བྱ་མདོ་སྐལ་རྒྱམ།
འབྲས་བུ་སེར་བོ་ཞིག་གི་སྟོན་འབྲས་མ་སྨིན་གོང་དུ
བཟའ་ཤིང་གི་ལྗང་ལོ་རྣམས
སེར་ཐིག་གིས་མཐའ་ནས་ཟོས་སོང
གྲོགས་པོ་ཚོས་བཤད་ན
ངའི་མགོ་རུ་ཡང
སྟོན་མཇུག་གི་སེར་ཐིག་ལྟ་བུའི་དུས་ཆད་ཕོག་འདུག་ཟེར
ལོ་ངོ་འདི་དག་གི་རིང་ལ
ང་རྒས་བཞིན་པ་ནི་ཅི་འདྲའི་གོ་རིམ་མེད་པ་ཞིག་རེད་ཨང
ཡིན་ནའང མི་ཚེའི་སྟོན་མཇུག་འགྲིམ་པའི་ཚུལ་ལ་བསམས་ཚེ
ང་ལ་རེ་དོགས་དང་ནོངས་འགྱོད་ཅི་ཡང་མེད་པར
སྟོན་མཇུག་གི་ནམ་ཟླ་ལ་དགའ་སྤྲོའི་ངང་རོལ་གྱིན་ཡོད
ཁ་བ་ལེབ་མོ་ལེབ་མོས
འཇིག་རྟེན་འདི་དང ཁོར་ཡུག་ཀུན་ལ
གང་ཞིག་དྲན་འོས་པའི་དྲི་རྟགས་འགོད་དུས
ངའི་དགོད་སྒྲ་དང
ཡང་ན་མིག་ཆུ་ལྟ་བུའི་སྙན་ངག་རྣམས
དཔྱིད་ཀའི་ལྗང་སྨྱུག་དང་ལྷན་ཏུ
བསྐྱར་དུ་གསོན་ངེས
2014/09/29 ཉིན་གུང་།
ད་རྒས་ན་མི་འདོད་ནི་མིན་ན། ཁྱོད་ཚོས་ད་བར་དུ་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར་ལབ་ནི་ཡིན་པཱ། འོ་ན་སྒྲ་མི་རྟག་པར་བསྒྲུབས་ནས་རང་མི་རྟག་པ་ཡིན་པར་བརྗེད་སོང་ཟིག་པཱ། ཧ་ཧ་ཧ་ཧ་