རྔ་བཟའ་བདེ་པོ་འཚོ།
སྤྱི་འཐུས་ཚོགས་འདུ་སྐབས་བཅོ་ལྔ་པའི་ཚོགས་དུས་དགུ་པ་ཚོགས་པའི་སྐབས་སུ་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་བཤད་པའི་སྐད་ཆ་སྟེ། ལྐོག་ཟ་རུལ་སུངས་དང་མི་གསོད་ཁྲག་སྦྱོར་ཟེར་བ་དེའི་གླེང་སློང་ཁྲོད་ནས། ཞོ་ལྟར་ཆགས་པའི་བཙན་བྱོལ་སྤྱི་ཚོགས་ནང་གི་བོད་རིགས་སྤུན་ཟླའི་དབར་ལ་ཞེ་འཁོན་དང་སྡང་འཛིན་གྱི་བསམ་བློ་ཞིག་རང་བཞིན་གྱིས་བསྐྲུན་བཞིན་ཡོད་དེ། ལ་ལ་ཞིག་གིས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་བཟའ་གཉིས་དབར་ལ་འཛུལ་བའི་རྐྱེན་གྱིས་བཟའ་ཟླའི་ཁྱོ་ག་རྐྱེན་ལམ་ལ་ཕྱིན་ཡོད་ཚུལ་བརྗོད། དེའི་ཁུངས་ནི་བཀའ་བློན་ཟུར་བ་འཇུ་ཆེན་ཐུབ་བསྟན་གྱིས་བརྩམས་གནང་བའི་འཇུ་ཆེན་ཐུབ་བསྟན་གྱི་མི་ཚེའི་ལོ་རྒྱུས་ཞེས་པའི་ནང་གསལ་བའི་འཁྱོག་བརྗོད་ཙམ་ཁོ་ན་ལས་ཁུངས་ལུང་ཡང་དག་པ་ཞིག་མེད་སྟབས། སྐད་ཆ་འདིའི་རིགས་ལ་ཉན་རློམ་མི་འདུག་སྙམ།
སྤྱིར་ངས་བོད་གཞུང་གི་འགྲོ་ལུགས་འགྲོ་སྟངས་ཆ་ཚང་ད་ཅི་ཅུང་ཙམ་ཡང་ཤེས་ཀྱི་མེད། ཡིན་ན་ཡང་རང་ཉིད་བོད་མི་ཞིག་གམ་བཙན་བྱོལ་ནང་སྡོད་མཁན་གྱི་ཡུལ་གྱར་བ་ཞིག་ཡིན་པས་ན། ངས་རྟག་ཏུ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ནི་བོད་མི་མང་གི་ཚབ་དངོས་མ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ཁོང་གི་གསུང་བཤད་རེ་རེའི་ནང་ལ་བོད་ལ་བཅང་བའི་ཤ་ཚའི་སྐད་ཆ་དང་དུངས་པས་སྤྲས་ཡོད་པ་མ་ཟད། བོད་ཀྱི་འདས་མ་ད་གསུམ་ལ་ཆ་རྒྱུས་ཡོད་པ་དང་ཁ་བཤད་དོན་ལ་གནས་པ། མི་ཐུབ་ཐུབ་མདོག་གི་སྤྲེལ་ལད་དང་བྲལ་བ། ངོ་མ་མི་གཞི་ཕུལ་བྱུང་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། འོན་ཀྱང་ཁ་སང་སྐབས་བཅོ་ལྔ་པའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དགུ་པའི་སྐབས་ལ་ཁོང་ལ་སྐྱོན་མེད་སྐྱོན་འཛུགས་དང་ཉེས་མེད་ཉེས་བཀོན་བྱས་ཏེ་ཁོང་གི་དགོངས་པ་དཀྲུགས་སོང་བ་མཐོང་དུས་ངོ་མ་བློ་ཕམ་ཚད་མེད་བྱུང་།
སྐད་ཆ་ཁམ་གང་བོ་འདིས་ད་ལྟའི་བར་བཀའ་དྲིན་ཅན་གྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་རིགས་སྤུན་ཟླ་མང་པོ་མང་པོ་ཞིག་གིས་སྐུ་ངལ་འཛེམ་མེད་ཀྱིས་བསྐྱངས་པའི་གཞུང་འདི་དང་མི་རིགས་འདི་ལ་གནོད་པ་ཚབས་ཆེན་བཟོས་ཡོད། གལ་ཏེ་བཙན་བྱོལ་བོད་གཞུང་འདི་ཁ་འཐོར་དུ་ཕྱིན་ན། བོད་ནང་དུ་ཡོད་པའི་གཞིས་ལུས་སྤུན་ཟླས་ད་བར་དུ་སུ་ལ་རེ་བ་དང་མིག་ལྟོས་བྱས་པ་རེད། ༧གོང་ས་མཆོག་གི་དགོངས་གཞི་ཅི་ལྟར་འགྲུབ་དགོས་སམ། བོད་ཀྱི་བདེན་མཐའ་ནམ་ཞིག་ལ་གསལ་དགོས་སམ།
དེ་འདྲ་ཡིན་དུས། རང་ཉིད་སྤྱི་འཐུས་ཡིན་མིན་ལ་མ་ལྟོས་པར། སྐད་ཆ་ཅི་ཡོད་བདེན་པ་ར་སྤྲོད་ཀྱི་ཐོག་ནས་བརྗོད་དགོས་པ་ལས། རང་གིས་གང་དྲན་པ་བཤད་པ་ཡིན་ན། སྤྱི་ཚོགས་དང་ཁོར་ཡུག་ལ་ཕན་པ་སྤུ་ཉག་ཙམ་ཡང་ཡོད་མི་སྲིད།
ང་ཚོའི་ཁ་གཏད་རྒྱ་མི་རེད་མ་གཏོགས་རང་རིགས་མ་རེད། མི་ཞིག་གིས་སྣེ་ཁྲིད་བཞིན་ཡོད་ན་དེའི་ཞབས་ནས་འདེགས་ཅི་ཐུབ་བྱ་དགོས་པ་ལས་ཞབས་ནས་ཐུར་དུ་འདྲུད་ཐབས་བྱས་ན་རྒྱལ་ཁབ་འདི་དང་མི་རིགས་འདིའི་ཡར་རྒྱས་ཀྱི་གོམ་ཁ་འགག་ཚར་བ་རེད།
དེར་བརྟེན། སྟོང་བཤད་ཀྱི་སྐད་ཆ་འདིའི་རིགས་ལ་ཡིད་གཟབ་དང་རྣམ་དཔྱོད་ལྡན་པའི་སྒོ་ནས་དཔྱད་དེ་ནམ་ཡང་རང་ཉིད་བོད་མི་རིགས་ཤིག་ཡིན་པ་བརྗེད་མི་ཉན་ལ་ནང་མཐུན་སྒྲིལ་གྱི་ལག་ལྡང་དེ་ཡང་ནམ་ཡང་འདོར་མི་ཉན།
2015/3/20
སྨྲ་བརྗོད་རང་དབང་ལ་ལོང་སུ་སྤྱོད་ནས་ནག་ཉེས་ཐེར་འདོན་གནང་བ་བསྔགས་བརྗོད་ཡོད། སྤྱིར་པན་པ་ཚེ་རིང་ལ་སྔོན་མ་ནས་རྙོག་གླེང་ཞིག་ཡོད་པ་རེད། ལྷག་པར་དུ་དེ་རིང་སྤྱི་འཐུས་ཀྱིས་བློ་ཐག་ཆོད་པོའི་སྒོ་ནས་ཐེར་འདོན་གནང་སྟངས་ལ་བལྟས་ནས་དོག་པ་ཞིག་རང་བཞིན་གྱི་སླེབས་ཡོང་བ་ཞིག་རེད། གལ་ཏེ་གཞི་མེད་སྐྱོན་འཛུགས་ཞིག་ཡིན་ན་ནི་སྤྱི་འཐུས་ཁོ་མཐའ་བསྐྱལ་ས་ཞིག་ལ་བསྐྱལ་དགོས་ཁོ་ཐག་རེད། ང་ཚོ་ལ་ཞེ་མཁོན་སྡང་འཛིན་གང་ཡང་མེད། གཙོ་བོ་ནག་ཉེས་ཐེར་འདོན་གནང་བ་དེ་བདེན་པ་ཡིན་མིན་རེད། གལ་ཏེ་བདེན་པ་ཡིན་ན་ནག་ཉེས་ཐེར་འདོན་གནང་མཁན་ལ་བསྔགས་བརྗོད་དང་དགའ་བསུ་ཡོད་དོ།
སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་སྤྱི་ཚོགས་ནང་གི་རུལ་དྲི་ཁ་བའི་གད་སྙིགས་ོགྲོས་ཚོགས་ནང་འཁྱེར་ཡོང་ནས་བཤད་ན་གྲོས་ཚོགས་ཀྱི་ཆེས་མཐོང་ལ་གནོད་ཀྱི་ཡོད། གལ་སྲིད། ཚོགས་གཙོ་མཆོག་དང་ཁོ་གཉིས་བར་སྡང་སེམས་དང་ཞེ་འཁོན་འདྲ་ཡོད་ན་བརྒྱུད་ལམ་གཞན་དག་བརྒྱུད་ནས་བཤད་ཆོག་རེད། གང་ལྟར་ཐེངས་འདིར་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་སྲིད་དོན་ཚན་རིག་ཀྱི་ཤེས་ཚད་ཡོད་མེད་མི་མང་གིས་ཤེས་རྟོགས་བྱུང་བ་རེད།
སྔོན་མ་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་ཆོས་རིག་ལས་ཁུངས་སུ་ཆོད་གན་ལས་ཀ་བྱེད་སྐབས། ཁོ་རང་གིས་བོད་ནང་གི་རྩོམ་པ་པོ་ཞིག་བྲིས་པའིསྙན་རྩོམ་དེ་རང་གིས་བྲིས་པ་ཡིན་མདོག་མདོག་གིས་ཆོས་རིག་ལས་ཁུངས་ཀྱི་ལས་བྱེད་བུད་མེད་ཚོར་བསྟན་པའི་ལོ་རྒྱུས་ངོ་ཚ་ཅན་མང་པི་ཡོད་པ་རེད
བསྟན་པ་ཡར་འཕེལ་འདི་ཞེན་ཁོག་ཆགས་སྡང་གི་ཁེངས་བསྡད་འདུག
འཇུ་ཆེན་གྱི་དེབ་ནང་གསལ་ཡོད་ཅེས་ཁ་ཤས་ཀྱིས་ལུང་དྲངས་ཡོང་གིན་འདུག དེས་ན་འཇུ་ཆེན་གྱི་དེབ་ནང་ཚོགས་གཙོའི་སྐོར་ཅི་ཞིག་བཤད་ཡོད་པ་དེ་གསལ་སྟོན་དགོས། དེ་ནས་བལྟ་རྒྱུ་ཞིག བསམ་རྒྱུ་ཞིག་ཡོད་ངེས། གང་ལྟར་གྲོས་ཚོགས་སླར་ཡང་ཚོགས་ཟིན། རླབས་ཆེན་རེད། སྐབས་འཚོལ་བའི་མངོན་འདོད་གྲུབ་མེད་ལ། ནམ་ཡང་འགྲུབ་མི་སྲིད་དེ། ནང་པས་ལས་བྱས་པ་ཆུད་མི་ཟ་བ་དང་། ལས་མ་བྱས་པ་དང་མ་འཕྲད་པ་གསུང་ཡོད། འཇིག་རྟེན་པས་ཀྱང་མི་ངན་གྱི་འདུན་པ་རེ་ཞིག་གྲུབ་སྲིད་ནའང་ཕུགས་སུ་གཞན་གྱིས་གནད་ལུགས་རྟོགས་ནས་གང་དེ་སྤངས་པ་ཡོད་དོ། །
ཆགས་སྡང་ཅན་གྱི་མིས་ཤི་ཁ་དཀྲིགས་ཀྱི་རེད། ཤི་ཚར་བའི་དེབ་ནང་གང་དྲིས་ཀྱང་ཁྲིམས་ཐོག་ཁས་ལེན་མེད། དེ་འདྲ་བོད་སྔ་རབས་ཀྱི་སྤྱི་ཚོགས་ནང་བྱུང་ཡོད་ལ། ནུབ་ཕྱོགས་སྤྱི་ཚོགས་ནང་ལ་ཡང་བྱུང་ཡོད། ལྷག་པར་རྒྱ་མིའི་སྤྱི་ཚོགས་ནང་མང་དུ་བྱུང་ཡོད། ཆ་འཇོག་བྱེད་ཐུབ་ཐབས་མེད།
དེབ་དྲིས་ཉན་ད་ལྟ་ཀྱོན་འཛུགས་བྱེད་ཉན་དེ་ཚོ་རེས་ གྲོས་ཚོགས་ར་བའི་ནང་ནས་ཁྲིམས་ཏུགས་བྱེད་མཆོག་གི་མེད་པ་འབཅའ
འཁྲིམས་ནང་གསལ་རེད་གད་སྲིད་སྐྱོན་འཛུགས་བྱེད་ཡས་ཀྱི་འདེང་ཚོས་ཡོད་ན་གྲོས་ཚོགས་ཕྱི་ལོགས་སུ་འཁྲིམས་ཏུགས་བྱས་ན་འདྲིག་གི་རེད་ ཡིན་ནའི་ད་ལྟ་བར་བྱས་མིན་འདུགས་གའ་ དོས་ཚོས་གཉན་འཕྲང་གཅན་འདི་གྲའི་ཀབ་གྲོས་ཚོགས་ནང་སླེང་ཡས་དེ་ཀྲུག་ཤིང་རང་ལ་ངོས་འཛིན་བྱེ་རྒྱུ་ཡིན།
བདེ་པོ་འཚོ་ལགས། ཀ་ཁ་མ་ཤེས་གོང་སངས་རྒྱས་མ་བཤད། དེ་ལས་སློབ་གྲྭ་ནས་ཡི་གེ་ཡག་པོ་སྦྱོང་། ཁྱེང་ཀྱིས་བོད་ཡིག་དང་བོད་རྩོམ་བྲིས་པའི་གྲུབ་འབྲས་ང་ཚོས་ཤེས་ངེས།
གང་ལྟར་བསྟན་པ་ཡར་འཕེལ་གྱི་འདོད་དོན་འགྲུབ་ཚར་རེད་་་་མ་གཞི་འདི་ཚང་མ་འདས་བོ་འཇུ་ཆེན་གྱིས་ང་ཚོ་ལ་བཞག་པའི་ལེགས་སྐྱེས་ཡིན་པ་འདྲ་་་འཇུ་ཆེན་ལགས་ཐུགས་རྗེ་ཆེ་་་ཁྱོད་ཀྱི་རེ་བ་མངོན་དུ་གྱུར་འདུག
འཇུ་ཆེན་ཐུབ་བསྟན་གྱི་མི་ཚེའི་ལོ་རྒྱུས་ དེབ་དང་པོ་ ཟེར་བ་དེའི་ནང་གི་ཤོག་གྲངས་ ༤༠༩ ཐོག་བཀོད་དོན་
༼དེ་འདྲའི་མུ་ནས་ཕྱི་ལོ་ ༢༠༠༤ ལོའི་སྤྱི་འཐུས་གྲོས་ཚོགས་སྐབས་ཞིག་ལ་་མདོའི་སྤྱི་འཐུས་སྤེན་པ་ཚེ་རིང་ཟེར་བ། ངའི་གྲོགས་པོ་ཀ་སྟག་སྤྲུལ་སྐུའི་བཟའ་དབར་འཛུལ་ནས་མཐར་རྐྱེན་ལམ་དུ་གཏོང་མཁན་དེས་ངོས་རང་ཐེ་བའི་བགྲེས་ཡོལ་བ་མི་གྲངས་བརྒྱད་ལ་བགྲེས་ཤག་རྣམས་གཞུང་ལ་རྩིས་འབུལ་ཞུ་དགོས་པའི་དྲི་བ་ནན་པོ་བཏང་སྟེ། ནང་སྲིད་བཀའ་བློན་བློ་བཟང་ཉི་མས་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་ལ་༧གོང་ས་མཆོག་ནས་ལས་དོན་འགན་བསྐུར་ཡོད་པའི་འགྲེལ་བཤད་མང་པོ་གནང་དགོས་བྱུང་བ་དང། ཕྲན་ཚོ་བགྲེས་ཡོལ་བ་བརྒྱད་པོས་ཀྱང་ཁྱེད་ཚོ་མ་སྐྱེས་གོང་ང་ཚོས་རྒྱ་དམར་དང་འཐབ་འཛིངས་བྱས་པ་རེད་ཟེར་བ་དང། སྙན་ཞུ་འདི་འདྲ་ཞིག་ཕུལ་དགོས་གྱུར་སྟབས་རང་ཉིད་ཀྱི་བསམ་བློར་མི་རྒན་རྟ་རྒན་ཁྱི་རྒན་གསུམ། ལས་བྱས་པ་མེད་ཀྱང་ཀུན་གྱི་སྡང་ཟེར་བ་ལྟར། ད་ཆ་བསམ་བསམ་བློ་ཞིག་མ་གཏོང་ཚེ། ངོ་ཚ་ཁྲེལ་གཞུང་མེད་མཁན། ཐ་ན་ལས་འབྲས་ཙམ་ལའང་མི་བརྩི་མཁན་གྱི་མི་རབས་གསར་པ་འདི་འདྲ་དཔའ་བོར་ཐོན་ཏེ་དབང་འཛིན་ཤོག་སྒྲིག་མང་གཙོ་ཁར་འཁྱེར་འོག་ དབང་ནུས་བོད་མི་སྤྱི་དང་ལུས་ཟུངས་ཟད་པའི་གཞུང་ཞབས་བགྲེས་ཡོལ་བ་རྣམས་ལ་འཇིག་རྟེན་གྱི་རེ་དོགས་ཅི་ཡང་མེད་དེ་མི་རྟག་འཆི་བའི་དུས་ཚོད་བསྒུག་ནས་སྡོད་མཁན་རྣམས་ལ་༧གོང་ས་མཆོག་གི་སྐུ་དང་གསུང་དང་ཐུགས་བརྩེ་བ་དང་བཅས་པས་མི་ཁྱབ་པའི་དུས་ཚོད་མགོ་ཚུགས་ཀྱི་ཡོད་པར་བརྟེན། རང་ཉིད་ཀྱི་བསམ་བློ་རྙིང་པ་ལྐུགས་པ་ཨུ་ཚུགས་འདི་ལྟ་བུས་ཁུངས་མི་འཁྱོལ་བ་འདྲ་བསམ་སྟེ་བློ་ཕམ་པའི་འོག་ སྡོད་ཁང་སྤོ་ཐབས་བྱ་རྒྱུར་ཐག་བཅད་པ་ཡིན་ དེ་ཡང་འདས་མའི་ཆེད་ཀྱི་སངས་རྒྱས་སྟོང་སྐུ་བཞུགས་ཡུལ་ལྷ་ཁང་དང་ཆབས་སྦྲགས་བསྐྲུན་ཐུབ་དགོས་སྟབས་དེ་རྩིས་སྲས་དོན་ཡོད་ལ་ས་ཆ་ཞུས་པས་ཅོན་ཏ་ར་ཟེར་བའི་ས་་་་་་་༽
གྲགས་མོ་བདེ་བྷོ་འཚོས་སྤྱི་ཚོགས་ཆབ་སྲིད་སོགས་བོད་ཀྱི་གནད་དོན་གང་ཡོད་ལ་བསམ་གཞིག་བྱེད་ཀྱིན་པར་བསྔགས་བརྗོད་ཡོད། རྙོག་དྲ་འདི་རིགས་བཤད་ནས་རྫོགས་སོང་བ་ཞིག་ཡོད་ནི་མ་རེད།
དེ་དུས་སྤྱི་འཐུས་འདིས་རང་ཉིད་གྲོས་ཚོགས་འཐུས་མི་ཞིག་ཡིན་སྟབས། སྤྱི་བའི་འགན་ཞིག་འཁྱེར་ནས་བཙན་བྱོལ་བོད་གཞུང་གི་ལས་བྱེད་ཐོབ་ཐང་གི་ལས་ཤག་སྒྲིག་གཞི་བགྲེས་ཡོལ་དུ་ཡུན་རིང་འགོར་མཁན་ཚོར་ཐོབ་ཐང་མེད་སྟབས་དེའི་ཐད་དྲི་བ་བཏོན་པ་དེ་འགྲིག་འདུག ལས་བྱེད་གསར་བ་མང་པོ་ཞིག་ལ་ལས་ཤག་མ་རེག་པར་ལྷག་བསྡད་པའི་སྐད་ཆ་གྲོས་ཚོགས་ནང་ཡོང་བཞིན་པ་རེད། དེ་སྤྱི་བའི་འགན་འཁྱེར་སྟངས་ཤིག་རེད། སྐབས་དེར་འཇུ་ཆེན་ཁོ་བས་དེབ་ཅིག་འབྲི་ཡི་ཡོད། དེ་མ་ཚར་བར་སྒུག་དགོས་ཟེར་ནས་ལས་ཤག་དེ། དུས་ཐོག་རྩིས་སྤྲོད་བྱས་མེད། དེའི་ཁོང་ཁྲོ་ཁོག་ལ་བཟུང་ནས་བཤད་པའི་སྐད་ཆ་ཞིག་ཡིན་པ་ཚིག་ཤུགས་ནས་ཤེས་ཐུབ། དེ་ལ་ཆ་འཇོག་ས་མི་འདུག ལར་ནས་ང་ཚོས་སྐད་འབོད་ནང་རྒྱ་མི་ཀླ་ཀློ་ཟེར་བ་དང་གཅིག་པ་རེད། དངོས་ནས་རྒྱ་མི་ཚང་མ་ཀླ་ཀློ་ཡིན་ནམ། དེ་མཚུངས་སྐབས་དེའི་གནད་དོན་ཡང་དེ་འདྲ་ཞིག་རེད། གནད་དོན་དེའི་རྗེས་ཙམ་ལ་འཇུ་ཆེན་རྒྱ་ནག་ཕྱིན་ཡོད། དེ་ནས་ཚར་སླེབས་མ་ཐག་ཅོན་ཏ་ར་ཕྱོགས་ནས་ཁང་ཆེན་ཞིག་བསླངས་ཡོད་པ་ཚང་མས་ཨེ་ཤེས། དངུལ་དེ་ཚོ་ཁོང་ལ་གང་ནས་ཡོང་བ་རེད། བོད་སོག་ལས་ཁུངས་མཉམ་གྲོས་ཆོད་འཇོག་པའི་རྒྱབ་ཏུ་སུ་སྐབས་དེར་འཇུ་ཆེན་ཡོད་པ་གྲག་འགུལ་བྱུང་བ་ཚང་མས་གོ་ཡོད་ཤག བོད་མི་དུམ་བུར་བཟོས་པ་རེད། ཉེས་པ་གནམ་ལ་མི་ཤོངས་མཁན་ཞིག་སྐད་ཆ་ལ་ཆ་ཅི་ཞིག་འཇོག་དགོས། བསམ་བློ་ཞིབ་མོར་ཐོངས། བོད་མི་རིགས་ཀྱི་བདེ་སྡུག་ཐད་ནས་སྐད་ཆ་ཤོད།
འཇུ་ཆེན་གྱིས་དེ་འདྲ་ཞིག་བྲིས་ཡོད་ན་བོད་པའི་སྤྱི་ཚོགས་ལ་ནག་ཐིག་གཅིག་ཕབས་པ་ལས་གཞན་གང་ཡང་མ་རེད། ལར་ནས་རྒད་པོ་འདི་ཚོས་བོད་པའི་ན་གཞོན་ཚོར་བཞག་དགོས་པའི་མཐུན་སྒྲིལ་གྱི་སློབ་གསོ་ཞིག་མ་བཞག་པར་མི་དགོས་པའི་དཀྲུག་ཤིང་སློངས་བྱེད་ཀྱི་དེབ་ངན་ལུང་པ་གང་བཞག་ནས་སོང་བ་འདི་ཐབས་སྐྱོ་པོ་རེད།
་་་་་་་་་་་་་་་་ གནད་དོན་དེའི་རྗེས་ཙམ་ལ་འཇུ་ཆེན་རྒྱ་ནག་ཕྱིན་ཡོད། དེ་ནས་ཚར་སླེབས་མ་ཐག་ཅོན་ཏ་ར་ཕྱོགས་ནས་ཁང་ཆེན་ཞིག་བསླངས་ཡོད་པ་ཚང་མས་ཨེ་ཤེས། དངུལ་དེ་ཚོ་ཁོང་ལ་གང་ནས་ཡོང་བ་རེད། བོད་སོག་ལས་ཁུངས་མཉམ་གྲོས་ཆོད་འཇོག་པའི་རྒྱབ་ཏུ་སུ་སྐབས་དེར་འཇུ་ཆེན་ཡོད་པ་གྲག་འགུལ་བྱུང་བ་ཚང་མས་གོ་ཡོད་ཤག བོད་མི་དུམ་བུར་བཟོས་པ་རེད། ་་་་་་་་་་་་་་་་་་
་་་་་་་་་་་་ ང་ཚོའི་ཁ་གཏད་རྒྱ་མི་རེད་མ་གཏོགས་རང་རིགས་མ་རེད། མི་ཞིག་གིས་སྣེ་ཁྲིད་བཞིན་ཡོད་ན་དེའི་ཞབས་ནས་འདེགས་ཅི་ཐུབ་བྱ་དགོས་པ་ལས་ཞབས་ནས་ཐུར་དུ་འདྲུད་ཐབས་བྱས་ན་རྒྱལ་ཁབ་འདི་དང་མི་རིགས་འདིའི་ཡར་རྒྱས་ཀྱི་གོམ་ཁ་འགག་ཚར་བ་རེད། ་་་་་་་་་་་་་་
ད་སྔ་འཛམ་གླིང་གི་མི་གྲགས་ཅན་མང་པོ་ལོ་རྒྱུས་བཀླགས་ཡིན་ཏེ་ཡ་མཚན་ཆེ་ཤོས་འཇུ་ཆེན་གྱི་ལོ་རྒྱུས་བྱུང་སོང་། སྤྱིར་མི་ཞིག་གི་མི་ཚེའི་ནང་འཇོན་པ་དང་མ་འཇོན་པ།བཟང་ཆ་དང་ནོར་འཁྲུལ་གཉིས་ཀ་བྱུང་བ་ཆོས་ཉིད་རེད་དེ། འཇུ་ཆེན་གྱིས་དེའི་ནང་ཁོ་རང་འཇོན་རབས་དང་སྐད་གྲགས་བཞག་རབས། ཐ་ན་མི་ཞིག་དང་བཤད་རེས་ཏོག་ཙམ་བྱས་ནའང་ཁོ་རང་གིས་རྟག་པར་ཕར་ཕྱོགས་དེ་དཔའ་ཞུམ་པར་བཟོ་རབས་ལྟ་བུ། མདོ་རྩ་ཁོ་རང་གིས་ཁོ་རང་ལ་བསྟོད་པ་བྱས་བཞག་ལུང་པ་བཀང་བྲིས་འདུག། ཁོང་གིས་ནོར་འཁྲུལ་ནི་གཅིག་ཀྱང་ཤོར་རབས་བྲིས་མི་འདུག། དེ་ཚོ་དངོས་ཁྱད་མཚར་པོ་རེད།
དེ་ནས་ཁོང་གིས་མི་ཕར་ཕྱོགས་ཤིག་ལ་སྐྱོན་འཛུགས་བྱས་པ་ཁག་ནི་བརྒྱ་ཆ་དགུ་བཅུ་བདེན་དཔང་གང་ཡང་མེད་པ།ཚོད་དཔག་དང་སོ་སོས་རྣམ་རྟོག་གིས་བཟོས་བཞག་པ་མང་ཤོས་རེད། ལས་ཤག་ནས་ཕུད་རྩིས་སོགས་བཤད་པ་ཡང་ཡ་མཚན་རེད། བདེ་སྐྱིད་གླིང་གཞིས་ཆགས་སུ་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་བགྲེས་ཡོལ་ཚོར་ལས་ཤག་དེ་ཙམ་མང་པོ་བརྒྱབས་སོང་། འཇུ་ཆེན་བཀའ་ཁྲི་ཟུར་པ་ཅིག་ལ་དེ་ན་ལས་ཤག་ཡོད་དང་ཡོད།
བོད་ནས་བྱས་རྗེས་བཞག་མཁན་ང་རང་གི་ངོ་ཤེས་ནང་རྒྱ་མི་དང་གསོད་རེས་བཏང་སྟེ་སྲོག་འབེན་ལ་བཞག་མཁན་མང་པོ་རྒྱུས་ཡོད་མོད། ཁོང་ཚོས་བཙན་བྱོལ་བོད་གཞུང་ལ་ཡོས་བཤད་རྒྱུ་དང་ཐོབ་ཐང་ལེན་རྒྱུ་སོགས་གཅིག་ཀྱང་གནང་གི་མི་འདུག
སངས་རྒྱས་སྟོང་སྐུ་དང་དེ་བཞུགས་ས་ལྷ་ཁང་བཞེངས་ཐུབ་མཁན་ཞིག་ལ གཞུང་ཁང་གཞུང་ལ་སྤྲོད་རྒྱུ་འདི་འདྲ་ངན་སྨྲས་བྱས་ན་སྐྱོ་བ་ལ་ མ་གཞི་ཤི་རྒས་དེ་སྣ་ནག་མ་ཞིག་ཡིན