གོ་འཇོ། བསོད་ནམས་ནོར་བུ།
དེ་རིང་ནམ་མཁའ་ལྟ་བུའི་སེམས་པ་འདི།།
ས་ཐག་རྒྱང་ནས་ཅེར་བའི་ཁྱེད་ལ་འབུལ།།
ལྷོག་ལྷོག་ལྷོག་ལ་འགྱུ་བའི་སྤྲིན་དཀར་ཚོམ།།
ལྭ་ཤམ་འོག་ནས་འཕུར་བའི་བརྩེ་དུང་ཡིན།།
དེ་རིང་ཉི་མ་འདྲ་བའི་ངོ་གདོང་འདི།།
གློ་མཆིན་བར་ན་བཞད་པའི་ཁྱེད་ལ་འབུལ།།
ཁྲ་ཆིལ་ཆིལ་ལ་འཚེར་བའི་ཟེར་ཐིགས་རེ།།
རས་གཟན་སྲུབས་ནས་ཤོར་བའི་འཛུམ་ཆུང་ཡིན།།
དེ་རིང་རླུང་བུར་འགྲན་པའི་དྲན་པ་འདི།།
མདང་དགོང་རྨི་ལམ་ནང་གི་ཁྱེད་ལ་འབུལ།།
ལྷང་ལྷང་ལྷང་ལ་འཁོར་བའི་བརྙན་རིས་དག།
རྒྱ་ཕིབས་གསེང་ནས་འཕར་བའི་ཟུག་རྔུ་ཡིན།།
12/ 3/ 2015/