རྟ་བདུན་དབང་པོ།
ཉེ་བའི་ཆར་ཁ་ཆེའི་ལུང་བ་ཁ་ཤས་ཤིག་ལ་དམངས་གཙོ་རྒྱལ་ཁ་ཐོབ་པ་རེད་། ཡིན་ནའང་མི་དམངས་བརྒྱ་ཆ་བརྒྱད་བཅུ་ནས་དགུ་བཅུས་འཐབ་རྩོད་བྱས་པའི་སྟོབས་ཀྱིས་རེད་། ད་ལྟའི་ཆར་རྒྱ་ནག་མི་དམངས་ཕལ་མོ་ཆེའི་ཤེས་ཡོན་ཞན་པས་རྐྱེན་ཀྱིས་གུང་ཕྲན་ཏང་གི་ལྟ་ངན་མཁྲེགས་འཛིན་གི་ལམ་ལུགས་འདིར་མཐའ་གཅིག་ཏུ་སྡུག་པོ་ཡིན་པ་མཐོང་ཐུབ་ཀྱིས་མེད་། དེས་ན་རྒྱ་རིགས་ཁ་ཤས་ཤིག་དང་གྲངས་ཉུང་མི་རིགས་ཁ་ཤས་ཤིག་གིས་ཇི་ལྟར་འཐབ་རྩོད་བྱས་ཀྱང་རེ་ཞིག་གྲུབ་འབྲས་འབྱུང་རྒྱུ་དཀའ་བར་གནང་། དེའི་ཕྱིར་ང་ཚོས་གནས་སྐབས་རིང་ཤེས་ཡོན་ཡར་རྒྱས་དང་རྡོག་རྩ་གཅིག་སྒྲིལ། ཆོས་ལུགས་ཕན་ཚུན་གྱི་མཐུན་སྒྲིལ་སོགས་ལ་འབད་བརྩོན་བྱེད་དེ་རེ་ཞིག་ངང་སྒུག་བྱ་རྒྱུ་གལ་ཆེ་བར་སྙམ། རྒྱུ་མཚན་འདི་དག་ལ་བརྟེན་ནས་གུས་པས་སྙིང་ཐག་པ་ཞུ་རྒྱུ་ཞིག་ལ། རང་སྲོག་མ་གཅོད་རོགས། རང་སྲོག་གཅོད་པའི་འཐབ་རྩོད་དེ་རྣམ་དཔྱོད་དང་ལྡན་པའི་ཐབས་ལམ་ཞིག་མ་རེད་། ལྷག་པར་དུ་ད་ལྟའི་རྒྱ་ནག་གི་ཆབ་སྲིད་ཀྱི་འགྲོས་ལ་དཔག་ན་མི་ཅི་ཙམ་གྱིས་རང་སྲོག་བཅད་ཀྱང་རེ་ཞིག་འགྱུར་བ་འགྲོ་དཀའ་བར་སྣང་། ལྷག་པར་དུ་སྲིད་འཛིན་ཧོ་ཅིན་ཐོའི་དུས་ཚོད་རྫོགས་ལ་ཉེ་བའི་སྐབས་འདིར་དེ་བས་ཀྱང་འགྱུར་བ་འགྲོ་མི་སྲིད་། རྒྱུ་མཚན་དེའི་ཕྱིར་ཕྲན་རང་ངོས་ནས་བོད་རྒྱལ་ཡོངས་ཀྱི་དཔའ་བོ་དཔའ་མོ་ཚོར་ཞུ་རྒྱུ། ཁྱེད་ཚོས་རང་སྲོག་འབེན་ལ་བཙུགས་ཏེ་བོད་མི་ཡོངས་ཀྱི་ དོན་དུ་བྱ་བ་བརླབས་ཆེན་ཞིག་སྒྲུབས་དང་སྒྲུབ་བཞིན་ཡོད་ནའང་། རང་སྲོག་བློས་གཏོང་གི་འཐབ་རྩོད་དེ་ལ་གྲུབ་འབྲས་འབྱུང་རྒྱུ་དཀའ་བར་མ་ཟད་ཐབས་ལམ་ཡང་ཡག་ཤོས་མ་རེད་། ཡིན་ནའང་ཁྱེད་ཚོའི་སྙིང་སྟོབས་ལ་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བའི་གནས་སུ་མཆིས་མོད་། འོན་ཀྱང་རང་སྲོག་གཅོད་པའི་འཐབ་རྩོད་དེ་རང་དབང་ཐོབ་རྒྱུའི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་ཡིན་པ་ཁོ་བོས་མཐོང་མ་སོང་། དེར་མ་ཟད་རང་ཉིད་ལའང་རང་སྲོག་བཅད་པའི་ཉེས་པ་ཆེན་པོ་འབྱུང་སྲིད་པ་རེད་། ལྷག་པར་དུ་ཞེ་སྡང་གིས་ཀུན་ནས་བསླངས་པས་རང་སྲོག་བཅད་པ་ཡིན་ན་དེའི་འབྲས་བུ་ཅི་ཞིག་འབྱུང་རྒྱུ་ཡིན་པ་སྨོས་མ་དགོས་སོ། འོ་ན་རང་དབང་རྩོད་པའི་ཐབས་ལམ་ལེགས་ཤོས་ཏེ་གང་རེད་ཅེ་ན་། རྡོག་རྩ་གཅིག་སྒྲིལ ཆོས་ལུགས་ཕན་ཚུན་གྱི་མཐུན་སྒྲིལ། ཤེས་ཡོན་ཡར་རྒྱས་གཏོང་རྒྱུ། ཟས་བཅད་ངོ་རྒོད་དང་ཞི་བའི་གོམས་བགྲོད་ལྟ་བུ་སོགས་རེད་། སྤྱིར་འཛམ་གླིང་འདིར་རང་སྲོག་གཅོད་མཁན་ཆེ་མང་བོ་ཞིག་ཡོད་། མང་ཆེ་བ་ཕོ་མོའི་བརྩེ་གདུང་དང་དཔལ་འབྱོར་གྱི་དཀའ་ངལ་གྱི་རྐྱེན་པས་རེད་། དེ་དག་རྣམས་བླུན་པོ་ཐབས་རྡུགས་ཀྱི་ལམ་ཁ་ཞིག་ལས་ཡག་པོ་ཞིག་གཏན་ནས་མ་རེད་། མདོར་ན་རང་སྲོག་གཅོད་མཁན་ཚོའི་ཀུན་སློང་ཀུན་ཡིན་ཀྱང་རང་སྲོག་གཅོད་པ་དེ་ནི་བླུན་པོ་འུ་ཐུག་གི་ལམ་ཁ་ཞིག་ལས་རྣམ་དཔྱོད་ཀྱི་རྩལ་ལས་བཏོན་པའི་ཐབས་ལམ་ཞིག་ཏུ་མཐོང་མ་སོང་། གཅིག་ནི་རང་སྲོག་བཅད་ན་རང་ཉིད་ལ་ཉེས་པ་ཆེན་པོ་འབྱུང་རྒྱུ་ཡིན་པ་གདོན་མི་ཟ་བ་དང། གཉིས་ནི་རང་གི་ཕ་མ་སྤུན་མཆེད་ཚང་མ་སྡུག་ལ་སྦྱོིར་བ་དང་། གསུམ་ནི་ང་ཚོའི་མི་རིགས་ཇེ་ཉུང་དུ་འགྲོ་བ་སོགས་ཀྱི་སྐྱོན་ཆ་དུ་མ་ཞིག་མཆིས། དེའི་ཕྱིར་རང་སྲོག་མ་གཅོད་རོགས། མི་ལུས་རིན་པོ་འདི་ཧ་ཅང་གི་རྩ་ཆེན་པོ་རེད་། མི་ལུས་རིན་པོ་ཆེ་འདི་ལ་བརྟེན་ནས་ཡང་དག་པའི་སྙིང་བོ་ཞིག་ལེན་དགོས་པ་རེད་། མི་ལུས་རིན་པོ་འདི་འཚོ་དགོས་པ་རེད་། ལྷག་པར་དུ་ཁྱེད་དཔའ་བོ་དཔའ་མོ་ཚོའི་སྐུ་ཚེ་འཚོ་ཞིང་བཞུགས་ནས་བོད་དོན་བསྒྲུབ་དགོས་པ་རེད་། རང་སྲོག་མ་གཅོད་རོགས། གུས་པས་སྙིང་ནས་ཞུ། ངའི་སྙིང་ཐག་པ་ནས་ཞུ་བ་ཡིན་། བོད་ཀྱི་བླ་ཆེན་ཚོས་བོད་མི་ཡོངས་ལ་རང་སྲོག་མི་གཅོད་པའི་ཐབས་ལམ་ཡག་ཤོས་ཤིག་བསྟན་རྒྱུ་སྙིང་ཐག་པ་ནས་ཞུ། ངའི་གོ་ཐོས་ལ་བོད་མི་ཁ་ཅིག་གིས་བཤད་དོན་། རང་སྲོག་བཅད་པས་བོད་དོན་ལ་གྲུབ་འབྲས་ཆེན་པོ་མ་ཐོབ་ཀྱང་འཛམ་གླིང་དུ་ཁྱབ་བསྒྲགས་འགྲོ་བར་མ་ཟད་རྒྱལ་སྤྱིའི་གནོན་ཤུགས་སྤྲོད་ངེས་རེད་ཅེས་ཟེར་མཁན་འདུག ཁོ་བོས་དཔྱད་ན་དམར་ཤོག་ཚོ་ཞེད་སྣང་སྐྱེ་ཡུལ་དངོས་ནི་རྒྱ་ནག་ནང་ཁུལ་ཀྱི་འབངས་གྱེན་ལྡོག་གམ་རྒྱ་ནག་མི་དམངས་ཀྱིས་གནོན་ཤུགས་རེད་མ་གཏོགས་རྒྱལ་སྤྱིའི་མ་རེད་། རྒྱ་ནག་ནང་ཁུལ་གྱི་ཆབ་སྲིད་བརྟན་པོ་ ཡོད་ན་རྒྱལ་སྤྱིའི་གནོན་ཤུགས་ཀྱིས་རྒྱ་ནག་ནང་ལ་འགྱུར་བ་གང་ཡང་གཏོང་ཐུབ་ཀྱི་མ་རེད་། དཔེར་ན་ན་བྱང་ཀོ་རའི་ཡ་ལྟོས་ན་གསལ་བོ་རྟོགས་ཐུབ། བྱང་ཀོ་རའི་ཡའི་ཆབ་སྲིད་ཀྱི་ལམ་ལུགས་རྒྱ་ནག་ལས་ཆེས་སྡིག་པ་རེད་། ཡིན་ཡང་རྒྱལ་ཕྲན་འདི་ལྟ་བུ་ཞིག་ལ་རྒྱལ་སྤྱིའི་གནོན་ཤུགས་ཀྱིས་འགྱུར་བ་གཏོང་མ་ཐུབ་ན་རྒྱ་ནག་ལྟ་བུ་ཞིག་ལ་སྨོས་མ་དགོས་སོ། དེས་ན་ང་ཚོས་རེ་བ་བྱེད་ས་གཙོ་བོ་རྒྱ་ནག་མི་དམངས་ཡིན་ནམ་ཅེ་ན་དེ་ཡང་མ་ཡིན་། ཁོང་ཚོའི་ནང་ཁུལ་ལ་ཆབ་སྲིད་ཀྱི་ལྟ་བ་མ་མཐུན་པ་ཅི་ཞིག་བྱུང་ཡང་བོད་ལ་རང་བཙན་སྟེར་མིན་ཐད་ལྟ་བ་གཅིག་མཐུན་རེད་། རྒྱུ་མཚན་གང་ཡིན་ཞེ་ན་རྒྱ་མི་རིགས་འདི་ལ་རྒྱའམ་ཞེན་ཕྱོགས་ཧ་ཅང་ཆེན་པོ་ཡོད་པའི་མི་རིགས་ཤིག་རེད་། དེས་ན་ང་ཚོར་རེ་བ་གཏན་ནས་མེད་དམ་ཅེ་ན་། བོད་ལ་རང་དབང་ཐོབ་པའི་དུས་ཤིག་ངེས་པར་དུ་ཡོད་པ་རེད་། དེ་ནི་རྒྱ་ནག་དམངས་གཙོ་ལ་འགྱུར་བའི་སྐབས་རེད་། ཇི་སྲིད་རྒྱ་ནག་དམངས་གཙོ་ལ་མ་འགྱུར་དེ་སྲིད་དུ་བོད་ལ་རང་བཙན་ཐོབ་མི་སྲིད་དོ་། མི་རིང་བར་རྒྱ་ནག་དམངས་གཙོ་ལ་འགྱུར་བར་ཤོག་ཅིག །ཅེས་པ་འདི་ནི སྤྱི་ལོ ༢༠༡༢ ཟླ་དྲུག་པའི་ཚེས ༢༡ ཉིན་ཨ་རིའི་གྲོང་ཁྱེར་ཞིག་ཏུ་རྟ་བདུན་དབང་བོས་བོད་ཀྱི་དཔའ་བོ་དཔའ་མོ་ཚོར་སྙིང་ནས་འབོད་སྐུལ་ཞུ། །
རྟ་བདུན་དབང་པོ་ལགས་ ་first I say thanks verymuch བདག་གིས་ད་ལྟར་བར་དུ་་ཉི་མ་རེ་ལ་་་དུས་བབ་་་ཁ་ཁ་བརྡ་་་བང་ཆེན་་་བོད་གཞུང་དྲ་རྒྱ་་ཕ་ཡུལ་་སོགས་གང་ལྟར་བོད་ཀྱིས་གནས་ཚུལ་ཉི་མ་རེ་ལ་ཐེན་གཉིས་གསུམ་མ་ཆད་ལྟ་གི་ཡོད་་ཡིན་ཀྱང་ད་ལྟར་བ་དུ་ཁྱེད་འདྲ་པོས་དངོས་ཡོད་ཀྱིས་གནས་ཚུལ་ཤེས་པ་བོད་མི་མང་ལ་སློབ་གསོ་ཡག་པོ་གནང་བ་མ་མཐོང་་དེ་ལྟར་གསུང་པ་དེ་ལ་ཐུགས་རྗེ་ཆེན་་ཁྱེད་ཀྱིས་གསུང་པ་དེ་ལ་བདག་གིས་ངོས་ལེན་ཧ་ཅང་ཡག་པོ་ཡོད་་་་དེ་སྔོན་བོད་དོན་ཁྱེད་དུ་་རང་ལུས་མེ་སྲེད་གཏང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་་་་་རྗེས་སུ་དེ་ལྟར་རང་སྲོག་གཏང་བ་རྩ་བ་ནས་བྱེད་མི་ཉན་ བོད་ཀྱིས་དོན་དུ་གང་བྱེད་ན་ཐུགས་རྗེ་ཆེ་་་རང་ལུས་མེ་སྲེད་དེ་ག་དུས་ཡིན་ཡང་མ་གཏང་རོགས་ཞུ་་་བུ་ང་འདྲ་པོ་ཡོན་ཏན་མེད་ཀྱང་
རང་སྲོག་རང་གི་ལེན་པ་དེ་ནོར་འཁྲུལ་ཡིན་པ་ཤེས་ཀྱི་ཡོད་་་་་
སྤུན་ཟླ་སྐལ་བཟངས་ལགས། ངའི་སྔོན་ནས་འདི་ལྟ་བུ་ཞིག་འབྲི་རྒྱུ་འདུན་པ་ཡོད་ཀྱང་། ངའི་གློག་ཀླད་ནང་དུ་བོད་ཡིག་རྒྱག་མ་ཐུབ་པས་ད་བར་དུ་ལུས་པ་རེད་། ད་དུང་བོད་ཀྱི་དུས་བབས་ནང་འཇོག་མ་ཐུབ་པར་ལྷག་ཡོད་། གལ་ཏེ་སྐུ་ཉིད་ནས་བོད་ཀྱི་ནང་དུ་འཇོག་ཐུབ་ན་ཐུགས་རྗེ་ཆེ་ཞུ། །
འོ་ཡ། སྟོན་པ་ཐུབ་པའི་དབང་པོས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་སྟག་མོར་ལུས་སྦྱིན་གནང་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་གནང་པ་དེ་ཡང་བླུན་པོ་འུ་ཐུག་གི་ལམ་ཁ་ལས་རྣམ་དཔྱོད་ཅན་ཞིག་མིན་པ་རེད།
དེ་ལས་ཁྱེད་རང་རྣམ་དཔྱོད་ཆེ་བ་ཡིན་གྱི་རེད། ཁྱེད་ཀྱིས་སྙིང་རྗེས་དབང་གིས་ཕྱིས་སུ་རང་བསྲེག་མ་བྱེད་རོགས་ཟེར་བ་ཧ་ཅང་ཡག་པོ་རེད། འོན་ཀྱང་རང་སྲེག་གནང་ཟིན་པའི་དཔའ་བོ་དཔའ་མོ་རྣམས་ལ་མཐོང་ཆུང་དང་དམའ་འབེབས་ཀྱིས་བླུན་པོ་འུ་ཐུག་གི་ལམ་ཁ་ལས་རྣམ་དཔྱོད་ཅན་མ་རེད་ཅེས་བཤད་ན་ཁོང་ཚོའི་སེམས་པ་དང་ཤུལ་ལུས་ནང་མི་རྣམས་ཀྱིས་ཇི་ལྟར་བསམ་གྱི་རེད། ངས་ལྟར་ན་རང་སྲོག་གཅོད་པ་འདི་ལ་མཐའ་གཅིག་ཏུ་ཡག་མཐའ་དང་སྡུག་མཐའ་གཅིག་ཏུ་སྐྱེལ་རྒྱུ་མེད་པ་ཀུན་སློང་གི་ཆ་ནས་ཡག་སྡུག་གཉིས་ཀ་ཡོང་ཆོག་པ་ཞིག་རེད་འདོད། བོད་ནང་དུ་རང་སྲེག་གནང་མཁན་ཚོའི་ཀུན་སློང་ནི་འཛམ་གླིང་ཞི་བདེ་དང་བོད་བསྟན་པ་ཆབ་སྲིད་དང་རྒྱལ་བ་བོད་དུ་གདན་པའི་ཆེད་དུ་ཡིན་པས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ཞིག་ཡིན་པ་རྨོས་མི་དགོས་པ་ཞིག་རེད།
༄། ། སྐལ་བཟང་ལགས
བོད་སྤྱི་ལ་ཕན་པའི་སྐད་ཆ་དྲང་མོ་བཤད་མཁན་བྱུང་ན་་དོལ་རྒྱལ་དང་རྒྱ་མི་སོ་པ་ཟེར་གི་ཡོད་རེད་
དེ་བྱེད་ནས་དངོས་ཡོད་གནས་ཚུལ་ཤེས་མཁན་མང་ཀྱང་བཤད་མཁན་ཉུང་ཉུང་རེད་
ང་རང་ཡང་རྟ་བདུན་དབང་པོ་ལ་རྒྱབ་སྐྱོབ་ཡོད་ཁོང་གི་གསུང་པ་དེ་བདེན་པ་རེད་
བོད་ལ་བདེན་མཐའ་གསར་བ་ཤོགས
ལོག་སྨྲ་ཚར་གཅོད་ལགས་
་མི་ངན་ཁྱེད་འདྲ་པོ་ཁ་ཡག་ཁུང་ནག་ཁ་ཤས་ཀྱིས་་ང་ཚོས་བོད་མི་རྣམས་
ལ་སློབ་གསོ་རྒྱབ་རྒྱུ་དང་ཞུ་བ་འཐེན་རྒྱུ་མེད་པ། ཁྱེད་མེ་ལ་སྲེད་རྒྱུ་ལ་དགའ་པོ་ཡོད་
ན་ཁྱེད་ཀྱ྄ིས་ནང་མི་ཕ་མ་རྣམས་མེ་ལ་སྲེད་། ང་རང་ཚོ་བོད་ཀྱིས་ན་གཞོན་ཤེས་ཡོད་
ཅན་མ་འཆི་ན་དགའ་གི་འདུག
ལོག་སྨྲ་ཚར་གཅོད་ལགས། ངས་ལྟོས་ནས་མཆོག་ནས་སྦྱིན་པ་བཏང་བ་དང་རང་སྲོག་བཅད་པ་གཉིས་ཀྱི་ཁྱད་པར་དང་ཕན་ཡོན་དགོངས་ཀྱི་མེད་པ་འདྲ་། བདག་ཅག་གི་སྟོན་པའི་སྐྱེ་རབས་ཤིག་ལ་སྐུ་ཁྲག་སྦྱིན་པ་བཏང་བ་ལས་སྐུ་སྲོག་བཅད་པ་མ་རེད་། འདི་ནི་ཆེས་མཆོག་ཏུ་ཕྱིན་པའི་སྦྱིན་པ་རེད་མ་གཏོགས་སྲོག་བཅད་པ་མ་རེད་།
རྒྱལ་སྲས་མཆོག་གིས་སྙིང་རྗེའི་མ་བཟོད་པར་སྟག་གི་མདུན་དུ་ཉལ་བས་སྟག་མོར་ལངས་རྒྱུ་ནུས་པ་མེད་པས་ཟ་མ་ཐུབ། དེ་ནས་ཤིང་གི་ཡལ་ག་ཞིག་གིས་སྐུ་ལུས་ལས་ཁྲག་བྱུང་བ་རེད་མ་གཏོགས་སྐུ་སྲོག་བཅད་ཡོད་པ་མ་རེད་། །
གཞུང་ཆེན་མོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་སྐབས། སོར་སྐྱེའི་བྱང་ཆུབ་སེམས་དཔའི་སྐུ་ལུས་སྦྱིན་པ་གཏོང་བ་དམིགས་པ་ལས་དངོས་སུ་གཏོང་མི་རུང་། རྒྱུ་མཚན་ནི་ས་མ་ཐོབ་པའི་སོར་སྐྱེའི་ཚོས་གལ་ཏེ་སྐུ་ལུས་སྦྱིན་པ་བཏང་ན་འགྱོད་པ་སྐྱེ་སྲིད་པའི་ཕྱིར་རོ་། དེ་ན་རང་ཅག་རྣམས་ལ་སྨོས་མ་དགོས་སོ། ལྷག་པར་དུ་སྐུ་ལུས་མེ་སྲེག་བཏང་བ་རང་སྲོག་བཅད་པ་ལས་སྦྱིན་པ་མ་ཡིན་ནོ་། སྦྱིན་པ་དང་རང་སྲོག་བཅད་པ་གཉིས་ཀྱི་ཁྱད་པར་མཁྱེན་རོགས་ཞུ། རྒྱུ་མཚན་འདི་ལ་བརྟེན་ནས་རང་སྲོག་མ་གཅོད་རོགས། ཁོ་བོས་སྙིང་ནས་ཞུ། །
གྲོགས་པ་ཀརྨ་ལགས། ངའི་བྲིས་བསམ་པ་དེ་ཁྱེད་ཀྱིས་བྲིས་ཚར་འདུག
གང་ལྟར་ཁྱེད་གཉིས་རྩོད་རྒྱག་མི་དགོས། རྟ་བདུན་དབང་པོས་བྲིས་པའི་རེ་བ་འདིའི་ནང་ཡག་པོ་བལྟས་ན་དམར་པོ་ལ་དགོས་པའི་དོན་ཚན་མང་པོ་འདུས་འདུག ཟ་བཅད་ངོ་རྒོལ་འདྲ་དང་། ཞི་བའི་གོམ་བགྲོད་འདྲ་བོ་ཤ་སྟག་ད་ལྟའི་བར་དུ་བྱས་དང་བྱེད་བཞིན་པ་རེད་བ། འདིའི་བོད་ཀྱི་རྩ་དོན་ལ་ནུས་པ་ཐོན་སོང་བས། མི་རིགས་དང་རྒྱལ་ཁབ་ཅིག་ལེན་རྒྱུ་ལ་མི་རབས་གཅིག་རྫོགས་ལ་ཉེ་བའི་ངོ་རྒོལ་དང་སྤོབས་པ་ཞིག་མེད་ན། དུས་ནམ་ཡང་རང་དབང་ངང་གཞིས་བྱེས་མཉམ་འཛོམས་ཐོག་བདེ་སྐྱིད་ཀྱིས་འཚོ་བ་སྐྱེལ་རྒྱུ་ཡོང་མི་སྲིད་པ་ཞིག་རེད།
རྟ་བདུན་དབང་པོ་ལགས། ང་ནི་ཡིན་ཙམ་མིན་ཙམ་བཤད་མཁན་དེ་འདྲ་མིན། འཕགས་པ་གསེར་འོད་དམ་པའི་མདོ་ལས་བུ་སྟག་ཕྲུག་ལྔས་ཟས་ཏེ་དབུ་སྐྲ་དང་སྐུ་རུས་ཅུང་ཙམ་ལས་མཐོང་རྒྱུ་མེད་པར་ཨ་མས་བུ་གྲོངས་པའི་གནས་ཚུལ་ཐོས་མ་ཐག་དྲན་མེད་དུ་རྒྱལ་བ་སོགས་གསལ་ཐག་ཆོད་ཀྱི་ལོ་རྒྱུས་ཀྱི་ཁུངས་ལྡན་ཡོངས་གྲགས་ཡོད་བཞིན་དུ་རང་གི་འདོད་ཕྱོགས་དང་མི་མཐུན་ཚེ་འཁོྱོག་བཤད་བྱེད་ན་རང་ཉིད་སྐྱ་ལོ་ཆགས་རྒྱུ་ལས་ཡིད་ཆེས་བྱེད་མི་དཀོན་ནི་རེད། འཕགས་པ་སྤྱན་རས་གཟིགས་ཀྱིས་གང་ཡང་མ་གསུངས་པ་དེ་ལས་ཁྱེད་རང་སྙིང་རྗེ་ཆེ་མདོག་མ་བྱེད། བོད་མི་རིགས་འདི་ལ་རང་དབང་དང་ཐོབ་ཐང་ངོ་མ་དགོས་ན་ད་དུང་མི་བརྒྱ་དང་སྟོང་གི་མི་ཚད་པ་ཁྲི་དང་འབུམ་གྱི་སྲོག་གི་འགྲོ་སོང་གཏོང་དགོས་པའང་ཆགས་སྲིད། ཕྱིར་འཐེན་མ་བྱེད། ཆབ་སྲིད་ཀྱི་འཐབ་རྩོད་མི་བྱེད་ན་གནས་ཚུལ་ཁག་ཁ་རེད། བྱེད་དགོས་ན་དཔའ་ཞུམ་ནས་ངང་སྒུག་བྱས་ཏེ་བསྡད་ན་སུས་ཁྱེད་ལ་རང་དབང་སྦྱིན་པ་གཏོང་མཁན་མེད་ལ་ཆང་ལྟ་བུ་དུས་ཚོད་ཟིན་དུས་ལངས་ནས་ཡོང་བ་ཞིག་མིན་པས་དགོངས་མངའ་ཡོད་པ་ཞུ།
མི་ལ་རང་སྲོག་གཅོད་དགོས་ཞེས་བརྗོད་ཐབས་མེད་ཀྱང་། ཁོང་རྣམས་པའི་བློས་བཏང་ནི་དོན་མེད་དང་ནུས་མེད་མ་ཡིན་པ་བརྒྱ་ཆ་༡༠༠རེད། དེས་ན་གོང་གི་རྩོམ་དང་མཆན་བུ་བ་རྣམས་ཀྱིས་གསུངས་པ་རྣམས་ནི་དཔའ་བོ་ཚོའི་བློས་བཏང་ལ་མཐོང་མ་བཞག་པའི་སྐད་ཆ་རང་རེད། སོ་སོ་ལ་ངོ་མ་རང་སྲོག་གཏོང་བའི་སྙིང་སྟོབས་མེད་ན་ཡང་གཞན་གྱི་བླ་སྟོབས་ལ་མཐོང་ཆུང་དང་དགེགས་ནམ་ཡང་བྱེད་མི་རུང་བ་ཞིག་རེད། རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ནི་རྩོད་ནས་རྒྱལ་བ་ལས་སྒུག་ནས་རྒྱལ་བ་ལོ་རྒྱུས་ལ་བྱུང་མྱོང་མེད་པ་རེད། དེ་བཞིན་ད་ལྟ་རྒྱལ་ཁ་ཐོབ་པའི་མི་རིགས་རྣམས་ཀྱང་མི་འབུམ་ཕྲག་མང་པོའི་བློའི་བཏང་ལས་བྱུང་བ་ཡིན་པ་ཤེས་དགོས། ང་ཡང་དཔའ་བོ་རྣམས་པའི་བླ་ོ་སྟོབས་མེད་ན་ཡང་ཁོང་རྣམས་པའི་མཛད་རྗེས་ལ་ཡིད་རངས་དང་གུས་ཞབས་ཞུ་བཞིན་ཡོད་དོ།།
ཀརྨ་མ་ལགས། ངས་ཤི་བ་གསོན་པ་གཉིས་ཀྱིས་གང་གིས་བོད་མི་རིགས་འདི་ལ་ཕན་ཆེ་བ་བསམ་བློ་གཏང་ནས་གལ་སྲིད་རང་སྲོག་གཏོང་བ་དེས་ཕན་པ་ཆེ་བ་མཐོང་ནས་སྐབས་དང་དུས་ལ་བབས་ན་གཏོང་རྩིས་རང་ཡིན་པ་ལས་ཁྱེད་ལྟ་བུ་རྡར་མ་དེ་འདྲ་མིན། ཁྱེད་ནི་འགག་དོག་ས་སླེབས་དུས་ཕྱིར་འཐེན་བྱེད་མཁན་གྱི་མི་བུའི་རིགས་ཤིག་རེད་འདུག
རྟ་བདུན་དབང་པོས་ལེགས་པོ་བཤད་འདུག གཞན་ཕན་ལྷག་བསམ་གྱི་སྐད་ཆ་ཞེས་པ་འདི་འདྲ་ཞིག་ལ་བརྗོད་ན་ཆོག དེ་མིན་བོད་རང་གིས་རང་ཕུང་བའི་ངན་སྐུལ་ཚོགས་པ་ལ་ཡིད་ཆད་ཡོད།
ཁྱོད་ཚོ་ཨ་རིར་སྡོད་མཁན་མང་པོ་ཞིག་ནུབ་ཕྱོགས་པའི་དགེར་གཙོ་རིང་ལུགས་ཀྱི་ཤུགས་རྐྱེན་ཐེབ་པ་ཡིན་ནམ། གང་ལྟར་ཨ་སྒོར་དང་རང་ཉིད་ལས་གཞན་ཅི་ཡང་མིི་དགོས་པ་ལྟ་བུ་ཞིག་ཆགས་འདུག བོད་ནང་གི་བོད་མི་ཚོས་ཅི་ཞིག་གི་ཆེད་དུ་རང་ལུས་མེར་བསྲེགས་བཏང་གི་ཡོད་པ་ཤེས་སམ། ཁོང་ཚོས་གཅིག་ནས་བོད་མི་ས་ཡ་དྲུག་གི་རང་དབང་དང་། བོད་ཀྱི་ཆོས་དང་རིག་གཞུང་གི་ཆེད་དུ་དང་། གཉིས་ནས་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ཀྱི་འོག་ལ་སྡུག་བསྔལ་མ་བཟོད་པར་འུ་ཐུག་ཐབས་ཟད་ཀྱིས་འདི་ལྟར་བྱས་པ་ལས། དོན་དག་ཆུང་ཆུང་ཞིག་དང་སྡུག་བསྔལ་ཆུང་ཆུང་ཞིག་མ་བཟོད་པར་འདི་ལྟར་བྱས་པ་མ་རེད། དོན་དག་འདིའི་འབྱུང་རྩ་ངོ་མ་ནི་རྒྱ་གཞུང་གི་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་བཟོ་བའི་སྲིད་ཇུས་དང་། རང་དབང་ཏིལ་འབྲུ་ཙམ་མེད་པའི་དྲག་གནོན་ལ་ཐུག་ཡོད་པས། ལས་འགུལ་འདི་མཚམས་འཇོག་དགོས་ན། ཁྱེད་ཚོས་རྒྱ་གཞུང་གི་གདུག་རྩུབ་སྲིད་ཇུས་འདི་མཚས་འཇོག་བྱེད་ཆུགས་དང་དེ་ནས་ལས་འགུལ་མཚམས་འཇོག་གྱིས་ཞེས་བཤད་ན་ལན་པོ་རེད། དེ་མིན་རང་ཉིད་རང་དབང་ཆ་ཚངས་ཡོད་པའི་ལུང་པ་ཞིག་ལ་སྡད་ནས། རང་དབང་གཏན་ནས་མེད་པའི་བོད་ནང་གི་བོད་མི་ཚོར་མེར་བསྲེགས་ལས་འགུལ་མཚམས་འཇོག་གྱིས་ཞེས་བཤད་པ་ནི་ཧམ་པ་ཆེ་དྲག་མིན་ནམ། མ་གཞི་འཛམ་གླིང་སྟེང་གི་རླབས་ཆེན་གྱི་མི་སྣ་དག་ནི་མི་རིགས་དང་རྒྱལ་ཁབ་འགྲོ་བ་མི་སྤྱི་ཡི་ཆེད་དུ་ཡོད་ཚད་བློས་གཏོང་བྱས་ནས་བྱུང་བ་ལས། དགེར་དོན་ཁོ་ན་སྒྲུབས་ནས་བྱུང་བ་གཅིག་ཀྱང་མེད་པས། བོད་སྤྱི་དོན་དུ་རང་སྲོག་བློས་བཏང་མཁན་རྣམས་ནི་རླབས་ཆེན་དང་གཟི་བརྗིད་ཅན་ཡིན་པ་ལས། ཁྱོད་ཚོ་མི་ཁ་ཤས་ཀྱིས་བཤད་པ་ལྟར་ལྐུགས་པ་དང་བླུན་པོ་ནམ་ཡང་མིན་ནོ། དེ་ལས་ལྡོག་སྟེ་རང་ཉིད་དང་སྒོར་མོ་ལས་གཞན་ཅི་ཡང་མི་བསམ་མཁན་ཁྱོད་ཚོ་ནི་བླུན་པོ་མཐར་ཐུག་པ་དེ་རེད་དོ།
ལུང་རྟོགས་ལགས་བདེན། དེ་སང་མི་བྱབ་ཆུང་ཁ་ཅིག་གིས་བོད་ནང་གི་དཔའ་བོ་ཚོ་ཡི་བསམ་གྱིས་མི་ཁྱབ་པའི་བློས་བཏང་ལ་ནོར་འཁྲུལ་ཅན་དུ་བརྗོད་པ་ནི་ངོ་མ་ངོ་ཚ་དགོས་པ་རེད། ཁོང་རྣམས་པ་ཚོ་སོ་སོའི་སྲོག་གི་རིན་ཐང་མི་ཤེས་པ་ག་ལ་ཡིན།
མི་སུ་གང་ཡིན་ཡང་རང་སྲོག་མ་གཅོད་པ་ཞུ་། མི་ལ་ཞུ་བ་རྒྱབ་་རང་གིས་དམ་བཅའ་ལེན་་་
རང་སྲོག་རང་གིས་དུས་ནམ་ཡང་མ་ལེན་པ་ཞུ་ཞུ་ཞུ་།
Kisiki Juan lena khiladi kudkhushi kar na anari
རྟ་བདུན་དབང་པོ་ལ་རྒྱབ་སྐྱོར་ཡོད
རྟ་བདུན་དབང་པོའི་གསུང་ལ་མངོན་པར་བསྟོད། རང་སྲེག་གཏོང་མཁན་རྣམས་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་རྗེས་སུ་ཡི་རང་ཞུ། འོན་ཅང་ད་ལྟའི་སྐབས་འདིར་རང་སྲེག་གིས་རྒྱ་ནག་གི་ཆབ་སྲིད་ལ་གཡོ་འགུལ་མི་ཐེབས་ཁོ་ཐག་རེད། དེ་ལས་ཐབས་ལམ་གཞན་ཞིག་འདེམས་ཏེ་གོ་སྐབས་བྱུང་ན་མ་འོངས་པར་རྒྱལ་ཁ་ཐུབ་པའི་རེ་བ་ཞིག་ཡོད་པ་བཟོ་དགོས། ཐབས་ལམ་ཡག་ཤོས་ཤིག་ནི་མི་རིགས་འདི་རྒྱུན་གནས་ཡོང་ཐབས་དེ་རེད།སྐད་ཡིག་དང་རིག་གཞུང་ཟུང་འབྲེལ་ཐོག་འབད་ན་དེ་གཉིས་གཅིག་ཕན་གཅིག་གྲོགས་ལ་འགྲོ་སྟེ་འུ་ཚོས་རེ་བས་ནམ་ཟླ་གཞན་ཞི་སྒུག་ས་ཞིག་ཡོང་སྲིད། སྐད་ཡིག་རྒྱ་སྐྱེད་གཏོང་རྒྱུའི་འོས་འགན་དེ་མི་རེ་ངོ་རེ་ལ་ཡོད་ནའང་སློབ་གྲྭ་ཁག་ལ་དམིགས་གསལ་གྱི་འགན་ཁྲི་ཞིག་ཡོད་དེ་ཁྱོད་ཀྱི་མི་ཚེ་འདུན་ལམ་ཁ་གང་དུ་ཕྱོགས་མིན་སློབ་གསོ་རག་ལས་ཁྱོད་ཀྱི་སློ་གསོ་ཐོབ་ཁུངས་དེ་སློབ་གྲྭ་ནས་ཡིན། སློབ་ཕྲུག་ཇི་ལྟར་ཆགས་མིན་དེ་དགེ་རྒན་ལ་ཐུག་ཡོད་ཀྱང་ཕ་མའི་ཤུགས་རྐྱེན་དེ་དགེ་རྒན་ལས་ཀྱང་ཆེ། སློབ་ཚན་འཛིན་རིམ་བཅུ་གཉིས་བར་དུ་བོད་ཡིག་དགོས་པ་མ་ཟད་ བོད་ཡིག་གི་ཡིག་ཚད་ཁག་རུ་བགཏོང་དགོས། ད་དུང་ཡང་ཧི་མ་ལ་ཡའི་རིགས་བརྒྱུད་གང་སར་བོད་ཡིག་འཛིན་གྲྭ་འཛུག་ཐབས་ལ་འབད་དགོས། བོད་ཡིག་གི་ཁྱབ་ཁུངས་གང་སར་རིགས་གཞུང་གཅིག་པའི་འདུ་ཤེས་ཆེ་རུ་གཏོང་བའི་སློབ་གསོའི་ལས་འགུལ་སྤེལ་དགོས། ལྷག་དོན་དུ་རྒྱལ་ཁབ་གཅིག་མིན་རུང་མི་རིགས་དང་ཤ་རུས་གདུང་བརྒྱུད་གཅིག་པ་རྣམས་ལ་སྤུན་ཟླའི་ཚོར་ཤུགས་ཆེ་རུ་གཏོང་ཆེད་སློབ་གསོ་སྤེལ་དགོས། ཆོས་ལུགས་དང་ལམ་ལུགས་གང་འདྲ་ཡིན་རུང་ལྷ་ཅི་ཞིག་རྟེན་རུང་རང་ཕྱོགས་ནས་བར་ཐག་འགྱང་བཅུག་མི་རུང་བར་མ་ཟད་དགྲ་ཡིན་རུང་རང་ཕྱོགས་སུ་འགུགས་ཐབས་ལ་བརྩོན་དགོས།
འོ་ཡ་ད། གོང་དུ་པད་མ་ཟེར་མཁན་དེས་ང་ཚོ་ཚང་མ་ངན་སྐུལ་ཚོགས་པ་རེད་ཟེར། ཁོས་ཟེར་སྟངས་ལ་བལྟས་ན་ཏྭ་ལའི་རུ་ཚོགས་ཀྱིས་རང་བསྲེག་གི་ངན་སྐུལ་བྱས་པ་རེད་ཟེར་བའི་གུང་ཁྲན་གྱི་སྐད་ཆ་ངོ་མ་དེ་ཐོན་ཐལ།
ང་ཚོས་དུས་ནམ་ཡང་རང་སྲོག་གཅོད་དགོས་རེད་ཟེར་བ་དང་མེར་སྲེག་བྱེད་དགོས་རེད་ཟེར་ནས་ངན་སྐུལ་བྱས་མྱོང་མེད་ལ་རྗེས་སུ་བྱེད་མི་སྲིད། འོན་ཀྱང་རང་སྲེག་བྱས་པའི་བོད་ཀྱི་དཔའ་བོ་རྣམས་ལ་ཡི་རངས་དང་དོན་ཆེན་ཐོག་ཕན་རླབས་བྱུང་སོང་ཞེས་བསྔགས་བརྗོད་བྱེད་པ་ལས་བྱབ་ཆུང་དང་དོན་མེད་ཅིག་དུ་ནམ་ཡང་བརྩི་མི་རུང་ཞེས་ག་དུས་ཡིན་ཡང་བཤད་ཀྱི་ཡོད། ཁྱེད་ཚོའི་བློ་ངོར་སྔོན་ནས་ངན་སྐུལ་བྱས་པ་དང་རྗེས་སུ་ཡི་རངས་བསྔོ་སྨོན་བྱེད་པ་གཉིས་ཁྱད་པ་མ་ཕྱེས་པ་གཅིག་ཏུ་འདྲེས་འདུག་པས་གུང་ཁྲན་ཀླ་ཀློས་བལྟ་སྟངས་དང་གཅིག་པ་ཡིན་པ་བྱེས་སྡོད་བོད་མི་ཆེས་མི་ཉུང་བ་ཞིག་ཡོད་པ་ཡང་མངོན་ནོ།
རྟ་བདུན་དབང་པོ་ལགས། བཀའ་དྲིན་ཆེ། ངས་བསམ་པ་བོད་མི་ཚང་མ་རང་རྒྱལ་གཞན་ཕམ་དང་གཞན་ལ་ངན་བསྐུལ་བྱེད་མཁན་རྐྱང་རྐྱང་མི་འདྲ་བསམ་བཞིན་ཡོད། དེ་སྔར་་་ངས་ཀྱང་དེའི་སྐོར་མང་པོ་བཤད་མྱོང་ཡོད། གང་ལྟར་རང་གི་བསམ་ཆར་དགའ་པོ་ཡོད། ད་དུང་་་་མེ་དེ་བརྡ་རམ་ས་ནས་སྤར། འབར་ས་གངས་ཅན་བོད་ལ་རེད།།
ད་དུང་ཞུ་ཡག་གཅིག་ལ་་་་་ད་བར་རྒྱལ་བ་རིན་པོ་ཆེ་ནས་་་་་་ཤ་རུས་གཅིག་པའི་བོད་རིགས་སྤུན་ཟླ་མང་པོ་ཞིག་མ་ཤི་གསོན་པོ་མེར་སྲེགས་བཏང་པ་དེ་དག་ལ་་་་་རང་ཤི་མ་བརྒྱབ་ཡག་གི་བཀའ་སློབ་གཅིག་ཀྱང་མེད་པ་དེ་གང་ཡིན་ནམ?????
རྟ་བདུན་དབང་པོའི་གསུང་ལ་རྒྱབ་སྐྱོར་ཡོད། མཆན་བཏག་མཁན་ཁ་ཤས་ཀྱིས་འདི་རྒྱ་མིས་བཟོས་པ་རེད། སྡུག་གྱོང་དང་མནར་གཅོད་མ་བཟོད་པ་རེད། ཁོང་ཚོ་དཔའ་བོ་རེད། ས་ཡ་དྲུག་གི་རང་དབང་གི་ཆེད་དུ་རེད། རང་སྲེགས་ཟེར་བ་སླ་བོ་མ་རེད་སོགས་ཟེར་ནས་བཀའ་གྱོན་གནང་སོང་། དེ་ནི་ཡིན་དང་ཡིན་དེ་དེ་བཞིན་ནོ། རྟ་བདུན་དབང་པོས་ཀྱང་དེ་ངོས་ལེན་བྱེད་ངེས། འོན་ཅང་རྒྱ་ནག་གི་ཆབ་སྲིད་ཀྱི་གནས་བབ་དང་རྒྱལ་སྤྱིའི་དབང་ཚད་སོགས་གང་ལ་དཔག་ན་གདེང་ཚོད་མེད་པའི་འཐབ་རྩོད་ཞིག་གམ་གྲུབ་འབྲས་ཐོན་དཀའ་བ་ཡིན་པས་དེ་ལས་འཐབ་རྩོད་ཀྱི་ཐབས་ལམ་གཞན་ཞིག་གི་བཟང་བའི་དགོངས་ཚུལ་གནང་བ་རེད། ཁ་སང་ཆེད་རྩོམ་ཞིག་གི་ཁ་བྱང་དུ། ཤ་ཚ་བའི་གཏམ་ལ་སྙན་པོ་མེད་ཟེར། དེ་འདིའི་ཁ་བྱང་དུ་འོས་སོ།
ཡང་སྐྱར་གཅིག་ཞུ་འདོད་བྱུང་དགོངས་མ་ཚོམས། ལོགས་སྨྲ་ཚར་གཅོད་དེའི་ཕྱོགས་གཏོགས་དང་བཅས་པར་ཞུ་བྱ། ཁྱེད་ཚོས་གཏན་འདི་རེད། ༼ང་ཚོས་དུས་ནམ་ཡང་རང་སྲོག་གཅོད་དགོས་རེད་ཟེར་བ་དང་མེར་སྲེག་བྱེད་དགོས་རེད་ཟེར་ནས་ངན་སྐུལ་བྱས་མྱོང་མེད་ལ་རྗེས་སུ་བྱེད་མི་སྲིད།༽ཟེར་དེ་དངོས་གནས་ཡིན་ན། ༡༽བོད་ནང་དུ་རང་སྲེག་གནང་མཁན་ཚོའི་ཀུན་སློང་ནི་འཛམ་གླིང་ཞི་བདེ་དང་བོད་བསྟན་པ་ཆབ་སྲིད་དང་རྒྱལ་བ་བོད་དུ་གདན་པའི་ཆེད་དུ་ཡིན་པས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ཞིག་ཡིན་པ་རྨོས་མི་དགོས་པ་ཞིག་རེད། ༢༽འཕགས་པ་སྤྱན་རས་གཟིགས་ཀྱིས་གང་ཡང་མ་གསུངས་པ་དེ་ལས་ཁྱེད་རང་སྙིང་རྗེ་ཆེ་མདོག་མ་བྱེད། བོད་མི་རིགས་འདི་ལ་རང་དབང་དང་ཐོབ་ཐང་ངོ་མ་དགོས་ན་ད་དུང་མི་བརྒྱ་དང་སྟོང་གི་མི་ཚད་པ་ཁྲི་དང་འབུམ་གྱི་སྲོག་གི་འགྲོ་སོང་གཏོང་དགོས་པའང་ཆགས་སྲིད། ཕྱིར་འཐེན་མ་བྱེད། ༣༽རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ནི་རྩོད་ནས་རྒྱལ་བ་ལས་སྒུག་ནས་རྒྱལ་བ་ལོ་རྒྱུས་ལ་བྱུང་མྱོང་མེད་པ་རེད། དེ་བཞིན་ད་ལྟ་རྒྱལ་ཁ་ཐོབ་པའི་མི་རིགས་རྣམས་ཀྱང་མི་འབུམ་ཕྲག་མང་པོའི་བློའི་བཏང་ལས་བྱུང་བ་ཡིན་པ་ཤེས་དགོས།༽ཟེར། འདི་དག་ལ་བསྐུལ་སློང་ཟེར་བ་རེད། གཞན་སྐུལ་སློངས་ཟེར་བའི་མགོ་ལ་རྭ་ཅན་དང་སུག་ལ་རྨིག་པ་ཅན་ཞིག་ཡོད་མ་རེད། དངོས་གནས་བོད་ནང་གི་དཔའ་བོ་དཔའ་མོ་ཚོའི་དཔའ་རྟགས་འཇོག་སྟངས་ཏེ་ཁ་སྤོས་ན་ལེགས་པའི་བསམ་ཚུལ་ང་ལའང་ཡོད།
ངས་རྟ་བདུན་དབང་པོས་བཤད་པ་དེར་མོས་མཐུན་གཏན་ནས་མེད།
རྒྱུ་མཚན་དང་པོ། ཁྱོད་ཀྱིས ” ད་ལྟའི་ཆར་རྒྱ་ནག་མི་དམངས་ཕལ་མོ་ཆེའི་ཤེས་ཡོན་ཞན་པས་རྐྱེན་ཀྱིས་གུང་ཕྲན་ཏང་གི་ལྟ་ངན་མཁྲེགས་འཛིན་གི་ལམ་ལུགས་འདིར་མཐའ་གཅིག་ཏུ་སྡུག་པོ་ཡིན་པ་མཐོང་ཐུབ་ཀྱིས་མེད། ཅེས་བཤད་དེ་བདེན་པ་མ་རེད། རྒྱ་ནག་གི་མི་དམངས་དང་བོད་མི་དམངས་བར་ལ་ད་ལྟའི་གནས་སྐབས་སུ་ནང་ཆོས་ཕུད་པའི་ཤེས་ཡོན་ལྡབ་བཅུ་ལྷག་གི་རྒྱ་ནག་པ་ལཅཆེན་པོ་ཡོད་པ་རེད། དེའི་རྒྱུ་མཚན་ཡང་དེང་སང་འཛམ་གླིང་ནང་སྟོབས་ཆེན་རྒྱལ་ཁབ་མང་པོས་རྒྱ་ནག་ལ་བསྟུན་བཞིན་པ་མངོན་སུམ་གྱིས་གྲུབ་པས་རྣམ་དཔྱོད་ཀྱི་སྐད་ཆ་ཞིག་མ་ཡིན་པ་ཤེས་སླ། ཁྱོད་ཀྱིས་བཤད་སྟངས་ལ་དཔག་ན་ཁྱོད་ཨ་རི་ན་ཡོད་ས་མ་རེད་སྙམ། གལ་སྲིད་ཡོད་ནའང་ཟ་ཁང་གི་ལས་ཀ་མ་གཏོགས་འཛམ་གླིང་གི་གནས་ཚུལ་ཤེས་ཀྱི་མེད་འདྲ།
རྒྱུ་མཚན་གཉིས་པ། ཁྱོད་ཀྱིས ” དེས་ན་རྒྱ་རིགས་ཁ་ཤས་ཤིག་དང་གྲངས་ཉུང་མི་རིགས་ཁ་ཤས་ཤིག་གིས་ཇི་ལྟར་འཐབ་རྩོད་བྱས་ཀྱང་རེ་ཞིག་གྲུབ་འབྲས་འབྱུང་རྒྱུ་དཀའ། ཞེས་པ་ནི་ཀླད་མེད་ཀྱི་སྐད་ཆ་རང་རེད། ཧ་ཅང་ཚད་མཐོ་བའི་ཞི་བའི་ལས་འགུལ་སྤེལ་ནའང་གྲུབ་འབྲས་མི་འབྱུང་ན། རྒྱ་གཞུང་གིས་བོད་མི་རིགས་དང་རིག་གཞུང་ཚང་མ་མེད་པ་བཟོ་ཚར་ནས་ཁྱོད་ལ་གྲུབ་འབྲས་ཞིག་དང་བྱ་དགའ་ཞིག་རྒྱ་ནག་གི་འགོ་ཁྲིད་ག་གེ་མོ་ཞིག་སྤྲད་སྲིད་པ་རེད། དེང་སང་བོད་ན་རྒྱ་ནག་གཞུང་གི་ཆབ་སྲིད་ངན་པ་དབང་གིས་བོད་ནང་རྒྱ་ཡི་མི་སེར་སྤེལ་སྟངས་དང་བོད་ཀྱི་ཆོས་དང་རིགས་གཞུང་མི་རིགས་དང་བཅས་པ་མེད་པ་བཟོ་བཞིན་པ་ཁྱེད་ཀྱི་མཐོང་ལགས་སམ། ད་དུང་ཁྱོད་ཀྱིས”རང་སྲོག་མ་གཅོད་རོགས། རང་སྲོག་གཅོད་པའི་འཐབ་རྩོད་དེ་རྣམ་དཔྱོད་དང་ལྡན་པའི་ཐབས་ལམ་ཞིག་མ་རེད་” ཅེས་ཤེས་རྒྱ་ཡོད་མདོག་བསྟན་འདུག ཁྱེད་རང་ལྟར་ན་རྒྱ་གཞུང་གིས་བོད་མི་རིགས་རྒྱ་ཆ་གོ་བརྒྱད་མེད་པ་བཏང་ཚར་བའི་རྗེས་ལ་ཁྱོད་རྣམ་དཔྱོད་བཀོལ་འདོད་པ་དེ་སྟོང་བསམ་ཞིག་མ་རེད་དམ། ད་ལྟའི་བོད་མི་ཆགས་འཇིག་གནས་སྐབས་སུ་གཏམ་དཔེ་ལ། མར་མེ་རླུང་གིས་བསད་ན་འཛུམ་ཤིག་ཤིག གཏོར་མ་ཁྱི་ཡི་ཁུར་ན་འཛུམ་ཤིག་ཤིག་ལྟ་བུ་བསྡད་དེ་མི་བཤད་དགུ་བཤད་བཤད་པ་དེ་ཡ་མཚར་ཞིག་རེད།
རྒྱུ་མཚན་གསུམ་པ། ད་དུང་ཁྱོད་ཆོས་མི་ཤེས་པ་ཞིག་གི་ཆོས་པ་ཡིན་པའི་ཁུལ་གྱིས་”མདོར་ན་རང་སྲོག་གཅོད་མཁན་ཚོའི་ཀུན་སློང་ཀུན་ཡིན་ཀྱང་རང་སྲོག་གཅོད་པ་དེ་ནི་བླུན་པོ་འུ་ཐུག་གི་ལམ་ཁ་ཞིག་ལས་རྣམ་དཔྱོད་ཀྱི་རྩལ་ལས་བཏོན་པའི་ཐབས་ལམ་ཞིག་ཏུ་མཐོང་མ་སོང་། གཅིག་ནི་རང་སྲོག་བཅད་ན་རང་ཉིད་ལ་ཉེས་པ་ཆེན་པོ་འབྱུང་རྒྱུ་ཡིན་པ་གདོན་མི་ཟ་བ། ཞེས་བཤད་པ་ནི་ཆོས་པ་ཞིག་གིས་བལྟས་ན་དགོད་སྤྲོ་བའི་ཚིག་ཞིག་མ་ཡིན་ནམ། ཁྱོད་ལ་སྐྱེས་དམན་ངན་པ་ཞིག་དང་། ཡང་ན་འཇིག་རྟེན་ལ་ཞེན་ཆགས་ཆེ་བའི་སྟབས་ཀྱིས་རྣམ་དཔྱོད་ཀྱི་ཐབས་ལམ་དེ་འུ་ཐུག་གི་ཐབས་ལམ་དུ་མཐོང་བ་ཡིན་པ་ལས། བོད་ལ་ཤ་ཚ་བའི་གཏམ་ཞིག་མིན་པ་ནི། རྣམ་དཔྱོད་དང་ལྷག་བསམ་དགུང་དུ་འཕྱུར་བའི་བོད་མི་མེ་སྲེག་བཏང་ཟིན་པའི་ལས་འགུལ་བ་རྣམས་གཟིགས་ཟིན་པ་མ་ཡིན་ནམ། རང་སྲོག་དེ་སེམས་ཅན་དང་ཆོས་ཀྱི་དོན་དུ་བཏང་ན་དགེ་བ་ལས་ཉེས་པ་ཡོང་དོན་གཏན་ནས་མེད་དེ། རྗེ་བཙུན་བྱམས་པ་མགོན་པོས་མངོན་རྟོགས་རྒྱན་ལས། ཆོས་ཀྱི་དོན་དུ་སྲོག་བཏང་བ། ཞེས་སོགས་གསུངས་པ་དེ་རྒྱ་གཞུང་གི་བོད་ཀྱི་ལོ་རྒྱུས་རྫུན་བསྒྲིགས་ཀྱི་དཔེ་དེབ་གསར་བ་གཟོ་བཞིན་པ་ལྟར། ཁྱོད་ཅག་རིགས་གཅིག་ཀྱང་མངོན་རྟོགས་རྒྱན་གྱི་དཔེ་དེབ་རྫུན་མ་བཟོ་རྒྱུ་ནམ། ད་དུང་བཤད་རྒྱུ་མང་ཡང་དགོས་དོན་ཆེ་མེད་པར་དེ་ཙམ་ཡིན།།
དེ་ཆོས་ཀྱི་དོན་ཟེར་ནི་མ་རེད། མི་རིགས་ཀྱི་འཐབ་རྩོད་ཟེར་བ་དེ་རེད། བོད་མི་ས་དྲུག་གི་ལ་རྒྱའི་ཆེད་རེད། རྒྱལ་ཁབས་དང་རྒྱལ་ཁབ་ཀྱི་འགལ་ཟླའི་བསམ་བློའི་ཁྲོད་ནས་གྲོངས་བའི་རྒྱལ་གཅེས་པ་ཚོ་ཆོས་ཀྱི་དོན་དུ་སྲོག་བཏང་བ་ཡིན་པར་རྒྱལ་ཚབ་བྱམས་པའི་ལུང་གིས་སྒྲུབ་ཐུབ་ན་རྗེས་སུ་ཡིད་རིངས་ཡོད། གང་ཡིན་ཟེར་ན་འཛམ་གླིང་འཁྲུགས་ཆེན་དང་པོ་དང་གཉིས་པའི་སྐབས་ཀྱི་ཤི་ཚད་དེ་ལྟར་གྲོངས་བས་ཕྱིར། ད་ཉོག་གཏམ་མི་བཤད། སྐུ་མཁྱེན་རང་ས་ཆ་སྐྱིད་པོ་ཞིག་ནས་སྡད་དེ། ཅིག་ཅིག་ཉིས་ཉིས་བཟང་རབས་ཐུ་རབས་བཤད་ནས་སྐུལ་སློང་བྱེད་ཀྱི་མ་འདུག སྙིང་མི་རྗེ་ནས། ཁ་སང་ཤི་མ་གསོན་གྱི་རྙན་ཐུང་དེ་གཅིག་པུ་མཐོང་ན་དེའི་སྡུག་བསྔལ་དེ་ལ་བསམ་བློ་ཞིག་གཏོང་དང་། དེའི་ཐོབ་པའི་གྲུབ་འབྲས་ཤིག་ཚོལ་དང་། སྙིང་རྗེ། ཤ་ཚ། རང་གིས་ནི་མཛུབ་མོ་གཅིག་ཀྱང་མེར་སྲེག་མི་ཐུབ།།
འདོར་ན་འདིར་མེར་བསྲེགས་མ་གཏོང་ཟེར་མཁན་འདི་ཚོས་དངོས་སུ་ཁ་ནས་འདོན་མ་ནུས་པ་ལས། དོན་ལ་འཐབ་བརྩོད་བྱས་ན་རང་སྡུག་ལས་འབྲས་བུ་གང་ཡང་ཐོན་མི་སྲིད་པས་དེ་ལས་འཐབ་རྩོད་མཚམས་འཇོག་གྱིས་ཞེས་པ་དེ་རེད། འདི་དག་ནི་སྙིང་སྟོབས་གཏན་ནས་མེད་ཅིང་བསམ་བློའི་དཔལ་ཡོན་གྱིས་ཕོངས་པའི་མིའི་བཤད་སྟངས་ཤིག་རེད། ད་དུང་རང་དབང་ཨ་རྡུ་མན་ཡིན་ན་དེས་བོད་ནང་གི་མེར་བསྲེགས་ལས་འགུལ་དེ་སྡ་རམ་ས་ལ་ནས་སྐུལ་མ་བྱས་པ་ལྟ་བུ་དང་། གོང་ས་མཆོག་ནས་ལས་འགུལ་འདི་བཀག་འགོག་མ་གནང་བར་སྐྱོན་བརྗོད་ཀྱི་རྣམ་པ་སྟན་འདུག་པ་ནི་རྒྱ་གཞུང་གི་བཤད་སྟངས་དང་གཅིག་མཚུངས་ཡིན་པས་མི་འདི་རིགས་ལ་ངེས་པར་དུ་གཟབ་དགོས།
ཞེ་སྡང་གིས་ཀུན་ནས་མྱོས་ཏེ་རང་སྲོག་བཅད་ན་ཡག་པོ་མེད་ཚུལ་བཤད་པ་ཀློག་མཚམས་ཉོབ་ནས་འཇུག་ཏུ་མ་ཀློག་ཐུབ། ཞེ་སྡང་གིས་རང་སྲོག་བློས་བཏང་དང་གཞན་སྲོག་ལེན་ན་འཇུག་འབྲས་ཡག་པོ་མེད་པ་སུས་ལུང་བསྟན་པ་རེད། འཇིག་རྟེན་གྱི་དངོས་པོ་ཕལ་ཆེར་ཞེ་སྡང་དང་འཁོན་སེམས་ཀྱིས་ལག་ཏུ་ཐོབ་ཅིང་འཚོ་གནས་བྱུང་བ་བ་ལས་ཞེ་སྡང་དང་འཁོན་སེམས་མེད་པའི་མི་སུ་དང་ལུང་པ་གང་། རྒྱལ་ཁབ་ཅི་ཞིག་རྩ་བ་ཚུགས་ཤིང་གནས་ཐུབ་འདུག ཞེ་སྡང་དང་ཨ་ཤ་འཁོན། འཁོན་སེམས་དང་འགྲན་སེམས་མེད་པའི་མི་དང་ལུང་པ་ཞིག་འཇིག་རྟེན་འདིར་ཡུན་རིང་གནས་མི་ཐུབ། གནས་བ་ལྟ་ཅི་དེ་ལག་ལེན་བསྟར་མཁན་གྱི་མི་རིགས་ཀུན་ཀྱང་ཉམས་ནས་རྩ་མེད་དུ་འགྲོ་བཞིན་པས་ཡོད་པས་སྐད་ཆ་དེ་རིགས་ནུ་དུག་གི་སྡོང་པོ་ཡིན་པས་གཟབ་གལ་ཆེ། མིའི་རང་དབང་ནི་ཤ་འཁོན་དང་དྲང་བདེན། འགྲན་སེམས་དང་འདྲ་མཉམ་བཅས་སུ་བྲལ་ཐབས་མེད་པས་ཁྲིམས་ལུགས་ལ་སྙིང་རྗེ་མེད་པའི་སྐད་ཆ་བྱུང་བ་རེད། ཤ་ལན་ལ་ཤ་དང་། ཁྲག་ལན་ལ་ཁྲག རྐུ་ཀན་ནོར་བཅས་ལན་དགོས་བཟོད་དང་སྙིང་རྗེ་ཡིས་ཉེས་ཅན་རྒྱ་གཡེང་དུ་བཏང་བས་བོད་ཀྱིས་ས་གཞི་བརླགས་པ་བཞིན་འགྱོད་པ་ལྟ་ཡི་མི་བཟོད་ཅིག་ཡོང་རེད།
མི་འདི་ཚོས་རང་གི་ཁུག་མ་ནས་སྒོར་བརྒྱ་ཡང་གཞན་ལ་སྤྲད་མི་ཐུབ་པ་བཟོད་དང་གཞན་ཕན་ཟེར་ནས་སྐད་ཆ་མང་བ་དོན་གྱིས་ཁོང་གི་འཚོ་བ་དང་འབྲེལ་ཡོད་ཤས་ཆེ། དེ་མིན་ཡམས་རྒྱུགས་རེད།
Hi རང་གྲོལ་ལགས་་
ག་དུས་ཡིན་ཡང་ང་ཚོས་བོད་ལ་ཆོས་དང་སྲིད་མཉམ་འབྲེལ་ཀྱང་བྱེད་དགོས་པ་ག་རེ་ཡིན་ནམ་
ད་ལྟར་བོད་ཀྱིས་གནས་གཏང་་སྲིད་ཀྱིས་གནས་གཏང་རེད་བསམ་གྱི་འདུག
ག་སྲིད་ཆོས་ཀྱིས་གནས་གཏང་ཡིན་ན་རང་སྲོག་གཏང་མཁན་རྣམས་ཚེ་ཅིག་ལ་ཆོས་ལ་ཉམས་ལེན
བྱེད་ནས་རྗེ་བཙུན་མི་རས་པ་ལྟ་བུ་སེམས་ཅན་ལ་ཕན་པའི་འགྲོ་དོན་སྒྲུབ་ན་མ་འགྲིག་པ་གང་ཡོད་རེད་
དེ་འདྲ་སྙིང་སྟོབས་ཆེ་པོ་རེད་སོ་སོ་ལུས་ལ་མེ་པར་ཐུབ་མཁན་ཆོས་ཕྱོགས་སུ་བྱ་བ་དེ་བྱེད་ན་དེ་ལས་ཡག་པོ་
བྱེད་ཐུབ་པ་རེད་། མི་ཁྱེད་ཚོ་འདྲ་པོ་ངན་བསྐུལ་བྱེད་ནས་བོད་ལ་ད་ལྟར་གནས་གཏང་འདི་འདྲ་བྱུང་བ་རེད་་་སེམས་ཅན་
ཐམས་ཅད་བདེ་བ་དང་ལྡན་པ་གྱུར་ཅིག་་་སྡུག་བསྔལ་དང་བྲལ་བ་གྱུར་ཅིག་་་་་་་་་རང་སྲོག་ཤོར་བ་རྣམས་བདེ་ཅན་དུ་སྐྱེར་པ་ཤོགས་
རྒྱ་དམར་གཞུང་ནས་ཆོས་དུག་ལ་བརྩི་བ་མ་ཟད། བོད་རྒྱུད་ནང་ཆོས་ནི་བོད་མི་རིགས་རྩ་མེད་བཟོ་མི་ཐུབ་པའི་འགག་རྩ་ཡིན་པ་མཐོང་ནས། ནམ་ཡིན་རུང་དགོན་སྡེ་དང་གྲྭ་བཙན་ལ་སྡང་ཟུག་ཆེན་པོ་བྱེད་པ་མ་མཐོང་ངམ། གལ་སྲིད་བོད་ལ་རང་དབང་མ་ཐོབ་ན་བོད་ནང་ལ་རྒྱ་གཞུང་གིས་བོད་ཀྱི་ནང་ཆོས་རྩ་མེད་བཟོ་རྒྱུ་ཡིན་པ་ས་རིས་ཐང་གསལ་རེད། འདི་ལྟར་བསམ་བློ་བཏང་ན་བོད་དོན་འཐབ་བརྩོད་བྱས་པ་དེ་ཆོས་ཀྱི་ཆེད་དུ་མ་རེད་ཞེས་ཇི་ལྟར་བཤད་ཐུབ། གོང་ས་མཆོག་ནས་ཀྱང་བོད་དོན་འཐབ་བརྩོད་བྱས་པ་དེ་སྲིད་ཁོ་ནའི་ཆེད་དུ་མ་ཡིན་པར་ནང་ཆོས་ཀྱི་ཆེད་དུ་ཡང་ཡིན་ཞེས་གསུང་པ་མ་ཐོས་སམ།
ཆོས་ཀྱི་སྐད་ཆ་མ་བཤད་ནའང་མི་རིགས་ཞིག་མཚོན་ན་ལ་རྒྱ་དང་སྙིང་སྟོབས་ཆེན་པོ་ལོས་དགོས། འཇིག་རྟེན་ལ་ཆགས་ནས་བསྡད་ན་མི་རིགས་ལ་ལ་རྒྱ་དང་སྙིང་སྟོབས་རྣལ་མ་ཞིག་ཡོང་རྒྱུ་ཡོད་ནམ།
དེ་སྔོན་ང་རང་བོད་ལ་ཡོད་པའི་སྐབས་སུ། ངའི་གྲོགས་པོ་བློ་རིག་ཤིན་ཏུ་བཀྲ་བའི་ཆབ་སྲིད་བཙོན་པ་ཞིག་བཙོན་ཆད་ལས་གྲོལ་ཏེ་སྤྱི་ཚོགས་ཐོག་གི་ལས་གནས་སྟེང་ཐོབ་ཆ་ཞན་པའི་དཀའ་སྡུག་སྣ་ཚོགས་མྱོང་
བ་མཐོང་སྐབས། ངས་ཁོང་ལ་ཁྱེད་ནི་ཤེས་འཇོན་གཉིས་ལྡན་གྱི་བོད་མི་གཞོན་སྐྱེས་ལྷག་བསམ་ཅན་
ཞིག་ཡིན་པས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་རྒྱ་གར་དུ་འགྲོ་ཐུབ་པ་བྱས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་དོན་ལས་འགུལ་ནང་ཞུགས་ན་མི་བཟང་ངམ།
གང་འདྲ་འདུག་ཅེས་དྲིས་པར། ཁོང་གིས། ང་ནི་ས་ཆ་འདི་ག་རང་དུ་རང་ས་རང་གིས་བཟུང་ནས་རྒྱ་མི་གཅིག་གི་བསྡད་ས་བཀག་ཐུབ་ནའང་གཟི་བརྗིད་ཆེ་བ་ཡིན་པས། ངས་བོད་ཀྱི་ས་ཆའི་འདིའི་ཐོག་གསོན་པོར་གནས་གང་ཐུབ་བྱས་ཏེ་མུ་མཐུད་བོད་དོན་འཐབ་རྩོད་བྱ་ངེས་ཡིན་ཅེས་ཟེར་གྱིན་འདུག་པས། ང་རང་ཡང་ཅུང་ཁ་སྐྱེངས་ཏེ་དངོས་གནས་དེ་ག་རང་རེད་ཅེས་རྗེས་སུ་ཡི་རངས་མ་ཞུ་
ཐབས་མེད་བྱུང་བ་ནི། དངོས་ཡོད་གནས་ཚུལ་དང་ཤིན་ཏུ་མཐུན་པས་ཡིན་ལ། ད་ཆ་ཡང་རང་སྲེག་གི་ལས་འགུལ་ནང་མ་ཞུགས་པར་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར་རིག་གནས་བཅས་གོང་སྤེལ་གཏོང་ཐབས་དང་། བོད་ཀྱི་ལ་རྒྱ་ཡུན་རིང་རྒྱུན་འཛིན་ཐུབ་པ་བྱས་ན། ནམ་ཞིག་གོ་སྐབས་མེད་པ་མི་སྲིད་པས་དེ་དུས་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་མེད་ན། ཁྱི་ཡི་སྦར་བའི་ནང་ཡོས་བླུག་པ་བཞིན་འཛིན་སྐྱོང་བྱེད་མ་ཐུབ་ཚེ་ངལ་བ་དོན་མེད་
ཡིན་པས་དེ་ལུགས་དགོངས་འཇགས་བཅས། བོད་ཀྱི་མི་འབོར་ཆུད་ཟོས་སུ་མ་བཏང་བར་རང་སྲོག་གཅེས་པར་བཟུང་སྟེ་རྣམ་པ་འདྲ་མིན་སྣ་ཚོགས་ཐོགས་ནས་བོད་མིའི་བསམ་བློའི་གོ་རྟོགས་དང་མི་འབོར་འཕེལ་རྒྱས་ཕྱོགས་སུ་རླབས་ཆེན་གྱི་དགོངས་པ་བཞེས་རོགས་གནང་ཞུ་རྒྱུ་ཡིན་།
ང་ཚོས་མདོ་སྔགས་ཀྱི་ཆོས་ཟབ་མོ་ཁས་ལེན་པའི་སྒོ་ནས་མེ་སྲེག་གི་ལས་འགུལ་སྤེལ་བ་འདི་ཆོས་དང་མཐུན་པ་མ་ཟད། ཆོས་དང་མ་འདྲེས་པར་ཆབ་སྲིད་ཐོག་ནས་ཀྱང་བཤད་ནའང་། ཆོས་དུག་ཏུ་བརྩི་བའི་རྒྱ་གཞུང་དང་འགོ་ཁྲིད་མི་སྣ་སུ་ལ་ཡང་ལས་འགུལ་འདིས་མ་འོངས་པར་མི་རིགས་ཤིག་གི་ཁེ་གྱོང་ལ་བསམ་བློ་མི་བཏང་རང་བཏང་རེད། ད་དུང་དེ་ཚོ་ལ་སྐྲག་སྣང་དང་འཇིགས་སྣང་སྟེར་ངེས། རྒྱུ་མཚན་དེ་ལ་བརྟེན་ནས་ལས་འགུལ་ཕྱིར་མཐེན་བྱས་མི་རུང་། དྲ་འབུ་བ་དང་མི་རིགས་ལ་ཞེན་ཁོག་ཆེན་པོ་མེད་པའི་སྐབས་འཚོལ་བ་དག་གིས་ཁ་ཉན་པའི་དུས་ཚོད་མིན་པ་དོན་དམ་གྱི་བོད་ཞེན་པ་རྣམས་ཀྱི་ཤེས་དགོས་པའི་གནད་དམ་པ་ཡིན་ནོ།།
བྱང་ཆུབ་སེམས། མི་ལ་རས་པས་སེམས་ཅན་གཞན་ལ་ག་རེ་ཕན་བཏགས་འདུག ཁ་ལ་ཟས་དང་རྒྱབ་ལ་གོས་ཀྱང་ལྡང་ངེས་ཡོད་ཚོད་མིན་འདུག
རྒྱ་མིས་ང་ཚོས་ངན་སྐུལ་བྱས་པ་རེད་ཟེར་བ་དེ་ནི་ཟེར་རྒྱུ་ཕོངས་པའི་ཁ་སྐྱེངས་ཀྱིས་ནག་ཉེས་གཡོལ་ཐབས་བྱས་པ་ཙམ་རེད། ང་ཚོ་བྱེས་འབྱོར་གྱི་བོད་མི་ཁ་ཤས་ཀྱིས་ཀྱང་ངན་སྐུལ་བྱས་རབས་བཤད་པ་དེ་ནི་བོད་ནང་གི་བོད་མི་སྤྱི་དང་ལྷག་པ་རང་སྲེག་མཛད་པའི་དཔའ་བོ་དཔའ་མོ་རྣམས་ལ་མཐོང་ཆུང་དང་རང་གིས་རང་མི་རིགས་ཀྱི་རང་བྱུང་ལྷན་སྐྱེས་ཀྱི་སྙིང་སྟོབས་ལ་དམའ་འབེབས་ཚབས་ཆེན་བྱས་པ་ཞིག་རེད། གང་ལགས་ཞེ་ན། གཞིས་ལུས་ཀྱི་བོད་མི་རྣམས་ལ་ང་ཚོས་སྐུལ་མ་བྱེད་མི་དགོས་པ་ང་ཚོ་ལས་ཀྱང་བོད་ཀྱི་ཆབ་དཔལ་རིག་གསུམ་ཐད་བློ་སྟོབས་བརྒྱ་འགྱུར་སྟོང་འགྱུར་ལས་ཆེ་བ་ཡོད་པར་མངོན་གསལ་མཐོན་པོར་ཆགས་ཡོད། དེར་བརྟེན་ཁོང་ཚོས་ལས་འགུལ་སྤེལ་སྟངས་དེ་རང་རང་གིས་བསམ་བློ་བཏང་ནས་བདམས་པ་ཞིག་ལས་ཕྱི་ནས་གཞན་གྱིས་སྐུལ་མ་ལ་ལྟོས་དགོས་པ་ཞིག་ག་ནས་ཡིན། དོན་ངོ་སྐད་ཆ་དེ་ཚོ་ནི་དགྲ་ཕྱོགས་ཀྱི་འགྲོ་སོང་བཏང་བ་ལས་གྲུབ་པའི་མངོན་རྟགས་གསལ་པོར་འདུག
ཧ་ཧ། བོད་དོན་སྐོར་བྱེད་སྟངས་མ་འགྲིག་པ་དང་མ་འཇོན་པའི་སྐོར་བཤད་ཡོང་དུས་ལམ་སེང་རྒྱ་མིའོ་སོག་པ་ཡིན་པ་དང་རྒྱ་ནག་དང་ངན་འབྲེལ་ཡིན་ཚུལ་བརྗོད་སྟངས་ལ་བལྟས་ཡོང་དུས་་་་་ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་དུ་ད་བར་མིང་དོན་མཚུངས་པའི་དམངས་ཚོགས་ཡང་དག་པ་ཞིག་མེད་པ་གསལ་པོ་རེད་ཤག ཁ་ནས་ག་དུས་ཡིན་ནའང་དམངས་ཚོགས་རང་དབང་དང་ཆོས་དད་རང་དབང་རྐྱང་རྐྱང་བཤད་ཀྱིན་ཡོ་རེད། དོན་ལ་དམངས་ཚོགས་རང་དབང་དང་སྨྲ་བརྗོད་རང་རྩ་བ་ནས་ལོངས་སུ་སྤྱོད་ཤེས་ཀྱི་མི་འདུག དངོས་གནས་ཕམ་བ་ལ་ཨ།།
མེ་ཏོ་དཀར་པོ་ལགས་.
སེམས་ཅན་ཕན་པ་དེ་ཟས་གོན་ཅིག་པོ་མ་རེད་་
སེམས་ཅན་ཕན་པ་དངོས་སུ་སེམས་ཅན་ཐམས་ཅད་ཆོས་ཀྱིས་བྱ་བ་
བྱེད་ཐུབ་བྱེད་པ་དེ་ལ་མཐའ་ཐུག་ཕན་པ་་དངོས་སུ་རེད་
རང་གིས་ལྟོ་གོས་ཅིག་པོ་དེ་གནས་སྐབས་ཙམ་གྱིས་ཡིན་པ་ཤེས་པ་ཞུ
རྡོག་རྡོག་བཤད་ན་དབང་ཆེན་དང་རྟ་བདུན་དབང་པོ་སོགས་ནི་སྡར་མ་རེད། འདི་ལས་ལྷག་གི་སྡར་རྟགས་ཤིག་ཡོད་པ་མ་རེད། ཁྱི་སྡར་མའི་ཁ་ལ་ཉན་རྒྱུ་མེད་ཅེས་གནའ་བོའི་དཔའ་པོ་ཚོས་མན་ངག་དེ་ཡིད་ལ་དྲན་བྱུང་།
རང་གྲོལ་ལགས་དང་རིག་པའི་བུའི་བཞེད་པ་མཐུན་པ་རྣམས་ལ།
གལ་སྲིད་ཁྱེད་རྣམ་པས་གསུངས་པ་ལ་ཡིད་ཆེས་དང་གདེངས་ཚོད་ཡོད་ན།
ཐོག་མར་གཞན་ལ་ཕུ་མ་རྒྱབ་པར་རང་སྲོག་ཆ་ཚང་བློས་བཏང་སྟེ་སྲེག་མ་ནུས་ནའང་། ཁྱེད་རྣམ་པའི་ལུས་པོའི་ཆ་ཤས་ཙམ་འགའ་ཞིག་བློས་གཏོང་གནང་སྟེ་
རང་བསྲེག་ཅིག་གནང་དང་། ད་གཟོད་གཞི་ནས་རང་གཞན་རོགས་གསུམ་པོའི་ནང་ནས་ང་ཚོ་སུ་སུ་སྡར་མ་ཡིན་མིན་ཤེས་ཡོང་།