མཁོ་གཏོང་བ། བོད་རང་བཙན་སློབ་ཕྲུག་ཚོགས་པ།
༢༠༡༣ ལོའི་ཟླ་༩ ཚེས་༤ ཉིན། གསར་འགོད་གསལ་བསྒྲགས།
དེ་ཡང་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཆེན་༢༠་ཡི་ཚོགས་ཆེན་དེ་ཨུ་རུ་སུ་ནང་དུ་འཚོགས་ཀྱི་ཡོད་པའི་གོ་སྐབས་དང་བསྟུན་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་གཙོས་འཛམ་གླིང་གི་ས་ཆ་གང་སར་གནས་པའི་བོད་དོན་རྒྱབ་སྐྱོར་བ་ཚོས་ད་ཐེངས་ཀྱི་ཚོགས་འདུ་དེའི་ནང་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་གླེང་སློང་ཡོང་བའི་འབོད་སྐུལ་གྱི་ལས་འགུལ་ཅི་རིགས་དྲ་རྒྱའི་བརྒྱུད་ལམ་དང་ཁྲོམ་གཞུང་གི་གོམ་བགྲོད། རྣམ་པ་མི་འདྲ་བའི་བཞད་གད་གྱི་རྣམ་པའི་འཁྲབ་སྟོན་སོགས་ཀྱི་ལམ་ནས་འཛམ་གླིང་གི་ས་ཁྱོན་གང་སར་སྤེལ་ཡོད།
“དེ་རིང་ལས་འགུལ་འདི་བརྒྱུད་ནས་ང་ཚོས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཁག་གིས་ད་ཐེངས་ཀྱི་ཚོགས་ཆེན་འདིའི་ཐོག་བོད་ཀྱི་གནད་དོན་སྐོར་བགྲོ་གླེང་ཡོང་བའི་རེ་སྐུལ་ཞུ་རྒྱུ་དང་ཕྱོགས་གཞན་ནས་སྤྱིར་བཏང་གི་ས་གནས་ས་ཐོག་གི་མི་མང་དཀྱུས་མ་ཚོར་བོད་ནང་གི་ཛ་དྲག་གི་གནད་དོན་སྐོར་གོ་རྟོགས་སྤེལ་རྒྱུ་དེ་ཡིན”ཞེས་ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འབྲེལ་མཐུད་པ་དང་བོད་དོན་རྒྱབ་སྐྱོར་བ་པུ་རན་ངྷེ་ཡཱ་ལགས་ཀྱིས་བརྗོད་སོང་ལ། ཁོ་མོས་མུ་མཐུད་ནས་ “ད་ཐེངས་སྟོབས་འབྱོར་ཅན་གྱི་རྒྱལ་ཁབ་༢༠་ཡི་དབུ་ཁྲིད་ཁག་ཨུ་རུ་སུར་ཕེབས་ནས་འཛམ་གླིང་གི་དཔལ་འབྱོར་ཡར་རྒྱས་སྐོར་ལ་གྲོས་བསྡུར་བྱེད་རྒྱུ་རེད།
འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཀྱང་དེ་མཚུངས་སུ་གལ་ཆེན་པོ་ཡིན་པས། ང་ཚོས་ད་ཐེངས་ཀྱི་ཚོགས་ཆེན་འདིའི་གོ་སྐབས་བཟུང་ནས་ལས་འགུལ་འདྲ་མིན་སྤེལ་ཏེ་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་འཛམ་གླིང་གི་དབུ་ཁྲིད་ཚོས་ངེས་པར་དུ་དོ་སྣང་དང་གླེང་སློང་ཡོང་བའི་འབད་རྩོལ་བྱེད་དགོས་”ཞེས་བརྗོད་སོང་།
རྒྱ་གར་ནང་ལ་མཚོན་ནའང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་བཀོད་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། ཇ་ལེན་རྡིར་སོགས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ཏུ་ལས་འགུལ་འདྲ་མིན་སྤེལ་འདུག་ལ། བཞུགས་སྒར་ངྷ་རམ་ས་ལར་མཚོན་ན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་བཀོད་སྒྲིག་འོག་གསར་འགོད་ལྷན་ཚོགས་ཤིག་ཀྱང་བསྐོང་འཚོགས་གནང་ཡོད་པ་རེད།
ད་ཐེངས་ཀྱི་ལས་འགུལ་དངའབྲེལ་བའི་བརྙན་པར་ལ་གཟིགས་འདོད་ཚེ། གཤམ་གྱི་འབྲེལ་ཐག་ཁག་གི་ཐོག་ལ་བསྣུན།
རྐང་འཁོར་གཏོང་མཁན་དང་པོ་དེའི། བོད་དར་གཟུགས་ཀྱི་སྟོད་ཐུང་དེ་ལ། སེམས་པ་ཤོར་སོང་། བཀྲ་ཤིས། དོནགྲུབ་ཤོག