ཨེ་མ་ཧོ།
ན་མོ་གུ་རུ་མ་ཧཱ་ཤཱཀྱ་མུ་ན་ཡེ།།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།།
བདུད་རྩི་ལྟ་བུའི་ཆོས་ཉིད་དོན་རྟོགས་པའི།།
སྲིད་ཞིའི་ཆོས་སྟོན་བཅོམ་ལྡན་ཤཱཀྱའི་རྒྱལ།།
ཡིད་ཀྱི་མུན་སེལ་སྒྲོན་མེ་སྙིང་ནས་དྲན།།
རྣམ་འདྲེན་སྟོང་ལས་ཐུགས་བསྐྱེད་རྨད་བྱུང་བས།།
པད་དཀར་ལྟར་བསྔགས་མཚན་ཐོས་ཕྱིར་མི་ལྡོག།
རྐང་གཉིས་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས།།
སྐྱོབ་པ་འཇིག་རྟེན་གསུམ་མགོན་སྙིང་ནས་དྲན།།
སངས་རྒྱས་རིན་ཆེན་སྙིང་པོའི་སྤྱན་སྔར་ནས།།
མི་མཇེད་འཇིག་རྟེན་འདྲེན་པའི་ཐུགས་དམ་བཞིན།།
བཅུ་གཉིས་མཛད་པའི་ཕྲིན་ལས་མཛད་པའི་དཔལ།།
མཉམ་མེད་ཐུབ་པའི་དབང་པོ་སྙིང་ནས་དྲན།།
དྲན་དྲན་རྣམ་འདྲེན་བཞི་བ་སྙིང་ནས་དྲན།།
དྲན་པའི་འཁྲུངས་སྐར་དགའ་བསུའི་དུས་བཟང་དྲན།།
བསོད་ནམས་ཡེ་ཤེས་ལས་བྱུང་དགེ་ཚོགས་ཀུན།།
རྒྱལ་དང་རྒྱལ་སྲས་དགྱེས་པའི་དཔལ་དུ་འབུལ།།
ཞེས་པ་འདི་ཡང་རབ་གནས་ཤིང་ལུག་ས་ག་ཟླ་བའི་དཀར་ཕྱོགས་རྒྱལ་བ་གཉིས་པ་ལ་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་ལྡན་པའི་འཁྲུངས་སྐར་གྱི་དུས་བཟང་ལ་དབྲ་ཆེན་ཐུབ་བསྟན་ཀུན་གྲོལ་གྱི་གསུང་སྐུལ་ལྟར་གང་ཤར་ཨེ་མ་ཧོས་དབྱིན་སྟོད་ཨེ་བྷྲྰུྃ་འབར་ནས་བྲིས་པར་དགེའོ།། །།
སངས་རྒྱས་རྗེས་སུ་དྲན་པ་ཡག་པོ་རེད་དྲན།