛིངས་དགོས་འགྲན་ཟླ་འབྲལ རི་་རོང་རྫོང་བཅས་དམག་རྩལ་མེད་པར་ཤེས། དབུས་གཙང་གི་ཧོར་པ་དག་ལ་དྭགས་་སུ་དམག་ལ་སོང་བས་སོག་དམག་ཅེས་པ་ཡིན་ཤས་ཆེ།
དེ་ནས་མཆིངས་བསྒྲིགས་བྱས་ལ་དྭགས་ནས་ལོ་ཕྱག་དང་བོད་ནས་གཞུང་ཚོང་ཞེས་པ་ཕན་ཚུན་སྐྱོད་པ་འགྲེམ་འགྲུལ་ལ་མི་སེར་གྱིས་དོ་པོ་མང་པོ་འོར་དགོས་པ་ལ་དྭགས་ལོ་ཕྱག་ཁ་ཆེ་ཀུན་ཞེས་པ་ཁ་ཆེ་མི་ཚང་ཕྱུག་པ་ཞིག་གིས་ལོ་མང་བྱས། ལ་དྭགས་ལོ་ཕྱག་ཐ་མ་དེ་༡༩༤༠གྲངས་སུ་གླེའི་བཀའ་བློན་རིག་འཛིན་ཡིན་འདུག ༡༩༥༠ ནས་༡༩༥༧བར་དབུས་གཙང་དུ་བདག་ཡོད་དུས་ལ་དྭགས་ལོ་ཕྱག་གཅིག་འོངས་པ་མ་མཐོང་། དེ་དུས་དའི་རྒྱུན་ཆད་པ་ཡིན་ངེས་གནས་ཚུལ་ཙམ་ལགས་སོ།
འཆབ་བོ།
འདི།
འཆབ་པོའམ། འཆབ་པ་པོས་རང་སྐྱོན་འཆབ་ན་བཤགས་སྡོམ་མི་འོངས། ལྟ་བུའོ།།
ལུང་རྟོགས་ལགས། སྐུ་ཁམས་བཟང་།
ཁྱེད་ཀྱི་མཆན་༩༨་པ་དེར་འདི་ལྟར་གསུངས་པ། ༼བོན་པོ་ལགས། ལོ་རྒྱུས་མི་ཤེས་པའི་འུར་བཤད་མ་གནང་། ཆོས་རྒྱ་ཁྲི་སྲོང་གིས་དུས་རབས་བདུན་པ་བརྒྱད་པའི་ནང་ལ་ནང་ཆོས་རྒྱ་གར་ནས་གདན་དྲང་བ་རེད་ལ། དེའི་སྐབས་སུ་ནཱ་ལེནྡྲ་དང་བི་ཀྲ་མ་ལ་ཤཱི་ལ་སོགས་རྒྱ་གར་གྱི་ནང་པའི་བཤད་གྲྭ་ཆེན་པོ་དེ་ཚོ་དར་ཞིང་རྒྱས་པའི་དུས་རེད།༽
ཁྱེད་ཀྱིས་དུས་རབས་བདུན་པའི་སྐོར་ལ་ནཱ་ལེནྡྲ་དང་བི་ཀྲ་མ་ལ་ཤཱི་ལ་སོགས་དར་ཞིང་རྒྱས་པའི་དུས་རེད་ཟེར་ནས་བྲིས་འདུག་མོད། འོན་ཀྱང་དུས་རབས་བདུན་པར། ནཱ་ལེནྡྲ་རུ་སྐུ་དངོས་སུ་ཕེབས་མྱངས་བའི་རྒྱ་ནག་གི་བཙུན་པ་ཞོན་ཙང་ལགས་ཀྱིས། ནཱ་ལེནྡྲ་དལ་བུར་ཉམས་གུད་དུ་འགྲོ་བའི་དུས་ཡིན་པར་མ་ཟད། མ་འོངས་པར་ནཱ་ལེནྡྲ་འཇིགས་པར་འགྱུར་བའི་རྟགས་དང་མཚན་མ་དེ་འདྲ་ཡང་ཁོང་གིས་གཟིགས་སྐོར་གསུངས་འདུག གང་ལྟར་དུས་སྐབས་དེར་སྔར་རྒྱུན་བཞིན་ནཱ་ལེནྡྲ་ལ་ཞི་བདེ་དང་ལྷིང་འཇགས་མེད་ཐག་ཆོད་རེད། རྐྱེན་དེ་འདྲ་ལ་བརྟེན་ནས་ཆེ་གེ་མོ་ཚོ་གནས་ཡུལ་གཞན་དུ་སྐྱབས་བཅོལ་ལ་ཕེབས་ཡོད་ངེས་སོ། །
འོག་གི་དབྱིན་ཡིག་དེ་ཝི་ཀི་ནས་དྲངས།་
The decline of Nalanda is concomitant with the disappearance of Buddhism in India. When Xuanzang travelled the length and breadth of India in the 7th century, he observed that his religion was in slow decay and even had ominous premonitions of Nalanda’s forthcoming demise.[16]:145 Buddhism had steadily lost popularity with the laity and thrived, thanks to royal patronage, only in the monasteries of Bihar and Bengal. By the time of the Palas, the traditional Mahayana and Hinayana forms of Buddhism were imbued with Tantric practices involving secret rituals and magic. The rise of Hindu philosophies in the subcontinent and the waning of the Buddhist Pala dynasty after the 11th century meant that Buddhism was hemmed in on multiple fronts, political, philosophical, and moral. The final blow was delivered when its still-flourishing monasteries, the last visible symbols of its existence in India, were overrun during the Muslim invasion that swept across Northern India at the turn of the 13th century
ཨོ་རེད། ཆེ་གེ་མོ་ཚོ་བཞིན་དུ་རྟ་ཟོག་གི་དོན་ལ་དམག་དང་ཇག་ལ་ཡོང་བ་འདྲ་མིན་ན་སྐྱབས་བཅོལ་ལ་ཡོང་བ་སྐྱོན་ཅང་མི་ཆེ་གི།
༥༩འི་བོད་ཀྱིནང་ཆོས་ནུབ་སྟངས་དང་། ལ་ལེནཌའི་ནང་ནུབ་སྟངས་ལ། ཆ་འདྲ་བ་དང་། མི་འདྲ་བ་གཉིས་ཀ་འདུག་སྙམ་ལགས།
ཅོ་རི་ཉི་མ་ལ་རྒྱབ་སྐྱོར་ཡོད། ཁོང་གིས་བོད་མི་དང་བོད་ཀྱི་སྤྱི་ཚོགས་གནས་བབས། བོད་པའི་མ་འོངས་སོགས་ཕྱོགས་གང་ཐབས་ནས་བསམ་བློ་རྣོན་པོ་ཞིག་བཏང་ཡོད་པ་ཚིག་ཕྲེང་རེ་རེ་ཡིག་འབྲུ་རེ་རེར་རྟོགས་ནུས། འདི་འདྲ་བོད་པའི་སྤུན་ཟླ་ཞིག་ཡོད་པ་ངོ་མས་སེམས་གཏིང་ནས་དགའ་པོ་ཡོད། བོད་པའི་ཡེ་ཤུ་པ་ཡིན་ནའང་འདྲ། བོད་པའི་ཁ་ཆེ་བ་ཡིན་ནའང་འདྲ། བོན་པོ་། ནང་བ་གང་ཞིག་ཡིན་རུང་། བོད་སྐད་བོད་ཡིག་ང་ཚོའི་གངས་བོད་བླ་སྲོག་འདི་རྒྱུན་འཁྱོངས་ཐུབ་པ་ནི་བོད་པ་རེད། ཆོས་ལུགས་ཀྱི་འཁྲེགས་བཟུང་། ཅོལ་ཆུང་ཁ་སྤོ་ཙམ་གྱི་བླ་སྲོག་འདི་མི་གསོད་པར་སྨོན། སྐད་ཡིག་ནི་ཤེས་བྱའི་ཟམ་པ་བཞིན། བོད་ཡིག་གི་ལམ་ནས་ཆོས་སོ་སོར་འགྲེལ་བཤད་གནང་ནུས་ན། ཕུན་སུམ་ཚོགས་པར་འགྱུར་བ་ནི་བོད་སྐད་ཡིག་རང་རེད། དེ་བས། མཚམས་རྒྱ་མེད་པར་རང་གི་སྐད་ཡིག་ཡར་རྒྱས་དར་འཕེལ་དུ་གཏོང་བའི་ཐབས་ནི་བོད་པ་གང་ཞིག་ཡིན་རུང་རང་གི་མཐོང་ཐོས་མྱོང་གསུམ་དང་དུངས་བའི་བྱ་བཞག་ཆེད་རྩོད་རྩོམ་གསུམ་བརྒྱུན་ནས་ནང་ཚོགས་ལ་ཉམས་སུ་རོལ་བ་གསལ་བོ་ཞེལ་ནུས་ནི་བོད་སྐད་ཡིག་གི་གཟི་བརྗིད་དང་ང་ཚོའི་གཟི་བརྗིད་རེད། ཕྱོགས་རེ་ཅན་གྱི་མིག་མདངས་ཞིག་གི་བོད་ཀྱི་སྐད་ཡིག་གམ་བོད་མི་ངེས་པར་དུ་ནང་ཆོས་ལ་དད་པ་བྱེད་དགོས་ཟེར་པ་རྣམས་ཁ་ཆེ་འཇུགས་སྐུལ་རིང་ལུགས་དང་ཁྱད་མེད་རེད། ཆོས་ལ་ཟབ་ཆ་ཡོད་ཞེས་པའི་མདུན་པ་བཟུང་ནས་ཆོས་གཞན་དད་པ་གནང་བའི་བོད་མི་ལ་ཁྱད་གསོད་དང་དགྲ་འཛིན་གནང་བ་ལག་དམར་དང་ཁྱད་པར་མེད། དེ་བས། བོད་པ་ཞིག་ཡིན་ཚེ་གངས་རི་ལྟ་བུའི་གཤིས་ཀ་བརྗིད་བརྗིད་ཞིག་དང་མཐོ་རྩེའི་ས་ན་གནམ་ས་བལྟ་བའི་མིག་དང་སེམས་རྒྱ་ཞིག་ཡོད་ན་ལེགས་སོ།།