–རྩོམ་པ་པོ། ཨ་འདུས་མིག་ཆུ།
འུ་ཚོ་ཚང་མ་ཕ་ཡུལ་གཅིག་པ་རེད། ལས་དབང་གཅིག་པ་རེད། དམིགས་འདུན་གཅིག་པ་རེད། དེའི་ཕྱིར། སྐུ་ཞབས་སྨན་བླ་སྐྱབས་ཀྱི་སྐད་ལྟར་བྱས་ན། སེམས་པའི་ནང་དུ་སེམས་པ་ཞོག ལག་པའི་ནང་དུ་ལག་པ་ཞོག་ཅིག ང་ཚོས་ཕན་ཚུན་བརྩི་དགོས་པ་མང་པ་ལས། རྩོད་དགོས་པ་གང་ཡང་མེད།
སྤུན་ཟླ་ཚོ། ད་ནི་ཡག་སྡུག་གཉིས་ལས་སྡུག་དགོས་པའི་སྐད་ཆ་མང་པོ་ཞིག་བཤད་བཤད་ནས་གང་སར་དཀྲུགས་པ་རེད། ཡིན་ཡང་སེམས་སྐྱོ་དགོས་དོན་ཡོད་པ་མ་རེད། འདས་ཟིན་པ་རེད། འདས་ཟིན་པ་ལ་ཕྱིར་འོང་ཡོད་པ་མ་རེད་ལ། འགྱོད་པས་ཀྱང་རང་གཞན་གང་ལ་ཡང་ཕན་པ་ཡོད་པ་མ་རེད།
ད་ནི་དངོས་གཞིའི་འོས་བསྡུའི་སྐབས་ལ་ཉེ་སོང་བས་དགྲ་དགའ་གཉེན་སྡུག་ལྟ་བུའི་སྐད་ཆ་ཆོ་མེད་དག་བཤད་ཀྱང་མང་ཚོགས་ཀྱིས་རང་རང་གི་སེམས་སུ་སུ་ཞིག་འབྱུང་འགྱུར་གྱི་དབུ་ཁྲིད་དུ་བདམས་ཟིན་པས། སྐད་ཆ་ལབ་ལོབ་དང་། པར་རིས་ཉག་ཉོག་དེ་ཚོས་དམངས་ཀྱི་བློ་ཁ་བསྒྱུར་མི་བཏུབ།
ཡིན་ཡང་ང་ཚོས་མང་གཙོ་ཁས་ལེན་དགོས། མང་གཙོ་ཞེས་པ་འདི་སྒེར་གཅོད་དམར་པོའི་རིང་ལུགས་དང་མི་འདྲ་བའི་བདེན་རྟགས་འཇོག་དགོས། དེ་ནི་ང་ཚོ་ལ་བབས་པའི་འོས་འགན་རེད་ལ། དེ་ནི་ཁ་གཏད་དགྲ་ནག་ལ་ངོམ་ཆོག་པའི་དཔང་པོ་ཡིན།
དྲ་ཐོག་ནས་ཉོག་དྲ་བཟོ་མཁན་ནི་མི་ཉུང་ཉུང་ཞིག་ཡིན་ལ། ཞོར་དུ་འོངས་པའི་སོ་བས་ཀྱང་ཁ་ལག་དང་འདྲེ་ལག་བསྲིངས་ཡོད་པ་ཐེ་ཚོམ་མི་དགོས། ཡིན་ཡང་རྒྱ་སྟག་ལྟ་བུའི་དབུ་ཁྲིད་གཉིས་ལས་སུ་ཞིག་མ་འོངས་སྲིད་སྐྱོང་ལ་ཁེལ་བ་ན། དེ་ནི་མི་ཉུང་ཤས་ཀྱིས་བདམས་པ་མ་ཡིན་པར་བོད་མི་བྱིངས་ཀྱིས་བདམས་པ་ཡིན་པས་དེ་ལ་བརྩི་བཀུར་ངེས་པར་བྱ་དགོས་ལ། བྱ་རྒྱུའི་ཡིད་ཆེས་ཀྱང་ཡོད།
སྤྱིར་བསྙོན་འཛུགས་ནི་གང་ལ་ཡང་མི་རུང་ལ། སྐྱོན་བརྗོད་ནི་གང་ལ་ཡང་རུང་བའི་གནས་ལུགས་འདི་ཧ་ཅང་གལ་ཆེན་མོད། འདས་པའི་ནང་འུ་ཚོའི་དྲ་ཐོག་གི་མི་དག་གིས་བཤད་བཤད་པ་ཚང་མ་བསྙོན་འཛུགས་ཡིན་པ་ལས། སྐྱོན་བརྗོད་གཏན་ནས་རེད་མི་འདོད། དེའི་ཕྱིར་ན་བསྙོན་འཛུགས་དེ་དག་ལ་སྐུ་ངོ་གཉིས་ཀྱང་སུན་བཞིན་པ་སྐད་ཆའི་ཞོར་ནས་ཤེས།
གང་ལྟར་མི་བྱབ་ཆུང་འགའི་སྐད་ཆ་ལྟར། རྒྱལ་བ་རིན་པོ་ཆེས་གཟིགས་ཕྱོགས་བྱེད་ཀྱིན་འདུག་ཅེས་པ་དང་། བོད་མིའི་སྒྲིག་འཛུགས་ལ་ཞེན་པ་ལོག་སོང་ཚུལ་གྱི་སྐད་ཆ་ཆོ་མེད་དེ་ཚོ་ཡག་པོ་མི་འདུག་ལ། ང་ཚོ་ལ་ཡོད་པ་ནི་༧གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་འདི་གཉིས་ཡིན་པས་འདི་གཉིས་གང་རུང་ཡང་མི་དགོས་པར་སྨྲ་བའི་མྱི་དག་ནི། བོད་མང་ཚོགས་ལ་ངོ་ལོག་པ་ཡིན་པས་བདག་གི་ངོ་དེབ་ལས་གྱེས་བརྡ་བཏང་ཟིན།
རྩོད་རྩོད་པའི་མཐའ་མར་དམངས་ཀྱིས་བདམས་པའི་དབུ་ཁྲིད་ཅིག་ཡོང་བར་གཡོལ་ས་ཡོད་པ་མ་རེད། དེ་ནི་མི་གཅིག་དང་གཉིས་ཀྱིས་བདམས་པ་མ་ཡིན་པར་བོད་མི་མང་ཚོགས་ཀྱིས་བདམས་པ་ཡིན་པས། དབུ་ཁྲིད་དེར་ང་ཚོས་ལོ་ལྔའི་རིང་ངེས་པར་རྒྱབ་སྐྱོར་དང་། སྟངས་འཛིན་ལེགས་པོ་བྱེད་དགོས།
མང་ཚོགས་ཀྱི་དབུ་ཁྲིད་ཆགས་ཟིན་པའི་ཉིན་དེ་ནས་འུ་ཅག་གིས་ཆིག་སྒྲིལ་གྱི་འདུན་པ་དམ་དུ་གཏོང་དགོས། མི་རིགས་ཀྱི་ལ་རྒྱ་ཟབ་ཏུ་གཏོང་དགོས། ང་ཚོས་ཅིས་ཀྱང་འདས་ཟིན་པའི་སྐྱོ་གར་དང་། ༧གོང་ས་མཆོག་གི་བགྲེས་ཉམས་ལ་བལྟས་ནས། སེམས་པའི་ནང་དུ་སེམས་པ་དང་། ལག་པའི་ནང་དུ་ལག་པ་བཞག་ཏེ། མཉམ་རུབ་ཀྱི་འདུ་ཤེས་བསྐྱེད་དགོས། མཐུན་སྒྲིལ་གྱི་དཔུང་རྡང་སྦྲེལ་དགོས། སྤུན་ཟླ་ཚོ།
ཁྱེད་ཅག་གིས་བྱེད་སྟངས་མ་ཤེས་པ་ལས། དོན་དངོས་མི་རིགས་སེམས་བཞིན་པའི་ཡིད་ཆེས་ཡོད། ཡིན་ཡང་གལ་ཡོད་པ་མ་རེད། ང་ཚོ་ལ་༧གོང་ས་མཆོག་གི་བཀའ་དྲིན་གྱིས་མང་གཙོའི་གོ་སྐབས་རག་ཡོད་པ་རེེད། མང་གཙོ་ལམ་ཁར་འགྲོ་བཞིན་པའི་མི་རིགས་ཤིག་ལ་མཚོན་ན། འུ་ཅག་གི་བྱེད་སྟངས་འདི་མི་སྐྱོན། ཡིན་ཡང་འུ་ཚོས་ངེས་པར་དུ་བསམ་གཞིགས་བྱ་དགོས་ས་ནི། དབུ་ཁྲིད་བདམས་ཟིན་པའི་རྗེས་ཡིན།
སྐབས་དེར་ངེས་པར་གཟབ་དགོས། དགྲ་དང་གཉེན་གང་ཡོད་མི་ཤེས་པ་བཞིན་གཏོར་བརླག་ལ་དགའ་ཞིང་། གསང་ཉུལ་དུ་བཏང་བ་ལ་ལ་ཞིག་གིས་འདྲ་མིན་བྱེད་སྲིད་པས། དོགས་ཟོན་དགོས་ལ། ཡིད་གཟབ་ཀྱང་དགོས། སྐབས་དེར་དབུ་ཁྲིད་ནི་མང་གཙོ་ཡང་དག་པས་ལམ་ནས་བདམས་ཟིན་པས་མི་རིགས་གཅིག་ལ་དབུ་ཁྲིད་གཅིག་གི་འདུ་ཤེས་ཁུར་དེ། གཏོར་བརླག་མཁན་དང་། གསང་ཉུལ་བ་དག་ལ་གོ་སྐབས་སྤྲོད་མི་རུང་། ཤེས་སོང་ངམ། བདག་གི་ཕུ་ནུ་མིང་སྲིང་ཚོ།
གདོང་པ་དམར་པོ་བསྟན། ཚིག་རྩུབ་མོ་བཤད་ནས་འུ་ཅག་གིས་དབུ་ཁྲིད་ཀྱི་ཆེད་དུ་དཀའ་ལས་བརྒྱབ་པ་རེད། ཡིན་ཡང་བདམ་བྱར་གྱུར་པའི་དབུ་ཁྲིད་གཉིས་གང་ཡང་སངས་རྒྱས་མིན་པས་སྐྱོན་གཏན་ནས་མེད་པ་མི་སྲིད་ལ། མི་ཞིག་ཡིན་པས་ཡོན་ཏན་ཁྱོན་ནས་མེད་པ་ཡང་མི་སྲིད་མོད། ཁོང་རྣམ་པ་གཉིས་ཀ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་གཉིས་ཡིན་ལ། མི་རབས་གསར་པའི་མིག་དཔེ་བལྟ་ས་གཉིས་ཡིན་པས། འུ་ཚོའི་ཕན་ཚུན་ལ་གདོང་དམར་པོ་བསྟན་པ་དང་། ཚིག་རྩུབ་པོ་བཤད་རེས་འགའ་ཤོར་བ་ལ་སྐྱོན་ཡོད་པ་མ་རེད།
འུ་ཚོ་ཚང་མས་སེམས་ནང་གི་དབུ་ཁྲིད་ཀྱི་ཆེད་དུ་ད་ནི་ལྷོད་ལ་འབབ་རན་འདུག བར་གནས་ཀྱི་སྐད་ཆ་བཤད་པའི་དུས་ལ་བབས་འདུག མི་རིགས་ཀྱི་ཆེད་དུ་དཀའ་ལས་རྒྱག་མཁན་རྣམས་པའི་རྐང་རྗེས་ང་ཚོས་ལག་པས་བསུབས་བྱེད་མི་རུང་།
འབྱུང་འགྱུར་འུ་ཅག་གིས་གང་ཟག་གང་དེས་ལས་དོན་བྱེད་ཕྱོགས་ལ་བསྐྱོན་བརྗོད་པ་ལས་འདས་ཟིན་པའི་བྱ་སྤྱོད་ལྟར་གང་ཟག་ལ་བསྙོན་འཛུགས་བྱེད་ཕྱོགས་ནི་ཡག་པོ་མིན་པ་ངེས་དགོས་པར་མཐོང་།
ང་ཚོ་ནི་ལོ་རྒྱུས་ཀྱི་སྐྱོ་གར་ཁྲོད་ལྷག་པའི་མི་རིགས་ཤིག་ཡིན། ང་ཚོ་ནི་མང་གཙོ་ལ་བསྟོད་གླུ་འབུལ་བཞིན་པའི་མི་རིགས་ཤིག་ཡིན། སྤུན་ཟླ་ཚོ།
དེ་དེ་བཞིན་ནོ།
སེམས་པའི་ནང་དུ་སེམས་པ་དང་། ལག་པའི་ནང་དུ་ལག་པ་བཞག་ཏེ། མཉམ་རུབ་ཀྱི་འདུ་ཤེས་བསྐྱེད་དགོས། མཐུན་སྒྲིལ་གྱི་དཔུང་རྡང་སྦྲེལ་དགོས། སྤུན་ཟླ་ཚོ། བློ་སྒོ་ཕྱེ་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འདེམས།
ངའི་བརྩི་དགོས་ས་ནི་རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་སོགས་ཡིན་པ་དང་ད་དུང་ཁོང་རྣམས་པ་སྙིང་ནས་བཀུར་པ་དང་བརྩི་པའི་འོས་མི་དེ་ཡིན་པ་ལས་བློ་སེང་མིན་ནོ།
དྲ་དཔོན་ལགས་།ངའི་སྤེལ་པའི་མཆན་བསུབས་པའི་རྒྱུ་མཚན་ཅི་ཡིན།ལན་ཞིག་གནང་རོགས།ངའི་བློ་བཟང་སངས་གེ་ལ་རྒྱབ་སྐྱོར་མ་བྱེད་པའི་ཁྱོད་ཁ་བརྡ་ཚང་ལ་ཕོག་ཐུག་བཏང་ངམ།ཡང་ན་ཁ་བརྡ་ཚང་ཡང་བློ་བཟང་སངས་གེས་ཉོས་དང་ངམ།
ཁྱེད་ཀྱི་སྐད་ཆར་རྒྱབ་བསྐྱོར་ཡོད།
འབོད་སྐད་ཅིག་གཅིག་ཡོད་པ་ནི་སྤེན་པ་ཚེ་རིང་གིས་གོང་ས་མཆོག་ནས་དུས་དབང་ཆེད་ཞལ་རྫུན་བསྐྱོན་སོང་ལབ་པ་དེ་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་གོང་སའི་གནང་སྟངས་རྒྱལ་བཙོང་པའི་ཕྱོགས་སུ་འགྲོ་བ་རེད་ཟེར་གཉིས་ཀྱི་་བར་ལ་གནམ་སའི་བར་ཁྱད་ཡོད། སྤེན་ཚེ་གསུང་སྟངས་དེ་གོང་ས་ནག་པོ་ནག་རྐྱང་བཟོས་ཡོད། ཀླུ་ཡི་གསུང་སྟངས་དེ་དོགས་འདྲི་ཆགས་ཡོད། དེ་བས། ཆེན་པོ་འཕྲད་ན་གཉའ་ཞུམ་ཞུམ་དང་། གཉོམ་ཆུང་ལ་འཕྲད་ན་ངར་ཆོག་ཆོག་མི་གནང་བར་དེང་ཕྱིན་སྤེན་ཚེ་དགེ་ལུགས་དགོན་སྡེ་ཁག་ཏུ་ཡོང་ས་མེད་པ་བཟོ་དགོས། དེ་ནི་གོང་ས་མཆོག་ལ་དད་པ་དངོས་མ་ཡོད་མེད་ཀྱི་ཚད་གཞི་ཆགས་ཡོད།
དྲང་པོ་བཤད་ན། ད་ལོའི་འོས་སྡུ་འགོ་བཙུགས་ནས་ད་མཐའ་ལ་ཉེ་བའི་རིང་། ང་རང་ཚོས་ང་རང་ཚོ་མིག་རྫོད་ཅིག་རྩ་ནས་བཟོས་ཡོད་པ་མ་རེད་ལ། མ་ཟད་ཡག་གྲས་ཀྱི་གྲངས་ཤིག་ཏུ་བསྐྱལ་ཡོད་པའང་འདོད་ཆོག་སྙམ་སྟེ། དེ་ནི་ང་ཚོ་དང་ང་ཚོ་ལས་གཞན་པའི་མང་གཙོའི་སྒྲིག་འཛུགས་ཅན་གྱི་འོས་སྡུའི་ལས་རིམ་བསྡུར་ནས་བཤད་རྒྱུ་ལ། མང་བས་བསྐྱུར་ཡོད། ཡིན་ནའང་། ད་ལྟའི་རང་རེའི་སྤྱི་ཚོགས་ནང་གི་གྲགས་ཆེན་གྲགས་ཆུང་ཚོ་ནི། འོས་སྡུས་མཚོན་མང་གཙོའི་ལས་རིམ་གལ་འགངས་ཆེ་བ་དག་གི་སྐབས་ལ། ་རྒྱལ་ཁབ་དང་རྒྱལ་ཁབ་ནས། ང་རང་ཚོ་འདྲ་བའི་མི་རིགས་སམ་ཚོགས་སྡེ་གཞན་དང་གཞན་བར་བལྟས་ཏེ་བཤད་ན། རྒྱུན་ལྡན་ནམ་རང་བཞིན་གྱི་གནས་ཚུལ་ཞིག་ཡིན་པ་དེ་རེད། ཡང་། ངོས་གཅིག་ནས་བཤད་ན། ད་ཐེངས་ཀྱི་རང་རེའི་འོས་སྡུའི་ལས་རིམ་འདི་ནི། ད་དུང་ང་ཚོ་ལ་རྒྱུགས་ཤིག་ལེན་གྱིན་པ་དང་། རྒྱུགས་ཤིག་སྤྲོད་ཀྱིན་པའི་གནས་རིམ་ལ་ཡོད་པ་ཞིག་རེད་དེ། ཏག་ཏག་ང་ཚོས་ཞབས་འདྲེན་བྱེད་པ་ཕར་ཞོག རེ་བ་ཅན་ཞིག་གནང་གིན་པ་ན། ང་ཚོས་(བོད)་ཅེས་པའི་མིང་དོན་སྙིང་ལ་བཞག་ནས་རང་རང་སོ་སོས། བཟང་བླང་ངན་དོར་ལ་ཤུགས་རྒྱག བོད་རྒྱལ་ལོ།
དྲང་པོ་བཤད་ན། ད་ལོའི་འོས་སྡུ་འགོ་བཙུགས་ནས་ད་མཐའ་ལ་ཉེ་བའི་རིང་། ང་རང་ཚོས་ང་རང་ཚོ་མིག་རྫོད་ཅིག་རྩ་ནས་བཟོས་ཡོད་པ་མ་རེད་ལ། མ་ཟད་ཡག་གྲས་ཀྱི་གྲངས་ཤིག་ཏུ་བསྐྱལ་ཡོད་པའང་འདོད་ཆོག་སྙམ་སྟེ། དེ་ནི་ང་ཚོ་དང་ང་ཚོ་ལས་གཞན་པའི་མང་གཙོའི་སྒྲིག་འཛུགས་ཅན་གྱི་འོས་སྡུའི་ལས་རིམ་དང་བསྡུར་ནས་བཤད་རྒྱུ་ལ། མང་བས་བསྐྱུར་ཡོད། ཡིན་ནའང་། ད་ལྟའི་རང་རེའི་སྤྱི་ཚོགས་ནང་གི་གྲགས་ཆེན་གྲགས་ཆུང་དེ་ཚོ། འོས་སྡུས་མཚོན་མང་གཙོའི་ལས་རིམ་གལ་འགངས་ཆེ་བ་དག་གི་སྐབས་ལ། རྒྱལ་ཁབ་དང་རྒྱལ་ཁབ་ནས། ང་རང་ཚོ་འདྲ་བའི་མི་རིགས་སམ་ཚོགས་སྡེ་གཞན་དང་གཞན་བར་བལྟས་ནས་བཤད་ན། རྒྱུན་ལྡན་ནམ་རང་བཞིན་གྱི་གནས་ཚུལ་ཞིག་ཡིན་པ་རེད། ཡང་། ངོས་གཅིག་ནས་བཤད་ན། ད་ཐེངས་ཀྱི་རང་རེའི་འོས་སྡུའི་ལས་རིམ་འདི། ད་དུང་ང་ཚོ་ལ་རྒྱུགས་ཤིག་ལེན་གྱིན་པ་དང་། རྒྱུགས་ཤིག་སྤྲོད་ཀྱིན་པའི་གནས་རིམ་ལ་ཡོད་པ་ཞིག་རེད་དེ། ཏག་ཏག་ང་ཚོས་ཞབས་འདྲེན་བྱེད་པ་ཕར་ཞོག རེ་བ་ཅན་ཞིག་གནང་གིན་པ་ན། ང་ཚོས་(བོད)་ཅེས་པའི་མིང་དོན་སྙིང་ལ་བཞག་ནས་རང་རང་སོ་སོས། བཟང་བླང་ངན་དོར་ལ་ཤུགས་རྒྱག བོད་རྒྱལ་ལོ།
དགོངས་དག མཆན་ཡིག་སྔ་མ་དེར་ཆད་ནོར་འགའ་འདུག་གཤིས། བསྐྱར་དུ་བཀོད་པ་ཡིན།
འདི་བས་བོད་མྱི་ཡིན་གོ་ཆོད་པའི་རྩོམ་ཟིག་བྲིས་ཐལ། ཤིག་ཧྲ་གི བཟང་གི ངོ་སོ་བསྟོད། ཀློག་ན་རིན་ཐང་ཡོད་ཀྱི།
བསམ་ན་གོ་རྒྱུ་ཡོད་ཀྱི། བཤད་ན་དོན་སྙིང་ལྡན་གྱི།
འདི་བས་བོད་མྱི་ཡིན་གོ་ཆོད་པའི་རྩོམ་ཟིག་བྲིས་ཐལ། ཤིག་ཧྲ་གི བཟང་གི ངོ་སོ་བསྟོད། ཀློག་ན་རིན་ཐང་ཡོད་ཀྱི།
བསམ་ན་གོ་རྒྱུ་ཡོད་ཀྱི། བཤད་ན་དོན་སྙིང་ལྡན་གྱི། བཀའ་དྲིན་ཆེ། ཤེས་ཡོན་པའི་བསམ་ཚུལ་དྲང་དགོས། སྙོམས་དགོས། རང་ཉིད་ངོ་ཤེས་དགོས། ང་ཡི་དགྲ་༼ང་༽ཡིན་པ་ཤེས་དགོས་པ་སོགས་རྩོམ་འདི་ན་བསལ་གདའ།
སྐུ་ཞབས་རྡོ་རྗེ་སྐལ་བཟང་ལགས།
སྤྱིར་ན་ཁྱེད་ཀྱི་དྲི་ཚིག་འདིར་གསལ་བཤད་ཞུ་མི་དགོས་པར་འབད་ན་ཡང་། ཁྱེད་ཀྱིས་དྲི་ཚིག་འདི་གཅིག་པོ་ཡང་ཐེངས་འགར་སྤེལ་འདུག་སྟབས། དེ་ཐད་ནས་གསལ་བཤད་མདོར་ཙམ་ཞུས་ན།
༡༽ རང་ཉིད་ཀྱིས་ཅི་ཞིག་བརྗོད་ཐབས་ཙམ་ལ་འབད་པ་ལས་འགན་ཁུར་ཅི་ཡང་མེད་པ།
༢༽ རང་མིང་གབ་སྦས་ཀྱི་ཐོག་ལ་མཆན་མིང་སྣ་ཚོགས་སྤྱོད་པ།
༣༽ གློག་འཕྲིན་ཁ་བྱང་གཏན་ཁེལ་མེད་པར་འདྲ་མིན་གང་བྱུང་སྤྱོད་པ།
༤༽ བསམ་ཚུལ་ཅི་ཡང་མི་འདོན་པར་ངོ་རྒོལ་གྱི་འབོད་ཚིག་ཡང་ཡང་སྤྱོད་པ།
རྒྱུ་མཚན་གཙོ་བོ་འདི་བཞི་ལ་བརྟེན་ནས་ཁྱེད་ཀྱི་མཆན་བུ་མང་ཆེ་བ་དགོས་དབང་གིས་ཕྱིར་འཐེན་བྱས་པ་ཡིན། དགོངས་འགལ་མེད་པར་ཞུ།
ཁ་བརྡའི་དྲ་དཔོན་ལགས་།
ད་ལྟའི་ཁ་བརྡའི་མཆན་བུ་ཡང་དགོས་དབང་གིས་སྤེལ་བཞིན་པའི་གནས་ཚུལ་ཁྱེད་ཀྱི་དེ་རིང་དྲང་མོར་གསུང་པ་ཐུགས་རྗེ་ཆེ་ཞུ།ང་རང་སྔོན་འགྲོའི་འོས་གཞིའི་སྟེང་ནས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་ཡིད་ཆེས་དང་བློ་ཁ་ཕྱོགས་ཡོད་པའི་་དབང་གི།སྤེན་ཚེའི་ཁ་གཏད་ན་ལང་ཡོད་པའི་འོས་མི་བློ་སེང་གི་ཉེས་སྐྱོན་དང་གསང་བ་ཕྱིར་བཀྲམ་དགོས་པ་ནི་ངའི་འོས་འགན་རེད་བསམ།ཁྱོད་ཁ་བརྡ་ཚང་ཡང་དེའི་རྐྱེན་ཡིན་ནམ།
རྩོམ་ཡིག་ཡག་པོ་བྲིས་འདུག་་་་་རྗེས་སུ་ཡི་རངས་ཡོད
འོ་ལགས་སོ། བཀའ་དྲིན་ཆེ།
ལར་དཔོན་མེད་ན་འབངས་མགོ་སུ་ཡིས་སྐྱོབ།
འབངས་མེད་ན་རྒྱལ་པོ་སུ་ལ་བྱེད།
དཔོན་པོ་བཟང་པོས་འབངས་ལ་ཁ་མགོན་མཛད།
འབངས་བཟང་པོས་དཔོན་ལ་རྩི་བཀུར་བྱེད། ཟེར་བ་ལྟར། རྗེ་འབངས་གཅིག་གིས་གཅིག་ལ་ཕ་དང་བུ་ལྟར་བརྟེན་དགོས། ཞེས་དཔལ་སྤྲུལ་ཨོ་རྒྱན་པས་གསུངས།