བཀྲ་ཤིས་དོན་འགྲུབ།
སྒྱུ་མའི་རྒྱ་མཚོ་འཁྱིལ་བའི་འཇིག་རྟེན་ནས།།
སྣང་བ་གླུ་ལ་རྟོན་པའི་རྣམ་འགྱུར་འདི།།
ཐོབ་ཤོར་བསླུ་བྲིད་མོད་པའི་འཁོར་བ་ནས།།
ལང་ཚོའི་མེ་ཏོག་འཐུ་བའི་དན་རྟགས་ཡིན།།
འོད་ལ་འགྲམ་ཆུ་ལྡང་བའི་མུ་གེ་ཡིས།།
མི་སེམས་བཀྲེས་པས་མནར་བའི་སྙིགས་དུས་སུ།།
མུན་པའི་མཛེས་པ་འཚོལ་བའི་ཐོ་ཅོ་འདི།།
བྲང་ཁོག་སྤོབས་པས་ཁེངས་པའི་ང་རྒྱལ་ཡིན།།
སྙིང་ཁམས་སྐྱོ་བས་བཀང་པའི་སྣང་ཚུལ་འདི།།
འདུ་བྲལ་ཆོས་ཉིད་རྟོགས་པའི་ངང་ཚུལ་རེད།།
མགྲིན་པ་གླུ་ཡིས་གཏམས་པའི་རྩལ་སྣང་ཡང།།
ལུས་སེམས་བརྩེ་བས་བརླན་པའི་ཉམས་སྣང་རེད།།
སྐྱེ་འཆིའི་འཁོར་སྐྱོད་ཁོང་དུ་ཆུད་ནས་ཡོད།།
གྲུབ་མཐའི་ནང་ཁྲོལ་ཁྱོར་བར་འདེགས་ཕོད་དེ།།
རོལ་མོའི་རམ་འདེགས་འཚོལ་བའི་ལམ་སྲོལ་གྱིས།།
སངས་མཐོར་སྒྲོག་པའི་ངང་ཚུལ་གཞན་ཞིག་ཡིན།།
ལྗན་ལྗིན་སྙིགས་མའི་ཁྲོད་ནས་གད་རྒྱངས་སྒྲོག།།
རི་སྤྱང་དམར་པོའི་ངུ་སྐད་གྲོགས་སུ་བརྟེན།།
རི་རབ་འཚོག་པོར་འཕེན་པའི་བློ་སྤོབས་ཀྱིས།།
བྱེ་མའི་ཐང་སྟོང་སྙེག་བཞིན་སྙེག་བཞིན་འགྲོ།།
ནམ་མཁའ་སྔོན་མོ་མགོ་བོའི་ཞྭ་རུ་སྒོམ།།
ས་ཆེན་ལེབ་མོ་འོག་གདན་གྲུ་བཞི་འདྲ།།
ཡོད་ཚད་རླུང་གིས་ཟད་པའི་མི་ཡུལ་ནས།།
སྙན་ངག་ཆང་གིས་བཟི་བར་ཞེ་བློ་བདེ།།
ཚིག་གི་སྡེབ་སྦྱོར་ལ་འདོད་པ་ཚིམ་སོང་། མུ་མཐུད་དུ་ཡིན།
ཡོད་མེད་ཡིན་མིན་མང་བའི་འཇིག་རྟེན་འདིར་།
བདེ་སྡུག་རྒྱུ་མའི་ཟློས་གར་ངོམ་ངོམ་ནས་།
འདི་ཡིན་དེ་མིན་དོག་པ་རྒྱང་བསྲང་དེ་།
གང་སྣང་གླུ་རུ་ལེན་བཞིན་ལེནབཞིན་འགྲོ།
སྡེབ་སྦྱོར་ཡག་པོ་མཐོང་སོང་ མུ་འཐུད་ནས་ཡིན་ད་་་་་
སྟག་ཤའི་སྟོབས་ཀྱིས་བཀུག་པ་མ་ཡིན་ཞིང་།།
སྙན་མོའི་གཏམ་གྱིས་བསུས་པ་མ་ཡིན་ལ།།
དབྱངས་ཅན་ངག་གི་བརྒྱུད་མངས་ལ་དྲངས་པའི།།
སྣང་སྲིད་གླུ་རུ་གྱེར་བ་རྣ་བར་སྙན།།
དུག་སྦྲང་མང་པོས་བཙས་པའང་མ་ཤེས་པར།།
སྣང་སྲིད་གླུ་རུ་བཀུག་པའི་སྙན་ངག་འདི།།
བཀླགས་པའི་དགའ་བས་བཟི་བའི་བུ་ཆུང་དེས།།
ཡང་ཡང་ཁྱེད་ཀྱི་ཕྱོགས་ལ་མིག་ཟུང་གཏད།།
མགྲིན་པའི་རྩ་མདུད་གྲོལ་རན་སྨྲས་པའི་གཏམ།།
སྙིང་ལ་སིམ་པའི་བཙུན་པ་དབྱངས་ཅན་འབངས།།
ངག་དབང་ལྷ་མོའི་དབྱངས་ཀྱི་འགྱུར་ཁུག་དེ།།
ཁྱོད་ལ་བརྒྱུད་ནས་མྱུར་དུ་ཐོབ་པར་ངེས།།
ཁ་ཞེན་མི་མཚུངས་སྣང་བ་སྦོམ་པོ་ཞིག །
ཁ་ཞེན་གཉིས་མེད་སེམས་ཆུང་སྒང་ལ་དར། །
བདེ་སྐྱིད་ལ་རྒྱ་རྒྱང་དུ་དོར་བ་དེ། །
བདེན་དོན་རྩོད་པའི་དན་རྟགས་ངོམ་པར་སྐྱོ། །