གསེར་རྟ་ཚུལ་ཁྲིམས་འོད་ཟེར།
༡༽ དྲ་འབུའི་ལོག་བཤད་བྱུང་སྟངས་ངོ་སྤྲོད།
༄༅༅། །ཨོཾ་ན་མོ་གུ་རུ་ཙ་མཉྫུ་ཤྲི་ཡེ། །
ལོག་རྟོག་ཅན་རྣམས་བརྩེ་བས་རྗེས་འཆང་ཡང་། །
ལོག་བཤད་རྫུན་མཚང་དམར་རྗེན་ཐེར་འདོན་གྱིས། །
ལོག་ལམ་འཕྱན་པའི་སྐྱེ་འགྲོ་འདི་དག་གི། །
ལོག་རྟོག་འཇོམས་པའི་ཤེས་རབ་ལྷ་དེས་སྐྱོངས། །
དེ་ཡང་འདིར་གཟུར་གནས་རྣམ་དཔྱོད་ལྡན་པའི་དྲ་གྲོགས་དག་ལ་ཞུ་རྒྱུ་ནི། ཕྱི་ལོ་༢༠༡༡ལོའི་ཟླ་༡ཚེས་༣༡ཉིན་ཕྲན་གྱིས་བརྩམས་པའི་བརྒལ་ལན་ལུང་རིགས་གཟི་འབར་ཀུན་ཕན་ཉི་མའི་སྣང་བ། ཞེས་པ་དེར་ཕྱི་ལོ་༢༠༡༡ཟླ་༦ཚེས་༢༧ཉིན་ཁ་བརྡ་དྲ་རྒྱའི་ནང་སྐྱོན་བརྗོད་ཅིག་བྲིས་འདུག་པར་ཐོས་པས། ཐོག་མར་ཕྲན་གྱིས་བསམ་པར། འཆད་རྩོད་རྩོམ་གསུམ་ལ་བྱང་ཆུབ་པའི་གཟུར་གནས་དཔྱོད་ལྡན་སྐྱེས་བུ་ཞིག་ནས་དགག་བཞག་སྤངས་གསུམ་གྱི་ལེགས་བཤད་སྐྱེས་བཟང་གི་སྦྲང་ཆར་དུས་སུ་འདོད་རྒུར་འཇོ་བཞིན་པར་རེ་ཞིང། དེ་ནི་ཕྲན་གྱི་དམིགས་ཡུལ་མཐར་ཐུག་དེ་ཡིན་ཕྱིར། མར་མནན་ཡང་གནོན་དཀའ་བའི་དགའ་ཚོར་ཆེན་པོ་ཞིག་དབང་མེད་དུ་སྐྱེས་བྱུང་ཞིང་། ཕྲན་རང་ཉིད་ཀྱིས་ཀྱང་དེབ་ཀྱི་མཇུག་བྱང་དུའང།
བསིལ་ལྡན་ས་ལཱའི་ལྗོངས་ཆེན་གངས་ཅན་གྱི། །
ཕ་ཤུལ་བུ་ཡི་འཛིན་པའི་ལུགས་སྲོལ་ལྟར། །
མེས་པོའི་དཔའ་མཛངས་ངོ་མཚར་མཛད་རྗེས་དངོས། །
ཇི་བཞིན་སྨྲ་བ་ཕྱི་རབས་འགན་ཡིན་ཕྱིར། །
ལྷག་བསམ་དག་པས་གནས་འདིར་བརྩོན་པའི་འབྲས། །
ལུང་རིགས་གཟི་འབར་ཀུན་ཕན་ཉི་སྣང་འདིར། །
ཉེས་ཆ་དངོས་གནས་གང་མཆིས་མཁས་རྣམས་ཀྱིས། །
ཡང་དག་ཕྱི་དོར་གྱིས་དང་སྙིང་ནས་འདུད། །
ཅེས་བཤད་ཡོད་པ་ལྟར་ཡང་དག་ཕྱི་དོར་བྱེད་པོ་སྙིང་ནས་གུས་འདུད་ཀྱི་ཡུལ་གོང་མ་ཞིག་མིན་ནམ་སྙམ་སྟེ། འཕྲལ་དུ་ཕྲན་རང་ཉིད་ཀྱིས་བྲེལ་འཚུབ་ངང་དངོས་སུ་ཁ་བརྡ་དྲ་རྒྱའི་ནང་བལྟས་པར། ཆེས་ཐ་ཆད་པ་ཞིག་ནི་དགེ་འདུན་རབ་རྒྱས་ཟེར་བའི་མིང་རྫུན་འོག་ཐ་ན་རང་མིང་ཙམ་ཡང་བེད་སྤྱོད་མི་ནུས་པའི་དྲ་འབུ་ཉམ་ཆུང་ཞིག་གིས་རྒྱུ་མཚན་ལྟར་སྣང་འབའ་ཞིག་ལ་ཁུངས་བཅོལ་ཏེ། ཕྲན་གྱི་དེབ་དེ་ཁྲིམས་འགལ་ཚབས་ཆེན་ཡིན་རབས་སོགས་བཤད་བཞིན་པ་མཐོང་སྐབས་དངོས་གནས་ཆེས་སྙིང་རྗེ་དགོས་པ་ཞིག་ཏུ་སྣང་བས། ཕྲན་གྱིས་དེབ་ཀྱི་མཇུག་བྱང་ནང།
འོན་ཀྱང་རང་ལྟོ་འབའ་ཞིག་སྒྲུབ་པའི་མི། །
ཁྱི་དང་ཕག་པའི་བརྟུལ་ཞུགས་སྐྱོང་བ་འགས། །
ཕྱོགས་ལྷུང་ཧམ་རྫུན་སྐད་ངན་འབྱིན་ངེས་ཀྱང། །
མི་གཙང་སྟུག་པོའི་དྲི་ངན་སུ་ཞིག་ལེན། །
ཞེས་བཤད་པའི་ཕྱོགས་གཏོགས་ཆགས་འདུག་པ་དང། བསམ་ཚུལ་འབྲི་མཁན་རེ་ཟུང་བྱུང་འདུག་ཀྱང་། དེ་དག་ཀྱང་ཕལ་ཆེ་བ་མིང་རྫུན་འོག་གི་དྲ་འབུ་ཡིན་འདུག་པར་མ་ཟད། རི་བོང་ཅར་འདྲོག་གི་དཔེ་ལྟར་གཞན་ཟེར་རྗེས་འབྲང་གིས་མུན་ནག་ནང་དུ་ལག་མྱོང་གི་སྐད་ཆ་ཤོད་མཁན་ཡིན་འདུག་སྟབས། རྗེ་ས་པཎ་གྱིས།
མཁས་པ་རང་གིས་དཔྱོད་ཤེས་ཀྱི། །
བླུན་པོ་གྲགས་པའི་རྗེས་སུ་འབྲང་། །
ཁྱི་རྒན་ཀི་ཅོ་འདོན་པ་ལ། །
རྒྱུ་མཚན་མེད་པར་གཞན་དུ་རྒྱུགས། །
ཞེས་གསུངས་པ་ལྟར་དེ་དག་ལ་དོ་སྣང་བྱེད་རིན་དང། ལན་འདེབས་རིན་ཞིག་གཏན་ནས་མི་འདུག་མོད། འོན་ཀྱང་དྲ་འབུ་དེའི་རིགས་ཀྱིས་བཤད་སྟངས་ལ་བལྟས་ན། ནམ་རྒྱུན་དེའི་རིགས་ཀྱི་ཧམ་བཤད་དང། རྫུན་གཏམ་གྱི་དཀྲུག་ཤིང་རིགས་གང་འཚམ་ཁོང་ཚོའི་དམིགས་ཡུལ་ལྟར་ལམ་འགྲོ་བརྒྱུགས་ཏེ། མང་ཚོགས་ཀྱང་རེ་ཟུང་མགོ་སྐོར་འོག་ཚུད་བཞིན་མེད་དམ་སྙམ་པའི་རྣམ་འགྱུར་ཞིག་ཐོན་འདུག་པ་དེར་བརྟེན། གོ་མེད་ཚོར་མེད་དུ་མ་བཞག་པར་གཅིག་ཤེས་ཀུན་གྲོལ་གྱི་དཔེ་ལྟར་དྲ་འབུ་དེའི་རིགས་ཀྱི་ལོག་བཤད་ལྟར་མིན་པ་ར་སྤྲོད་ཁ་ཤས་ཀྱི་ལས་སུ་བརྩོན་ཡོད།
༢༽ བཀླགས་ན་སེམས་མི་སྐྱིད་པའི་དེབ་ཅིག་ཅེས་པའི་དྲ་འབུའི་རྩོམ་ཡིག
ཁར་སང་ངའི་གྲོགས་པོ་ཞིག་གིས་དགའ་ཤར་སོག་པ་ཚུལ་ཁྲིམས་འོད་ཟེར་གྱིས་བྲིས་པའི་དེབ་གསར་པ། བརྒལ་ལན་ལུང་རིགས་གཟི་འབར་ཀུན་ཕན་ཉི་མའི་སྣང་བ་ཟེར་བ་དེ་ཁྱེར་ནས་སླེབས་བྱུང་། ཤོག་ངོས་༥༣༢འདུག བརྗོད་བྱ་ནི་རང་གི་གྲོགས་པོ་རྙིང་པ་བང་ཆེན་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ཀྱི་མགོ་རྡུང་བྱེད་ཅིག་རེད། འབྲེལ་ཡོད་ཀུན་གྱིས་ཤེས་གསལ་ལྟར་གསེར་རྟ་ཚུལ་ཁྲིམས་དང་། ཚུལ་ཁྲིམས་འོད་ཟེར་གཉིས་ཀྱིས་ལོ་མང་པོའི་སྔོན་གསེར་རྟ་མགོ་ལོག་ཡིན་མིན་གྱི་རྩོད་པ་བྱས་ཏེ་ཁོང་གཉིས་མདོ་སྟོད་སྨད་གཉིས་ཀྱི་སྤྱི་འཐུས་སུ་སླེབས་ཡོད། ། དེ་ནས་དེབ་འབྲི་རེས་བྱས་ཤིང་། དེབ་ཀྱི་ནང་དུ་གྲོགས་པོ་ཡིན་སྐབས་ཀྱི་གསང་གཏམ་ཡོད་ཚད་ཕྱི་ལ་བཏོན་རེས་བྱས་ཏེ་ཞབས་འདྲེན་ཞུས་ཡོད། ཐོག་མར་དགའ་ཤར་སོག་པ་ཚུལ་ཁྲིམས་འོད་ཟེར་གྱིས་དེབ་ཅིག་བྲིས་འདུག་པས་མི་ཚོས་གསེར་རྟ་ཚུལ་ཁྲིམས་ལ་ལེན་རྒྱུ་ཞིག་བཞག་མི་འདུག་ཟེར། དེ་ནས་གསེར་རྟ་ཚུལ་ཁྲིམས་ཀྱིས་དེབ་དེ་ལ་ལན་གྱི་དེབ་ཅིག་བྲིས་པས་ཡང་མི་ཚོས་ཚུལ་ཁྲིམས་འོད་ཟེར་གྱི་ངོ་ཐང་ལ་འཕངས་འདུག གསེར་རྟ་ཚུལ་ཁྲིམས་རྒྱལ་འདུག་ཟེར། དེ་ཚོ་ལོ་མང་པོའི་སྔོན་གྱི་སྐད་ཆ་རེད། ཉེ་ཆར་ཡང་ཚུལ་ཁྲིམས་འོད་ཟེར་གྱིས་ཤོག་ངོས་༥༠༠ལྷག་ཡོད་པའི་དེབ་ཅིག་བྲིས་ནས་གསར་དུ་བཀྲམས་འདུག་པ་དེ་ཁོའི་དེབ་སྔོན་མའི་གསལ་བཤད་དང་། གསེར་རྟ་ཚུལ་ཁྲིམས་ཀྱི་དེབ་དེའི་ལན་འདེབས་རེད་འདུག ད་རེས་ཀྱི་དེབ་དེ་ལ་ང་ཕྱོགས་མང་པོ་ནས་ཧང་སངས་སོང་། ཧང་སངས་དོན་གསེར་རྟ་མདོ་སྟོད་སྨད་གང་ཡིན་གྱི་ཐོག་ཏུ་ལུང་མང་པོ་དྲངས་འདུག་པ་ལ་ཧང་སངས་ཀྱི་མེད། གསེར་རྟ་མདོ་སྟོད་སྨད་གང་ཡིན་གྱི་སྐད་ཆ་ཉན་རྒྱུ་དང་། དོལ་རྒྱལ་སྐོར་གྱི་སྐད་ཆ་ཉན་རྒྱུ་གཉིས་ལས་ཉོབ་ཆེ་བ་ཞིག་དངོས་གནས་མི་འདུག དེས་ན་གང་ལ་ཧང་སངས་པ་ཡིན་ཟེར་ན། ཧང་སངས་ས་གཙོ་བོ་དེ་དོན་དག་བཞིའི་ཐོག་ནས་ཧང་སངས་སོང་།
དང་པོ། ཚུལ་ཁྲིམས་འོད་ཟེར་གྱིས་དེབ་དེ་འབྲི་དུས་ཁོ་རང་སྐབས་བཅུ་༡༤པའི་སྤྱི་འཐུས་ལས་ཐོག་པ་ཡིན་སྐབས་སུ་བྲིས་འདུག དེས་ན་སྤྱི་འཐུས་བྱས་པའི་དུས་ཡུན་དེའི་རིང་བོད་ཀྱི་སྤྱི་དོན་བསྒྲུབ་རྒྱུ་བཞག་ནས། རང་གི་གྲོགས་པོའི་ཁ་གཅོག་རྒྱུའི་ཆེད་དུ་བལ་ཡུལ་ཡན་ཆད་ཉུལ་ཏེ་རྡོ་ལ་ཨུ་ཁུང་ཕུག་པའི་འབད་བརྩོན་ཆེན་པོ་འདི་འདྲ་ཞིག་བྱས་འདུག་པར་ཧང་སངས་སོང་། ངོ་མ་སྤྱི་འཐུས་འགའ་ཞིག་གིས་སྤྱི་དོན་འཐུས་ཤོར་ཇི་ལྟར་གཏོང་གི་ཡོད་པ་དེབ་འདི་ལ་བལྟས་ཀྱང་ཤེས་ཐུབ་པ་ཞིག་རེད། ད་དུང་རྒྱབ་ཏུ་དམར་མདོག་གྱོན་པའི་གྲྭ་བ་ཞིག་ལ་འདི་ཙམ་གྱི་ཞེ་སྡང་ཆེན་པོ་ཞིག་ཡོད་ན་གྲྭ་བ་བྱས་ནས་ལོ་མང་པོར་གྲྭ་ཚང་གི་བག་ལེབ་ཟོས་པ་ལ་སྙིང་པོ་ཅི་ཞིག་ཡོད་དམ། ཀྲུང་གོའི་བོད་ལྗོངས་དང་། བོད་ལྗོངས་ཉིན་རེའི་ཚགས་པར་སོགས་ཀྱི་ཐོག་ཏུ་ཡེ་རྡོར་ཟེར་བ་སོགས་ཀྱིས་༧རྒྱལ་བ་དོན་གྱི་བདག་པོ་དང་། བཙན་བྱོལ་བོད་མིའི་སྲིད་ཇུས་ལ་ཅི་ཙམ་གྱི་གཞི་མེད་བསྙོན་འཛུགས་ཤིག་བྱེད་ཀྱི་ཡོད་ཀྱང་། གྲོད་པུ་དང་འདྲ་བའི་གཞུང་ཞབས་སྤྱི་འཐུས་འདིས་ཡི་གེ་ཐིག་ཕྲེང་གཅིག་གིས་ལན་བརྒྱབ་ཡོད་པ་མཐོང་མྱོང་ངམ།
གཉིས་པ། ཚུལ་ཁྲིམས་འོད་ཟེར་གྱི་དེབ་དེའི་ནང་། གསེར་རྟ་ཚུལ་ཁྲིམས་ཀྱིས་བལ་ཡུལ་སྣེ་ལེན་ཁང་དུ་བཀོད་པའི་འབྱོར་ཐོ་དང་། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་སུ་ཞུགས་དུས་ཀྱི་འགེང་ཤོག ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ཕུལ་བའི་སྒེར་གྱི་སྙན་ཞུའི་ཡིག་་ཆ། སྐུ་སྒེར་ཡིག་ཚང་དུ་ཕུལ་བའི་སྙན་ཞུའི་ཡིག་ཆ་སོགས་ཀྱི་ངོ་བཤུས་ངོ་མ་པར་སློག་བརྒྱབ་ནས་བཀོད་འདུག འདི་ཤིན་ཏུ་ཡ་མཚན་པ་ཞིག་རེད། གང་ཡིན་ཟེར་ན་ལས་ཁུངས་དེ་རྣམས་ཀྱི་ནང་དུ་མི་སུ་ཞིག་གིས་སྒེར་གྱི་སྙན་ཞུ་གང་ཕུལ་བ་དེ་ཚོ་མི་གཞན་པ་སུ་སོང་ཡང་ཀློག་ཆོག་ཆོག་དང་། པར་སློག་རྒྱག་ཆོག་ཆོག་ཅིག་ཨེ་ཡིན་ན། དེ་འདྲ་ཡིན་ན་ལས་ཁུངས་ལ་སྒྲིག་ཁྲིམས་གང་ཡང་མེད་པ་ཡིན་ནམ། གལ་ཏེ་མི་སུ་ཡིན་ཡིན་གྱིས་བལྟ་ཆོག་ཆོག་དང་ཁྱེར་ཆོག་ཆོག་མིན་ན། ཚུལ་ཁྲིམས་འོད་ཟེར་གྱིས་གསེར་རྟ་ཨ་མདོ་ཡིན་པའི་ལོ་རྒྱུས་འབྲི་བཞིན་པ་དང་། ནོར་གླིང་འགན་འཛིན་སྒྲོན་མ་སྐྱབས་དང་སྒྲོལ་དཀར་སྐྱབས་གཉིས་ཨ་མདོ་ཡིན་པ། རྩོམ་པ་པོའི་མཐུན་ཚོགས་ཀྱི་འགན་འཛིན་ཆབ་བྲག་ལྷ་མོ་སྐྱབས་ཨ་མདོ་ཡིན་པ། སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ཨ་མདོ་ཡིན་པ་((སྤྱིར་རྔ་བ་ཚེ་རྒྱམ་གྱིས་རྒྱ་ཡིག་གི་སྡེ་ཚན་མ་གཏོགས་བོད་ཡིག་གི་སྡེ་ཚན་གྱི་ཐོག་ལ་ལས་ཀ་བྱེད་ཀྱི་མེད་ཅིང་། བོད་ཡིག་སྡེ་ཚན་གྱི་ལས་ཀ་བྱེད་མཁན་སྐུ་ངོ་བྲེ་སྲང་ཡིན། གསལ་བཤད།))སོགས་ལ་འབྲེལ་བ་ཡོད་དམ། གལ་ཏེ་ཡོད་ན་འཛིན་སྐྱོང་འགན་འཛིན་དག་གི་ངོས་ནས་ལས་ཀ་དེ་འདྲ་བྱེད་རྒྱུ་ཡག་པོ་རེད་དམ། གལ་ཏེ་མེད་ན་སྒེར་གྱི་སྙན་ཞུའི་ཡིག་ཆ་རྙིང་པ་རྣམས་འགན་འཛིན་གྱི་བཀའ་འཁྲོལ་མེད་པར་ཡིག་མཛོད་རྙིང་པ་ཁག་ནས་ཇི་ལྟར་རག་པ་ཡིན་ནམ། ཐང་སན་བླ་མའི་དགེ་ཕྲུག་སྤྲེལ་མགོ་ཅན་ལྟར་ལྐོག་ཏུ་རྫུ་འཕྲུལ་གྱིས་སོང་ནས་ཁྱེར་ཡོང་བ་ཡིན་ནམ། ད་དུང་སྒེར་གྱི་གསང་བའི་ཡིག་ཆ་དེ་དག་མི་གཞན་ཞིག་གིས་གང་འདོད་ལྟར་པར་སློག་རྒྱག་སྐབས། ཡིག་ཚང་དེ་དག་གི་ནང་གི་པར་སློག་འཕྲུལ་ཆས་བཀོལ་ཡོད་དམ་ཡང་ན་མ་ཡིག་ངོ་མ་ཁྱེར་ནས་ཕྱི་ལོགས་སུ་སོང་སྟེ་པར་སློག་བརྒྱབ་པ་ཡིན། ཡང་ན་ད་སྐབས་སྒེར་གྱི་གསང་བའི་ཡིག་ཆ་དེ་དག་གི་མ་ཕྱི་ངོ་མ་དེ་ཚོ་ལས་ཁུངས་དེ་དག་གི་ནང་དུ་ལྷག་ཡོད་དམ་ཚུལ་ཁྲིམས་འོད་ཟེར་གྱི་ལག་ཏུ་ཡོད། འདི་ཇི་ལྟར་བསམས་ཀྱང་ཁྲིམས་འགལ་ཆེན་པོ་ཞིག་རེད།
གསུམ་པ། ཚུལ་ཁྲིམས་འོད་ཟེར་གྱི་དེབ་གསར་བ་འདིའི་ནང་གསེར་རྟ་ཚུལ་ཁྲིམས་ཀྱིས། དེང་སྐབས་རྒྱལ་ཕྱི་ནང་གཉིས་སུ་སེམས་ཅན་གྱི་མགོ་སྐོར་མཁན་ཞིག་ལ་མགོ་ལོག་དང་རྒྱལ་རོང་གཉིས་ལས་སྡུག་ཅིག་གང་ན་འདུག དེ་ཡིན་དུས་གསེར་རྟ་མགོ་ལོག་ཡིན་ཟེར་དགོས་ན་གསེར་རྟའི་མཚན་སྙན་ལ་གནོད་ཀྱི་རེད་ཟེར། ཟེར་བ་སོགས་གསེར་རྟ་ཚུལ་ཁྲིམས་དང་མགོ་ལོག་གི་བར། གསེར་རྟ་ཚུལ་ཁྲིམས་དང་རྒྱལ་རོང་གི་བར། གསེར་རྟ་ཚུལ་ཁྲིམས་དང་རྒྱ་རི་ཚང་གི་བར། གསེར་རྟ་ཚུལ་ཁྲིམས་དང་བསྟན་འཛིན་མགོན་པོའི་བར་སོགས་ལ་རྐང་བཙུགས་ནས་ཆེད་དུ་མི་མཐུན་པ་མང་པོ་བཟོས་འདུག་པས། གལ་ཏེ་གསེར་རྟ་ཚུལ་ཁྲིམས་ཀྱིས་དེ་ལྟར་བཤད་ཡོད་ན་སྐབས་དེར་ཁོའི་གྲོགས་པོ་མང་ཆེ་བ་མགོ་ལོག་ཡིན་པས་ཁོ་ཡང་ངོ་ཚ་ཁྲེལ་མེད་དང་། མངོན་ལྐོག་མི་ཐུབ་མཁན་ཞིག་ཡིན་པ་གསལ་པོར་བསྟན་འདུག་མོད། ཚུལ་ཁྲིམས་འོད་ཟེར་ལྟ་བུའི་གཞུང་ཞབས་སྤྱི་འཐུས་ཤིག་གིས་ཀྱང་བོད་མི་ནང་ཁུལ་གྱི་རྙོག་དྲ་ཇེ་མང་དང་ཇེ་ཆེར་གཏོང་རྒྱུ་འདི་༧རྒྱལ་བའི་བཀའ་དགོངས་དང་མཐུན་པ་ཞིག་རེད་དམ། དཔེར་ན་དེབ་འདིའི་རྐྱེན་ལ་བརྟེན་ནས་མགོ་ལོག་དང་རྒྱལ་རོང་གི་མིས་གསེར་རྟ་ཚུལ་ཁྲིམས་བརྡུང་རྒྱུ་ཡིན་ཟེར་ན། དེའི་འགན་སྔར་དེབ་འདི་འབྲི་སྐབས་གཞུང་ཞབས་སྤྱི་འཐུས་དང་། ད་སྐབས་སྤྱི་ཟུར་ཡིན་པའི་ཚུལ་ཁྲིམས་འོད་ཟེར་གྱིས་ཁུར་ཐུབ་ཀྱི་རེད་ནམ། སྤྱི་འཐུས་ཤིག་གིས་༧རྒྱལ་བའི་བཀའ་སློབ་མ་གོ་བ་ཡིན་ནམ་གོ་ཡང་སྣང་མེད་བྱས་པ་ཡིན།
བཞི། ད་དུང་ཡ་མཚན་པ་ཞིག་ལ། དེབ་དེ་ལ་ཤོག་ངོས་༥༣༢འདུག་པ་ལས་ཤོག་ངོས་༦༧པ་མན་ཆད་དེབ་ཧྲིལ་པོ་ཁོང་གཉིས་སྒེར་གྱི་རྙོག་དྲ་ལས་འཕྲོས་པའི་རྩོད་པ་དང་། དཀྲུགས་ཤིང་། ཚིག་ངན། མིང་འདོགས། དམའ་འབེབ། ཁྱད་གསོད། མཚང་འབྱིན་ཤ་སྟག་གིས་གྲུབ་ཡོད་པས་ཞེ་སྡང་གི་ཕུང་པོ་དེབ་ཀྱི་རང་གཟུགས་སུ་གྲུབ་པ་ཞིག་རེད། ཡིན་ན་ཡང་ཆེས་སྐྱུགས་མེར་ལངས་པ་ཞིག་ལ་དེའི་མཇུག་རྩོམ་གྱི་ནང་དུ། ༧གོང་ས་༧སྐྱབས་མགོན་རྒྱལ་བའི་ཞབས་བརྟན་བཞེད་དོན་ལྷུན་གྲུབ་རྒྱུ་རུ་བསྔོ།། ཞེས་བྲིས་འདུག གཞུང་ཞབས་སྤྱི་འཐུས་ཤིག་གིས་སྤྱི་དོན་འཐུས་ཤོར་དུ་བཏང་ནས་བོད་མི་ནང་ཁུལ་ལ་དོན་མེད་ཀྱི་རྩོད་པ་དང་། དཀྲུགས་ཤིང་། ཚིག་ངན། མིང་འདོགས། དམའ་འབེབ། ཁྱད་གསོད། མཚང་འབྱིན་འདི་འདྲ་ཞིག་བྱེད་རྒྱུ་དེ་༧གོང་ས་མཆོག་གི་ཐུགས་དགོིངས་དང་མཐུན་པ་ཞིག་རེད་དམ། གལ་ཏེ་མིན་ན་སྐྱག་དྲི་ དང་ཁྲག་དྲི་བྲོ་བའི་དེབ་ངན་གདོན་འདྲ་ཞིག་བྲིས་པ་དེ་༧རྒྱལ་བའི་ཞབས་བརྟན་དུ་བསྔོ་བ་འདི་ངོ་མ་ཞབས་བརྟན་དུ་འགྱུར་རམ་ཡང་ན་ལྡོག་ཕྱོགས་སུ་འགྱུར་མ་ངེས་པས་སེམས་ལ་རྣམ་རྟོག་ངན་པ་ཤར་བའི་རྒྱུ་ཞིག་ལས་མེད་པ་འདྲ།
༣༽ དྲ་འབུའི་ལོག་བཤད་ཐེར་འདོན་གྱིས་དངོས་ཡོད་ར་སྤྲོད།
ཁར་སང་ངའི་གྲོགས་པོ་ཞིག་གིས་དགའ་ཤར་སོག་པ་ཚུལ་ཁྲིམས་འོད་ཟེར་ཞེས་པ་ནས་གསེར་རྟ་མདོ་སྟོད་སྨད་གང་ཡིན་གྱི་སྐད་ཆ་ཉན་རྒྱུ་དང་། དོལ་རྒྱལ་སྐོར་གྱི་སྐད་ཆ་ཉན་རྒྱུ་གཉིས་ལས་ཉོབ་ཆེ་བ་ཞིག་དངོས་གནས་མི་འདུག ཅེས་པའི་བར་གྱི་ལན།
དགེ་རབ་མིང་ཅན་གྱིས་བསམ་ཚུལ་སླེབས་པར་ཐོག་མར་ཧ་ཅང་དགའ། འོན་ཀྱང་བསམ་བཞིན་ཧམ་བཤད་ཀྱིས་གཞན་མགོ་སྐོར་གཏོང་ཐབས་ཡིན་ནམ། ལྟ་ཁོམ་ཉན་ཁོམ་ཙམ་ཡང་མེད་པར་ཧོར་རྒྱུགས་གང་རུང་ལས་མ་འདས། རྒྱུ་མཚན་ནི། ཁར་སང་གསར་དུ་དེབ་དེ་ལག་སོན་བྱུང་འཕྲལ་ཤོིག་ངོས་༥༣༢་ལ་ཞིབ་འཇུག་གིས་འདི་ལ་རིན་ཐང་འདི་ཙམ་ལས་མི་འདུག ཅེས་དེ་རིང་ཁ་ཚོན་གཅོད་པར་དཔའ་བ་འདི་དང་། འོག་གི་སྔ་ཚིག་ཕྱི་འགལ་དེའི་རིགས་ཀྱིས་སོ། །
ཡང་དེར། བང་ཆེན་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ཀྱི་མགོ་རྡུང་བྱེད་ཅིག་རེད། ཟེར་བར་ལྟོས་དང། ཁྱོད་ཀྱིས་གཤམ་འདིར་བཤད་པ་ལྟར་སྐྱག་དྲི་དང་ཁྲག་དྲི་བྲོ་བའི་དེབ་ངན་གདོན་འདྲ་ཞིག་ཡིན་ན། བང་ཚུལ་གྱི་མགོ་རྡུང་བྱེད་དུ་ཇི་ལྟར་འགྱུར་རམ། ཇི་ལྟར་རྡུང་ནུས་སམ། ཚིག་དྲིས་ན་མི་བཤད་བསྒུགས་ན་བཤད་པའི་དཔེ་ལྟར། དོན་ལ་དེབ་འདིའི་ལྗིད་ཁོག་སོགས་ཁྱོད་ཀྱིས་མི་འདོད་བཞིན་ཏུ་ཁ་ནས་ཤོར་བ་འདི་ཁྱོད་ཀྱི་ལྟ་ཚུལ་ངོ་མ་དེ་རེད།
ཇི་སྐད་དུ། དཔལ་ལྡན་ཟླ་བ་གྲགས་པས།
བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །
མ་མཛད་རྣམ་གྲོལ་ཕྱིར་ན་དེ་ཉིད་བསྟན། །
གལ་ཏེ་དེ་ཉིད་རྣམ་པར་དཔྱད་པ་ན། །
གཞན་གཞུང་འཇིག་པར་གྱུར་ན་ཉེས་པ་མེད། །
ཅེས་གསུངས་པ་ལྟར་ལུང་རིགས་རྒྱུ་མཚན་ཡང་དག་ལ་ཁུངས་བཅོལ། གཟུ་བོའི་བློ་ཡིས་ཞིབ་དཔྱད་ཀྱིས་བརྩམས་པ་ཡིན་ཕྱིར། དེ་ནི་ལོག་བཤད་བྱེད་པོའི་མགོ་བོ་འཇོམས་བྱེད་དུ་གྱུར་ཡོད་ངེས་ཤིང་། དེ་ལྟར་གྱུར་ཀྱང་དེས་ང་ལ་ཉེས་པ་འབྱུང་མི་སྲིད་དོ། །
ཡང་དེར་ཞིབ་ཚགས་མདོག་གིས་ཐོག་མར་སྤྱི་ཚོགས་མེ་ལོང་སོགས་ཚགས་པར་གྱི་ཐོག་ནས་རྩོད་པ་བྱས། དེ་ནས་དེབ་འབྲི་རེས་བྱས་ཤིང་ཞེས་སོགས་བཤད་པར་ལྟོས་དང། གོ་རིམ་འདི་ཙམ་ཡང་མ་ངེས་ན་འདི་ནི་འདི་འོ་ཞེས་ཁ་ཚོན་གཅོད་ཆོག་ཆོག་ཅིག་གང་ལ་ཡིན། བང་ཆེན་རྩོམ་སྒྲིག་པ་ཚུལ་པོ་ཕྱི་ལོ་༡༩༩༨ལོའི་ཟླ་༣ཚེས་༤ཉིན་བལ་ཡུལ་སྣེ་ལེན་ཁང་ལ་འབྱོར་བ་དང། སྣེ་ལེན་ཁང་དུ་ངའི་སྐྱེས་ཡུལ་མགོ་ལོག་ཡིན་ཞེས་ཐོ་བརྒྱབ་ཡོད་པ་སྐབས་དེའི་སྣེ་ལེན་ཁང་གི་འབྱོར་ཐོས་ར་སྤྲོད་བྱེད་བཞིན་ཡོད།
དེ་རྗེས་དྷ་རམ་ས་ལར་འབྱོར་འཕྲལ་མགོ་ལོག་གི་ལོ་སར་སོགས་ལ་ཞལ་འདེབས་ཚུན་ཆད་ཕུལ་རབས་དང། སོག་སྒར་སློབ་གྲྭའི་ནང་ཡོད་སྐབས་བང་ཚུལ་གྱིས་ད་ང་ཚོ་ཨ་མདོ་ཚོས་གང་ཡང་འཇོན་གི་མི་འདུག འདི་འདྲ་བྱས་བསྡད་ན་འགྲིགས་ཐབས་མེད་རབས་གང་མང་བཤད་ནས་ཨམ་ཞེན་གྱི་རྣམ་འགྱུར་རྫུན་མ་བསྟན་རབས་རྒྱ་ཆེས་མང་ཚོགས་ཀྱིས་ར་སྤྲོད་བྱེད་བཞིན་ཡོད།
དེ་རྗེས་ཕྱི་ལོ་༡༩༩༩ལོའི་ཟླ་༢ཚེས་༢༤་ཡར་མར་ལ་བང་ཚུལ་གྱིས་ང་ཚོ་མགོ་ལོག་ཡིན་ཡང་མདོ་སྨད་མིན། མདོ་སྟོད་ཡིན་ཞེས་བང་ཚུལ་ལ་འགྱུར་བ་ཐེབས་པ་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མིའི་འགེངས་ཤོག་དང། ནོར་གླིང་ལ་སྙན་ཞུའི་ཡིག་ཆ་སོགས་ཀྱིས་རིམ་བཞིན་ར་སྤྲོད་བྱེད་བཞིན་ཡོད།
དེ་རྗེས་ནས་བོད་མི་མང་སྤྱི་འཐུས་སྐབས་༡༣པ་འོས་ཤོག་བླུག་ལ་ཉེ་བ་ན་༼༼སྔོན་རབས་ཀྱི་ཁུངས་ལྡན་ལོ་རྒྱུས་དང་ད་ལྟའི་གནས་བབས་བཅས་ལ་དཔྱད་བསྡུར་བྱས་ཏེ་དབལ་ཤུལ་གསེར་རྟ་མདོ་སྟོད་སྨད་གང་གི་ཁོངས་སུ་གཏོགས་པའི་སྐོར་རགས་ཙམ་གླེང་བ།༽༽ཞེས་དང། དེའི་མཇུག་ཏུ། ཞེས་གསེར་རྟ་ཚུལ་ཁྲིམས་སམ་གསེར་སྙུག་ཏུ་འབོད་པས་རབ་གནས་ལྕགས་འབྲུག་ ཕྱི་ལོ་༢༠༠༠ཟླ་༩ཚེས་༨ཉིན་མཇུག་གྲུབ་པར་བགྱིས་ སོ། །ཞེས་པའི་ཤོིག་ངོས་༢༣ཅན་ཞིག་བང་ཚུལ་གྱིས་བྲིས་ཡོད་པ་དང། དེའི་ཤོག་ངོས་༡༩བའི་སྒང་ནས་མར་བརྩིས་པའི་ཐིག་འཕྲེང་བདུན་པའི་ནང། ༼༼ཕྱི་ལོ་༡༩༩༨ལོ་བཙན་བྱོལ་དུ་འབྱོར་སྐབས་སྣེ་ལེན་ཁང་སོགས་ནས་ཨ་མདོ་ཡིན་ཤག་རང་བྱས་ཏེ་ཐོ་བརྒྱབ་པ་ཡིན། དེའི་རྗེས་ནས་དཔྱད་གཞིའི་ཡིག་ཆ་གང་རྙེད་ལ་ཞིབ་འཇུག་བྱས་འབྲས་སུ་གོང་དུ་བྲིས་པ་འདི་དག་ལས་དཔྱད་གཞི་གཞན་གང་ཡང་མ་རྙེད་ཀྱང། དངོས་ཡོད་ཁུངས་ལྡན་གྱི་ལོ་རྒྱུས་གཞི་ལ་བཞག་ནས་ཕྱོགས་ཞེན་གྱི་དྲི་མས་མ་སྦགས་པར་བྲིས་པ་ལགས་པས་ཅོལ་ཆུང་དང་ཀླད་མེད་ཅེས་སྡིག་དམོད་བྱེད་མཁན་ཡོད་སྲིད་ཀྱང་རྣ་རྒྱབ་ཏུ་རླུང་གཡུག་པ་ཙམ་ལས་བརྩི་བར་མི་བྱའོ།།༽༽ ཞེས་བྲིས་ཡོད་པ་ཡིག་ཆ་རང་ཉིད་ཀྱིས་ར་སྤྲོད་བྱེད་བཞིན་ཡོད།
དེ་རྗེས་སླར་ཡང་བོད་མི་མང་སྤྱི་འཐུས་སྐབས་༡༤བ་འོས་འདེམས་བྱེད་ལ་ཉེ་བ་ན་ཕྱི་ལོ་༢༠༠༥ལོའི་ཟླ་༩ཚེས་༢༨ཉིན་༼༼མདོ་སྨད་ཀྱི་གནའ་དེང་མཁས་པ་རྣམས་ཀྱིས་གསེར་རྟ་ཁམས་དང་ཨ་མདོ་གང་གི་ཁོངས་སུ་བྲིས་ཡོད་པའི་སྐོར་ལུང་ཁུངས་ངོ་སྤྲོད་རགས་བསྡུས།༽༽ཞེས་མགོ་བརྗོད་དུ་འཁོད་པའི་ཤོག་ངོས་༤ཅན་ཞིག་དང། མདོ་སྨད་ཆོས་འབྱུང་གི་དབུ་ན་ཡོད་པའི་ཡོན་ཏན་རྒྱ་མཚོས་བྲིས་པའི་ས་ཁྲའི་ངོས་བཤུས་དང། སྟག་འཚེར་རིན་པོ་ཆེའི་རྣམ་ཐར་གྱི་མཇུག་གི་ས་ཁྲའི་ངོས་བཤུས་བཅས་ཁྱོན་བསྡོམས་ཤོག་གྲངས་དྲུག་ཅན་ཞིག་གང་སར་བཀྲམ་ཡོད་པ་རེད།
དེ་དག་གི་སྐབས་སྔོན་གྱི་བྱུང་རབས་རྫུན་བཟོ་མི་འོས་རབས་ཕྲན་གྱིས་ནན་བཤད་བྱས་ཀྱང་གྲུབ་འབྲས་མ་ཐོན་པར་བརྟེན་ཕྱི་ལོ་༢༠༠༥ལོའི་ཟླ་༡༡པའི་ཚེས་༡༡ཉིན་ཕྲན་གྱིས་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ལོ་རྒྱུས་གསེར་འབྲོང་རི་སྨུག་པོའི་བརྗིད་ཉམས་ཞེས་པ་བརྩམས་ཡོད།
དེའི་ལན་དུ་བང་ཚུལ་གྱིས་ཕྱི་ལོ་༢༠༠༦ལོའི་ཟླ་༡ཚེས་༣༡ཉིན་<>ཞེས་པའི་དེབ་ཅིག་བརྩམས་པའི་ནང་གསེར་རྟ་མདོ་སྨད་མིན་ལ་དེ་བཞིན་ཨ་མདོའང་མིན། དེ་བཞིན་མགོ་ལོག་མིན་རབས་དང། དེ་དག་མིན་པར་ཐོག་མར་ཤོད་མཁན་ནི་ཕྲན་རེད། ཅེས་དང། ཕྲན་གྱིས་ངན་བསྐུལ་བྱས་པར་བརྟེན་ཁོང་གི་ལང་ཕྱོགས་འགྱུར་བ་ཕྱིན་སྐོར་སོགས་འདྲ་མིན་བྲིས་ཡོད་པར་བརྟེན། དེ་རྗེས་ཕྱི་ལོ་༢༠༠༦ལོའི་ཟླ་༣པ་ཙམ་ལ་ཕྲན་གྱི་བོད་ཀྱི་དུས་བབ་དང། སྤྱི་ཚོགས་མེ་ལོང་སོགས་བརྒྱུད་གསལ་བཤད་བྱས་ཡོད་ཅིང། ལྷག་པར་ཕྱི་ལོ་༢༠༡༡ལོའི་ཟླ་༡ཚེས་༣༡ཉིན་ཕྲན་གྱིས་<>
བརྩམ་ཡོད་པ་ལས། དང་པོ་ནས་ཚགས་པར་ཐོག་རྩོད་པ་བྱས་པ་ཞིག་རི་བོང་རའི་སྤུན་ཟླར་གྱུར་ཡོད་ཕྱིར། དེ་འདྲ་ཞིག་གཏན་ནས་བྱུང་མ་མྱོང་བས། ཐོག་མར་སྤྱི་ཚོགས་མེ་ལོང་སོགས་ཚགས་པར་གྱི་ཐོག་ནས་རྩོད་པ་བྱས། དེ་རྗེས་དེབ་འབྲི་རེས་བྱས། ཞེས་པ་སོགས་བྱུང་རྒྱལ་དུ་སྐྱག་རྫུན་སྨྲས་པ་རང་རེད།
ཡང་དེར་གསེར་རྟ་མདོ་སྟོད་སྨད་གང་ཡིན་གྱི་ཐོག་ཏུ་ལུང་མང་པོ་དྲངས་འདུག་པ་ལ་ཧང་སངས་ཀྱི་མེད། ཅེས་ཟེར་བར་ལྟོས་དང། ཆེས་སྙིང་རྗེའི་ཡུལ་འདི་ལུང་རིགས་པ་གཉིས་ལ་ཧང་སངས་མཁན་ཞིག་མིན་པའི་རང་རྟགས་གསལ་བོ་བསྟན་པ་འདིས། གོ་བ་མེད་པའི་གླང་རྒན་རྣམས། །རྒྱལ་བའི་བཀའ་ལས་དབྱུག་པས་འདུལ། །ཞེས་འདུལ་བྱེད་ཐབས་ལམ་གང་ཡིན་ལྷང་ལ་བུད་པ་རེད།
ཡང་ཕྱོགས་གཞན་ཞིག་ནས་བསམ་ན་ནི། གོང་དུ་བཤད་པ་ལྟར་མི་འདི་ད་བར་གང་ས་ནས་སྐྱག་ལང་ལ་ཤོར་བསྡད་པའི་ཧ་ཅང་གཡོ་སྒྱུ་ཚ་བོ་ཞིག་ཡིན་པའི་རྟགས་བསྟན་འདུག རྒྱུ་མཚན་ནི་གསེར་རྟ་གང་ཞིག་ཡིན་མིན་གསལ་བའི་ལུང་སོགས་ལ་དོ་སྣང་མ་བྱེད། ག་རེ་ཡིན་ན་ཡིན། ཞེས་ཟེར་བ་འདི་རེད། མདོར་ན་གསེར་རྟའི་དངོས་ཡོད་ལོ་རྒྱུས་སོར་བཞག་དགོས་དོན་མེད་པར་བསྟན་པ་རེད། དྲ་ཐོག་སོགས་ནས་འདི་ལྟར་བཤད་བསྡད་ན་མི་མང་པོ་ཞིག་གི་བློ་ཁ་དེ་ག་རང་དུ་བསྒྱུར་ཐུབ་པར་རེ་བ་བརྒྱབ་པ་རེད། དེ་ལྟར་བསྒྱུར་ཐུབ་པ་ཞིག་བྱུང་ན་ཁོང་གི་སེམས་ཁུངས་ན་རིང་ནས་གཉེར་བཞིན་པའི་རང་དོན་ཁོ་ན་དེ་འགྲུབ་བསྡད་ཀྱི་ཡོད་རེད། ཁྱོད་ཧང་སངས་དགོས་ས་དེར་ཧང་མ་སངས་པར་ཧང་སངས་མི་དགོས་ས་ཞིག་ལ་ཧང་སངས་མདོག་སྟོན་པར་ཁྱོད་ལ་ཅི་ཁག དེ་ནི་གདམས་ངག་མཚང་ཐོག་ཏུ་ཁེལ་བའི་རྟགས་ཡིན།
ཡང་དེར་གསེར་རྟ་མདོ་སྟོད་སྨད་གང་ཡིན་གྱི་སྐད་ཆ་ཉན་རྒྱུ་དང་། དོལ་རྒྱལ་སྐོར་གྱི་སྐད་ཆ་ཉན་རྒྱུ་གཉིས་ལས་ཉོབ་ཆེ་བ་ཞིག་དངོས་གནས་མི་འདུག ཅེས་བཤད་པར་ལྟོས་དང། མི་འདི་ཚད་ལྡན་ཞིག་རེད་དམ། གསེར་རྟ་མདོ་སྟོད་སྨད་གང་ཡིན་གྱི་ལོ་རྒྱུས་ཀྱི་སྐད་ཆ་ཉན་རྒྱུར་མ་དགའ་ན། མདོ་སྨད་ཀྱི་ལོ་རྒྱུས་ཉན་རྒྱུར་དགའ་འམ། དེ་ལ་མ་དགའ་ན་སྨད་མདོ་ཁམས་ཀྱི་ལོ་རྒྱུས་ཉན་རྒྱུར་དགའ་འམ། དེ་ལ་མ་དགའ་ན་བོད་ཀྱི་ལོ་རྒྱུས་ཉན་རྒྱུར་དགའ་འམ། དེ་ལ་མི་དགའ་ བར་ཐལ། རྒྱུ་མཚན་གཅིག་མཚུངས་ཡིན་པའི་ཕྱིར། སྔ་མ་དེར་མི་དགའ་ཡང་ཕྱི་མ་རྣམས་ལ་དགའ་ཟེར་ན་ངོ་ཚ་མེད་པ་འབའ་ཞིག་པའི་གཏམ་ཙམ་ལས། སྐད་ཆ་འདི་རིགས་གླེན་པ་ལུག་འདྲ་བའི་རིགས་ལམ་ལ་མ་བྱང་བ་ཚོར་འགྲོ་སྲིད་ཀྱང། དྲི་མེད་རིགས་ལམ་ཡང་དག་ལ་བློ་ཁ་ཕྱོགས་པ་རྣམས་ཀྱི་མདུན་སར་འགྲོ་ས་ཡེ་ནས་མེད་ངེས་ཡིན་ནོ། །
དེ་བཞིན་དགེ་འདུན་རབ་རྒྱས་ཀྱི་མིང་རྫུན་འོག་གནས་པ་འདི། དོལ་རྒྱལ་སྐོར་གྱི་སྐད་ཆ་ཉན་རྒྱུར་མི་དགའ་ཟེར་བར་ལྟོས་དང། དོལ་རྒྱལ་ཕྱོགས་གཏོགས་པའི་ལག་ནས་སྒོར་ལྡོག་རེ་ཟུང་རེག་མཁན་དེ་མིན་ན་སུ་ཡིན། ༧གོང་ས་མཆོག་གི་ཞལ་ནས་དོལ་རྒྱལ་སྐོར་གྱི་དགེ་སྐྱོན་ངས་ཁྱེད་ཚོར་བཤད་ཡོད། ངས་ཞིབ་འཇུག་བྱས་པའི་ལྟ་ཚུལ་དེ་རེད། དེ་ནས་ཁྱེད་ཚོས་བསམ་བློ་ཐོངས་ལ་ཞིབ་འཇུག་གནོངས་ཞེས་གསུངས་བཞིན་ཡོད་ཀྱང་། དགེ་རབ་མིང་ཅན་པས་དེ་ལ་ཉན་རྒྱུ་ལས་ལྷག་གི་ཉོབ་ཆེ་བ་ཞིག་ང་ལ་མེད་ཟེར་བ་འདིས་ཁོ་པའི་གནས་སྟངས་ཆ་ཚང་གསལ་སྟོན་བྱས་ཡོད་པ་འདི་ཡིན།
ཡང་དེར། དེས་ན་གང་ལ་ཧང་སངས་པ་ཡིན་ཟེར་ན། ཧང་སངས་ས་གཙོ་བོ་དེ་དོན་དག་བཞིའི་ཐོག་ནས་ཧང་སངས་སོང་། ཞེས་པ་ནས་༧རྒྱལ་བའི་ཞབས་བརྟན་དུ་བསྔོ་བ་འདི་ངོ་མ་ཞབས་བརྟན་དུ་འགྱུར་རམ་ཡང་ན་ལྡོག་ཕྱོགས་སུ་འགྱུར་མ་ངེས་པས་སེམས་ལ་རྣམ་རྟོག་ངན་པ་ཤར་བའི་རྒྱུ་ཞིག་ལས་མེད་པ་འདྲ། ཞེས་པའི་བར་གྱི་ལན། ལས་ཀ་གང་ཞིག་བྱས་ཀྱང་འབད་བརྩོན་ཆེན་པོ་བྱེད་རྒྱུ་དེ་ཕྲན་གྱི་གཤིས་ཀ་ཡིན། དེའི་ཕྱིར་སྐབས་༡༤བའི་སྤྱི་འཐུས་ཡིན་སྐབས་འདིར་ཡང་ཧིན་རྡུ་དང། དབྱིན་ཇིའི་སྐད་ཡིག་སོགས་གང་ཐུབ་སྦྱོང་ཁུལ་བྱེད་བཞིན་ཡོད་ལ། དེ་བཞིན་དཔེ་ཆར་ལྟ་རྒྱུ་དང། དེབ་འབྲི་རྒྱུ་སོགས་བྱས་ཏེ། ཉིན་གཅིག་ཀྱང་ཆུད་ཟོས་སུ་ཕྱིན་མེད་བསམ་པ་ཞིག་ཡོད།
དེ་བཞིན་དབུས་དང་ས་གནས་ཀྱི་སྤྱི་འཐུས་ཀྱི་ལས་དོན་ཆེ་ཕྲ་གང་ཞིག་མཆིས་པ་དུས་ཐོག་བསྒྲུབས་ཐུབ་ཡོད་པར་མ་ཟད། གྲོས་ཚོགས་ཀྱི་ཚོགས་འདུ་དང། སྤྱི་འཐུས་ཕྱོགས་བསྐྱོེད། མཛད་སྒོ་གལ་ཆེའི་རིགས་ལ་ཕྱོགས་བཞུགས་སྤྱི་འཐུས་གདན་ཞུ་སོགས་ལ་ཉིན་གཅིག་ཀྱ་ཆད་མྱོང་མེད།
དེ་བཞིན་དབུས་སའི་ཉམ་ཐག་དང། རྒས་གསོ་ཁང་སོགས་ཀྱི་གནས་སྟངས་ལ་ལྟ་རྟོག་དང། མདོར་ན་མང་གཙོའི་ཀ་བ་གསུམ་གང་ཞིག་གི་ལས་དོན་འཐུས་ཤོར་རིགས་རྒྱལ་ཕྱི་ནང་གང་དུ་འབྱུང་བཞིན་ཡོད་པ་དུས་ཐོག་སོ་སོར་རང་ངོས་ནས་ཐད་ཀར་བྱེད་བདེ་ཡོད་ན་དེ་ལྟར་དང། དེ་མིན་འབྲེལ་ཡོད་ཁུངས་སོ་སོར་དུས་ཐོག་མཁོ་སྤྲོད་ཞུས་ཡོད་པ་ལས། གོ་མེད་ཚོར་མེད་དུ་ཉིན་གཅིག་ཀྱང་འདུག་མྱོང་མེད།
འོན་ཀྱང་སྤྱི་འཐུས་ཀྱི་ལས་དོན་ཉིན་འདིར་འཐུས་ཤོར་བཏང་བ་འདི་རེད། ཅེས་ཁུངས་ལུང་རྒྱུ་མཚན་ལྡན་པ་བཤད་རྒྱུ་ཡོད་ན་སྙིང་ནས་དགའ་བསུ་ཡོད། དེར་བརྟེན་སྤྱི་འཐུས་ཀྱི་དུས་ཡུན་དེའི་རིང་གང་ཅིར་འབད་བརྩོན་ཆེན་པོ་བྱས་ཡོད། དེར་བརྟེན། བལ་ཡུལ་ཡན་ཆད་ཉུལ་ཏེ་རྡོ་ལ་ཨུ་ཁུང་ཕུག་པའི་འབད་བརྩོན་ཆེན་པོ་འདི་འདྲ་ཞིག་བྱས་འདུག་པར་ཧང་སངས་སོང་། ཞེས་ཁྱོད་ཀྱིས་ཁས་ཤོར་བ་དེ་ག་རང་ཡིན།
ཡང་དེར། ངོ་མ་སྤྱི་འཐུས་འགའ་ཞིག་གིས་སྤྱི་དོན་འཐུས་ཤོར་ཇི་ལྟར་གཏོང་གི་ཡོད་པ་དེབ་འདི་ལ་བལྟས་ཀྱང་ཤེས་ཐུབ་པ་ཞིག་རེད། ཅེས་ཟེར་བར་ལྟོས་དང་། དངོས་གནས་སྙིང་རྗེ། ད་ལྟའི་ཚན་རྩལ་དང་བརྡ་འཕྲིན་གྱི་དུས་རབས་འདིར་ཧམ་རྫུན་ལོག་བཤད་འདི་ལྟར་སྤེལ་བས་སུ་ཞིག་མགོ་སྐོར་ཐུབ་རྒྱུ་རེད་དམ། མི་འདི་རིགས་ཀྱི་ངག་སྒོ་ནས་ཐོན་པའི་རྗོད་བྱེད་ཚིག་ཀུན་ནས་སློང་བྱེད་ཀྱི་བསམ་བློའི་སྤུས་ཚད་ལ་ལྟོས་དང། དངོས་གནས་ང་ཚོའི་སྤྱི་ཚོགས་འདི་ད་དུང་ཡར་རྒྱས་འགྲོ་རྒྱུར་ག་ཚོད་འགོར་དགོས་མིན་ནི་ཤེས་ཐུབ་པ་ཞིག་རེད།
དགེ་རབ་མིང་རྫུན་པ་ཁོ་འདི་ལས་ཅུང་བསམ་བློ་ཡོད་མཁན་ཞིག་ཡིན་ན། གོང་གསལ་ཚིག་འདི་ལ། ངོ་མ་སྤྱི་འཐུས་འགའ་ཞིག་གིས་སྤྱི་དོན་འཐུས་ཤོར་གཏོང་གི་མེད་པ་དེབ་འདི་ལ་བལྟས་ཀྱང་ཤེས་ཐུབ་པ་ཞིག་རེད། ཅེས་ཅིའི་ཕྱིར་བརྗོད་མི་ནུས། རྒྱུ་མཚན་ནི། དེང་སྐབས་མི་རེ་ཟུང་གི་རང་ཉིད་ཁོ་ནའི་ལྟོ་རྒྱབ་ཀྱི་འཕྲལ་ཁེ་ཆུང་ཙག་རེའི་ཆེད་དུའང། རང་རེའི་ཡབ་མེས་ཀྱི་ཡིག་ཚང་དང། འཁྲུལ་བྲལ་བྱུང་རབས་ཆེན་མོ་རྒྱ་བོད་ཡིག་ཚང་མཁས་པ་དགའ་སྐྱེད་དང། ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད། འཛམ་གླིང་རྒྱས་བཤད། མདོ་སྨད་ཆོས་འབྱུང་། བྱང་འབྲོག་གི་ལམ་ཡིག བོད་མིའུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་ལམ། མགོ་ལོག་རུས་མཛོད། མཁས་དབང་དམུ་དགེ་བསམ་གཏན་ཚང་གི་གསུང་འབུམ། མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་ཚང་གི་རྣམ་ཐར་སོགས་ཀྱི་ཚིག་ཟིན་ཚུན་ཆད་བཟོ་བཅོས་དཀྱོག་བཤད་འདྲ་མིན་དང། བོད་སྤྱིའི་ལོ་རྒྱུས་ལ་ དཀྱོག་བཤད། སྨད་མདོ་ཁམས་སྤྱིའི་ལོ་རྒྱུས་ལ་དཀྱོག་བཤད། མདོ་སྨད་ཀྱི་ལོ་རྒྱུས་ལ་དཀྱོག་བཤད། མགོ་ལོག་གི་ལོ་རྒྱུས་ལ་དཀྱོག་བཤད། མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ལོ་རྒྱུས་ལ་དཀྱོག་བཤད་སོགས་སྤེལ་བཞིན་པ་འདི་དག་ཐམས་ཅད་རེ་རེ་གཉིས་གཉིས་བྱས་ཏེ། རྫུན་རྐུབ་ཐེར་འདོན་གྱིས་གསལ་གསལ་ཐིང་ཐིང་བཟོས་པ་དེ་སྤྱི་དོན་གལ་ཆེན་ཞིག་མིན་ན། དེ་ལས་ལྷག་གི་སྤྱི་དོན་གལ་ཆེན་བསྒྲུབ་སྟངས་ཇི་ལྟར་ཡིན་ནམ།
མི་རང་འདོད་ཅན་མགོ་བདེ་རེ་ཟུང་གིས་རང་གི་ལྟོ་རྒྱབ་སྒྲུབ་ཆེད་བོད་གངས་ཅན་གྱི་བྱུང་རབས་ལོ་རྒྱུས་དངོས་ཡོད་ཆེ་འབྲིང་ཆེ་གསུམ་ཆ་ཚང་གང་ཡིན་ནག་བསུབ་བཏང། དཀྱོག་བཤད་ལོག་འགྲེལ་སོགས་བྱེད་མཁན་རིགས་སོ་སོའི་དགའ་ཉེ་དང། སྤུན་མཆེད། ཕ་ཡུལ་གཅིག་པར་ཁེལ་ན་དེ་ནི་ང་ཚོའི་ཕ་ཡུལ་གཅིག་པའམ། སྤུན་མཆེད་སོགས་རེད། ཅེས་ཕྱོིགས་ཞེན་གྱིས་དེའི་རིགས་ལ་མཐུན་འགྱུར་དང། རྒྱབ་སྐྱོར་སོགས་བྱེད་དགོས་སམ། མ་གཞི་ངཚོའི་སྤྱི་ཚོགས་ནང་དེ་འདྲའི་འགྲོ་སྟངས་ཤིག་ཡོད་པ་ངས་ཀྱང་སྔ་མོ་ནས་ཤེས་ལ། དགེ་རབ་མིང་ཅན་པའང་དེ་འདྲ་དགོས་ས་ཞིག་ཡིན་པའང་འདི་ནས་ཤེས་རྟོགས་བྱུང། འོན་ཀྱང་ཕྲན་ནི་འགྲོ་སྟངས་དེའི་རིགས་སུ་གཏིང་ནས་སྐྱུགས་མེར་ལང་མཁན་ཞིག་ཡིན་པས་ནམ་ཡང་ངོས་ལེན་བྱེད་ཐབས་མེད།
དེར་བརྟེན་ཕྲན་གྱིས་ཕྱི་ལོ་༢༠༠༥ལོར་བརྩམས་པའི་གསེར་འབྲོང་རི་སྨུག་པོ་བརྗིད་ཉམས་ཀྱི་སྔོན་གླེང་ནང་དང་། འདི་ལོར་བརྩམས་པའི་བརྒལ་ལན་ལུང་རིགས་གཟི་འབར་ཀུན་ཕན་ཉི་མའི་སྣང་བའི་དཔར་བསྐྲུན་གསལ་བྱེད་བཅས་ཀྱི་ནང་ལ། གནའ་དེང་རིགས་རྩལ་ཟུང་འབྲེལ་གྱིས་བྱུང་རབས་ལོ་རྒྱུས་སོགས་དངོས་ཡོད་གང་ཡིན་པ་དེ་ཡིན་སར་དང་། མིན་པ་དེ་མིན་སར་སྐྱེལ་དགོས་པ་ལས། གཞན་གྱི་ཧམ་རྫུན་དང་། དཀྱོག་བཤད་སོགས་མིག་མཐོང་ལག་ཟིན་ཡིན་བཞིན་ད་དུང་མ་ཤེས་པའི་ཟོལ་གྱིས་གནས་མཁན་རིགས་ནི་འཇིག་རྟེན་འདིར་གནས་གོ་མ་ཆོད་པ་ཡིན་པས་དེའི་ཉེས་སྐྱོན་གྱིས་སྤྱི་ཚོགས་ཧྲིལ་བོར་ཁྱབ་སྟེ། ནམ་ཞིག་ན་སྤྱི་ཚོགས་འདི་རུལ་བ་ཆགས་ངེས་ཡིན། དེ་ལས་ཀྱང་གཞན་གྱི་སྐྱོན་ཅན་གྱི་ལྟ་གྲུབ་དང་། ཁས་ལེན་སོགས་སྐྱོབས་ཐབས་སུ་བརྩོན་མཁན་རིགས་ནི་བློ་གཟུ་བོར་མ་གནས་པ་ཡིན་པས་ཕྱོགས་ལྷུང་ཅན་འདིའི་རིགས་ནི། ད་ལྟའི་ཚན་རྩལ་གྱི་དུས་རབས་ ༢༡ པ་འདིར་ཕན་མེད་གནོད་གཞི་འབའ་ཞིག་ཡིན་ཞེས་བརྗོད་ཆོག དེའི་ཕྱིར་རེ་ཟུང་གིས་རང་རེའི་རླབས་ཆེན་མེས་པོའི་བྱུང་རབས་ལ་བསམ་བཞིན་ཧམ་རྫུན་བཟོ་བཅོས་དང་། ཕན་མེད་གནོད་གཞིའི་ཧམབཤད་འདི་རིགས་ནི་ད་ལྟའི་རང་རེའི་སྤྱི་ཚོགས་འཇོམས་བྱེད་ཉག་གཅིག་ཏུ་མཐོང་བས་དེའི་རིགས་ཀྱི་སྐྱོན་ཆ་ཐེར་འདོན་སུན་འབྱིན་བྱེད་དགོས་པ་དེའང་རང་ཉིད་ཀྱི་འགན་དུ་བསམ་སྟེ། ཕྲན་གྱིས་ཀྱང་གནས་འདིར་བརྩོན་པར་བྱས། ཞེས་སོགས་ཡང་ཡང་བཤད་ཡོད་པ་ལྟར་རོ། །
སྤྱིར་དགེ་རབ་པའི་བཤད་པ་ལྟར་ཕྲན་ནི་རྒྱབ་ལ་དམར་མདོག་གྱོན་པའི་གྲྭ་བ་ཞིག་ཡིན་པ་ལས། དགྲ་བཅོམ་པ་ཞིག་མིན་ལ། ས་མཐོན་པོར་གནས་པའི་སྐྱེས་ཆེན་སོགས་གང་ཡང་མིན་པར་སྐྱེ་བོ་ཐ་མལ་བ་ཞིག་ཡིན། དེའི་རྒྱུ་མཚན་གྱིས་ཆགས་སྡེང་སོགས་རང་ཆས་སུ་ཡོད་མཁན་ཞིག་ཡིན། དེ་ལ་བརྟེན་རང་ཕྱོགས་ལ་ཆགས་པ་སོགས་ཡོད་ཀྱང་། རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་སོགས་ལ་གནོད་པའི་ཕན་མེད་གནོད་གཞིའི་ལས་བྱེད་པོའི་རིགས་དང་། རང་རེའི་རྒྱལ་རབས་ལོ་རྒྱུས་དང་། བྱུང་རབས་སོགས་རྫུན་བཟོ་བྱེད་པོའི་རིགས་ལ་ངས་ནམ་ཡང་ངོ་རྒོལ་དང། ཁོང་ཚོ་ཐེར་འདོན་ཁོ་ན་བྱ་རྒྱུ་ལས་ངས་མིདེའི་རིགས་ལ་ཞེན་ཁོག་སྐམ་པོ་ནམ་ཡང་མི་བྱེད་ངེས་ཅན་ཡིན།
ཡང་འགའ་རེས་གོང་གསལ་དེའི་རིགས་ལ་ཅིག་ལབ་ན་མི་དེ་དང། དེའི་ཕྱོགས་གཏོགས་བཅས་ལ་གནོད་འགྲོ་ངེས་རེད། དེ་ལ་བརྟེན་ང་ཚོའི་མཐུན་སྒྲིལ་ལ་གནོད་ངེས་རེད། ཅེས་སྡིག་པ་མིག་བཙུམ་གྱིས་ལྷ་བཤོས་ཁྱིས་ཟོས་ཀྱང་འཛུམ་མུར་མུར། ལྷ་ཁང་མེས་ཚིགས་ཀྱང་འཛུམ་མུར་མུར་ཟེར་བའི་དཔེ་ལྟར་ཁ་བཙུམ་ནས་འདུག་སྲོལ་ཞིག་བཙན་བྱོལ་སྤྱི་ཚོགས་ནང་ཡོད་ཀྱང་ཕྲན་ལ་ནི་དེའི་གཤིས་ཀ་དེ་མེད། དེའི་ཕྱིར་ངས་ཁ་ཡང་བཙུམ་མི་ཐུབ། འོན་ཀྱང་ངས་ནང་ཁུལ་གྱི་མཐུན་སྒྲིལ་གལ་མི་ཆེ་ཞེས་སྐད་ཅིག་ཙམ་ཡང་དྲན་མི་སྲིད། ཡིན་ན་ཡང་ང་ཚོས་ཁ་བཙུམ་སྟེ། ཅི་མི་སྙམ་ནས་བསྐལ་བའི་བར་སྡུག་སྒོམ་བྱས་ཀྱང་མི་དེའི་རིགས་ཀྱིས་ཚུར་ང་ཚོར་ནམ་ཡང་བསམ་བློ་མི་གཏང་ངེས་ཅན་རེད། དེའི་ཕྱིར་དེའི་རིགས་ཀྱི་བྱེད་སྟངས་སོགས་ཐེར་འདོན་གྱིས་གཙང་མ་བཟོས་ན་འཕྲལ་ཕུགས་གཉིས་ཀར་བཟང་།
དེ་བཞིན་ང་ཚོ་བོད་མི་རིགས་ཀྱི་ད་ལྟའི་གནས་སྟངས་གལ་ཆེ་བ་ལྟར་མ་འོངས་པ་དེ་ལས་ཀྱང་གལ་ཆེ། ད་ལྟ་དང་མ་འོངས་པ་ཙམ་མིན་པར་སྔོན་བྱུང་ལོ་རྒྱུས་དེ་ལས་ཀྱང་གཙང་ཉར་དགོས་པ་ཧ་ཅང་གལ་ཆེ། ང་ཚོའི་བོད་མིའི་ཐོབ་ཐང་རྩོད་ལེན་དགོས་ན་སྔོན་བྱུང་ལོ་རྒྱུས་ལ་གཞི་རྩལ་འཛིན་དགོས་ངེས་རེད། བོད་སྤྱིའི་སྔོན་བྱུང་དངོས་ཡོད་ལོ་རྒྱུས་དང། བྱེ་བྲག་ལུང་ཚན་དང་ཆོལ་ཁ་སོགས་ས་ཁུལ་སོ་སོར་ལོ་རྒྱུས་ཐུན་མོང་དང། ཐུན་མིན་ སོགས་བསམ་གྱིས་མི་ཁྱབ་པ་ཡོད་རེད། དེ་ཐམས་ཅད་མིན་པ་ཡིན་པ་དང། ཡིན་པར་མིན་པར་བཟོས་ཏེ། རྫུན་བཟོ་བྱས་ན་འགྲིག་གི་རེད་དམ། ང་ལ་ནི་མི་འགྲིག་ངེས་ཅན་ཡིན། དེས་བོད་སྤྱི་བ་ལ་ཕན་གནོད་གང་ཞིག་འབྱུང་གི་རེད་དམ། ང་ཚོ་བོད་རྒྱལ་ཁབ་ཀྱང་ཆེ་ས་ནས་བཤད་ན་ཆོལ་ཁ་གསུམ་གྱིས་གྲུབ་ཡོད་པ་རེད། དེ་བཞིན་ཆོལ་ཁ་རེའང་ལུང་ཚན་མང་པོས་གྲུབ་ཡོད་རེད། ལུང་ཚན་རེ་རེ་བཞིན་རོང་འབྲོག་གི་ཚོ་སྡེ་དང། གྲོང་སྡེ་གང་མང་ལས་གྲུབ་ཡོད་རེད། དེ་དག་རེ་རེ་བཞིན་ཁྱིམ་ཚང་གང་མང་ལས་གྲུབ་པ་ཞིག་རེད། དེ་དག་རེ་རེ་ལ་བརྟེན་ནས་བོད་ཅེས་པ་དེ་གྲུབ་པ་རེད་ལ། དེ་དག་རེ་རེའི་ལོ་རྒྱུས་ལ་བརྟེན་ནས་བོད་ཀྱི་བྱུང་རབས་ལོ་རྒྱུས་གྲུབ་པ་རེད། དེ་དག་རེ་རེ་ལ་མ་བརྟེན་པའི་བོད་དང། དེ་དག་རེ་རེའི་བྱུང་རབས་ལོ་རྒྱུས་ལ་མ་བརྟེན་པའི་བོད་ཀྱི་ལོ་རྒྱུས་ཟེར་བ་ཞིག་ཡོང་ཐབས་མེད་པ་རེད། དེར་བརྟེན་ཆེ་ས་ནས་ཆོལ་ཁའི་ལོ་རྒྱུས་དང། ཆུང་ས་ནས་མི་ཚང་གི་དངོས་ཡོད་བྱུང་རབས་ཚད་ལྡན་ཞིག་ཡིན་ཡང་དེའང་བོད་ཀྱི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཆགས་བསྡད་ཡོད་ཕྱིར། དེ་ལ་རྫུན་བཟོ་སོགས་བྱས་ན་མི་ཚང་དེའི་ལོ་རྒྱུས་རྫུན་མ་ཆགས་པར་མ་ཟད། དེས་བོད་སྤྱིའི་ལོ་རྒྱུས་ལ་མ་དག་པའི་ལྷད་ཞུགས་པ་ཡིན་པས་བོད་ཀྱི་ལོ་རྒྱུས་ལ་ཅི་ཙམ་གནོད་ཀྱིན་ཡོད་མེད་ནི་ཞུ་མི་དགོས་པ་ཞིག་མ་རེད་དམ། བོད་རྒྱལ་ཁབ་ཀྱི་གྲུབ་ཆ་ཆོལ་ཁ་གསུམ་ཡིན་ཕྱིར་དེའི་ངོ་བོ་མཚོན་ཐབས་སུ་བཙན་བྱོལ་ནང་དུའང་ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་བཙུགས་ཏེ། བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་ཚུན་ཆད་གཙོ་བོ་ཆོལ་ཁ་གསུམ་མ་ཡིན་ནམ། དེའི་ཕྱིར་ཆོལ་ཁ་གསུམ་ཟེར་བ་དེའང་སྔོན་བྱུང་ཚད་ལྡན་ལོ་རྒྱུས་གཞིར་བཞག་བྱེད་དགོས་པ་ལས། གཞན་དུ་མི་མགོ་བདེ་དྲན་འཕྲུལ་ཅན་རེ་སླེབས་ཚེ་དེས་རང་ཉིད་ཀྱི་ཁེ་ཕན་ཆེད་ག་རེ་བྱས་བྱས་ཆགས་སོང་ན་དེ་ལ་དགེ་སྐྱོན་ཅི་ཡོད་ལ་གཟུར་གནས་རྣམ་དཔྱོད་ཅན་ཚོས་དགོངས་བཞེས་ཤིག་གནང་རོགས་ཞུ།
དེར་བརྟེན་ཕྲན་གྱིས་ཀྱང་རང་རེའི་སྔོན་བྱུང་ལོ་རྒྱུས་འདི་གཙིགས་སུ་བཟུང་སྟེ། མདོ་སྨད་མགོ་ལོག་གསེར་རྟའི་ལོ་རྒྱུས་སོགས་ཤོད་ཀྱིན་ཡོད། གཞན་དུ་དེང་སྐབས་གསེར་རྟ་ཕལ་ཆེ་བ་ཞིག་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཟེར་བའི་ངོར་ཡོད་པ་དང་། དེའི་སྣོད་བཅུད་ཀྱི་བདག་པོ་དེང་སྐབས་རྒྱ་ནག་གུང་ཁྲན་ཏང་གཅིག་པུ་ཡིན་པ་དང་། བོད་ཡུལ་སྤྱི་མཚུངས་ལྟར་ས་ཁུལ་དེའི་ནང་གི་མང་ཚོགས་ལའང་རྒྱ་གཞུང་གིས་ཁྲིམས་མེད་ལུགས་མེད་ཀྱིས་གཉའ་ནོན་ག་ཚོད་བྱེད་ཀྱིན་ཡོད་མེད་སོགས་ཀྱི་ཐད་ཕྲན་ལའང་ཤེས་རྟོགས་གཏིང་ཟབ་ཡོད། དེ་ནི་རང་ཉིད་སྐྱེས་ས་འཚར་སའི་ས་ཆ་ཡིན་པའི་རྒྱུ་མཚན་གྱིས་རེད།
དེར་བརྟེན་གསེར་རྟའི་སྔོན་བྱུང་ལོ་རྒྱུས་ལ་བཟོ་བཅོས་བྱས་ན་འགྲིག་གི་མ་རེད། དེ་རང་སོར་གནས་དགོས་ངེས་རེད། ཅེས་ཕྲན་གྱིས་བརྒྱ་བཤད་སྟོང་བཤད་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་གསེར་རྟས་གཙོས་བོད་ས་ཡོངས་ཀྱི་བདག་པོ་བྱེད་ཀྱི་རེད་ལ། དེ་བཞིན་གོང་གསལ་ལྟར་བོད་ཀྱི་ལོ་རྒྱུས་ཆེ་འབྲང་ཆུང་གསུམ་ལ་ནག་བསུབ་དང་རྫུན་བཟོ་བྱེད་ངེས་རེད།
དེར་བརྟེན་བོད་ཀྱི་ལོ་རྒྱུས་ལ་རྫུན་བཟོ་བྱེད་ཆེད་རྒྱ་ནག་གཞུང་གིས་ཀྱང་བོད་ནི་གནའ་ནས་རྒྱ་ནག་གི་ཆ་ཤས་ཡིན་པར་ཏཱ་ལའི་བླ་མས་ས་ཡིག་རྒྱག་དགོས། ཞེས་བཤད་དང་ཤོད་བཞིན་འདི་རེད། འོན་ཀྱང་སྔོན་བྱུང་ལོ་རྒྱུས་ནི་ཧ་ཅང་གལ་ཆེན་ཡིན་པར་དགོངས་ཏེ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་ནས། འདས་པ་ནི་བྱུང་ཟིན་པས་བཟང་ངན་ཇི་ལྟར་ཡང་སྒྱུར་བཅོས་གཏོང་ཐབས་མེད་ཅིང་། ཆབ་སྲིད་ཀྱི་དགོས་མཁོར་བསྟུན་ནས་འཁྱོགས་བཤད་བྱེད་པ་དེ་དྲང་བདེན་གྱི་བྱེད་ཐབས་མིན། དེར་བརྟེན་གནའ་སྔ་མོའི་དུས་ནས་བོད་རྒྱ་ནག་གི་ཆ་ཤས་རེད། ཅེས་ངོས་ཀྱི་ས་ཡིག་རྒྱག་མི་ཐུབ། ཞེས་སོགས་ཡང་ཡང་གསུང་བཞིན་པ་འདི་ཡིན། དེར་བརྟེན་མི་རེ་ཟུང་གིས་གསེར་རྟའི་ལོ་རྒྱུས་རྫུན་བཟོ་བྱེད་བཞིན་པ་འདིའང་བོད་སྤྱི་དང། བོད་ཀྱི་ལོ་རྒྱུས་ཀྱི་ཆ་ལ་མ་འགྲིག་པར་བརྟེན་ཕྲན་གྱིས་ངོ་རྒོལ་བྱེད་བཞིན་ཡོད་པ་ཙམ་ལས། གསེར་རྟ་མདོ་དབུས་ཁམས་གསུམ་དང། རྒྱ་བོད་ཧོར་སོག་གང་ཞིག་ཡིན་ཡང་ཕྲན་གྲྭ་རྐྱང་གསེར་རྟ་ཚུལ་ཁྲིམས་འོད་ཟེར་སྒེར་ལ་ནི་དེ་ཙམ་གྱིས་ཕན་གནོད་གང་ཡང་མེད་པ་ཀུན་ཀྱིས་ངེས་པར་ཤེས་ཐུབ་པ་ཞིག་དང། ཤེས་དགོས་པ་ཞིག་རེད། འོན་ཀྱང་ད་ལྟ་རང་ཉིད་བོད་མི་ཞིག་གི་ལུས་བླང་ཡོད་པར་བརྟེན། བོད་རིགས་སྤྱི་མཚུངས་ལྟར་འགན་ལེན་བཞིན་ཡོད་ལ། དེ་ལས་ཀྱང་རང་ཉིད་ཆུང་ཆུང་སྐབས་ནས་རྒྱུས་མངའི་ཆ་ནས་སམ། ལོ་རྒྱུས་ལ་དམིགས་བསལ་སློབ་སྦྱོང་དང་དོ་སྣང་གི་ཆ་ནས་ལོ་རྒྱུས་འཁྱོགས་བཤད་བྱེད་པོའི་རིགས་ལ་ད་བར་མཐའ་གཅིག་ཏུ་ངོ་རྒོལ་བྱས་པར་མ་ཟད། ད་དུང་མ་ཤི་བར་དེ་བཞིན་བྱེད་འཆར་ཡོད། རྒྱུ་མཚན་དེ་ལ་བརྟེན། ཉེ་སྔོན་ཕྲན་གྱིས་བརྩམས་པའི་བརྒལ་ལན་ལུང་རིགས་གཟི་འབར་ཀུན་ཕན་ཉི་མའི་སྣང་བའི་རྒྱབ་ངོས་སུའང། མེས་པོའི་དཔའ་མཛངས་ངོ་མཚར་མཛད་རྗེས་དངོས། །
དངོས་བྱུང་ལོ་རྒྱུས་ཟབ་ཡངས་རིན་ཆེན་ནོར། །
ནོར་འཁྲུལ་མི་གཙང་འདམ་དུ་སྐྱེལ་བའི་རིགས། །
རིགས་རྩལ་གནམ་ལྕགས་ཐོག་གིས་འདི་ལྟར་ཆོམས།
ཞེས་བྲིས་ཡོད་དོ། །
འོན་ཀྱང་རྒྱ་ནག་གུང་ཁྲན་ཏང་གིས་བོད་ཀྱི་ལོ་རྒྱུས་དཀྱོག་བཤད་ལོས་བྱེད། མའོ་ཙེ་ཏུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཨུ་རུ་སུའི་དམར་ཤོག་གི་མགོ་གཙོ་སི་ཏཱ་ལེན་གྱིས་སློབ་སྟོན་དང། རྒྱབ་སྐྱོར་ལྟར་ཤ་ཁྲག་གི་འགྲོ་སོང་བཏང་ནས་བོད་འདི་བཙན་དབང་ཁོ་ནས་བླངས་པ་ཞིག་ཡིན་པས། ཁོང་ཚོའི་བོད་ཀྱི་བྱུང་རབས་ལོ་རྒྱུས་རྫུན་བཟོ་ལོས་བྱེད། དེ་ཁོང་ཚོའི་ཐོག་མའི་དམིགས་ཡུལ་གྱི་བསྒྲུབ་བྱ་གཙོ་བོ་དེ་རེད། དེ་ལྟར་ཡིན་པ་ང་ཚོས་ཀྱང་སྔ་སེ་ནས་ཤེས་དགོས་ངེས་རེད།
འོན་ཀྱང་ད་ནི་་ང་ཚོའི་ནང་ཁུལ་གྱི་མི་རེ་ཟུང་གིས་ཀྱང་ཆེ་ས་ནས་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་དང། ཆུང་ས་ནས་ཆོལ་ཁ་དང། ལུང་ཚན་བཅས་ཀྱི་ལོ་རྒྱུས་རྫུན་བཟོ་བྱེད་བཞིན་པ་འདི་རིགས་ནི། དངོས་གནས་ཆེས་ཤིན་ཏུ་ཐ་ཆད་པའོ། །
དེའི་ཕྱིར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་བཙུན་ཙོང་ཁ་བ་ཆེན་པོའིོ་ཞལ་སྔ་ནས།
རྨོངས་པས་བྲན་དུ་བཟུང་བ་ཡིས། །
གང་ཞིག་ཁྱོད་དང་ཞེ་འགྲས་པ། །
དེ་ཡིས་རང་བཞིན་མེད་པའི་སྒྲ། །
མི་བཟོད་གྱུར་ལ་མཚར་ཅི་ཡོད། །
ཁྱོད་ཀྱི་གསུང་གི་གཅེས་པའི་མཛོད། །
རྟེན་ཅིང་འབྲེལ་འབྱུང་ཁས་བླང་ནས། །
སྟོང་ཉིད་ང་རོ་མི་བཟོད་པ། །
འདི་ལ་ཁོ་བོ་ངོ་མཚར་གྱུར། །ཞེས་གསུངས་པའང་འདིའི་རིགས་ལ་དགོངས་པ་ཡིན་ནོ། །
སྤྱིར་དགྲ་ལ་ཕྱི་དགྲ་ནང་དགྲ་མང་པོ་ཡོད་ཅིང། རང་རེ་བོད་ལ་མཚོན་ན་ད་ལྟའི་ཆར་ཕྱི་དགྲ་རྒྱ་དམར་དང། ནང་དགྲ་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་རྫུན་བཟོ་བྱས་ཏེ། སོ་སོའི་ལྟོ་རྒྱབ་ཆེད་བེད་སྤྱོད་བྱེད་མཁན་རིགས་དང། ཕྱི་མགོ་ནང་བཙོིང་བྱེད་པོ་རྒྱལ་ཚོང་པ་འདི་རིགས་ཡིན་པས། དེའི་རིགས་ནི་དངོས་གནས་གྲོད་པུ་དང་འདྲ་བའི་བོད་མི་ཡིན་པས་ངེས་པར་གཟབ་དགོས་ས་དང། དུས་ཐོག་སོ་སོར་རྫུན་རྐུབ་ཐེར་འདོན་གྱིས་ཡོ་བསྲང་བྱེད་དགོས་སའང་གཙོ་བོ་འདིའི་རིགས་ཡིན་ནོ། །འོན་ཀྱང་འདིའི་རིགས་ཀྱིས་ད་དུང་ཀྲུང་གོའི་བོད་ལྗོངས་དང། བོད་ལྗོངས་ཉིན་རེའི་ཚགས་པར་སོགས་ཀྱི་ཐོག་ཏུ་ཐོན་པའི་ཡེ་རྡོར་ཟེར་བ་སོགས་ཀྱི་ལོག་བཤད་ལ་ལན་འདེབས་བྱེད་ཁུལ་སོགས་བྱེད་སྲིད་མོད། འདི་རིགས་ལ་ང་ཚོས་ཡིད་ཆེས་བྱེད་ཐབས་གང་ལ་ཡོད་དེ། བོད་ཀྱི་ལོ་རྒྱུས་རྫུན་མ་བཟོ་མཁན་འདིའི་རིགས་ཀྱང་རྒྱ་ནག་གཞུང་གིས་ཆེད་མངག་མིན་ཞེས་སུས་བཤད་ནུས་སམ།
ཡང་དེར། གཉིས་པ། ཚུལ་ཁྲིམས་འོད་ཟེར་གྱི་དེབ་དེའི་ནང་། གསེར་རྟ་ཚུལ་ཁྲིམས་ཀྱིས་བལ་ཡུལ་སྣེ་ལེན་ཁང་དུ་བཀོད་པའི་འབྱོར་ཐོ་དང་། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་སུ་ཞུགས་དུས་ཀྱི་འགེང་ཤོག ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ཕུལ་བའི་སྒེར་གྱི་སྙན་ཞུའི་ཡིག་ཆ། སྐུ་སྒེར་ཡིག་ཚང་དུ་ཕུལ་བའི་སྙན་ཞུའི་ཡིག་ཆ་སོགས་ཀྱི་ངོ་བཤུས་ངོ་མ་པར་སློག་བརྒྱབ་ནས་བཀོད་འདུག འདི་ཤིན་ཏུ་ཡ་མཚན་པ་ཞིག་རེད། ཅེས་སོགས་ཟེར། ལོ་རྒྱུས་ཞིབ་འཇུག་ཆེད་ལས་པའི་རིགས་ལམ་བེད་སྤྱོད་ཀྱིས་ཞིབ་འཇུག་མཐར་ཕྱིན་གཙང་མ་བྱས་ཏེ། བདེན་རྫུན་སོ་སོར་ཉི་ཤར་སྤར་མོས་མི་ཁེབས་པར་གསལ་པོ་ཆགས་ཡོང་སྐབས་དགེ་འདུན་རབ་རྒྱས་ཀྱི་མིང་རྫུན་འོག་ཡིབ་སྡོད་རྫུན་མ་འདི་ལ་ངོ་ཚ་བོ་བཟོས་ཡོད་པས་རྐྱེན་གྱིས་ད་ལྟ་འདུག་མི་བཟོད་པ་ཞིག་འབྱུང་བཞིན་ཡོད། གོང་བཤད་ལྟར་བང་ཚུལ་གྱིས་སྔོན་བྱུང་ལོ་རྒྱུས་ཁག་ལ་རྫུན་བཟོ་འཁྱོགས་བཤད་བློ་ཡུལ་ལས་འདས་པ་ཞིག་བྱས་ཏེ། རང་རེ་བོད་པ་བཙན་བྱོལ་བ་རྣམས་ལ་རང་ས་ལག་པ་ཙམ་ཡང་མེད་བཞིན་ཏུ། དོན་མེད་ཆོལ་ཁའི་བར་དཀྲུག་ཤིང་དེ་འདྲ་ཞིག་བརྒྱབ། ཕྱི་ལོ་༡༩༩༨ལོ་བང་ཚུལ་དྷ་སར་འབྱོར་བ་དང། ༡༩༩༩ལོ་ནས་ལང་ཕྱོགས་ལ་རིམ་བཞིན་འགྱུར་བ་འདྲ་མིན་ཐེབས་ཏེ། དྷ་རམ་སར་འདྲ་མིན་ཞིག་འཁྲབ་སྡོད་ཀྱིན་ཡོད་པ་ཕྲན་གྱིས་ཤེས་རྗེས་ཕྲན་ལ་བང་ཚུལ་གྱིས་ཡིག་འབྲེལ་བྱས་ཏེ། གསེར་རྟའི་ལོ་རྒྱུས་ངེད་གཉིས་ཀྱིས་ཞིབ་འཇུག་བྱས་ཏེ། ལོ་རྒྱུས་གསར་བ་ཞིག་རྩོམ་དགོས་སྐོར་བཤད་པའི་ལན་དུ་ཕྲན་གྱིས་བང་ཚུལ་ལ་ཉམས་སད་ཅིག་བླང་སྟེ། ཁོ་བར་འགྱུར་བ་འགྲོ་དགོས་དོན་དང། ཁོ་པའི་བསམ་ཚུལ་ག་རེ་ཡིན་མིན་སོགས་ལ་ཚོད་ལྟའི་ འཕྲིན་ལན་བསྐུར་བ་དེ་དབུལ་པོ་རིན་ཆེན་གཏེར་དང་འཕྲད་པ་ལྟར་བང་ཚུལ་གྱིས་བྲིས་པའི་དེབ་ནང་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱིས་ང་ལ་ཕྱི་ལོ་༡༩༩༩ལོའི་ཟླ་༡༡ཚེས་༢༦འཁོད་པའི་ཡིག་ལན་ཞིག་འབྱོར་ཏེ། ང་ལ་ངན་སྐུལ་བྱས་སོང་། ངན་སྐུལ་བྱེད་སྐབས་ང་ལ་གསེར་རྟ་མདོ་སྟོད་ཡིན་པའི་ལྟ་ཚུལ་མེད། འོན་ཀྱང་དེ་རྗེས་གཞི་ནས་ངས་ཞིབ་འཇུག་བྱེད་སྐབས་གསེར་རྟ་མདོ་སྟོད་ཡིན་པ་ང་ལ་སེམས་གཏིང་ནས་ཡིད་ཆེས་དང་ངེས་ཤེས་རྙེད་བྱུང་རྗེས་གཞི་ནས་ངས་གསེར་རྟ་མདོ་སྟོད་དམ་ཁམས་པ་ཡིན་པའི་ལྟ་ཚུལ་གཞན་ལ་ད་གཟོད་གསར་དུ་བཤད་པ་ཡིན། ཞེས་བཤད་ཡོད་ཀྱང་དེ་དག་ཀྱང་རང་སྐྱོན་གཞན་མགོར་བཙན་འགེལ་ཡིན་པ་བང་ཚུལ་རང་ཉིད་ཀྱིས་བྲིས་པའི་གོང་གསལ་ཡིག་ཆ་གཉིས་ཀྱིས་ར་སྤྲོད་གསལ་པོ་བྱས་ཡོད། དེ་ཡང་ཡིག་ཆ་དང་པོ་ནི། ༡༩༩༩ལོར་བང་ཚུལ་གྱིས་ལས་འཚོལ་ཆེད་ནོར་གླིང་ཡིག་ཚང་དུ་སྤྲད་པའི་༼༼རང་གི་ལོ་རྒྱུས་མདོར་བསྡུས༽༽་ཞེས་པ་དེ་ཡིན་ཞིང། ཡིག་ཆ་འདི་ནི་ཕྲན་གྱིས་བང་ཚུལ་ལ་ཡི་གེ་མ་བསྐུར་སྔོན་གྱི་ཉིན་གྲངས་༢༧༦སྟེ། ཟླ་༩དང་ལྷག་གི་སྔོན་ཙམ་ལ་བྲིས་པ་ཡིན་པ་ཡིག་ཆ་དེའི་མཇུག་ཏུ་ཅེས་པ་འདི་ནི་མདོ་སྟོད་མི་ཡི་ཆོལ་ཁ་རུ་གཏོགས་པའི་གྱི་ན་བ་གསེར་རྟ་ཚུལ་ཁྲིམས་ཀྱིས། སྤྱི་ལོ་༡༩༩༩ཟླ་༢ཚེས་ཉེར་བཞི་ཉིན་བྲིས། ཞེས་འཁོད་པ་འདིས་ར་སྤྲོད་བྱེད་བཞིན་ཡོད།
ཡིག་ཆ་གཉིས་པ་དེ་༼༼བོད་ཀྱི་རྩོམ་པ་པོའི་ཚོགས་མིའི་འགེངས་ཤོག་༽༽ཐོག་བང་ཚུལ་གྱིས་བྲིས་པའི་ཡིག་ཆ་ཡིན་ཞིང། ཡི་གེ་འབྲི་དུས་༡༩༩༩ཟླ་༦ཚེས་༣ལ། ཞེས་འཁོད་འདུག་པ་དང། འགེངས་ཤོག་ཐོག་སྐྱེས་ཡུལ་ཁམས་མགོ་ལོག་གསེར་རྟ་ཞེས་བང་ཚུལ་རང་ཉིད་ཀྱིས་བྲིས་པ་འདི་ཡིན། དེའི་ཕྱིར་ཡི་གེ་འདིའང་ཕྲན་གྱིས་ཡིག་ལན་མ་བསྐུར་སྔོན་གྱི་ཉིན་གྲངས་༡༧༧སྟེ། ཟླ་ལྔ་དང་ཉིན་གྲངས་༢༤ཙམ་ནས་བང་ཚུལ་གྱིས་གསེར་རྟ་མདོ་ཁམས་གཉིས་ལས་ཁམས་ཡིན་པར་ཁ་ནས་བཤད་པར་མ་ཟད། ཡིག་ཐོག་ཏུ་འབྲི་བཞིན་ཡོད་ཀྱང་། ད་དུང་ཕྲན་གྱིས་ཡིག་ལན་འབྱོར་རྗེས་གཞི་ནས་འབྲེལ་ཡོད་ལོ་རྒྱུས་ལ་ཞིབ་འཇུག་བྱས་རབས་དང། དེ་ལ་བརྟེན། གསར་དུ་རང་ཉིད་ཁམས་པ་ཡིན་པའི་ལྟ་ཚུལ་བརྗོད་སྐོར་སོགས་བཤད་པ་སྙིང་རྗེའི་གནས་ལས་ཅི།
སྤྱིར་བཏང་ནས་གནས་ལུགས་གང་ཞིག་གཏན་ལ་འབེབས་པར་རྒྱུ་མཚན་ཡང་དག་ལ་བརྟེན་དགོས་ཕྱིར། ཡིག་ཆ་གང་མང་ཞིག་ཞིབ་འཇུག་བྱས་ཡོང་དུས་ཕྲན་གྱིས་ཡི་གེ་མ་བསྐུར་སྔོན་གྱི་གོང་གསལ་ཡིག་ཆའི་ངོས་བཤུས་ཁག་དཔང་པོར་བཞག་ནས་འཁྲབ་སྟོན་བྱེད་མཁན་སུ་ཡིན་ལྷང་ལ་བཏོན་རྗེས་དེ་ཡང་ཁྲིམས་འགལ་རེད། ཡིག་ཆ་དེ་དག་ནི་གང་ཟག་སྒེར་གྱི་གསང་ཡིག་ཡིན་ཟེར། འོ་ན་ལས་ཁུངས་དེ་དག་གི་ཡིག་ཚང་གང་ཟག་སྒེར་གྱི་གསང་བ་དང། གསང་ཡིག་ཉར་ས་ཡིན་ནམ། ཡིན་ན་ཡིག་ཚང་ཡིིན་ན་གསང་ཡིག་ཉར་ས་ཡིན་པའི་ཁྱབ་པ་དང། སྙན་ཞུ་ཡིན་ན་གསང་བ་ཡིན་པས་ཁྱབ་པ་གཉིས་རེ་རེ་ནས་ཁས་ལེན་ནུས་སམ། མ་གཞི་གང་ཟག་སྒེར་ལ་ཞིབ་འཇུག་སྐབས་ཡིག་ཚང་ནང་ཡོད་པའི་གང་ཟག་དེའི་སྙན་ཞུའི་ཡིག་ཆ་སོགས་ལ་ཞིབ་འཇུག་བྱས་ན་ཁྲིམས་འགལ་རེད། ཅེས་འཛམ་གླིང་སྤྱི་ཁྲིམས་དང། རྒྱལ་ཁབ་གང་གི་ནང་ཁྲིམས་ནང་གསལ་འདུག་སོགས་དགེ་རབ་མིང་ཅན་པས་སྟོན་ཅིག
འོན་ཀྱང་དངོས་གནས་དགེ་རབ་མིང་ཅན་འདི་ཁྲིམས་ཀྱི་འགྲོ་སྟངས་ཤེས་མཁན་ཞིག་དང། ཕན་སེམས་ཀྱིས་འདི་ལྟར་ཤོད་ཀྱི་ཡོད་ཚེ་སོ་སོའི་དངོས་མིང་གསལ་བོ་བྱོས་ལ་ཁྲིམས་གཏུགས་ཀྱིས་དང་ཕྲན་གྱིས་དངོས་གནས་བརྒྱ་ཆ་བརྒྱ་དགའ་བསུ་ཡོད་པར་མ་ཟད། སྐབས་དེར་ཡིག་ཆའི་ངོས་བཤུས་འདི་དག་ཀྱང་ཇི་ལྟར་ལག་སོན་བྱུང་མིན་དང། ལས་ཁང་དེ་དག་གི་འགྲོ་སྟངས་ཇི་ལྟར་ཡོད་མེད་དང། ཡིག་ཆའི་མ་ཕྱི་ཁག་ད་ལྟ་གར་ཡོད་དང། ཡིག་ཆ་དེ་དག་དཔར་སློག་བརྒྱབ་སྟངས་ཚུན་ཆད་ཁྲིམས་མཐུན་ཁོ་ན་ཡིན་པ་འཛམ་གླིང་ཁྲིམས་ལུགས་ཀྱི་ཆེད་མཁས་སུས་བལྟས་ཀྱང་ཤེས་ཐུབ་པའི་ས་རིས་ཐང་གསལ་ཞིག་ཕྲན་གྱིས་བཟོ་དགོས་པ་དེ་ཕྲན་གྱི་རང་འཁྲིའི་འགན་ཡིན།
ཡང་ཨ་མདོ་བས་ཨམ་ཞེན་གྱིས་ཕར་ཚུར་ཡིག་ཆ་འདི་དག་མཁོ་སྤྲོད་བྱས་མདོག་གིས་ཇ་དཀྲུགས་རྒྱག་བཞིན་པ་འདི་གཅིག་པུས་ཀྱང་དགེ་རབ་མིང་ཅན་འདི་སུ་ཡིན་ངོ་ཤེས་དཀའ་བ་ཞིག་ག་ལ་ཡིན།
དགེ་རབ་མིང་ཅན་པ་ལགས། དེ་ཙམ་ལས་ཞིབ་འཇུག་མ་ནུས་ཤིང། མི་ཤེས་ན་ཤེས་མདོག་དང་མཁས་མདོག་སྟོན་དགོས་འདུག་གམ། བང་ཚུལ་གྱིས་དཔལ་ལྡན་སྐུ་སྒེར་ཡིག་ཚང་དབུ་སྐོར་གཏོང་བྱེད་ཀྱི་སྙན་ཞུ་བོད་ཤར་ཕྱོགས་ཁམས་གསེར་རྟ་ནས་ཡིན་པའི་གཞི་ཆེན་བཻ་རོ་མ་འདས་སྤྲུལ་སྐུ་ཞེས་སོགས་དང། ཕྱི་ལོ་༢༠༠༦ཟླ་༢ཚེས་༣༡ཉིན། ཞེས་འཁོད་པ་ཞིག་རཀྲཾ་དགོན་པའི་སྤྲུལ་སྐུ་ནམ་སྙིང་གི་མིང་ཐོག་ནས་སྐུ་སྒེར་ཡིག་ཚང་ལ་ཕུལ་འདུག་པ་དང། དེའི་ལན་ལ་སྐུ་སྒེར་ཡིག་ཚང་གིས་ཀྱང། དད་ལྡན་ཁམས་གསེར་རྟ་ནས་ཡིན་ པ་ཞེས་སོགས་ཀྱི་བཀའ་ཡིག་ཅིག་༧གོང་ས་མཆོག་གི་མཚན་ཐོག་ནས་ཕྱི་ལོ་༢༠༠༦ཟླ་༡༠ཚེས་༢༧་ལ།ཞེས་འཁོད་པ་ཞིག་སྤྲུལ་སྐུ་ནམ་སྙིང་གི་མཚན་ཐོག་ལ་བསྩལ་འདུག་པ་འདི་དང་། དེ་ལྟར་ན་བོད་རབ་བྱུང་༡༧ལྕགས་ལུག་ཟླ་༡༡པའི་ཚེས་༡༢སྟེ། ཕྱི་ལོ་༡༩༩༡ལོའི་ཟླ་༡༢པའི་ཚེས་༡༨ཉིན་༧གོང་ས་མཆོག་གི་མཚན་ཐོག་ནས་མདོ་སྨད་ས་ཡི་ཐིག་ལེར་གནས་པའི་རཀྲཾ་དགོན་པའི་སྤྲུལ་སྐུ་ནམ་མཁའི་སྙིང་པོ་ཞེས་སོགས་འཁོད་པའི་བཀའ་ཡིག་ཅིག་ཀྱང་སྤྲུལ་སྐུ་ནམ་སྙིང་ལ་རེག་འདུག་པ་བཅས།
མདོར་ན་བང་ཚུལ་གྱིས་དཔལ་ལྡན་སྐུ་སྒེར་ཡིག་ཚང་དབུ་སྐོར་གྱིས་སྐུ་སྒེར་ཡིག་ཚང་ནས་བླང་བའི་དད་ལྡན་ཁམས་གསེར་རྟ་ཞེས་པའི་༧གོང་ས་མཆོག་གི་མཚན་འཁོད་བཀའ་ཡིག་དང།
ཕྱི་ལོ་༡༩༩༡ལོར་སྤྲུལ་སྐུ་ནམ་སྙིང་ལ་བསྩལ་བའི་མདོ་སྨད་ས་ཡི་ཐིག་ལེར་གནས་པའི་རཀྲཾ་དགོན་པ་ཞེས་སོགས་ཀྱི་༧གོང་ས་མཆོག་གི་མཚན་འཁོད་བཀའ་ཡིག་བཅས་མཚན་འཁོད་བཀའ་ཡིག་ཁག་གཉིས་ལ་དཔལ་ལྡན་སྐུ་སྒེར་ཡིག་ཚང་གིས་གཡོལ་ཐབས་བྲལ་བའི་རང་འཁྲིའི་འགན་ཁུར་བའི་སྒོ་ནས་འདི་ནི་འདི་ལྟར་རོ། །ཞེས་གསལ་བཤད་ཀྱི་ཡིག་ཆ་དེ་ཕྱི་ལོ་༢༠༠༧ཟླ་༡༠ཚེས་༩་ལ་དཔལ་ལྡན་སྐུ་སྒེར་ཡིག་ཚང་གིས་གནང་བ་ཡིན་པ་དང། དེ་ཡང་ཕྲན་ལོ་རྒྱུས་ཞིབ་འཇུག་པས་ངོས་ནས་བརྒྱུད་རིམ་ཚད་ལྡན་གྱི་ཞིབ་འཇུག་བྱས་པ་ལྟར་སྐུ་སྒེར་ཡིག་ཚང་གིས་ཀྱང་གནང་དགོས་བྱུང་བ་ཞིག་ཡིན་ཞིང། སྐབས་དེར་རྔ་བ་ཚེ་རྒྱམ་མཆོག་སྐུ་སྒེར་ནང་མེད་པར་མ་ཤེས་སམ།
རྔ་བ་ཚེ་རྒྱམ་ལགས་ཕྱི་ལོ་༢༠༠༨ལོའི་ཕྱི་ཟླ་༣པའི་ནང་སྐུ་སྒེར་དྲུང་ཆེར་བསྐོ་བཞག་གནང་སྟེ། ཕྱི་ཟླ་༥བའི་ནང་ཁོང་ཐེ་ཝན་དོན་གཅོད་ནས་ཚུར་ཕེབས་སྟེ། གསར་དུ་ཁོང་གིས་སྐུ་སྒེར་དྲུང་ཆེའི་ཕྱག་ལས་དབུ་འཛུགས་ཞུས་པ་ཡིན་པས་ ཕྱི་ལོ་༢༠༠༧ཟླ་༡༠ཚེས་༩ལ་ཁོང་སྐུ་སྒེར་ནང་མེད་པ་འདི་ཙམ་ཡང་ཞིབ་འཇུག་མ་ནུས་ན། ཤེས་ཁུལ་དགོས་དོན་གང་ཡིན་ནམ། ཁྱོད་ཀྱིས་བཤད་སྟངས་འདིར་ལྟོས་དང། ཁྱོད་ལ་ཆགས་འཇོག་ས་ཞིག་འདུག་གམ།
དེའི་ཕྱིར་ཕྲན་ཐང་སན་བླ་མའི་དགེ་ཕྲུག་སྤྲེལ་མགོ་ཅན་ལྟར་ལྐོག་ཏུ་རྫུ་འཕྲུལ་གྱིས་སོང་ནས་ཡིག་ཆ་འདི་དག་ཁྱེར་ཡོང་བ་མིན་ཞིང་། ཕྲན་ལ་ཡོད་པ་ནི་དཀའ་བྱད་སྡུག་རིས་ཁོ་ན་ཡིན་པ་ལས་རྫུ་འཕྲུལ་མིན།
དགེ་རབ་མིང་ཅན་པར་དངོས་གནས་སྤྱི་ཚོགས་ལ་ཕན་སེམས་ཞིག་ཡོད་ཚེ་ཕྲན་གྱིས་གོང་ཞུས་ལྟར་ཁྱེད་ཀྱིས་ཁྲིམས་གཏུགས་ཀྱིས་དང། ཁྲིམས་སར་སླེབས་ཉིན་གོང་གསལ་སྙན་ཞུའི་ངོས་བཤུས་ཁག་གིས་གཙོས་ཕྲན་གྱི་དེབ་ནང་དཔང་རྟགས་ཡིག་ཆ་བརྒྱ་ཕྲག་ཁ་ཤས་བཀོད་ཡོད་པ་དེ་དག་རེ་རེ་བཞིན་འཚོལ་བསྡུ་དང། ཐ་ན་པར་སློག་རྒྱག་སྟངས་སོགས་ཁྲིམས་མཐུན་ཁོ་ནའི་བརྒྱུད་རིམ་སྤྱད་ཡོད་པ་ཕྲན་གྱིས་གསལ་སྟོན་བྱེད་མ་ནུས་ན། སྐབས་དེར་ཁྲིམས་ཁང་གི་ཁྲིམས་ཆད་རང་ཉིད་ཀྱིས་དགའ་བཞིན་དང་ལེན་བྱེད་པར་མ་ཟད། དགེ་རབ་མིང་ཅན་པའི་ཞབས་ལ་ཕྱག་བརྒྱ་ཕྲག་ཅིག་དང་དགོངས་སེལ་དང། མཇལ་དར་དང། མཎྜལ་རྟེན་དོད་དུ་ཧིན་སྒོར་༡༠༠༠༠༠བཅས་འབུལ་ངེས་ཡིན། གཞན་དུ་འདི་ག་རེ་ཡིན་ནམ། དེ་གང་ན་ཡོད་དམ་སོགས་ཐེ་ཚོམ་ཁོ་ནས་མུན་ནག་ནང་ལག་མྱོང་ཙམ་ལས་དཔང་རྟགས་རྐང་གཅིག་མེད་པར་སྤྱི་ཚོགས་ཇ་དཀྲུགས་རྒྱག་རྒྱུར་དགེ་རབ་པ་ངོ་མི་ཚའམ།
ལར་ནས་བང་ཚུལ་གྱིས་ཐོག་མར་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་ཐོ་རྒྱག་སྐབས་རང་ཉིད་ཨ་མདོ་ཡིན་ཤག་རང་བྱས་ཏེ། ཁོ་བོའི་སྐྱེས་ཡུལ་མགོ་ལོག་ཡིན། ཞེས་དང། བོད་དུ་སྡོད་སྐབས་མགོ་ལོག་རཀྲཾ་དགོན་པའི་ནང་ལོ་ལྔ་ཙམ་བསྡད། ཅེས་སོགས་ཁ་ནས་བཤད་པར་མ་ཟད། དེ་འདྲའི་ཡིག་ཆའི་ཐོག་ས་ཡིག་བརྒྱབ་ཡོད་པ་འདི་རེད། དེ་བཞིན་དཔལ་ལྡན་སྐུ་སྒེར་ཡིག་ཚང་དབུ་སྐོར་བཏང་བའི་ཡིག་ཆ་གོང་གསལ་ལྟར་རེད། གོང་གསལ་ལྟར་དེ་རྗེས་རང་ཉིད་སྒེར་གྱི་ཁེ་ཕན་འབའ་ཞིག་གི་ཆེད་སྔོན་བྱུང་ཚད་ལྡན་ལོ་རྒྱུས་ཀྱི་ཚིག་ཟིན་ཚུན་ཆད་བཅད་གཏུབ་བཟོ་བཅོས་འཕྲི་སྣོན་འདྲ་མིན་བང་ཚུལ་གྱིས་བྱས་ཏེ། མདོ་སྟོད་སྨད་ཀྱི་ཆོལ་ཁའི་བར་ཆེད་དུ་དཀྲུག་ཤིང་ལྕགས་ཀྱི་རི་བོ་ལྟ་བུ་བསླངས་འདུག་པ་ནི་རང་རེའི་མངོན་སུམ་གྱི་སྤྱོད་ཡུལ་དུ་གསལ་བཞིན་པ་འདི་རེད། དེར་བརྟེན་ཕྲན་གྱིས་བང་ཚུལ་གྱིས་འདི་ལྟར་འཁྲབ་འདུག དེ་ལ་བརྟེན་ནས་ང་ཚོའི་སྤྱི་ཚོགས་ལ་གྱོང་འདི་ལྟར་རེག་བཞིན་འདུག ཅེས་གདན་དོན་རེ་རེའི་དཔང་རྟགས་བྲགརི་ལྟ་བུ་རེ་རེ་བཞིན་བསྟན་ཡོང་དུས་དེ་ལྟར་བསྟན་ཆོག་གི་མ་རེད། གལ་ཏེ་དཔང་རྟགས་འདི་དག་ཁྱབ་བསྒྲགས་བྱས་ན་དཔང་རྟགས་འདི་རིགས་ནི་བང་ཚུལ་གྱི་གསང་བ་ཡིན་པས་ཐོག་མར་བང་ཚུལ་ལ་འདི་ལྟར་ཁྱབ་བསྒྲགས་ཆོག་པར་ཞུ། ཞེས་ཆོག་མཆན་ཞུ་དགོས་པ་རེད། དེ་ལྟར་མ་བྱས་ན་ཆོག་མཆན་མ་ཐོབ་པར་བརྟེན། གང་ཟག་སྒེར་གྱི་གསང་བ་ཕྱིར་བསྒྲགས་བྱས་པ་དེ་ཁྲིམས་འགལ་རེད་ཟེར། ཧ་ཧ། འོ་ན་མི་གསོད་ཅིག་གིས་མི་བསད་པའི་དཔང་རྟགས་ང་ཚོའི་ལག་ཏུ་རེག་སྐབས་དཔང་རྟགས་ཁྱབ་བསྒྲགས་བྱེད་པར་ཐོག་མར་མི་གསོད་ལག་དམར་ས་ནས་ཆོག་མཆན་ཐོབ་དགོས་སམ། འོ་ན་དྷ་ས་རིགས་སློབ་འགན་འཛིན་དགེ་བཤེས་བློ་བཟང་རྒྱ་མཚོ་ཚང་དང་། དགེ་ཕྲུག་གཉིས་བཅས་ལྐོག་གསོད་བྱེད་པོ་དོལ་རྒྱལ་ཚོགས་པ་རེད། ཅེས་ལག་ཁུག་སོགས་དཔང་རྟགས་བསྟན་ཏེ། རྒྱ་གར་ཉེན་རྟོག་པས་ཁྱབ་བསྒྲགས་བྱས་པ་དེ་ཡང་ལག་དམར་ལ་ཆོག་མཆན་ཞུས་མེད་པར་བརྟེན། དཔང་རྟགས་ཉེན་རྟོགས་པར་མཁོ་སྤྲོད་བྱེད་མཁན་དང་། དེ་ལྟར་གསར་བསྒྲགས་བྱེད་པོ་ཉེན་རྟོག་པ་བཅས་ཀྱིས་ཁྲིམས་འགལ་བྱས་པ་རེད། ཟེར་རམ།
དེ་བཞིན་ལག་དམར་གྱིས་ཁོང་གསུམ་ལྐོག་གསོད་བྱས་པ་དེ་ཡང་ལག་དམར་ལ་ཆོག་མཆན་མ་ཞུས་སྔོན་ནས་ཉེན་རྟོག་པར་བཤད་པ་དང་། ཡོངས་ཁྱབ་གསལ་བསྒྲགས་བྱས་པ་སོགས་ཀྱང་གང་ཟག་སྒེར་གྱི་གསང་བ་ཕྱིར་བསྒྲགས་བྱས་པ་ཡིན་ཕྱིར། ཁྲིམས་འགལ་རེད། ཟེར་རམ།
དེ་བཞིན་ཕྱི་ལོ་༢༠༠༡ལོའི་ཟླ་༩ཚེས་༡༡ཉིན་འཇིགས་སྐུལ་པས་འཇབ་རྒོལ་གྱིས་ཨ་རིའི་ཁང་བརྩེགས་ཆེན་མོའི་དོན་རྐྱེན་དེ་ཡང་ཨ་རིའི་གཞུང་གིས་དཔང་རྟགས་བཅས་འདི་ནི་རྒྱལ་སྤྱིའི་འཇིགས་སྐུལ་རང་ལུགས་པས་བྱས་འདུག ཅེས་ཁྱབ་བསྒྲགས་བྱས་པ་དེ་ཡང་ཨ་རིས་རྒྱལ་སྤྱིའི་འཇིགས་སྐུལ་རང་ལུགས་པར་ཆོག་མཆན་མ་ཞུས་པར་འཇིགས་སྐུལ་བའི་གསང་བ་ཕྱིར་བསྒྲགས་བྱས་པས་ཁྲིམས་འགལ་ཚབས་ཆེན་རེད། ཅེས་དགེ་རབ་མིང་ཅན་པ་སོགས་ཀྱིས་ཟེར་རམ།
དེ་བཞིན་དགེ་རབ་མིང་ཅན་པར་མི་རྐུན་མ་ཞིག་གིས་སྙན་ཞུ་རྫུན་མ་སོགས་སྤྲད་དེ། དགེ་རབ་མིང་ཅན་པ་མགོ་སྐོར་གཏོང་སྐབས། དགེ་རབ་པས་འདི་ནི་རྐུན་མ་དེ་སྒེར་གྱི་གསང་བ་ཡིན་ཕྱིར་རྐུན་མ་རང་ལ་ཆོག་མཆན་མ་ཞུས་སྔོན་ལ་ངས་ཕྱིར་བསྒྲག་མི་བྱེད། གལ་ཏེ་རྐུན་མའི་ས་ནས་ངས་ཆོག་མཆན་མ་རེག་བར་དུ་ངས་འདི་ཁྱབ་བསྒྲགས་བྱས་ན་དེ་ནི་ཁྲིམས་འགལ་རེད། ཟེར་ངེས་ཡིན་ནམ། ཧ་ཧ། སུ་ཞིག་ཡིད་ཆེས་ཀྱི་རེད་དམ། ཞིབ་མོར་སོམས་ཤིག
ཡང་དེར། གསུམ་པ། ཚུལ་ཁྲིམས་འོད་ཟེར་གྱི་དེབ་གསར་བ་འདིའི་ནང་གསེར་རྟ་ཚུལ་ཁྲིམས་ཀྱིས། དེང་སྐབས་རྒྱལ་ཕྱི་ནང་གཉིས་སུ་སེམས་ཅན་གྱི་མགོ་སྐོར་མཁན་ཞིག་ལ་མགོ་ལོག་དང་རྒྱལ་རོང་གཉིས་ལས་སྡུག་ཅིག་གང་ན་འདུག དེ་ཡིན་དུས་གསེར་རྟ་མགོ་ལོག་ཡིན་ཟེར་དགོས་ན་གསེར་རྟའི་མཚན་སྙན་ལ་གནོད་ཀྱི་རེད་ཟེར། ཟེར་བ་སོགས་གསེར་རྟ་ཚུལ་ཁྲིམས་དང་མགོ་ལོག་གི་བར། གསེར་རྟ་ཚུལ་ཁྲིམས་དང་རྒྱལ་རོང་གི་བར། གསེར་རྟ་ཚུལ་ཁྲིམས་དང་རྒྱ་རི་ཚང་གི་བར། གསེར་རྟ་ཚུལ་ཁྲིམས་དང་བསྟན་འཛིན་མགོན་པོའི་བར་སོགས་ལ་རྐང་བཙུགས་ནས་ཆེད་དུ་མི་མཐུན་པ་མང་པོ་བཟོས་འདུག ཅེས་ཟེར་བར་ལྟོས་དང་། དགེ་རབ་མིང་རྫུན་འོག་ནས་བང་ཚུལ་དཀར་འདོན་བྱེད་ཐབས་བྲལ་བ་རེད། བང་ཚུལ་དང་གཞན་དག་བར་མི་མཐུན་པ་གང་ཞིག་བཟོས་ཡོད་ཀྱང་དེ་དག་བཟོ་མཁན་བང་ཚུལ་རང་ཉིད་རེད། རང་བྱས་ཀྱི་རྣམ་སྨིན་རང་ཉིད་ཀྱིས་མྱོང་དགོས་པ་དེ་ལས་རྒྱུ་འབྲས་ཀྱི་འགྲོ་སྟངས་ཤིག་རེད་ལ། དེ་ནི་སུ་གང་བཟུར་ཐབས་མེད་ས་དེ་རེད། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་མདོ་ལས། ལས་མ་བྱས་པ་དང་མི་འཕྲད་པ། བྱས་པ་ཆུད་མི་ཟའོ། །ཞེས་གསུངས་པ་དང། དེའི་དོན་ནི། རྒྱུ་མ་བསགས་ན་འབྲས་བུ་འབྱུང་མི་སྲིད། རྒྱུ་བསགས་ཟིན་རྗེས་འབྲས་བུ་ངེས་པར་འབྱུང་ངེས་རེད། ཅེས་གསུངས་པ་རེད།
གཞན་ཡང་མདོ་ལས། རང་བྱས་ཀྱི་རྣམ་སྨིན་ནི་ས་ལ་མི་སྨིན། རྡོ་ལ་མི་སྨིན། རང་ཉིད་ཀྱི་ཤེས་རྒྱུད་ཀྱིས་ཟིན་པའི་ཕུང་པོ་འབའ་ཞིག་ལ་སྨིན་ནོ། །ཞེས་གསུངས། དེའི་དོན་ནི་སོ་སོ་རང་ཉིད་ཀྱི་བསགས་པའི་འབྲས་བུ་ནི་རང་སོ་སོར་སྨིན་རྒྱུ་ཁོ་ན་མ་གཏོགས། ང་ཚོའི་ཤེས་རྒྱུད་ཀྱིས་མ་བསྡུས་པའི་ས་རྡོ་སོགས་དང། ལས་གསོག་པ་པོ་ལས་ཤེས་རྒྱུད་ཐ་དད་པ་སོགས་ལ་སྨིན་མི་སྲིད། ཅེས་གསུངས་པ་རེད།
དེའི་ཕྱིར་མགོ་ལོག་དང་རྒྱལ་རོང་སོགས་ཀྱི་མིས་བང་ཚུལ་ལ་རྡུང་བྱེད་ཀྱི་ལས་བང་ཚུལ་གྱིས་བསགས་ཡོད་ན་ངེས་པར་རྡུང་ངེས་རེད། རྡུང་ཡང་དགོས་ངེས་རེད། དེ་ནི་མཐོང་ཆོས་མྱོང་འགྱུར་གྱི་ལས་ཞེས་ནང་པའི་གཞུང་ཆེན་མོའི་ནང་གསུངས་ཡོད་པ་དེ་རེད། ངས་ཀྱང་གོང་དུ། གོ་བ་མེད་པའི་གླང་རྒན་རྣམས། །རྒྱལ་བའི་བཀའ་ལས་དབྱུག་པས་འདུལ། །ཞེས་བཤད་པ་དེ་ག་རང་དགེ་རབ་ཟེར་བའི་མིང་རྫུན་འོག་གནས་པ་དེ་དང། བང་ཚུལ་ལྟ་བུའི་རིགས་དབྱུགས་པ་ཁོ་ན་ལས། གཞན་གྱིས་འདུལ་ཐབས་མི་འདུག་དྲན་བཞིན་ཡོད། འདིའི་རིགས་ལ་བརྡུང་ན་སྤྱི་སྒེར་ཚང་མར་ཕན་ངེས་ཀྱང་རེད། གལ་ཏེ་དེ་འདྲའི་རྡུང་བྱེད་ཀྱི་ལས་བང་ཚུལ་གྱིས་བསགས་མེད་ན་བང་ཚུལ་ཞེད་དགོས་དོན་མི་འདུག་ལ། དགེ་རབ་མིང་རྫུན་འོག་སྐྲག་མི་དགོས་པར་ཡིབ་སྟེ། ལྷོད་བཞུགས་གནང་ན་འགྲིག་ངེས།
གལ་ཏེ་མགོ་ལོག་དང་རྒྱལ་རོང་གི་མིས་རྡུང་བྱེད་ཀྱི་ལས་ཕྲན་གྱིས་བསགས་ཡོད་ཚེ་གོང་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་འབྲས་བུ་དེ་ཕྲན་གྱིས་མྱོང་རྒྱུ་ཙམ་ལས་བང་ཚུལ་གྱི་མགོར་སྨིན་མི་སྲིད།
འོན་ཀྱང་བང་ཚུལ་གྱིས་ཕྲན་ལ་དེང་སྐབས་རྒྱལ་ཕྱི་ནང་གཉིས་སུ་སེམས་ཅན་གྱི་མགོ་སྐོར་མཁན་ཞིག་ལ་མགོ་ལོག་དང་རྒྱལ་རོང་གཉིས་ལས་སྡུག་ཅིག་གང་ན་འདུག དེ་ཡིན་དུས་གསེར་རྟ་མགོ་ལོག་ཡིན་ཟེར་དགོས་ན་གསེར་རྟའི་མཚན་སྙན་ལ་གནོད་ཀྱི་རེད་ཟེར། ཞེས་སོགས་ཕྱི་ལོ་༢༠༠༡ལོའི་ཟླ་༡༠ཚེས་༧རེས་གཟའ་ཉི་མའི་ཉིན་གྱི་མཚན་མོ་ནོར་གླིང་གི་བང་ཚུལ་གྱི་སྡོད་ཤག་ཏུ་ཕྲན་ལ་དངོས་སུ་བཤད་པ་རེད། དེ་བཞིན་དུས་ཚོད་དེ་ག་རང་ལ་བང་ཚུལ་གྱིས་ཕྲན་ལ། མདོ་སྨད་ཆོ་འབྱུང་ནང་གསེར་རྟའི་སྐོར་དེ་ཙམ་མི་གསལ་བ་དེ་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་ཆོས་ལུགས་ཕྱོགས་ཞེན་ཁོ་ནས་མ་བྲིས་པ་ཙམ་ཡིན་པ་མ་གཏོགས་གཞན་དུ་རྫ་སེར་ཤུལ་དགོན་ཐག་ཆེན་དར་རྒྱས་གླིང་མན་ཆད་མདོ་སྨད་ཀྱི་ཁོངས་སུ་བྲིས་འདུག་པ་དེས་དེ་ལས་ཀྱང་མན་ཆད་ན་ཡོད་པའི་གསེར་རྟ་མདོ་སྨད་ཀྱི་ཁོངས་སུ་མི་འབྲི་དགོས་དོན་རྒྱུ་མཚན་གང་ཡང་ཡོད་མ་རེད། མདོ་སྨད་ཆོས་འབྱུང་ནང་ཆོས་ལུགས་ཕྱོགས་རིས་ཁོ་ནས་གསེར་རྟའི་སྐོར་གསལ་བོ་མ་བྲིས་པར་བརྟེན་ལོ་རྒྱུས་སྨྲ་བ་ཕྱི་རབས་པ་ཕལ་ཆེ་བས་མདོ་སྨད་ཆོས་འབྱུང་གཞིར་བཞག་ནས་བྲིས་ཡོང་དུས་གསེར་རྟའི་ལོ་རྒྱུས་གསལ་བོ་ནང་ལ་ཐེ་གི་མེད་པ་དེ་ང་ཚོ་ཚང་མས་མཐོང་བཞིན་པ་དེ་རེད། ད་བར་མར་བསྡད་ནས་མ་རིག་པར་ད་ཡར་ལང་ནས་མཐོང་གི་མ་རེད་ལ་ཨེ་མཐོང་མི་ལྟ་ཐག་ཆོད་ཡིན། དེ་ཡིན་དུས་ང་ཚོས་སྔ་སེ་ནས་དེ་ག་རང་ལ་ཐག་གཅད་དགོས་པ་རེད་མ་གཏོགས། དཔེར་ན། འདིའི་སྔོན་ལ་སྐབས་བཅུ་གསུམ་པའི་སྤྱི་འཐུས་འོས་བླུག་སྐབས་ནག་ཆུ་དེ་ཚོ་ཁ་ཤས་དབུས་གཙང་གི་ནང་ཕྱིན་པ་དང། ཁ་ཤས་མདོ་སྟོད་ཀྱི་ནང་ཕྱིན་པས་མཐར་ཚགས་པར་ནང་ནག་ཆུ་བ་ཚོས་འོས་ཤོག་བླུགས་པ་འདྲ་བ་ཟེར་བ་ཞིག་བྱུང་བ་རེད། ཀོང་པོ་ཡང་དེ་འདྲ་ཞིག་བྱུང་བ་རེད། ད་ང་ཚོ་ཡང་དེ་འདྲ་ཞིག་བྱུང་ན་ངོ་རེ་ཚ། ཡག་པོ་རྩ་བ་ནས་ཡོད་པ་མ་རེད། ཅེས་སོགས་བཤད་ཡོད་པ་རྒྱས་པར་ཕྲན་གྱིས་དེབ་ནང་བྲིས་པ་ལྟར་ཡིན་པས་དགེ་རབ་མིང་རྫུན་འོག་ནས་བང་ཚུལ་གྱི་སྐད་ཆ་དེ་དག་ནག་བསུབ་ཀྱིས་བང་ཚུལ་གཙང་མ་བཟོ་མི་ཐུབ་བམ།
ཡང་དེར། བཞི། ད་དུང་ཡ་མཚན་པ་ཞིག་ལ། དེབ་དེ་ལ་ཤོག་ངོས་༥༣༢འདུག་པ་ལས་ཤོག་ངོས་༦༧པ་མན་ཆད་དེབ་ཧྲིལ་པོ་ཁོང་གཉིས་སྒེར་གྱི་རྙོག་དྲ་ལས་འཕྲོས་པའི་རྩོད་པ་དང་། དཀྲུགས་ཤིང་། ཚིག་ངན། མིང་འདོགས། དམའ་འབེབ། ཁྱད་གསོད། མཚང་འབྱིན་ཤ་སྟག་གིས་གྲུབ་ཡོད་པས་ཞེ་སྡང་གི་ཕུང་པོ་དེབ་ཀྱི་རང་གཟུགས་སུ་གྲུབ་པ་ཞིག་རེད། ཅེས་སོགས་ཟེར། མཚང་འབྱིན་ཞེས་པ་ངན་མཚང་ཐེར་འདོན་བྱས་པའི་དོན་རེད། དེ་འདྲའི་ངན་མཚང་དེ་ཡང་རང་རེའི་རྒྱལ་རབས་ལོ་རྒྱུས་རྫུན་བཟོ་བྱས་པའི་ངན་མཚང་ཁག་ཐེར་འདོན་གྱིས་དེ་དག་ལ་ཡོ་བསྲངས་བྱས་ཡོད་པ་རེད། གནད་ལ་ཁེལ་བའི་མཚང་འབྱིན་དེ་ལྟར་བྱས་ཡོང་དུས་ཆེད་དུ་དམའ་འབེབ་ཡིན་མིན་གང་ལྟར་དམའ་སར་རང་བཞིན་གྱིས་བབ་ཡོང་གི་རེད། དམའ་སར་རང་བཞིན་གྱིས་བབ་པ་དང་ཆབ་ཅིག་མི་དེས་ཚིག་ངན་དང། མིང་འདོགས། ཁྱད་གསོད་སོགས་མི་འདོད་བཞིན་ཏུ་མྱོང་དགོས་པ་ནི་ཆོས་ཉིད་རེད། དེ་ལྟར་མྱོང་ཡང་འོས་པ་རེད། དེ་ལ་དཀྲུགས་ཤིང་ཟེར་བ་ནི་འདྲེ་ཤར་སྒོ་དང། གླུད་ནུབ་སྒོ་ལྟར་འབྲེལ་མེད་དོན་གཞན་ལས་གང་ཡང་ཡོད་པ་མ་རེད། རྒྱུ་མཚན་ནི། དེ་དཀྲུགས་ཤིང་མིན་པས་རྐྱེན་གྱིས་རེད་ལ། དེའི་ཕྱིར་དེ་ལ་དཀྲུག་ཤིང་ཞེས་སོགས་བཤད་ན་མི་འགྲིག་པ་དང། བཤད་མི་རིགས་པ་སོགས་རིགས་ལམ་དང་འགལ་འདུག་པ་འདི་རེད།
ཡང་དེར། ཡང་ཆེས་སྐྱུགས་མེར་ལངས་པ་ཞིག་ལ་དེའི་མཇུག་རྩོམ་གྱི་ནང་དུ། ༧གོང་ས་༧སྐྱབས་མགོན་རྒྱལ་བའི་ཞབས་བརྟན་བཞེད་དོན་ལྷུན་གྲུབ་རྒྱུ་རུ་བསྔོ།། ཞེས་བྲིས་འདུག ཅེས་སོགས་ཟེར། ཧོ་ཧོ་ཧོ། དགེ་རབ་མིང་རྫུན་འོག་གནས་པ། ཁྱོད་ཀྱིས་ཀྱང་གོང་འོག་ཆ་ཚང་ལ་བསམ་བློ་མི་གཏང་བར་བང་ཚུལ་གྱིས་བྱེད་སྟངས་ལྟར་རྡོ་རྗེ་འཕྲེད་བཟུང་གིས་གཞན་རྩོམ་བཅད་གཏུབ་ཀྱིས་བེད་སྤྱོད་གཏང་དགོས་དོན་གང་ཡིན་ནམ། ཕལ་ཆེར་ངས་བལྟས་ན་ཁྱེད་རྣམ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཆགས་མི་འདུག་གམ།
བརྒལ་ལན་ལུང་རིགས་གཟི་འབར་ཀུན་ཕན་ཉི་མའི་སྣང་བའི་མཇུག་རྩོམ་དུ།
ལྷག་བསམ་དག་པས་གནས་འདིར་ཆེར་བརྩོན་ལོག་བཤད་ཡོ་བསྲང་རྫུན་རྐུབ་བརྒྱ། །
ཅིག་ཆར་བརྟོལ་ནས་བདེན་རྫུན་གནམ་སའི་མཐོངས་ལྟར་སོ་སོར་ཕྱེས་པ་དེར། །
ལེཊ་བྱས་དགེ་རྩ་ཕྲ་རཊ་ཅི་མཆིས་འཛམ་གླིང་ཕན་བདེི་འབྱུང་གནས་གནས་དངོས། །
༧གོང་ས་༧སྐྱབས་མགོན་རྒྱལ་བའི་ཞབས་བརྟན་བཞེད་དོན་ལྷུན་གྲུབ་རྒྱུ་རུ་བསྔོ།།
ཞེས་བྲིས་ཡོད་པ་ལས། ཁྱོད་ཀྱིས་བཤད་པ་ལྟར། ༧གོང་ས་༧སྐྱབས་མགོན་རྒྱལ་བའི་ཞབས་བརྟན་བཞེད་དོན་ལྷུན་གྲུབ་རྒྱུ་རུ་བསྔོ།། ཞེས་པ་ཙམ་ལས་གཞན་པའི་མགོ་མེད་མཇུག་མེད་ཀྱི་ ཚིག་ལྡུམ་ཞིག་གང་ན་བྲིས་འདུག་གམ། དངོས་གནས་ཁྱོད་༧གོང་ས་མཆོག་གི་བཀའ་དགོངས་དང་ལེན་བྱེད་མཁན་ཞིག་ཡིན་དང་༧གོང་ས་མཆོག་ཁ་ལ་ཁྱེར་བ་ཙམ་ལས་དོན་ལ་རང་གི་ལྟོ་རྒྱབ་ལས་གང་ཡང་མི་སེམས་པ་ཞིག་ཡིན་སོགས་གོང་དུ་ཉིད་ཀྱིས་བཤད་པ་དེ་དག་གིས་གསལ་པོ་ཆགས་ཟིན་ཏོ། །
གཟུར་གནས་བློ་ལྡན་དོན་གཉེར་ཅན་དག་གིས་གཟིགས་དང། གོང་གསལ་ལྟར་འོ་སྐོལ་གྱི་སྔོན་བྱུང་ལོ་རྒྱུས་ཚུན་ཆད་རྫུན་བཟོའི་རིགས་ཀྱི་ལོག་བཤད་ཁག་ལ་ལྷག་བསམ་དག་པས་བརྩོན་པ་ཆེར་བསྐྱེད་ཀྱིས་ལོག་བཤད་རྫུན་བཟོའི་རིགས་ཡོ་བསྲངས་ཀྱིས་རྫུན་རྐུབ་བརྒྱ་ཕྲག་མང་པོ་ཅིག་ཆར་དུ་བརྟོལ་ནས་བདེན་རྫུན་གནམ་སའི་མཐོངས་ལྟར་སོ་སོར་ཕྱེས་པ་དེར་ལེགས་བྱས་དགེ་རྩ་ཕྲ་རགས་གང་ཡང་ཡོད་པ་མ་རེད་ཅེས་ཁ་ཚོན་གཅོད་ཐུབ་བམ། དེ་ལ་དགེ་རྩ་ཡོད་ན་དེ་ཅིའི་ཕྱིར་༧གོང་ས་སྐྱབས་མགོན་ཆེན་པོའི་ཞབས་བརྟན་དུ་བསྔོ་མི་ཆོག་པ་ཡིན་ནམ། །
ཧ་ཧ་ཧ། སྐྱག་དྲི་དང་ཁྲག་དྲི་བྲོ་བའི་དེབ་ངན་གདོན་འདྲ་ཞིག་བྲིས་པ་དེ་ཞེས་དགེ་རབ་མིང་རྫུན་འོག་ནས་དེ་ལྟར་ཁྱབ་བསྒྲགས་རེ་བྱས་ན། བརྒལ་ལན་ལུང་རིགས་གཟི་འབར་ཀུན་ཕན་ཉི་མའི་སྣང་བ་འདི་དེབ་ངན་གདོན་འདྲ་ཞིག་ཆགས་ཐུབ་བམ། དེ་ཡང་ཇི་སྐད་དུ། སྙིགས་དུས་ཀྱི་མ་ཧ་པཎྜི་ཏ་ཡོངས་འཛིན་བློ་བཟང་དཔལ་ལྡན་ཚང་གི་ཞལ་སྔ་ནས།
ནགས་ཀྱི་གར་མཁན་པ་ལི་ཏ། །ཁྲོས་པའི་མཆེ་བ་བརྒྱ་གཙིགས་ཀྱང་། །
སྐྱེས་སྦྱང་གཡུ་རལ་ངོམ་པ་ཡི། །གངས་དཀར་སེམས་ལ་བག་ཡངས་རྒྱུ། །
ཞེས་པ་ལས་མ་འདས་པ་མ་ཡིན་ནམ། །
ཡང་དེར།༧རྒྱལ་བའི་ཞབས་བརྟན་དུ་བསྔོ་བ་འདི་ངོ་མ་ཞབས་བརྟན་དུ་འགྱུར་རམ་ཡང་ན་ལྡོག་ཕྱོགས་སུ་འགྱུར་མ་ངེས་པས་སེམས་ལ་རྣམ་རྟོག་ངན་པ་ཤར་བའི་རྒྱུ་ཞིག་ལས་མེད་པ་འདྲ། ཞེས་ཟེར། གང་འགྱུར་ཙམ་ཡང་མ་ངེས་པ་འདིས་དགེ་རབ་་མིང་ཅན་ལ་ནང་ཆོས་ཀྱི་ཤེས་ཚད་ཇི་ལྟར་ཡིན་མིན་གསལ་སྟོན་བྱས་བྱུང་། ཅི་ཁག ནང་ཆོས་ཀྱི་ཤེས་ཚད་དང་། ལས་འབྲས་ཀྱི་འགྲོས་ལ་འདི་ལྟར་རྨོངས་ན་ནི་ལོག་རྟོག་ངན་པ་འབའ་ཞིག་གི་རྒྱར་ཚུད་རྒྱུ་ལས་གཞན་དུ་ཅི། གང་ཡང་མི་ཤེས་པ་རྣམས་ལ་རྣམ་རྟོག་ངན་པ་ཤར་རྒྱུ་དེ་ཆོས་ཉིད་རེད་ལ། ཤེས་རབ་ཀྱི་མཐུ་ཞན་པའི་སྟོབས་ཀྱིས་རྣམ་རྟོག་ངན་པ་དེ་རེ་ཞིག་རིང་སེལ་ཐབས་ཀྱང་མེད་ངེས་པས་ཅིས་ཀྱང་ཤེས་རབ་ཀྱི་མིག་ལ་བརྩོན་པར་གྱིས་ཤིག་ཞུའོ།། །།
སྨྲས་པ།
ད་དུང་གང་ན་དྲང་བདེན་ཁྱད་གསོད་ཅིང་། །
མ་ཉེས་ཁག་གཡོགས་དྲིན་ལན་ལོག་འཇལ་ལས། །
གསོག་པའི་དངོས་དང་དངོས་མེད་ཀླ་ཀློའི་རིགས། །
དེ་དག་ཐམས་ཅད་བདག་གིས་འཇོམས་པར་ཤོག །
ད་དུང་གང་ན་དྲང་བདེན་ཁྱད་གསོད་ཅིང་། །
མ་ཉེས་ཁག་གཡོགས་དྲིན་ལན་ལོག་འཇལ་ལས། །
གསོག་པའི་དངོས་དང་དངོས་མེད་ཀླ་ཀློའི་རིགས། །
དེ་དག་ཐམས་ཅད་བདག་གིས་འཇོམས་པར་ཤོག །
ད་དུང་གང་ན་དྲང་བདེན་ཁྱད་གསོད་ཅིང་། །
མ་ཉེས་ཁག་གཡོགས་དྲིན་ལན་ལོག་འཇལ་ལས། །
གསོག་པའི་དངོས་དང་དངོས་མེད་ཀླ་ཀློའི་རིགས། །
དེ་དག་ཐམས་ཅད་བདག་གིས་འཇོམས་པར་ཤོག །
ད་དུང་གང་ན་དྲང་བདེན་ཁྱད་གསོད་ཅིང་། །
མ་ཉེས་ཁག་གཡོགས་དྲིན་ལན་ལོག་འཇལ་ལས། །
གསོག་པའི་དངོས་དང་དངོས་མེད་ཀླ་ཀློའི་རིགས། །
དེ་དག་ཐམས་ཅད་བདག་གིས་འཇོམས་པར་ཤོག །
ད་དུང་གང་ན་དྲང་བདེན་ཁྱད་གསོད་ཅིང་། །
མ་ཉེས་ཁག་གཡོགས་དྲིན་ལན་ལོག་འཇལ་ལས། །
གསོག་པའི་དངོས་དང་དངོས་མེད་ཀླ་ཀློའི་རིགས། །
དེ་དག་ཐམས་ཅད་བདག་གིས་འཇོམས་པར་ཤོག །
ཞེས་ཁོ་བོ་ཚངས་སྲས་རིག་པའི་འདོད་འཇོའམ། དགའ་ཤར་སོག་པ་གསེར་རྟའི་ཚུལ་ཁྲིམས་འོད་ཟེར་གྱིས་བོད་རབ་གནས་ལྕགས་ཡོས་ལོའི་སྣྲོན་ཟླའི་དཀར་ཕྱོགས་རྒྱལ་བ་གཉིས་པ་སྟེ། ཕྱི་ལོ་༢༠༡༡ལོིའི་ཟླ་༧ཚེས་༨ཉིན་བྲིས་པ་དགེའོ།། །།
གང་ལྟར་བང་ཚུལ་གྱི་མགོ་ལ་རང་བྱུང་གིས་བབ་པའི་རྒྱོགས་རྡོ་ཆེན་པོ་ཞིག་ཆགས་འདུག་གོ། ད་ནི་བང་ཚུལ་ཁ་སྐྱེངས་ངོ་ཚ་ནས་གཉིད་ཀྱང་ཁུག་གི་ཡོད་རྒྱུ་མ་རེད།
དེབ་དེ་ཁྱོན་ཡོངས་ལ་ཞིབ་འཇུག་དང་བསམ་བློ་བཏང་ནས་བྲིས་འདུག་པས་དགའ་བསུ་ཞུ།
ཀླུ་སྨྱོན་གྱིས་སྤྲེལ་ལད་མང་པོ་མ་འཁྲབ་ན་ཡག་པོ་འདུག ཁ་སང་ཁྱེད་ཀྱིས་དགེ་འདུན་རབ་རྒྱས་ཀྱི་དྲ་འབུའི་མིང་འཁུར་ནས་ཚུལ་ཁྲིམས་འོད་ཟེར་ལ་སྐྱོན་བརྗོད་བྱེད་ཁུལ་བྱས། དེ་རིང་ཡང་ཚུལ་ཁྲིམས་འོད་ཟེར་གྱི་རྩོམ་དེ་ཁ་བརྡའི་སྒང་ལ་འཇོག་ཁུལ་བྱས། ཁྱེད་ཀྱིས་ལྐུགས་པའི་ལས་ཀ་མང་པོ་མ་བྱས་ན་ཡག་པོ་འདུག་དྲན་སོང་།
ད་དུང་། སྔོན་མ་ཞིག་ལ་ཁྱེད་ཀྱིས་བསྟན་འཛིན་ཟེར་བའི་མིང་རྫུན་ཞིག་འཁྱེར་ཡོང་ནས་ཨེ་རླུང་ཚང་ལ་སྐྱོན་བརྗོད་ལུང་པ་གང་བྱས་སོང་། ཁ་སང་དེ་རིང་ཨ་རིའི་རྒྱལ་ས་རུ་ཨེ་རླུང་ཚང་གི་ལས་བྱེད་ཚོའི་མཉམ་དུ་གྲོགས་པོ་ཡིན་མདོག་གི་བཟོ་བསྟན་ནས་འཁྲབ།
རྩ་སྨྱོན་ཁྱེད་ཀྱི་བྱེད་སྟངས་འདིར་གཟུར་གནས་ཚོ་ཞེན་པ་གཏིང་ནས་ལོག་ཡོད་།
ཀི་ཀི་སོ་སོ་ལྷ་རྒྱལ་ལོ།། ད་གླུ་ཞིག་ལེན་ན་གླུ་ཞིག་ལེན།། གླུ་ཡག་མོ་དེ་རིང་བུང་བས་ལེན།། སྟོད་རྒྱ་གར་ཡུལ་ནས་གླུ་ཞིག་ལེན།།
བཀའ་བློན་ཁྲི་བའི་ཚགས་པར་རྩོམ་སྒྲིག་པ་བང་ཚུལ་ནས་ཨེན་པེས་ཐི་རེས་རྐུ་མ་བརྒྱབ་པའི་གནས་ཚུལ་ཞིག་རྡ་ས་དང་ལྡི་ལི་ན་ཡོངས་གྲགས་རེད་ཟེར་པ་བདེན་ནམ།
སྔོན་ཆད་ཁ་བརྡ་དྲ་བ་འདི། །
དཔྱོད་ལྡན་དགའ་བའི་སྐྱེས་མོའི་ཚལ། །
ད་ལྟ་ཁ་བརྡ་དྲ་བ་འདི། །
རྙོག་གཏམ་ཤོད་པའི་འདུ་རྭ་ཞིག །
མགོ་ལོག་གསེར་རྟའི་སྐོར་ལ་དེ་སྔོན་བླན་པོ་གསུམ་གྱི་གཏམ་རྒྱུད་དེ་ཤོད་པ་ཡིན། ད་རུང་གཏམ་རྒྱུད་དེའི་གོ་བ་ལོན་མེད་པ་འདྲ། བཅོས་ཐབས་ཡོད་མ་རེད།
མ་གཞི་དེང་སང་ཁ་བརྡ་ནང་དུ་གད་རྙིགས་སྤུངས་གསོག་རྒྱག་རྒྱུ་མང་དྲགས་པས་སྐབས་རེར་དྲ་བདག་གིས་གཙང་བཤེར་རེ་བྱས་ན་ལེགས་སྙམ།
དཀར་མཛེས་བརྡ་ཐ་མའི་ངུ་ལབ་མཁན་ཚུལ་ཁྲིམས་འོད་ཟེར་ལགས། ཤ་ཚོན་པོ་གནམ་ལ་བཏགས་ན་ཁྱི་རྡ་ལུའི་གནམ་ལྟས་ཤོར་ཞེས་པའི་དཔེ་ལྟར། ཁྱོད་རང་གསེར་རྟ་ཚུལ་ཁྲིམས་ཀྱི་ཤེས་འཇོན་བཟང་གསུམ་ལ་ཕྲག་དོགས་ཟ་ནས་འཆར་ལྡན་གྱི་ངུ་ལབ་རྒྱབ་པ་ཙམ་རེད། ངས་དྲང་མོར་བཤད་ན་ད་ལྟའི་དུས་འདིར་མི་ཁྱོད་རང་གི་ཟོ་འདྲ་བོས་གཏམ་བཤད་དང་རྩོམ་ཡིག་སོགས་ནི་མིག་དང་རྣ་བར་གཟན་རོགས་ལས། རིན་ཐང་ཟེར་དུས་ཁྱི་སྤུ་ཡང་ཙམ་ཡོད་མ་རེད། དེ་ཡོད་མེད་ཁྱོད་རང་གིས་བྲིས་པའི་ཤོག་ཉོབ་ལ་ལྟོས་དང་ཉོ་མཁན་ཞིག་ཕར་ཞོག སྤྲད་ན་ཁུར་མཁན་ཡང་རག་གི་མེད་པ་ཁྱོད་དང་ང་ཚོས་ལོས་ཤེས། གསེར་རྟ་ཚུལ་ཁྲིམས་དང་ཁྱོད་གཉིས་ཀྱི་བར་ཁྱད་ལ་བསམ་ན། མི་ཆོས་དང་ལྷ་ཆོས་གང་ཐད་ནས་འཇལ་ཡང་གསེར་རྟ་ཚུལ་ཁྲིམས་ཀྱི་བརྒྱ་ཆ་ལྔའི་མ་རྩ་ཡང་ཁྱོད་ལ་མེད་པས་ཁྱོད་ཀྱིས་ཅིའི་ཕྱིར་ན་འགྲན་བསྡུར། ནམ་རྒྱུན་གདོང་དང་རྣམ་འབྱོར་ལ་ལྟས་ན་ཁོགས་ན་གསོ་མི་རུང་བའི་སྡུག་གཅིག་ཡོད་མདོག་འདུག དེ་ནི་གསེར་ཚུལ་ལ་འགྲན་མ་ཐུབ་པར་ཡ་མེད་ཡན་དུ་ཤོར་བའི་སྡུག་སྔལ་ཁོ་ན་ཡིན་པ་འདྲ །དེ་ལྟར་ན་ཁ་རོ་ལ་ལྟ་ནས་མི་ངུ་པར་གྱང་ལ་ལྟ་ནས་ངུ་དོན་མི་འདུག་པས་དྲ་ངོགས་སུ་ངུ་བཤད་བྱེད་པ་ལས། གསེར་ཚུལ་གྱི་སྒོར་འགྲོ་ནས་དུག་ཟ་བ་ལས་ཐབས་མཆོག་གཞན་མེད་པ་འདྲ།།
ཡ། ཡང་ཚུལ་ཁྲིམས་རྣམ་གཉིས་ཀྱི་རྙོག་གླེང་དེ་མཐོང་བྱུང་། ངན་པ་ལ་ཤི་རྒྱུ་མེད། སྐམ་པ་ལ་རུལ་རྒྱུ་མེད་པ་དེ་འདྲ་གང་རེད།
དགའ་ཚུལ་ལགས། ད་དེབ་དེའི་རྙོག་གླེང་ཅུང་བྱེད་མ་ཐུབ་ན། ད་ལོའི་དེབ་མཐུག་ཀྱང་ལྗིད་ཚད་ཀྱིས་མ་འདང་ཐལ། སྔོན་མའི་དེབ་དེ་སྲ་ཡང་ལྗིད་ཅུང་བྱུང་ནས་མདོ་སྨད་ཀྱི་སྤྱི་འཐུས་ལ་འཕེན་པ་རེད། ད་ལོ་དེའི་ནུས་མ་སོང་།
གཙོ་ཆེན་རྩ་ཆད་ནས་བཀུར་འོས་སྤྱི་འཐུས་ཚོགས་གཙོ་མཆོག་འགྲན་བྱས་པས་རེད། མི་འདི་ངོ་ཤེས་མཁན་ཞིག་ཡིན་ན། མི་འདི་དང་དེབ་འདིའི་ལྗིད་ཤེས་ཚོད་རེད། མདོ་སྨད་མི་མང་གིས་ཁོ་སྤྱི་འཐུས་སུ་མ་བདམས་པ་དེ་རྒྱུ་རྐྱེན་གང་རེད།
མི་འདི་ཤེས་ཡོན་དང་འཇོན་ཐང་ཅན་ཐམས་ཅད་ལ་ཕྲད་དོག་ཅན་ཞིག་རེད།
ཁོང་གཉིས་ངོ་ཤེས་མཁན་ཞིག་ཡིན་ན། ལྕི་ཡང་ཤེས་རྒྱུ་རེད། བང་ཚུལ་འདི་སྨྱོན་པ་དང་རྩོད་མཁན་ཞིག་ཡིན་རྒྱུ་མ་རེད་སྙམ།
བཀའ་བློན་ཁྲི་པ་ཞེས་པའི་ཚགས་པར་གྱི་རྩོམ་སྒྲིག་པ་ཀིརྟིའི་གྲྭ་ལོག་རྨེའུ་དཀོན་རྒྱམ་ཟེར་པ་དེ་རེད། བང་ཚུལ་མ་རེད། དེ་གཅིག་ཡིན།
སྤྱིར་རྐུ་མ་བརྒྱབ་མིན་གསལ་པོ་ཡོད་མེད་གང་ལྟར་དྲ་ཚིགས་འདིར་བྲིས་པ་ཡག་པོ་མ་རེད་སྙམ།
xxxxxxxxxxxxxxxxx
གསེར་རྟ་ཁམས་པར་སྒྲུབ་པའི་ངལ་བ་མེད། །ཨམ་མདོའི་ཕྱོགས་སུ་ཤོར་བའི་སེམས་ཁུལ་མེད། །སྡོང་པོ་དོར་ནས་ཡལ་གར་འཛེགས་པའི་བུས། །རྩོད་པའི་ཨང་ལོང་སྐོར་བས་ཡིད་རེ་སྐྱོ།
བཀུར་འོས་དྲ་གྲོགས་རྣམ་པ་ལྷན་རྒྱས་ལགས། ཁྱེད་རྣམས་འདིར་ཕེབས་པར་དགའ་བསུ་ཞུ། ང་ཚོ་དྲ་ཐོག་ཏུ་བགྲོ་གླེང་བྱེད་རྒྱུ་བྱུང་བར་ཕྲན་དགའ་ཚོར་ཆེན་པོ་བྱུང་། འོན་ཀྱང་ང་ཚོ་ཚང་མའི་སྐད་ཆ་ལ་བདེན་པ་ཡོད་རྒྱུ་དེ་ནི་རྒྱ་ཆེ་ས་ནས་བཤད་ན་བོད་མི་རིགས་ཀྱི་སྤུས་ཚད་དང་འབྲེལ་བ་ཆགས་ཡོད་ལ། གལ་ཏེ་ང་ཚོའི་གཏམ་ལ་བདེན་པ་མེད་ན་ནིོ་སྐབས་དེ་དུས་ནས་ང་ཚོའི་སྟོབས་ཤུགས་དང་། བདེན་པ་ཟེར་བ་དེ་དག་ཆ་ཚང་ཚར་སོང་བ་རེད།
དཔེར་ན་མི་ཞིག་ལ་མཚོན་ན་ཁོའི་སྐད་ཆ་ལ་བདེན་པ་མེད་ན་ནི། སྐད་ཆ་དེ་སྦྲུལ་ཤི་བའི་རོ་ལྟ་བུ་ཡིན། དེའི་ཕྱིར་སྐད་ཆ་རྫུན་མ་དེ་ལ་བརྟེན་ནས་དེ་ཤོད་མཁན་གྱི་མི་དེ་ཡང་སྦྲུལ་ཤི་བའི་རོ་ལྟ་བུ་ཡིན།
ཐེངས་འདིར་ནི་གཙོ་བོ་ང་ཚོས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཇི་ལྟར་སྲུང་སྐྱོབ་དགོས་མིན་དང། དེ་ལ་རྫུན་བཟོ་བྱས་ན་འགྲིག་གི་ཡོད་མེད་དང་། དེ་བཞིན་གལ་ཏེ་ང་ཚོ་རང་ངོས་ནས་རང་མི་རིགས་ཀྱི་རྒྱལ་རབས་ལོ་རྒྱུས་སོགས་བསྲེ་བསླད་ཅན་མ་བཟོས་ཀྱང་། དེ་དག་གཅེས་ཉར་བྱེད་སྟངས་གང་འདྲ་ཡིན་མིན་དང་། ང་ཚོས་ང་ཚོ་ལ་བདེན་པ་ཡོད། ཅེས་ཤོད་བསྡད་པ་ཙམ་གྱིས་འགྲིག་མིན་དང་། དེ་མ་འགྲིགས་ན་གཞན་དུ་ང་ཚོས་ཇི་ལྟར་དགོས་མིན་སོགས་དང་།
ང་ཚོས་རང་རེའི་རྒྱལ་རབས་ལོ་རྒྱུས་ཀྱི་དངོས་ཡོད་བདེན་དཔང་ཁག་དང་། རྒྱ་དམར་གྱིས་ང་ཚོའི་ལོ་རྒྱུས་སོགས་ནག་བསུབ་གཏོང་བཞིན་པའི་དཔང་རྟགས་ཐེར་འདོན་གྱིས་འཛམ་གླིང་ལ་ར་སྤྲོད་གསལ་བོ་བྱེད་པར་ང་ཚོས་དང་པོ་རྒྱ་དམར་ས་ནས་ཆོག་མཆན་ཐོབ་དགོས་མིན་དང་། གལ་ཏེ་ང་ཚོས་རྒྱ་དམར་ས་ནས་ཆོག་མཆན་མ་རེག་ན་ང་ཚོས་གོང་གསལ་ལྟར་བྱས་ཀྱང་དེ་ནི་ང་ཚོའི་ཁྲིམས་འགལ་ཡིན་མིན་སོགས་ཀྱི་ཐད་ང་ཚོས་བགྲོ་གླེང་བྱེད་ཀྱི་དེ་གལ་ཆེ་ཤོས་རེད་སྙམ།
འོན་ཀྱང་ཁྱེད་རྣམ་པས་ཕྲན་གྱི་རྩོམ་ཡིག་འདིར་དགོངས་འཆར་གསུངས་པར་བརྟེན། ཕྲན་གྱིས་ཀྱང་ཁྱེད་ཅག་ལ་ལན་འདེབས་ཞིག་བྱེད་ཀྱི་ཡིན། ལན་འདེབས་འདི་ནི་ཁྱེད་རྣམས་ཀྱི་དགོངས་འཆར་ལ་བརྟེན་ནས་བྱུང་ཞིང་། ཁྱེད་ཅག་གི་བསམ་ཚུལ་གྱི་ལན་ངོ་མ་དེ་ཡིན།
༡༽ བཀུར་འོས་དྲ་གྲོགས་བུང་བ་ལགས།
ཁྱེད་ཕེབས་པ་བཀའ་དྲིན་ཆེ།
དེང་སང་གི་མི་ཕལ་ཆེ་བ་ཞིག་ལ་ངོ་ཚ་མེད་པར་ཁྱི་ལྟར་གྱུར་ཡོད་པའི་དུས་ངན་འདིར། བང་ཚུལ་ཁ་སྐྱེངས་ངོ་ཚ་ནས་གཉིད་ཀྱང་མི་ཁུག་པ་དེ་འདྲ་ཡོང་གི་མ་རེད་ལ། སྤྱིར་བཏང་ནས་བང་ཚུལ་ངོ་ཚ་གཏན་ནས་མེད་པའི་ང་ཚོའི་རྒྱལ་ཡོངས་གྲོས་ཚོགས་ནང་གི་འཐུས་མི་ཞིག་རེད།
༢༽ བཀུར་འོས་དྲ་གྲོགས་ཀིརྟི་སྐྱབས་ལགས།
ཁྱེད་ཕེབས་པ་བཀའ་དྲིན་ཆེ
ཁྱེ་ཀྱིས་གསུངས་པ་དེ་ག་རང་རེད། ཕྲན་གྱིས་དེབ་འདི་ཁྱོན་ཡོང་ལ་ཞིབ་འཇུག་དང། བསམ་བློ་བཏང་ནས་་བྲིས་ཀྱང་། སྤྱིར་ལོ་རྒྱུས་ཀྱི་རིགས་འདི་རྒྱ་ཆེ་བ་དང་། ལྷག་པར་ང་ཚོའི་ལོ་རྒྱུས་ཀྱི་ཡིག་ཚང་སྐད་གྲགས་ཅན་འཛམ་གླིང་རྒྱས་བཤད་ལྟ་བུར་མཚོན་ན་ཕྱི་ལོ་༡༨༢༠ལོར་བརྩམས་པར་འདོད་མཁན་རིགས་གཅིག་དང། ཕྱི་ལོ་༡༨༣༠་ལོར་བརྩམས་པར་འདོད་མཁན་རིགས་གཅིག་བཅས་གཉིས་ཡོད་ཀྱང་། གང་ལྟར་སྐབས་དེར་རྡོ་གྲུབ་ཆེན་དགོན་པ་ཟེར་བ་ཞིག་མེད། རྡོ་གྲུབ་ཆེན་དགོན་པ་ནི་ཕྱི་ལོ་༡༨༨༠ལོ་ཙམ་ལ་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་ཕྱག་བཏབ་པ་ཞིག་རེད་ལ། དེ་ནི་མདོ་སྨད་མགོ་ལོག་གསེར་རྟའི་དགོན་ཆེན་ཞིག་རེད། ཕྲན་གྱིས་ཀྱང་འཛམ་གླིང་རྒྱས་བཤད་ནང་འདི་ལྟར་འཁོད་འདུག་ན་གཟིར་གནས་ཚོས་ཞིབ་འཇུག་དགོས་སྐོར་བཤད་རྒྱུ་ཙམ་ལས་གཞན་བྱ་ཐབས་བྲལ་སོང་། འོན་ཀྱང་འདིའི་རིགས་ལ་ལྷན་རྒྱས་ཚོས་ཞིབ་འཇུབ་གནང་རོགས་ཀྱང་ཞུ་བཞིན་པའང་ཡིན།
༣༽ བཀུར་འོས་དྲ་གྲོགས་རབ་དགའ་ལགས། །
ཁྱེད་ཕེབས་པ་བཀའ་དྲིན་ཆེ།
འོན་ཀྱང་དགེ་འདུན་རབ་རྒྱས་ཀྱི་མིང་རྫུན་འོག་ནས་འཁྲབ་འདུག་པ་པོ་ཀླུ་སྨྱོན་ཡིན་པར་ཁྱེད་ཀྱིས་གང་འདྲ་བྱས་ནས་ཤེས་སོང་ངམ། ཁྱེད་ལ་རྒྱུ་མཚན་ཁུངས་ལྡན་ཡོད་ན་མ་གཏོགས་ང་ཚོའི་རྩོམ་པ་པོ་ཀླུ་སྨྱོན་ལྟ་བུ་ལ་དེ་འདྲ་མ་གསུངས་ན་མི་བཟང་ངམ། དགེ་འདུན་རབ་རྒྱས་ཟེར་བས་བྲིས་པའི་གོང་གསལ་རྩོམ་ཡིག་དེ་ལ་ལྟོས་དང་། མི་དེ་ནི་གླེན་རྒན་མཁས་རྟགས་སྟོན་མཁན་ཞིག་ཡིན་འདུག་པས། ངས་ནི་ཀླུ་སྨྱོན་ནི་དེ་འདྲའི་དྲ་འབུ་གླེན་པ་ཞིག་ལ་ངོས་ལེན་བྱེད་ཀྱིན་མེད།
༤༽ བཀུར་འོས་དྲ་གྲོགས་བུང་བ་ལགས།
ཁྱེད་ཕེབས་པ་བཀའ་དྲིན་ཆེ།
ཁྱེད་ཀྱི་གླུ་ངག་རྒྱ་གླིང་འགུག་མ་རེད། །
ཁྱེད་ཀྱི་གླུ་ཚིག་དཔྱིད་ཀྱི་སྦྲང་ཆར་རེད། །
ཁྱེད་ཀྱིས་གླུ་དབྱངས་བདེན་པའི་ཕྱོགས་ལོངས་དང་། །
ཁྱེད་ཀྱི་གླུ་ལ་ཉན་མཁན་ཇེ་མང་རེད། །
ཅེས་ཞུའོ།།
༥༽ བཀུར་འོས་དྲ་གྲོགས་བུང་བ་ལགས།
སླར་ཡང་ཁྱེད་ཕེབས་པ་བཀའ་དྲིན་ཆེ།
ངས་གོང་དུ་བཤད་པ་ལྟར་བང་ཚུལ་འདི་མི་ངོ་ཚ་རྒྱུ་མེད་མཁན་ཞིག་ནི་དངོས་གནས་ཡིན་མོད། འོན་ཀྱང་ཨེན་པེས་ཐི་རེས་ཟེར་བ་རྐུ་མ་བརྒྱབ་རབས་ཕྲན་གྱིས་ནི་ད་བར་མ་གོ་ལགས།
༦༽ བཀུར་འོས་དྲ་གྲོགས་འདོད་ལྷ་ཁམས་པ་ལགས།
ཁྱེད་ཕེབས་པ་བཀའ་དྲིན་ཆེ།
ཁྱེད་ཀྱིས་དེ་སྔོན་མགོ་ལོག་གསེར་རྟའི་སྐོར་ལ་གསུང་བཤད་གནང་ཡོད་ངེས་རེད། གང་ལྟར་དེང་སྐབས་ང་ཚོས་ཡོད་ཚད་དགྲ་བོ་རྒྱ་དམར་གྱི་ལག་ཏུ་ཤོར་ཟིན་པ་རེད།
ད་ང་ཚོར་ཡོད་པ་དེ་སྔོན་བྱུང་ལོ་རྒྱུས་གཅིག་པོ་འདི་རེད། འདི་ལ་བཟོ་བཅོས་མ་བྱས་པར་ང་ཚོས་གཅེས་ཉར་དགོས་པ་རེད། ང་རང་ཚོའི་སྔོན་བྱུང་ལོ་རྒྱུས་ལ་ང་ཚོས་མཐོང་ཆེན་སྤྲད། དེ་གཅེས་ཉར་ཐུབ་ན། ཉིན་གཅིག་བོད་འདི་སྔོན་བྱུང་ལོ་རྒྱུས་གཞིར་བཞག་ན་གཞན་གྱིས་ཁྲིམས་འགལ་གྱིས་བཟུང་བ་ཡིན་པ་འཛམ་གླིང་མི་མང་ལ་ངོ་འཕྲོད་ཉིན་ཞིག་ཡོང་ངེས་རེད།
དེའི་ཉེན་ཁ་དེ་ཤེས་ནས་རྒྱ་དམར་སྲིད་གཞུང་གིས་བོད་ནི་སྔོན་མ་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་ཏཱ་ལའི་བླ་མས་ས་ཡིག་རྒྱོབས་ཟེར་བཞིན་པ་རེད།
དེར་བརྟེན་ང་ཚོའི་རྒྱལ་རབས་ལོ་རྒྱུས་རྫུན་བཟོ་བྱེད་པོའི་རིགས་ལ་མཐའ་གཅིག་ཏུ་རྒོལ་དགོས་ངེས་རེད། དེའི་རིགས་ཀྱི་རྫུན་མཚང་ང་ཚོས་དུས་ཐོག་སོ་སོར་ཐེར་འདོན་དགོས་ངེས་རེད། དེ་ནི་ང་རང་ཚོའི་རང་དོན་རེད་ལ་ང་ཚོའི་ལས་འགན་གལ་ཆེ་ཤོས་དེ་རེད།
༧༽ བཀུར་འོས་དྲ་གྲོགས་ཆོས་འགྲུབ་ལགས།
ཁྱེད་ཕེབས་པར་བཀའ་དྲིན་ཆེ།
འོན་ཀྱང་ངས་གོང་དུ་ཞུས་པ་དེ་ག་རང་ང་ཚོས་སྔོན་བྱུང་ལོ་རྒྱུས་གཅེས་ཉར་དགོས་པ་རེད་མ་གཏོགས། དཔེར་ན་ཁྱེད་ཀྱིས་དཀར་མཛེས་བརྡ་ཐ་མ་ཟེར་བ་ལྟ་བུ་ནི་རྒྱ་དམར་གུང་ཁྲན་ཏང་ལ་རྒྱབ་སྐྱོར་གྱི་སྐད་ཆ་རང་རེད། དཔེར་ན་དཀར་མཛེས་བརྡ་ཐ་མ་ཟེར་ཆོག་ན། སི་ཁྲོན་བརྡ་ཐ་མ་དང་། ཀྲུང་གོའི་བརྡ་ཐ་མ་ཟེར་མི་ཆོག་པའི་རྒྱུ་མཚན་སྤུ་རྩེ་ཙམ་ཡང་ཁྱོད་ལ་མེད་ངེས་རེད། དེ་ལྟར་ཟེར་ཆོག་ན་དེ་ནས་ཀྲུང་གོའི་ཨ་མདོ། ཀྲུང་གོའི་ཁམས་པ། རྒྱ་ནག་ཁམས་པ། རྒྱ་ནག་ཨ་མདོ། རྒྱ་ནག་དབུས་གཙང་། རྒྱ་ནག་ལྷ་ས་ཟེར་མི་ཆོག་པའི་རྒྱུ་མཚན་མེད་རེད། ཧཧཧ། ད་ག་འདྲ་ཞིག་འདུག
འདིར་རང་དབང་ལུང་པ་རུ་བོད་ཀྱི་ལོ་རྒྱུས་འཁྱོགས་བཤད་མ་བྱེད། ངེས་པར་དུ་རྒྱ་དམར་ལ་་རྒྱབ་སྐྱོར་དགོས་ན་འདི་ནས་མ་བསྡད་པར་རྒྱ་ནང་ལ་ཕྱིན་སོང་ན་ཡག་ཤོས་རེད། དེ་སྔོན་ནས་བཙན་བྱོལ་ནང་གི་མི་ཆེན་བླ་ཆེན་ནང་དེ་འདྲ་གང་མང་བྱུང་ཟིན་པ་རེད།
དེའི་ཕྱིར་ཁྱེད་ཀྱིས་མ་ཤེས་པ་ཡིན་ན་ལས། དཀར་མཛེས་བརྡ་ཐ་མ་ཟེར་གྱི་མ་རེད། ཡིན་པ་ངོ་མ་ནི་དགེ་རྩེ་ཟླ་ཐར་མ་ཞེས་འབོད་དགོས་ངེས་རེད། ཡང་ན་དགེ་རྩེ་ཟླ་གསེར་གཉིས་ལས་ཟླ་ཐར་མ་ཞེས་བོས་ན་ལྷག་ཏུ་མི་ཚོས་གོ་བདེ་གི་རེད་ལ། དེ་ནི་སྔོན་བྱུང་ལོ་རྒྱུས་དང་ཡང་ཧ་ཅང་མཐུན་པ་རེད། གང་ལྟར་བོད་ཀྱི་ལོ་རྒྱུས་རྫུན་བཟོ་བྱས་ན་ང་ཚོར་དུས་ནམ་ཡང་འགྲིག་ཐབས་མེད་ངེས་རེད།
གཞན་དུ་ང་ལ་སྐྱོན་བརྗོད་ག་རེ་བྱེད་ཐུབ་ཐུབ་ཀྱིས་དང་ངས་དངོས་སུ་འཁོན་ལན་སོགས་ཀྱི་ཉེན་ཁ་ཅི་ཡང་ཁྱོད་ལ་མེད་ངེས་ཡིན། དེ་ཡང་ཁྱོད་ཀྱིས་འཇོན་ཚོད་ཀྱིས་མིང་རྫུན་འོག་ནས་མིན་པར་སོ་སོའི་དངོས་མིང་བེད་སྤྱད་ནུས་ན་ནི་ང་ཧ་ཅང་དགའ་ས་དེ་ཡིན།
འོན་ཀྱང་ཁྱོད་ཀྱིས་ང་ལ་བཤད་སྟངས་འདི་ནི་ངའི་ཕ་ཡུལ་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ས་ཁུལ་དུ་ནག་མོ་ཁ་འཛིང་ཟེར་བའི་རྒན་མོ་དྲེད་མ་ཚོ་འཛིང་རེས་བྱེད་སྟངས་ཤིག་ཡོད་པ་དེ་འདྲ་བོ་ཁ་ནས་གང་ཐོན་ཐོན་བཤད་བསྡད་པ་ཞིག་ལས་གང་ཡང་མི་འདུག་སྟབས་ངས་ཁྱོད་སྙིང་ཡང་རྗེ་གི་འདུག
གཞན་ཁྱེད་ཀྱིས་ངེས་པར་དུ་མཁྱེན་དགོས་པ་གཅིག་ནི། ངས་བང་ཚུལ་སོགས་ལ་ཕྲག་དོག་རྩ་བ་ཉིད་ནས་བྱེད་ཀྱི་མེད། མ་གཞི་ཆོིས་སྲིད་གང་གི་ཆ་ནས་ཕྲག་དོག་གིས་རང་ལ་གནོད་པ་འབའ་ཞིག་ལས་མི་ལ་གནོད་གང་ཡང་མི་ཐུབ་པ་ངས་གནའ་སྔ་མོ་ནས་ཤེས་ཡོད་པ་རེད།
དེའི་ཕྱིར་མི་ལ་ཕྲག་དོག་བྱེད་བཞིན་འདུག་ཟེར་བ་དེ་ཁྱེད་ཀྱིས་སྐྱག་རྫུན་དང་། དཀྲུག་ཤིང་རང་ཡིན་པ་ལས། དེ་བདེན་པ་རྩ་བ་ནས་མ་རེད། བང་ཚུལ་སོགས་ཆོས་སྲིད་གང་ས་ནས་ང་ལས་བརྒྱ་འགྱུར་སྔོང་འགྱུར་ལས་ཡག་པོ་ཡོད་ན་དེས་ནི་ང་རང་ཚོ་ཚང་མ་ལ་ཕན་ངེས་རེད། དེ་ཡོད་དགོས་ངེས་རེད། དེ་ལྟར་ཡོད་ན་ནི་དེ་ཧ་ཅང་ཡག་པོ་རེད།
གང་ལྟར་ངས་ཀྱང་ཁམས་པ་རྫུན་མ་སྐུ་ངོ་བང་ཚུལ་ཡག་པོ་ཡོད་པར་ཤོག ཅེས་སྨོན་ལམ་འདེབས་ངེས་ཡིན་ལ། དེ་བཞིན་ད་དུང་ང་ཚོ་མདོ་སྨད་པའི་མི་ཐབས་ཤེས་ཚ་བོ་ཚོས་མདོ་སྟོད་ཀྱི་སྤྱི་འཐུས་རྐུབ་སྟེགས་རྣམས་རེ་རེ་བཞིན་ལོན་ཡོང་བར་ཤོག
དེ་བཞིན་མདོ་སྨད་པའི་མི་ཐབས་ཤེས་ཚ་བོ་ཚོས་མདོ་སྟོད་ཀྱི་དབུས་དང་ས་གནས་རྒྱུན་ལས་སོགས་ཀྱི་རྐུབ་སྟེགས་ཚང་མ་ལོན་ཡོང་པར་ཤོག
དེ་བཞིོན་དབུས་གཙང་གི་སྤྱི་འཐུས་རྐུབ་སྟེགས་རྣམས་ཀྱང་ང་ཚོས་ལོན་པར་ཤོག འོན་ཀྱང་ཁོང་རྣམས་པས་ནི་བོད་ཀྱི་སྔོན་བྱུང་རྒྱལ་རབས་ལོ་རྒྱུས་ལ་བང་ཚུལ་ལྟར་རྫུན་བཟོ་ཅུང་ཟད་ཀྱང་མི་བྱེད་པར་ཤོག་ཅེས་ངས་སྨོན་ལམ་འདེབས་ངེས་ཡིན།
༨༽ བཀུར་འོས་དྲ་གྲོགས་མིག་ལགས།
ཁྱེད་ཕེབས་པ་བཀའ་དྲིན་ཆེ།
ངས་གོང་དུ་ཞུས་པ་ལྟར། ཕྲན་གྱིས་ཚོགས་གཙོ་ལ་འགྲན་ཟླ་ཕྲག་དོག་བྱེད་བཞིན་འདུག་ཟེར་བ་སོགས་ཁྱེད་ཀྱིས་མིང་རྫུན་འོག་ནས་དཀྲུག་ཤིང་འབའ་ཞིག་ལས་ངོ་མ་མ་རེད།
དེ་བཞིན་ཁྱོད་ཀྱིས་༼མདོ་སྨད་མི་མང་གིས་ཁོ་སྤྱི་འཐུས་སུ་མ་བདམས་པ་དེ་རྒྱུ་རྐྱེན་གང་རེད།༽ཅེས་མིག་མཐོང་ལག་ཟིན་དུ་སྐྱག་རྫུན་བཤད་དགོས་དོན་གང་གིས་ཡིན་ནམ། མདོ་སྨད་མི་མང་གིས་ཕྲན་སྤྱི་འཐུས་སུ་མ་བདམས་པ་རེད་ཟེར་མཁན་ཁྱེད་ལ་སུ་བྱུང་ངམ། དེ་ལྟར་ཡིན་པ་ཁྱོད་ཀྱིས་ར་སྤྲོད་ཇི་ལྟར་བྱེད་དམ། སྐྱག་རྫུན་འདི་ལྟར་བཤད་པས་ཁྱོད་ངོ་ཚ་མེད་པ་གང་གིས་ཡིན་ནམ།
ཕྲན་སྐབས་༡༥བའི་སྤྱི་འཐུས་སུ་མ་ལངས་པར་འོས་ཁུངས་ནས་དགོངས་པ་ཞུས་པ་དང་། དེ་ཡང་ཕྱི་ལོ་༢༠༡༠ལོའི་ཟླ་༡༢པའི་ཚེས་༢༥ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠བར་བཞུགས་སྒར་དྷ་རམ་ས་ལའི་ཆོལ་གསུམ་ཆིག་སྒྲིལ་ཚོགས་ཁང་ནང་བདག་གིས་ཕྲན་འདི་ལོའི་སྐབས་༡༥པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་ཁུངས་ནས་དགོངས་པ་ཞུ་རྒྱུ་ཡིན། ཞེས་ཡོངས་ཁྱབ་ཏུ་གསར་འགོད་གསལ་བསྒྲགས་བྱས་པ་ཡིན་མོད། ཉིན་དེར་ཁམས་པ་རྫུན་མ་བང་ཚུལ་གྱིས་གཉེར་བཞིན་པའི་བང་ཆེན་གསར་ཁང་གི་གསར་འགོད་པ་ངའི་སྔོན་ལ་ཡོང་ཕོད་མི་འདུག་པ་ཙམ་ལས། གཞན་གསར་འགོད་པ་བཅུ་ཕྲག་གཉིས་ལྷག་ཙམ་འཛོམས་ཡོད་པ་ཁྱོད་ཀྱིས་ད་དུང་མི་ཤེས་པ་གང་གིས་ཡིན་ནམ། ཁྱོད་ཀྱི་མིང་ལ་མིག་ཟེར་བཞིན་ཡོད་མོད། ཁྱོད་ཀྱིས་ཁ་ནས་བཤད་པ་ལྟར་ན་མིག་གིས་གང་ཡང་མཐོང་གི་མེད་ཚོད་མ་རེད་དམ།
ངས་ཀྱང་མ་འོངས་པར་འདི་ལྟར་སྐྱག་རྫུན་ཤོད་མཁན་ཡོང་ངེས་སྙམ་ནས་ཕྲན་སྤྱི་འཐུས་ནས་དགོངས་པ་ཞུས་པའི་གསར་འགོད་གསལ་བསྒྲགས་ཀྱི་ཡིག་ཆ་དེ་བརྒལ་ལན་ལུང་རིག་གཟི་འབར་ཀུན་ཕན་ཉི་མའི་སྣང་བའི་མཇུག་ཏུ་བཀོད་དེ། ཚར་༡༠༠༠ལྷག་དཔར་བསྐྲུན་བྱས་ཏེ། དེང་སྐབས་འཛམ་གླིང་ཤར་ནུབ་གར་སར་ཁྱབ་ཟིན་པས། ཁྱོད་ལྟ་བུས་ནག་བསུབ་གཏང་ཐབས་ག་ལ་ཡོད། དངོས་སུ་ཁྱོད་ཀྱིས་སྐྱག་རྫུན་འདི་ལྟར་ཤོད་ལུགས་ལ་བལྟས་ན་ཁྱོད་ཀྱང་བང་ཚུལ་ངོ་མ་མིན་ནམ། འདྲ་བོ་ཞིག་ཡིན་པ་ནི་མངོམ་སུམ་གྱིས་གྲུབ་པ་འདི་ཡིན་ནོ། །
དེའི་ཕྱིར་བོད་མི་མང་སྤྱི་འཐུས་འོས་མ་བླུགས་པའི་ཟླ་༢དང་ཉིན་༢༥སྔོན་ནས་ཕྲན་སྤྱི་འཐུས་འོས་ཁུངས་ནས་དགོངས་པ་ཞུས་ཟིན་ཡང་། ད་དུང་མདོ་སྨད་མི་མང་གིས་ཁྱོད་སྤྱི་འཐུས་སུ་མ་བདམས་པ་རེད། ཟེར་བར་ཤེས་ལྡན་ཚོས་གཟིགས་དང་། ཕྲན་གྱིས་དགོངས་པ་ཞུས་ཏེ། གསར་འགོད་གསལ་བསྒྲགས་བྱེད་ཉིན་ནི་ཕྱི་ཟླ་༡༢པའི་ཚེས་༢༥ཉིན་ཡིན་པ་དང་། སྤྱི་འཐུས་འོས་འདེམས་བྱེད་ཉིན་ནི་ཕྱི་ལོ་༢༠༡༡ལོའི་ཟླ་༣ཚེས་༢༠ཉིན་ཡིན་ཕྱིར། སྤྱི་འཐུས་འོས་མ་བླུགས་པའི་ཟླ་༢དང་ཉིན་༢༥སྔོན་ནས་ཕྲན་གྱིས་དགོངས་པ་ཞུས་ཡོད་པས། མདོ་སྨད་མི་མང་གིས་ཕྲན་སྤྱི་འཐུས་སུ་མ་བདམས་པ་རེད་འདུག་གམ།
ངོ་མ་མི་འདིའི་རིགས་ཀྱིས་བང་ཚུལ་དཀར་འདོན་བྱེད་ནུས་ས་རེད་དམ།
སྤྱིར་ང་ལ་སྐྱོན་བརྗོད་ག་ཚོད་བྱས་ཀྱང་དེ་ལ་ངས་དགའ་བསུ་ཡོད། འོན་ཀྱང་ཕྲན་གྱིས་བརྩམས་པའི་བརྒལ་ལན་ལུང་རིགས་གཟི་འབར་ཀུན་ཕན་ཉི་མའི་སྣང་བའི་མཇུག་བྱང་ནང་། ཕྲན་གྱིས།
ད་དུང་གང་ན་དྲང་བདེན་ཁྱད་གསོད་ཅིང་། །
མ་ཉེས་ཁག་གཡོགས་དྲིན་ལན་ལོག་འཇལ་ལས། །
གསོག་པའི་དངོས་དང་དངོས་མེད་ཀླ་ཀློའི་ཚོགས། །
དེ་དག་ཐམས་ཅད་བདག་གིས་འཇོམས་པར་ཤོག །
ཅེས་བྲིས་ཡོད་པས། ཁྱོད་ཀྱིས་མིང་རྫུན་འོག་ནས་དྲང་བདེན་ཁྱད་དུ་བསད་དེ། མ་ཉེས་ཁག་གཡོགས་དང་། དྲིན་ལན་ལོག་འཇལ་གྱི་ལས་ངན་པ་བསགས་ན་ནི་སྨོན་ལམ་མཐུ་བཙན་པའི་སྟོབས་ཀྱི་ཇི་འགྱུར་ཆ་མ་འཚལ་ལོ། །
གཞན་གོང་བཤད་ལྟར་ཁམས་པ་རྫུན་མ་སྐུ་ངོ་བང་ཚུལ་ཡག་པོ་ཡོད་པར་ཤོག་ ཅེས་དང། ཁམས་པ་རྫུན་མ་སྐུ་ངོ་བང་ཚུལ་ཡག་པོར་འགྱུར་བར་ཤོག །ཅེས་ང་ཚོ་ཚང་མས་སྨོན་ལམ་འདེབས་དགོས་ངེས་ཡིན།
༩༽ བཀུར་འོས་དྲ་གྲོགས་དགོན་སེང་ལགས།
ཁྱེད་ཕེབས་པ་བཀའ་དྲིན་ཆེ།
གོང་ཞུས་ལྟར་དེའི་སྐོར་གང་ཡིན་ངས་ཀྱང་མ་ཤེས།
གལ་ཏེ་རྐུ་མ་བརྒྱབ་མེད་ན་བརྐུས་སོང་ཞེས་ཁྱབ་བསྒྲགས་བྱས་ན་ཡག་པོ་མ་རེད་སྙམ། གལ་སྲིད་བརྐུས་ཡོད་ན་ཁྱབ་བསྒྲགས་བྱས་པ་དེ་ཡག་པོ་རེད། མང་ཚོགས་ཀྱིས་ཀྱང་ད་ང་ཚོའི་སྐུ་ཚབ་ཀྱིས་རྐུ་ཐུབ་ཀྱིན་འདུག་དགོངས་ངེས་རེད་པཱ། དེ་ལ་བརྟེན་ནས་སྐུ་ངོ་སྤྱི་འཐུས་ཟེར་བ་དེ་ཡང་རྐུ་ངོ་སྤྱི་འཐུས་མི་ཆགས་པའི་ངེས་པ་མེད།
༡༠༽ བཀུར་འོས་དྲ་གྲོགས་བན་དེ་བ་ལགས།
ཁྱེད་ཕེབས་པ་བཀའ་དྲིན་ཆེ།
འོན་ཀྱང་ཁྱེད་ཀྱི་ཡིག་གཟུགས་མ་གསལ་བར་བརྟེན་ངས་་ཁྱེད་ཀྱི་དགོངས་འཆར་གང་ཡིན་ཤེས་མ་སོང་ལགས།
༡༡༽ བཀུར་འོས་དྲ་གྲོགས་རིག་པའི་རལ་གྲི་ལགས།
ཁྱེད་ཕེབས་པ་བཀའ་དྲིན་ཆེ།
སྐུ་ཉིད་ཀྱིས་ཀྱང་ཤིང་སྡོང་གི་ཆ་ཤས་རེ་རེ་ནས་མ་བསགས་་་པར་ཤིང་སྡོང་འབྱུང་ཐབས་མེད་པ་དང། དེའི་ཕྱིར་ཡལ་ག་སོགས་ཡར་བར་འདོར་མི་ཉན་པ་ཤེས་པར་གྱིས།
ཆ་ཤས་སུ་མེད་པའི་ཆ་ཅན་ཞིག །
རིག་པས་ལམ་ནས་ཇི་ལྟར་འཐད། །
རིག་པའི་རལ་གྲིའི་མིང་ཁུར་ནས། །
རིག་ལམ་མེད་ན་ངོ་ཚ་ཆེ། །
མི་ངན་མིང་ཆེ་འབོད་པ་ངོ་ཚ་ཞེས། །
ངེད་ཀྱི་ཕ་དང་ཨ་ཁུའི་ངག་ལ་གྲགས། །
གླེན་པའི་མཁས་མིང་སྡར་མའི་དཔའ་མིང་སོགས། །
རྣམ་དཔྱོད་ཅན་ལ་གད་མོའི་རྒྱུ་ལས་མེད། །
ཨ་ལ་རྩེད་མོ་ཡིན།
ཐེངས་འདིར་ཁྱོདཀྱིས་བཤད་སྟངས་ལ་བལྟས་ན་གོ་ཡང་མ་གོ་མདོག་མདོག་དང་། ཤེས་ཀྱང་མ་ཤེས་པའི་ཟོལ་གྱིས་བང་ཚུལ་ལྟ་བུས་སྐྱག་རྫུན་ག་ཚོད་བཤད་ཀྱང་དེ་ལ་ཉེན་ཁ་མི་འདུག་མདོག་མདོག་གི་རྣམ་འགྱུར་ཞིག་ཐོན་འདུག གལ་ཏེ་ཁྱོད་གནས་ཚུལ་ཚབས་ཆེན་རིགས་ཆུང་ཆུང་ཡིན་མདོག་སྟོན་མཁན་ཞིག་དང། དངོས་ཡོད་གནས་ཚུལ་ལ་མི་ལྟ་མཁན་ཞིག་ཡིན་ན་ནི། ཁྱོད་ལ་རིག་པའི་རལ་གྲིའི་མང་རྫུན་འདི་ཇི་ལྟར་མཛའ། སོ་སོའི་མིང་ལ་བསམ་བློ་གཏང་བཞིན་ཏུ་སྐད་ཆ་མ་བཤད་ན་ཁྱོད་ཀྱི་རྫུན་རྐུབ་འབུད་ངེས་རེད། མི་ཚང་མ་ལྐུགས་པ་མ་རེད། ཁོང་ཚོས་ཁྱོད་ཀྱི་སྐད་ཆར་ཉན་ནས་ཁྱོད་སུ་ཡིན་དང། གང་འདྲ་ཞིག་ཡིན་མིན་ཤེས་ངེས་རེད།