སྟོན་པའི་འཁྲུངས་སྐར་བཀྲ་ཤིས་བདེ་ལེགས། Posted on 2013-05-172013-05-17 By ཡེ་ཤེས་ 13 Comments on སྟོན་པའི་འཁྲུངས་སྐར་བཀྲ་ཤིས་བདེ་ལེགས། ཀླུ་སྨྱོན། སྟོན་པའི་འཁྲུངས་སྐར་བཀྲ་ཤིས་བདེ་ལེགས། ། ལྷན་རྒྱས་ཚང་མའི་སྐུ་ཁམས་གསལ་དྭངས། ། ཆོས་སྲིད་རིག་གནས་བྱ་བ་མཐར་ཕྱིན། ། འཛམ་གླིང་སྤྱི་བྱེའི་ཞི་བདེ་འཕེལ་ཤོག ། གསལ་བསྒྲགས།
འ་ལེ། ཀླུ་སྨྱོན་འདི་ཚེས་བརྒྱད་ཅན་པོ་ཡིན་པ་རེད། ཚེས་བདུན་ཅན་པོ་འགྲོ་ཚར་སོང་པ། ཁུངས་ག་རེ་ཡོད་ན་ཨ། མི་སྒེར་གྱི་བསམ་པ་བསྐོང་བའི་ཕྱིར་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས།
སྙིང་ནས་བརྩེ་བའི་བུ་མོ་དཀར་སྒྲོན་ལགས། ངས་དི་རིང་བདག་ཅག་གི་སྟོན་པ་ཤཀྱ་མུ་ནེའི་འཁྲུངས་སྐར་ཉིན་མོར། མཛངས་མ་ཁྱེད་ལ་བཀྲིས་བདེ་ལེགས་ཞུ་བ་དང་དུས་མཚུངས་དུས་ཆེན་ཁྱད་པར་ཅན་འདིར་ཁྱེད་ནས་དཀར་པོ་དགེ་བའི་ལས་ལ་བརྩོན་པ་དང་ནག་ཕྱོགས་ཀྱི་ལས་ཐམས་ཅད་སྤོང་བའི་གསོལ་བ་འདེབས་སོ། འཁྲུངས་སྐར་དུས་ཆེན་མཇུག་རྫོགས་རྗེས་ལམ་གསེང་གནམ་གྲུ་བསྡད་ནས་མཛེས་མ་ཁྱེད་ཀྱི་དྲུང་དུ་ཕུར་ནས། བདེ་བ་རྒྱ་ཕྲག་སྦྱིན་པའི་ཁྱེད་སྐུ་པད་མའི་རོ་ལ་མྱོས་པར་བྱའོ། གུས་ཀླུ་སྨྱོན་ནས།
དུས་ཀྱི་མེ་ཟླུམ་ཀུན་གཟིགས་པདྨའི་གཉེན། །དུས་ངན་ལྔ་བདོའི་འགྲོ་རྣམས་མུན་སེལ་སླད། །དུས་གསུམ་བདེ་གཤེགས་མཁའ་ལས་རབ་འཕགས་ཏེ། །དུས་མཆོག་ས་ཟླའི་དཀར་ཕྱོགས་བཟང་པོར་བྱོན། །
འོག་མིན་ལུགས་གཉིས་དབང་ལ་བསྐུར་ཡང་མི་དགྱེས་པ། ཟད་མེད་རྒྱལ་པོའི་བང་མཛོད་འབུལ་ཀྱང་མི་ཁེངས་པ། རྫོགས་མེད་ལྷ་མིའི་མངའ་ཐང་ཐོབ་ཀྱང་མི་དགའ་བ། མཚུངས་མེད་མཛེས་མ་བརྒྱ་ཕྲག་སྟེར་ཀྱང་མི་ཆགས་པ། སྤྲང་པོ་ཅི་ཡང་དབང་བ་མེད་པའི་ལམ་འདེད་ནས། བདེན་པ་བཞི་ལ་རྟག་ཏུ་འགྲོག་པ་ང་ཡི་མགོན། འདུས་བྱས་ཐམས་ཅད་མི་རྟག་རྟོག་སྐབས་འཕྲུལ་ཆས་མེད། ཟག་བཅས་ཐམས་ཅད་སྡུག་བསྔལ་མཐོང་བར་འཕྲུལ་ཤེལ་མེད། ཆོས་རྣམས་སྟོང་ཞིང་བདག་མེད་མཐོང་བའི་མངོན་ཤེས་མེད། ཡང་དག་རྣམ་དཔྱོད་རིགས་པ་དང་ནི་ཉམས་མྱོང་ལས། ཀུན་ལས་འཕགས་པའི་བདེན་ལམ་མཐོང་བ་ང་ཡི་མགོན། སྤྱོད་པ་འཚེ་བ་སྤོང་བའི་བྱམས་པའི་གོས། ལྟ་བ་རྟེན་འབྱུང་སྨྲ་བའི་རིགས་པའི་ཟས། ཐབས་ནི་བྱང་སེམས་བརྟེན་པའི་བསོད་ནམས་ཞིང་། ཤེས་རབ་སྒྲོན་མེ་སྤར་བས་གཏི་མུག་མེད། ཁྱེད་ཀྱི་ཚེ་འདི་ཇི་ལྟར་དོན་ལྡན་ལགས། ཁྱེད་ཀྱི་ཕྱི་མ་ཇི་ལྟར་སྔར་བས་རྒྱས། འདི་འདྲའི་བསྟན་པ་བསྟན་པའི་རྩེ་མོ་ལགས། དེ་ལ་འཇུག་པ་བདག་ནི་བསྐལ་བ་བཟང་། འཇིག་རྟེན་འདི་ན་བདག་ལས་དགའ་བ་སུ། འཇིག་རྟེན་འདི་ན་བདག་ལས་ལྷག་པ་སུ། འཇིག་རྟེན་འདི་ན་བདག་ནི་བསོད་ནམས་ཆེ། འདི་ལྟར་ཡོང་བ་ཁྱེད་ཀྱི་བཀའ་དྲིན་ཆེ། སྟོན་པ་ཁྱེད་ལ་བདག་གི་སྒོ་གསུམ་འབུལ། བཀའ་དྲིན་དྲན་ཞིང་ཁྱེད་ཀྱི་གསུང་ལ་དཔྱད།
དད་པ་ཚུལ་ཁྲིམས་སྟོན་མཁན་སྟོན་པ་མང་། རང་རང་གསུང་ལ་བརྟག་དཔྱད་འདྲེན་མཁན་ཉུང་། མཆོད་པ་བཀུར་བསྟི་བཞེས་མཁན་སྟོན་པ་མང་། རང་ཉིད་རང་མགོན་གསུང་མཁན་ཁྱེད་ཅིག་པུ། གང་གིས་འཆིང་བའི་རྒྱུ་ནི་མ་བཤད་པར། རྟག་བརྟན་འབྲས་བུར་རེ་བའི་སྟོན་པ་གཞན། གང་གི་གསུང་ཙམ་ཐོས་པས་ངོ་ཚ་བར། གང་གིས་འདི་དག་ཀླ་ཀློར་མི་འཛིན་པར། བརྩེ་བ་ཆེན་པོས་གཟིགས་པར་ཡ་མཚན་ཆེ།
ཡ་རྒན་ཀླུ་སྨྱོན། ད་སྟོན་པའི་འཁྲུངས་སྐར་ལ་དཀའ་ལས་བརྒྱབ་པ་ཡིན། དགེ་བ་དེས་ཁྱེད་རྣམ་པའི་དགེ་བའི་བསམ་དོན་ལྷུན་གྱིས་བསྒྲུབས་ནས་སྡུག་བསྔལ་ཟེར་བའི་མིང་ཡང་མི་གོ་ཤོག
ཀླུ་སྨྱོན། སྟོན་པའི་འཁྲུངས་སྐར་( )བཀྲ་ཤིས་བདེ་ལེགས། ། གོང་གི་གུག་རྟགས་ནང་ལ་ལ་དོན་ཞིག་ཆད་འདུག་པས། གོ་བ་ཁོ་རང་མི་འདུག་ལོ།
གནམ་ལགས་སྤྱན་ནམ་མཁར་མི་གཟིགས་པར་ས་ཡི་ཡིག་འབྲུའི་ཚིག་རྐང་ལ་གཟིགས་དང། ལ་དོན་ཆད་མི་འདུག ཤོ་ལ་ཀ་དེ་ཡི་ཚིག་རྐང་མཉམ་ཕྱིར་ཚིག་བརྒྱད་རེར་བྲིས་འདུག ཨ་ལགས་ཀུ་རེ་ཞུས་ཡིན་ཧོབ་སྟེ་ལྟ་དུས་དེ་ག་རང་འདུག་བསམ་བྱུང།
ཚིག་རྐང་བརྒྱད་འབྲི་འི་ཡིན་ན་འདྲ། དགུ་འབྲི་འི་ཡིན་ན་འདྲ། བྲིས་བ་དེ་བརྡ་སྤྲོད་གཞུང་དང་གོ་དོན་ལ་གནས་བ་ཞིག་དགོས། དེ་མིན། འོག་གི་དོན་གང་ཞིག་ལ་ངེས་འཛིན་བྱེད་དགོས་བའི་འགྲིག་རྟགས་ཞིག། བན་དེ་བ་ཡིས་ཀླུ་སྨྱོན་གྱི་ཐུགས་དགོངས་བཞིན་གསུང་རོགས་གནོངས། སྟོན་པའི་འཁྲུངས་སྐར་(གྱི་ )བཀྲ་ཤིས་བདེ་ལེགས། ། སྟོན་པའི་འཁྲུངས་སྐར་(གྱིས་ )བཀྲ་ཤིས་བདེ་ལེགས། ། སྟོན་པའི་འཁྲུངས་སྐར་(དང་ )བཀྲ་ཤིས་བདེ་ལེགས། ། སྟོན་པའི་འཁྲུངས་སྐར་(ལ་ )བཀྲ་ཤིས་བདེ་ལེགས། ། སྟོན་པའི་འཁྲུངས་སྐར་(ནང་ )བཀྲ་ཤིས་བདེ་ལེགས། ། སྟོན་པའི་འཁྲུངས་སྐར་(ནི་)བཀྲ་ཤིས་བདེ་ལེགས། །
ངས་ནི། སྟོན་པའི་འཁྲུངས་སྐར་བཀྲ་ཤིས་བདེ་ལེགས། འདི། སྟོན་པའི་འཁྲུངས་སྐར་(ལ་ )བཀྲ་ཤིས་བདེ་ལེགས། །ཞེས་པ་འདི་དག་པར་འདོད།
དཔེར་ན། ལོ་གསར་བཀྲ་ཤིས་བདེ་ལེགས་་་་་་་ཟེར་བ་དང་གཅིག་མཚུངས་རེད། ལོ་གསར་གྱི་་་་་ལོ་གསར་ལ་་་དེ་བཞིན་་་གྱི་་་ནང་་་་ནི་་་་དེཚོའི་ཁ་མཆུའི་དངོས་གཞི་མེད། དེང་སང་གནམ་འདི་ཚ་བོ་ཞེ་དྲག་འདུག་་་་གལབཏེ་ད་དུང ངོ་མ་སྤྲོད་ན་་ཀརྡོ་མཁས་དབང་དང་མཉམ་དུ་བཀའ་མོལ་གནང་རོགས།
འ་ལེ། ཀླུ་སྨྱོན་འདི་ཚེས་བརྒྱད་ཅན་པོ་ཡིན་པ་རེད། ཚེས་བདུན་ཅན་པོ་འགྲོ་ཚར་སོང་པ།
ཁུངས་ག་རེ་ཡོད་ན་ཨ། མི་སྒེར་གྱི་བསམ་པ་བསྐོང་བའི་ཕྱིར་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས།
སྙིང་ནས་བརྩེ་བའི་བུ་མོ་དཀར་སྒྲོན་ལགས།
ངས་དི་རིང་བདག་ཅག་གི་སྟོན་པ་ཤཀྱ་མུ་ནེའི་འཁྲུངས་སྐར་ཉིན་མོར། མཛངས་མ་ཁྱེད་ལ་བཀྲིས་བདེ་ལེགས་ཞུ་བ་དང་དུས་མཚུངས་དུས་ཆེན་ཁྱད་པར་ཅན་འདིར་ཁྱེད་ནས་དཀར་པོ་དགེ་བའི་ལས་ལ་བརྩོན་པ་དང་ནག་ཕྱོགས་ཀྱི་ལས་ཐམས་ཅད་སྤོང་བའི་གསོལ་བ་འདེབས་སོ།
འཁྲུངས་སྐར་དུས་ཆེན་མཇུག་རྫོགས་རྗེས་ལམ་གསེང་གནམ་གྲུ་བསྡད་ནས་མཛེས་མ་ཁྱེད་ཀྱི་དྲུང་དུ་ཕུར་ནས། བདེ་བ་རྒྱ་ཕྲག་སྦྱིན་པའི་ཁྱེད་སྐུ་པད་མའི་རོ་ལ་མྱོས་པར་བྱའོ།
གུས་ཀླུ་སྨྱོན་ནས།
དུས་ཀྱི་མེ་ཟླུམ་ཀུན་གཟིགས་པདྨའི་གཉེན། །དུས་ངན་ལྔ་བདོའི་འགྲོ་རྣམས་མུན་སེལ་སླད། །དུས་གསུམ་བདེ་གཤེགས་མཁའ་ལས་རབ་འཕགས་ཏེ། །དུས་མཆོག་ས་ཟླའི་དཀར་ཕྱོགས་བཟང་པོར་བྱོན། །
འོག་མིན་ལུགས་གཉིས་དབང་ལ་བསྐུར་ཡང་མི་དགྱེས་པ།
ཟད་མེད་རྒྱལ་པོའི་བང་མཛོད་འབུལ་ཀྱང་མི་ཁེངས་པ།
རྫོགས་མེད་ལྷ་མིའི་མངའ་ཐང་ཐོབ་ཀྱང་མི་དགའ་བ།
མཚུངས་མེད་མཛེས་མ་བརྒྱ་ཕྲག་སྟེར་ཀྱང་མི་ཆགས་པ།
སྤྲང་པོ་ཅི་ཡང་དབང་བ་མེད་པའི་ལམ་འདེད་ནས།
བདེན་པ་བཞི་ལ་རྟག་ཏུ་འགྲོག་པ་ང་ཡི་མགོན།
འདུས་བྱས་ཐམས་ཅད་མི་རྟག་རྟོག་སྐབས་འཕྲུལ་ཆས་མེད།
ཟག་བཅས་ཐམས་ཅད་སྡུག་བསྔལ་མཐོང་བར་འཕྲུལ་ཤེལ་མེད།
ཆོས་རྣམས་སྟོང་ཞིང་བདག་མེད་མཐོང་བའི་མངོན་ཤེས་མེད།
ཡང་དག་རྣམ་དཔྱོད་རིགས་པ་དང་ནི་ཉམས་མྱོང་ལས།
ཀུན་ལས་འཕགས་པའི་བདེན་ལམ་མཐོང་བ་ང་ཡི་མགོན།
སྤྱོད་པ་འཚེ་བ་སྤོང་བའི་བྱམས་པའི་གོས།
ལྟ་བ་རྟེན་འབྱུང་སྨྲ་བའི་རིགས་པའི་ཟས།
ཐབས་ནི་བྱང་སེམས་བརྟེན་པའི་བསོད་ནམས་ཞིང་།
ཤེས་རབ་སྒྲོན་མེ་སྤར་བས་གཏི་མུག་མེད།
ཁྱེད་ཀྱི་ཚེ་འདི་ཇི་ལྟར་དོན་ལྡན་ལགས།
ཁྱེད་ཀྱི་ཕྱི་མ་ཇི་ལྟར་སྔར་བས་རྒྱས།
འདི་འདྲའི་བསྟན་པ་བསྟན་པའི་རྩེ་མོ་ལགས།
དེ་ལ་འཇུག་པ་བདག་ནི་བསྐལ་བ་བཟང་།
འཇིག་རྟེན་འདི་ན་བདག་ལས་དགའ་བ་སུ།
འཇིག་རྟེན་འདི་ན་བདག་ལས་ལྷག་པ་སུ།
འཇིག་རྟེན་འདི་ན་བདག་ནི་བསོད་ནམས་ཆེ།
འདི་ལྟར་ཡོང་བ་ཁྱེད་ཀྱི་བཀའ་དྲིན་ཆེ།
སྟོན་པ་ཁྱེད་ལ་བདག་གི་སྒོ་གསུམ་འབུལ།
བཀའ་དྲིན་དྲན་ཞིང་ཁྱེད་ཀྱི་གསུང་ལ་དཔྱད།
དད་པ་ཚུལ་ཁྲིམས་སྟོན་མཁན་སྟོན་པ་མང་།
རང་རང་གསུང་ལ་བརྟག་དཔྱད་འདྲེན་མཁན་ཉུང་།
མཆོད་པ་བཀུར་བསྟི་བཞེས་མཁན་སྟོན་པ་མང་།
རང་ཉིད་རང་མགོན་གསུང་མཁན་ཁྱེད་ཅིག་པུ།
གང་གིས་འཆིང་བའི་རྒྱུ་ནི་མ་བཤད་པར།
རྟག་བརྟན་འབྲས་བུར་རེ་བའི་སྟོན་པ་གཞན།
གང་གི་གསུང་ཙམ་ཐོས་པས་ངོ་ཚ་བར།
གང་གིས་འདི་དག་ཀླ་ཀློར་མི་འཛིན་པར།
བརྩེ་བ་ཆེན་པོས་གཟིགས་པར་ཡ་མཚན་ཆེ།
ཡ་རྒན་ཀླུ་སྨྱོན། ད་སྟོན་པའི་འཁྲུངས་སྐར་ལ་དཀའ་ལས་བརྒྱབ་པ་ཡིན། དགེ་བ་དེས་ཁྱེད་རྣམ་པའི་དགེ་བའི་བསམ་དོན་ལྷུན་གྱིས་བསྒྲུབས་ནས་སྡུག་བསྔལ་ཟེར་བའི་མིང་ཡང་མི་གོ་ཤོག
ཀླུ་སྨྱོན།
སྟོན་པའི་འཁྲུངས་སྐར་( )བཀྲ་ཤིས་བདེ་ལེགས། །
གོང་གི་གུག་རྟགས་ནང་ལ་ལ་དོན་ཞིག་ཆད་འདུག་པས། གོ་བ་ཁོ་རང་མི་འདུག་ལོ།
གནམ་ལགས་སྤྱན་ནམ་མཁར་མི་གཟིགས་པར་ས་ཡི་ཡིག་འབྲུའི་ཚིག་རྐང་ལ་གཟིགས་དང།
ལ་དོན་ཆད་མི་འདུག ཤོ་ལ་ཀ་དེ་ཡི་ཚིག་རྐང་མཉམ་ཕྱིར་ཚིག་བརྒྱད་རེར་བྲིས་འདུག
ཨ་ལགས་ཀུ་རེ་ཞུས་ཡིན་ཧོབ་སྟེ་ལྟ་དུས་དེ་ག་རང་འདུག་བསམ་བྱུང།
ཚིག་རྐང་བརྒྱད་འབྲི་འི་ཡིན་ན་འདྲ། དགུ་འབྲི་འི་ཡིན་ན་འདྲ། བྲིས་བ་དེ་བརྡ་སྤྲོད་གཞུང་དང་གོ་དོན་ལ་གནས་བ་ཞིག་དགོས།
དེ་མིན། འོག་གི་དོན་གང་ཞིག་ལ་ངེས་འཛིན་བྱེད་དགོས་བའི་འགྲིག་རྟགས་ཞིག། བན་དེ་བ་ཡིས་ཀླུ་སྨྱོན་གྱི་ཐུགས་དགོངས་བཞིན་གསུང་རོགས་གནོངས།
སྟོན་པའི་འཁྲུངས་སྐར་(གྱི་ )བཀྲ་ཤིས་བདེ་ལེགས། །
སྟོན་པའི་འཁྲུངས་སྐར་(གྱིས་ )བཀྲ་ཤིས་བདེ་ལེགས། །
སྟོན་པའི་འཁྲུངས་སྐར་(དང་ )བཀྲ་ཤིས་བདེ་ལེགས། །
སྟོན་པའི་འཁྲུངས་སྐར་(ལ་ )བཀྲ་ཤིས་བདེ་ལེགས། །
སྟོན་པའི་འཁྲུངས་སྐར་(ནང་ )བཀྲ་ཤིས་བདེ་ལེགས། །
སྟོན་པའི་འཁྲུངས་སྐར་(ནི་)བཀྲ་ཤིས་བདེ་ལེགས། །
ངས་ནི།
སྟོན་པའི་འཁྲུངས་སྐར་བཀྲ་ཤིས་བདེ་ལེགས།
འདི།
སྟོན་པའི་འཁྲུངས་སྐར་(ལ་ )བཀྲ་ཤིས་བདེ་ལེགས། །ཞེས་པ་འདི་དག་པར་འདོད།
ཆད་དང་མ་ཆད་ཅེས་བཤད་དུས་ཆད་མི་འདུག་ཞུས་ཡོད། དེ་ནས་ཁ་མཆུའི་དངོས་གཞི་མེད་དོ།
དཔེར་ན། ལོ་གསར་བཀྲ་ཤིས་བདེ་ལེགས་་་་་་་ཟེར་བ་དང་གཅིག་མཚུངས་རེད། ལོ་གསར་གྱི་་་་་ལོ་གསར་ལ་་་དེ་བཞིན་་་གྱི་་་ནང་་་་ནི་་་་དེཚོའི་ཁ་མཆུའི་དངོས་གཞི་མེད། དེང་སང་གནམ་འདི་ཚ་བོ་ཞེ་དྲག་འདུག་་་་གལབཏེ་ད་དུང
ངོ་མ་སྤྲོད་ན་་ཀརྡོ་མཁས་དབང་དང་མཉམ་དུ་བཀའ་མོལ་གནང་རོགས།
ཡོད་ཚད་བདེ་བ་དང་ལྡན་པར་ཤོག་