Note from Rokpa –
From a Rokpa volunteer who has coordinated English teachers for Rokpa medical college Yushu for last 15 yrs:
The students in the school in Yushu have all survived the earthquake but one teacher was killed. Three children had broken limbs. The dormitories collapsed and they are all sleeping in tents tonight in the courtyard of the school. The temperatures will be below zero.Their English teacher, Monia is with them and was able to contact Italy. She said they are in good spirits. But they will need food. Other survivers are much less fortunate and need medicine, clothes and tents as well. Nyima Renzin (headmaster) and Buya were in Xining and are on their way, but the main roads are damaged by the quake and landslides so we haven’t heard if they arrived. Apparently the airport is damaged. The four graduates in the UK have all been able to contact relatives. Immediate families seem to be okay but some relatives have died. Nangchen and Trindu are relatively unharmed. 100 people in Chunga Lhamo’s village are reported dead but she is fine. We are worried about those we cannot reach. 25 monks at Trangu are dead, 5 missing and 50 injured. People are fleeing to the horse festival grounds worried in case the dam gives way at the hydro works. You will be able to see the devastation of the town on various websites. Bodies are being taken to Jyeku Monastery. Official reports say over 400 – another account is 2,000 dead and 10,000 injured. That’s almost a quarter of Yushu. An appeal is being set up by ROKPA – you can donate to your local branch immediately but please name it the Yushu Earthquake appeal.
ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
ད་ཁ་པར་འགྲོ་གི་འདུག་ཟེར། ཕ་ཡུལ་ལ་འབྲེལ་བ་འཛིན་མཁན་ཡོད་ན། ངས་ཕ་ཡུལ་ཕྱོགས་ཁ་བརྡ་བྱེད་ཞོར་འབྲི་གི་ཡོད།
ངའི་ཚ་བོ་ཞིག་ལན་ཀྲིག་ཏུ་ཡོད། ཁོའི་སློབ་གྲོགས་ཤིག་གི་ཕ་མ་གཉིས་གྲོངས་པའི་གནས་ཚུལ་འབྱོར་བ་དང་སློབ་གྲོགས་དེ་དྲན་པ་འཐོར་ནས་ད་སྨན་ཁང་ནང་ཁོ་ཚོས་ཁྱེར་འགྲོ་གི་འདུག་ཟེར།
ས་ཡོམ་རྒྱག་ས་དེ་ཡུལ་ཤུལ་རྫོང་ཐོག་ལ་རེད། ཀྲིག་ཐོག་ལ་མ་རེད།
ཟག་བཅས་ཟག་མེད་དགེ་རྩ་ཅི་མཆིས་ཀུན། །
མ་གྱུར་འགྲོར་བསྔོ་འཁྲུལ་རྟོག་རྒྱུན་ཆད་ནས། །
གཞོན་ནུ་བུམ་སྐུའི་གཏན་སྲིད་ཟིན་པ་དང་། །
འཇའ་ལུས་འཕོ་ཆེན་བླ་མའི་སྐུ་འགྲུབ་ཤོག་ཅེས་ཤྲྰི་སྨྱོན་པས་སོ། །
གསེར་རྟ་ནས་མི་མང་པོ་དེའི་ཕྱོགས་ལ་རོགས་རམ་བྱེད་གིན་འགྲོ་ཟེར་བ་གོ་བྱུང་།ཤིན་ཏུ་ནས་ཡག་པོ་རེད།ང་ཚོས་ཀྱང་ཡོད་པ་རྣམས་ཀྱིས་དངུལ་གྱིས་ཞབས་འདེབས་དང།མེད་པ་རྣམས་ཀྱིས་གསོལ་འདེབས་འདྲ་བྱེད་ནས་།གནས་སྐབས་རིང་འཁོར་བའི་སྡུག་བསྔལ་དེ་ཆོས་ཀྱི་གླེགས་བམ་ཤིག་གིས་མགོ་ལ་མི་མཇོག་ཐབས་མེད་རེད།
མགོན་པོ་ཕྱག་གཉིས་བ་ལགས་།
རྫོང་དང་ཁུལ་གཉིས་མཉམ་དུ་ཡོད་པ་རེད་།རེབ་གོང་དང་འདྲ་བོ་རེད།
ཕར་ཕྱོགས་སུ་རླུང་འཕྲིན་དང་བརྙན་འཕྲིན་ནང་ཡུའུ་ཧྲུའུ་ཀྲིག་ཡུའུ་ཧྲུའུ་རྫོང་ཟེར་ནས་རྫོང་གཅིག་པོ་མ་གཏོགས་བཤད་གི་མེད་གི་ཟེར། གསལ་བོ་མི་ཤེས།
ད་ལྟ་རང་ལ་བླ་རུང་ཆོས་སྒར་ན་བཞུགས་པའི་ཡུལ་ཤུལ་བླ་གྲྭ་གཙོས་བླ་རུང་ཆོས་སྒར་གྱི་མཁན་སྤྲུལ་བླ་གྲྭ་སུམ་བརྒྱ་ལྷག་ཙམ་གདུང་སེམས་མཉམ་བསྐྱེད་ཆེད་དུ་བདེ་ཆེན་ཞིང་སྒྲུབ་ཀྱི་བསྔོ་སྨོན་གྱིས་ཤི་གསོན་རྒུད་པ་དག་ལ་སྐྱབས་འཇུག་ཏུ་ཡུལ་ཤུལ་ཁུལ་ཡུལ་ཤུལ་རྫོང་ཐོག་ཏུ་ཕེབས་པ་འདི་ཚོ་དངོས་ནས་བསྟན་དོན་ལྷག་བསམ་མངོན་པ་ཞིག་རེད་ཡ། །
དཔལ་དགྱེས་པ་རྡོ་རྗེ་།
ནམ་ཡང་སྐད་ཆ་དྲང་བོ་ཤིག་བཤད་རྒྱུ་གལ་ཆེ་ལ་དེ་བས་ཀུན་སློང་རྣམ་དག་ཅིག་འཛིན་རྒྱུ་གལ་ཆེ།ངས་བཤད་གསལ་ལྟར།རྗེའི་སྐུ་འབུམ།བླ་བྲང་།རོང་པོ་སོགས་དང་།དེ་བཞིན་དགོན་པ་ཆུང་ཆུང་མང་པོ་ན།གསོལ་འདེབས་བསྔོ་སྨོན་བྱ་གིན་འདུག་།ཡིནའང་ཉེ་ལམ་གསེར་རྟ་མ་གཏོགས་དགོན་ཆེན་དག་ནས་ས་ཁུལ་རང་ལ་བསྐྱོད་གྲབས་ཡོད་པའི་སྐད་ཆ་མ་གོ་།གཅིག་བྱས་ན་རྒྱ་དམག་གིས་འགྲོ་གིན་འཇུག་གིན་མ་རེད་བསམ།
ཕ་ཡུལ་གྱི་ཁ་བརྡ
ད་ལྟ་ཡུལ་ཤུལ་ཆེད་ལས་སློབ་གྲྭའི་ནང་ལ་མྱུར་སྐྱོབས་ཀྱི་ལས་ཀ་བྱེད་བཞིན་འདུག། ཐོག་ཁང་ཆེན་པོ་ཞིག་འདུག དེ་ཉིལ་མི་འདུག དེའི་མདུན་གྱི་ཁང་པ་ཚང་མ་ཉིལ་འདུག སློབ་ཕྲུག་ཡིན་མིན་མི་ཤེས། ས་འོག་ནས་བཏོན་པ་ཚང་མ་ཤི་ཡོད་ས་རེད། རས་དཀར་པོ་ཞིག་ནང་བཏིམས་ནས་ཁྱེར་འགྲོ་གི
སྐྱེ་དགུ་གྲོང་བརྡལ་གྱི་ཉེ་འདབས། ཞི་ཧང་སྡེ་བའི་སྡོད་དམངས་ཀྱི་ཁང་པ་བརྒྱ་ཆའི་དགུ་བཅུ་གོ་དགུ་ཉིལ་འདུག་ཟེར།
མཚོ་སྔོན་ནས་ཡར་རོགས་རམ་བྱེད་མཁན་གང་འཚམས་ཤིག་བཏང་ཡོད་པ་འདྲ་སྟེ། ལམ་ཁ་རུ་བྱེ་རླུང་གཡུག་ནས་འགྲོ་བསྐྱོད་བྱེད་པར་དཀའ་ངལ་མང་པོ་འཕྲད་གི་འདུག་ཟེར། ཡུལ་ཤུལ་གྱི་གནམ་ཐང་ལ་སྐྱོན་ཆེན་པོ་བྱུང་མི་འདུག་ཟེར། ཡིན་ན་ཡང་། ད་རུང་ར་དེར་མྱུར་སྐྱོབས་བྱེད་མཁན་མང་པོ་འབྱོར་མེད་ས་རེད། ཧིང་ཀྲིག་སོགས་ཀྱི་མྱུར་སྐྱོབས་རུ་ཁག་གི་གནམ་གྲུ་ད་ལྟ་གཞི་ནས་ཟི་ལིང་གནང་ཐང་དུ་འབབ་གི་འདུག་ཟེར།
༄༅༅། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །
རྒྱ་གར་སྐད་དུ། །ཨརྱ་བྷ་དྲ་ཙརྱ་པྲ་ཎི་དྷ་ན་ར་ཛྰ། བོད་སྐད་དུ་། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ནས་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སཔོས་དམ་པ་ཡི། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མའི་འཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གི་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། སྡིག་པ་དག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། འགྲོ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་བ་ཞིང་གི་རྡུལ་རྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་གང་བཞུགས་མཆོད་པར་གྱུར། །གང་ཡང་མ་བྱོན་དེ་དག་རབ་མྱུར་བར། །བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྤྱོན། །ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ། །དེ་དག་རྒྱ་ཆེར་ཡོངས་སུ་དག་པར་གྱུར། །བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང་། །སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག །ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །དེ་དག་རྟག་ཏུ་ནད་མེད་བདེ་བར་གྱུར། །འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། །མཐུན་པར་གྱུར་ཅིང་རེའང་འགྲུབ་པར་ཤོག །བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང་། །འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་པར་གྱུར། །ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། །རྟག་ཏུ་བདག་ནི་རབ་ཏུ་འབྱུང་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡང་དག་པར། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུ་བུམ་དག་དང་མི་ཡི་སྐད་རྣམས་དང། །འགྲོ་བ་ཀུན་གྱི་སྒྲ་སྐད་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། །བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །སྡིག་པ་གང་རྣམས་སྒྲིབ་པར་འགྱུར་དག །དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག །ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས། །གྲོལ་ཞིང་འཇིག་རྟེན་འགྲོ་བ་རྣམས་སུ་ཡང་། །ཇི་ལྟར་པདྨོ་ཆུས་མི་ཆགས་པ་བཞིན། །ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱད། །ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར། །ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། །བདེ་བ་དག་ལ་འགྲོ་བ་ཀུན་འགོད་ཅིང་། །འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །སེམས་ཅན་དག་གི་སྤྱོད་དང་མཐུན་པར་འཇུག །བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང་། །མ་འོངས་བསྐལ་བ་ཀུན་ཏུ་སྤྱོད་པར་གྱུར། །བདག་གི་སྤྱོད་དང་མཚུངས་པར་གང་སྤྱོད་པ། །དེ་དག་དང་ནི་རྟག་ཏུ་འགྲོགས་པར་ཤོག །ལུས་དག་ངག་རྣམས་དང་ནི་སེམས་ཀྱིས་ཀྱང་། །སྤྱོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱད། །བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག །བཟང་པོའི་སྤྱོད་པ་རབ་ཏུ་སྟོན་པ་རྣམས། །དེ་དག་དང་ཡང་རྟག་ཏུ་ཕྲད་པར་ཤོག །དེ་དག་རྟག་དེ་དག་བདག་གིས་ནམ་ཡང་ཡིད་མི་དབྱུང་། །སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བ་ལྟ། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་དག་ལ་ཡང་མཆོད་པ་རྒྱ་ཆེར་བགྱི། །རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། །བྱུང་ཆུབ་སྤྱོད་པ་རྣམ་པར་སྦྱང་བ་ཡང་། །མ་འོངས་བསྐལ་བ་ཀུན་ཏུ་སྤྱད་པར་བགྱི། །སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་བརྙེས། །ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་ལས། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ། །བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི། །དེ་ལྟར་མ་ལུས་ཐམས་ཅད་ཕྱོགས་སུ་ཡང་། །སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། །སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང། །བསྐལ་བ་རྒྱ་མཚོ་སྤྱོད་ཅིང་རབ་ཏུ་འཇུག །གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ། །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། །སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་དག །འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བ་ཡིས། །དེ་དག་གི་ཡང་གསུང་དབྱངས་མི་ཟད་ལ། །བློ་ཡི་སྟོབས་ཀྱི་བདག་ཀྱང་རབ་ཏུ་འཇུག །མ་འོངས་བསྐལ་བ་ཐམས་ཅད་འཇུག་པ་ཡང་། །སྐད་ཅིག་གཅིག་གིས་བདག་ཀྱང་འཇུག་པར་བགྱི། །གང་ཡང་བསྐལ་བ་དུས་གསུམ་ཚད་དེ་དག །སྐད་ཅིག་ཆ་ཤས་ཀྱིས་ནི་ཞུགས་པར་སྤྱད། །དུས་གསུམ་གཤེགས་པ་མི་ཡི་སེངྒེ་གང་། །དེ་དག་སྐད་ཅིག་གཅིག་ལ་བདག་གིས་བལྟ། །རྟག་ཏུ་དེ་དག་ཀུན་གྱི་སྤྱོད་ཡུལ་ལ། །སྒྱུ་མ་གྱུར་པའི་རྣམ་ཐར་སྟོབས་ཀྱི་འཇུག །གང་ཡང་དུས་གསུམ་དག་གིཞིང་བཀོད་པ། །དེ་དག་རྡུལ་གཅིག་སྟེང་དུ་མངོན་པར་བསྒྲུབ། །དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །རྒྱལ་བ་རྣམས་ཀྱི་ཞིང་གི་བཀོད་ལ་འཇུག །གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས། །དེ་དག་རིམ་པར་འཚང་རྒྱ་འཁོར་ལོ་བསྐོར། །མྱ་ངན་འདས་པ་རབ་ཏུ་ཞི་མཐར་སྟོན། །མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ཀུན་ཏུ་མྱུར་བའི་རྫུན་འཕྲུལ་སྟོབས་རྣམས་དང་། །ཀུན་ནས་སྒོ་ཡི་ཐེག་པའི་སྟོབས་དག་དང་། །ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང་། །ཀུན་ཏུ་ཁྱབ་པ་བྱམས་པ་དག་གི་སྟོབས། །ཀུན་ནས་དགེ་བའི་བསོད་ནམས་སྟོབས་རྣམས་དང། །ཆགས་པ་མེད་པ་གྱུར་པའི་ཡེ་ཤེས་སྟོབས། །ཤེས་རབ་ཐབས་དང་ཏིང་འཛིན་སྟོབས་དག་གིས། །བྱང་ཆུབ་སྟོབས་རྣམས་ཡང་དག་སྒྲུབ་པར་བྱེད། །ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་། །ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད། །བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་། །བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི། །ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་འགྲོལ། །ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང་། །ཡེ་ཤེས་རྒྱ་མཚོ་རབ་ཏུ་རྫོགས་པར་བྱེད། །སྤྱོད་པ་རྒྱ་མཚོ་རྣམ་པར་དག་བྱེད། །སྨོན་ལམ་རྒྱ་མཚོ་ཡོངས་སུ་རྫོགས་པར་བྱེད། །སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་བྱེད་ཅིང་། །བསྐལ་བ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི། །གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡི། །བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །བཟང་པོ་སྤྱོད་པས་བྱང་ཆུབ་སངས་རྒྱས་ནས། །དེ་ཀུན་བདག་གི་མ་ལུས་རྫོགས་པར་བགྱི། །རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང་། །སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་དག་དང་། །བསྔོ་བཟང་པོ་མཁས་པ་ཅི་འདྲ་བ། །དེ་འདྲར་བདག་ཀྱང་དེ་དང་མཚུངས་པར། །ཀུན་ནས་དགེ་བ་བཟང་པོ་སྤྱད་པའི་ཕྱིར། །འཇམ་དཔལ་གྱི་སྨོན་ལམ་སྤྱད་པར་བགྱི། །མ་འོངས་བསྐལ་བ་ཀུན་ཏུ་མི་སྐྱོ་བར། །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི། །སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །ཡོན་ཏན་རྣམས་ཀྱང་ཚད་གཟུང་མེད་པར་ཤོག །སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང་། །དེ་དག་འཁྲུལ་བ་ཐམས་ཅད་འཚལ་བགྱི། །ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་ལས་དང་ཉོན་མོངས་མཐར་གྱུར་བ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །རིན་ཆེན་རྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ། །ལྷ་དང་མི་ཡི་བདེ་བའི་མཆོག་རྣམས་ཀྱང་། །ཞིང་གི་རྡུལ་སྙེད་བསྐལ་བར་ཕུལ་བ་བས། །གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང་། །ལན་གཅིག་ཙམ་ཡང་དད་པ་སྐྱེད་པ་ནི། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པས། །དེས་ནི་ངན་སོང་ཐམས་ཅད་སྤོང་བར་གྱུར། །དེས་ནི་གྲོགས་པོ་ངན་པ་སྤོང་པ་སྤོང་བ་ཡིན། །སྣང་མཐའ་ཡས་དེ་ཡང་དེས་དེས་མྱུར་མཐོང་། །དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ། །མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང་། །ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བར། །དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར། །མཚམས་མེད་ལྔ་པོ་དག་པོ་དག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག། །དེ་ཡི་བཟང་པོ་སྤྱོད་པ་འདི་བརྗོད་ན། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། །ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང་། །རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར། །བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །འཇིག་རྟེན་གསུམ་པོ་ཀུན་ནའང་མཆོད་པར་འགྱུར། །བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །བྱང་ཆུབ་སངས་རྒྱས་འཁོར་ལོ་རབ་ཏུ་བསྐོར། །བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ། །གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །འཆང་བ་དང་ནི་སྟོན་ཏམ་ཀློག་པ་ཡི། །དེ་ཡི་རྣམ་པར་སྨིན་པའང་སངས་རྒྱས་མཁྱེན། །བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་དག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བ་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །དེ་དག་མ་ལུས་བདག་གིས་ཡོངས་སུ་བཀང་། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པད་མོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གི་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས། །སྐད་ཅིག་ཐམས་ཅད་འབྱོར་བར་ཤོག །བཟང་པོ་སྤྱོད་པ་ཡོངས་སུ་བསྔོས་པ་ལས། །བསོད་ནམས་མཐའ་ཡས་དམ་པ་གང་ཐོབ་དེས། །འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས། །འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག །སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང་། །ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་སྟེ། །ངན་སོང་གནས་རྣམས་མ་ལུས་སྟོང་བར་ཤོག །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ།། །།
གོང་དེར་མཆན་ཁ་ཤེས་ཞིག་གི་ནང་། མ་ཎི་འདོན་པ་དེ་དག་ལ་ཞུ་རྒྱུར་། འཇིགས་བརྟེན་ཀྱི་དཔེར་ཡང་། དགེ་བ་གསོང་། སྡིག་པ་སྒྲོགས་། ཟེར་བ་རེད་། ཁ་བརྡ་དྲ་ཁང་འདི་བསམ་ཚུལ་བཤད་ས་རེད་མ་གཏོག་། མ་ཎི་ཁང་མ་རེད་། སྨོན་ལམ་ཞིག་རྒྱབ་ནས་བསྡད་རྒྱ་ལས་གཞན་བྱེད་རྒྱ་གང་མི་ཡང་འདུག་འདོག་འདོག་མ་བཤད་འ། ང་ཚོ་བོད་གངས་ཅན་པ་། སྐྱིད་ཀྱི་རྟ་པོ་མཉམ་ཞོན་དང་། སྡུག་གིས་ཁུར་བོ་མཉམ་ཁུར་ཡིནཞ སྟག་དམར་ཡག་ཤི་ཡང་འཛིམས་དྲུག་མི་ཡལ་། དེ་མི་ཚད་། དེ་རིས་གོ་སྐབས་འདི་བཟུང་ནས་རྒྱ་འདྲ་ཚང་གི་ཡང་གཡོ་བསྒྱུ་ཁྲ་གསུམ་སྤེལ་ངེས་རེད་། ང་ཚོ་བོད་གང་པ་། སངྒེ་སྐོམ་ཡང་རྙོག་པའི་ཆུ་མི་མཐུང་། སྤྱང་ཁུ་ལྟོག་ཡང་རོགས་པའི་ཤ་མི་ཟ།
མགོན་ཕྱག་ལགས། གནས་ཚུལ་གཞན་ཅང་གོ་སོང་ངམ། གསུངས་དང་།
དཀོན་མཆོག་མཁྱེན། རྒྱ་དམར་གྱིས་ངའི་མི་རིགས་བསད། ས་འགུལ་གྱིས་ཀྱང་ངའི་མི་མང་ལ་སྲོག་ཉེན་སྤྲད།
ལས་མ་དག་པ་ག་རེ་ཡིན་ན། དཀོན་མཆོག་མཁྱེན།
Note from Rokpa –
From a Rokpa volunteer who has coordinated English teachers for Rokpa medical college Yushu for last 15 yrs:
The students in the school in Yushu have all survived the earthquake but one teacher was killed. Three children had broken limbs. The dormitories collapsed and they are all sleeping in tents tonight in the courtyard of the school. The temperatures will be below zero.Their English teacher, Monia is with them and was able to contact Italy. She said they are in good spirits. But they will need food. Other survivers are much less fortunate and need medicine, clothes and tents as well. Nyima Renzin (headmaster) and Buya were in Xining and are on their way, but the main roads are damaged by the quake and landslides so we haven’t heard if they arrived. Apparently the airport is damaged. The four graduates in the UK have all been able to contact relatives. Immediate families seem to be okay but some relatives have died. Nangchen and Trindu are relatively unharmed. 100 people in Chunga Lhamo’s village are reported dead but she is fine. We are worried about those we cannot reach. 25 monks at Trangu are dead, 5 missing and 50 injured. People are fleeing to the horse festival grounds worried in case the dam gives way at the hydro works. You will be able to see the devastation of the town on various websites. Bodies are being taken to Jyeku Monastery. Official reports say over 400 – another account is 2,000 dead and 10,000 injured. That’s almost a quarter of Yushu. An appeal is being set up by ROKPA – you can donate to your local branch immediately but please name it the Yushu Earthquake appeal.
རྒྱ་ནག་ཉམས་ཞིབ་པས་གནས་ཚུལ་མཁོ་འདོན་གནང་བར་བཀའ་དྲིན་ཆེ།
ད་གནས་ཚུལ་གསར་པ་མང་པོ་ཅང་མེད། ཁ་ཟིན་སྣ་ཟིན་རེ་འདིར་བཀོད་ན།
རོགས་རམ་བྱེད་མཁན་ཚོ་ཕྱོགས་ཕྱོགས་ནས་ག་ལེ་ག་ལེ་བྱས་དེར་སླེབས་གི་ཡོད་ས་རེད། ལག་ཆ་ཡག་པོ་མེད་པར་ལྕགས་ཁེམ་ལ་བརྟེན་གི་ཡོད་པ་འདྲ། སྨན་བཅོས་བྱེད་པར་ཡང་སྨན་གྱི་དཀའ་ངལ་ཡོད་ཚུལ་བཤད། རྨ་དཀྲིས་རེ་རྒྱག་པ་ཙམ་ཡིན་པ་འདྲ། གསར་གནས་ཁག་ནང་། ཆ་རྐྱེན་གྱིས་མི་འདང་ཚུལ། ལུང་པ་ཁུག་ཀྱོག་ཅིག་ཡིན་ཚུལ། མེད་མུག་མང་པོ་ཞིག་འདོན་གི་འདུག དེར་བལྟས་ན། མྱུར་སྐྱོབས་ཀྱི་ལས་ཀ་དེ་ཡག་པོ་ཞིག་ཡོང་གི་མེད་པ་ཁོ་ཐག་རེད། ཡག་པོ་མ་བྱས་པ་ཡིན་ནམ། ཡག་པོ་མ་བྱུང་བ་ཡིན་གསལ་བོར་མི་ཤེས། ཞིང་ཆེན་གཞན་པ་དེ་ཚོ་ས་ཡོམ་རྒྱབ་པའི་རྗེས་རྗེས་ལ་གཞི་ནས་རོགས་སྐྱོར་ལ་འགྲོ་བའི་གྲ་སྒྲིག་བྱེད་གི་མི་འདུག་གམ།
དེར་ཟམ་པ་ཞིག་ཡིན་ནམ་ཆུ་མཛོད་འདྲ་བོ་ཞིག་ཡོད་ས་རེད། དེ་གས་ག་བྱུང་ནས་གས་སྲུབ་བར་ནས་ཆུ་ཡོང་གི་འདུག་ཟེར། དེ་ཉིལ་བ་ཡིན་ན་སྐྱེ་དགུའི་གྲོང་བརྡལ་ཆ་ཚང་ལ་འཇིགས་ཉེན་ཡོད་པ་འདྲ། མི་ཚང་མ་འཇིགས་དངངས་དང་བཅས་མཐོ་ས་ཞིག་ལ་འགྲོ་བར་བརྩོན་གི་ཡོད་ཚུལ་འདུག
ངའི་སློབ་གྲོགས་ཁ་ཤས་དེར་ཡོད། དེ་ཚོའི་སྐོར་གང་ཡང་རེག་མ་སོང་། མགྲོན་ཁང་གི་བདག་པོ་ཞིག་ནས་གསར་འགོད་པར་བརྗོད་པ་ལྟར་ན། ཁོའི་མགྲོན་པོ་ཚོར་སྐྱོན་བྱུང་མི་འདུག ལས་བྱེད་དང་མགྲོན་པོ་ཚང་མ་མཉམ་རུབ་ཀྱིས་མི་ ༧༠ སྨན་ཁང་ལ་བསྐྱལ་འདུག ཁ་ཤས་ཤིག་ལམ་ནས་གྲོངས་འདུག བྱིས་གཉོར་ཁང་ཞིག་གི་མ་མས། བྱིས་པ་འགའ་ཤས་སྨན་ཁང་ལ་ཁྲིད་དགོས་བྱུང་བ་མ་གཏོགས་བྱིས་པ་གཞན་པ་ཚོར་སྐྱོན་མ་བྱུང་ཚུལ་བཤད།
ཨ་རིར་ཡོད་པའི་ངའི་རོགས་པ་ཞིག་གིས་བཤད་ན། ཁོའི་ནང་མི་ཚོར་སྐྱོན་བྱུང་མི་འདུག ཁྱིམ་མཚེས་ལའང་སྐྱོན་བྱུང་མི་འདུག ཁྱིམ་མཚེས་གསུམ་པ་དེ་མི་ཚང་ཡོངས་སུ་རྫོགས་པ་རྡིབ་འོག་ཏུ་མནན་འདུག་ཟེར།
ངའི་ཕ་ཡུལ་དུ་ཡུལ་ཤུལ་གྱི་མི་ཞིག་མག་པར་བསྡད་ཡོད་པ་རེད་ཟེར། དང་པོར་ཁ་པར་རྩ་ནས་སོང་མི་འདུག ཁོ་ཚོ་ལམ་ལ་ཆས་ནས་ཟི་ལིང་ལ་སླེབས་དུས་ཁ་པར་འགྲོ་ཐུབ་འདུག ནང་མི་ཚང་མར་སྐྱོན་བྱུང་མེད་ཚུལ་འདུག ད་ལྟ་ཁ་པར་འགྲོ་གི་ཡོད་ནའང་ཡང་སེ་ཡང་སེ་ཆད་འགྲོ་གི་འདུག་ཟེར། དེ་ད་ནང་གི་སྐད་ཆ་རེད། ད་ལྟ་གང་ཤེས།
ང་ཚོའི་བོད་མི་ཚོར་ས་ཡོམ་སྐོར་ལ་ཤེས་བྱ་ཉུང་བ་དང་། ཉམས་མྱོང་སོགས་མེད་པས་ཕལ་ཆེར་མང་པོ་ཤི་ཡོད་རྒྱུ་རེད། དེའི་ཐོག་ཞོགས་པར་སོང་ཙང་མང་པོ་ཞིག་ད་རུང་ཉལ་བསྡད་ཡོད་རྒྱུ་རེད།
ས་ཡོམ་ཤུགས་ཆེ་ཤོས་དེ་མ་རྒྱབ་སྔོན་རླུང་ཤུགས་ཆེན་གཡུགས། རླུང་ཤུགས་ཀྱི་སྐད་ཁྱད་མཚར་རོ་ཞིག་གྲག་པ་དང་། ས་འགུལ་བའི་རྣམ་པ་འདྲ་ཞིག་བྱུང་བར་བརྟེན། མང་པོ་ཞིག་གིས་འདི་ཅི་ཡིན་ན་བསམ་ནས་ཕྱི་ལོགས་ལ་མགྱོགས་པོར་ཐོན་འདུག དེས་མི་མང་པོ་ཞིག་སྲོག་ཉེན་ལས་ཐར་བར་ཕན་ཐོགས་ཡོད་པ་འདྲ།
གནམ་ཐང་ལ་གཏོར་སྐྱོན་ཆེན་པོ་བྱུང་མི་འདུག་ཚུལ་ཟེར། གནམ་ཐང་དང་གྲོང་ཁྱེར་གྱི་ལམ་ཁ་འགག་འདུག་ཟེར།
ཕྱི་རྒྱལ་གྱི་གསར་འགོད་པ་ཁ་ཤས་ཟི་ལིང་ཏུ་སླེབས་འདུག་ཟེར།སྐྱེ་དགུ་ལ་བཏང་ཡོད་མེད་ད་དུང་ཤེས་མ་སོང་ཟེར།
གོང་གི་དེ་ཆུ་མཛོད་ཅིག་རེད། སེར་ག་ཤོར་བ་དང་མི་མང་འཇིགས་སྐྲག་གིས་རི་ལ་འགོ་བ་དེ་ཡང་བདེན་པ་རེད། ངའི་གྲོགས་པོ་ཚང་གི་མནའ་མའི་ཁྱིམ་མི་ཡོངས་རྫོགས་གྲོངས་འདུག ཁང་པ་མདུན་རྒྱབ་ཀྱི་བར་ལ་ཡང་ཁྱད་པར་འདུག་ཟེར། སྐྱེ་རྒུ་དགོན་པའི་གྲྭ་པ་བཞི་མགྲོན་ཁང་བརྡིབས་པའི་ས་འོག་ནས་མ་ཤི་གསོན་པོར་འདོན་ཐུབ་སོང་ཟེར་གི རྒྱ་དམག་དྲུག་བརྒྱ་ཙམ་དེ་ག་རང་དུ་སྡོད་པ་ཚོ་ལས་ད་ལྟ་ཅང་འབྱོར་མི་འདུག་ཟེར། བོད་པ་རང་རང་གི་ནང་མི་སྤུན་ཟླ་ཚོས་ལྕགས་ཁེམ་བཟུང་ནས་རང་གི་ཤ་ཉེ་ཚོ་འཚོལ་བཞིན་འདུག་ཟེར། སྙིང་རྗེ།
ཁ་སང་བོད་ཟླ་གཉིས་པའི་ཚེས་སུམ་ཅུ་དང་། ཕྱི་ལོ་༢༠༡༠།ཟླ་༤པའི་ཚེས་༡༤རེས་གཟའ་ལྷག་པ་ཉིན། བོད་ཡུལ་ཁམས་སྒ་སྐྱེ་དགུ་མདོར་རང་བྱུང་གི་གོད་ཆགས་འདི་བྱུང་མ་ཐག་ཏུ་རང་ཅག་བོད་འབངས་རྣམས་ཀྱི་ཁོག་པའི་སྙིང་དང་། དཔྲལ་བའི་མིག་ཏུ་གྱུར་པའི་༸གོང་ས༸རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ནས་ཐུགས་ཕམ་ཙད་མེད་དང་བཅས་གཞིས་བྱེས་གཉིས་ལ་དཀའ་ངལ་འདི་དག་གདོང་ལེན་གྱི་ཆེད་དུ་བཀའ་བསྩལ་པ།
༄༅། །ད་ནང་ཞོགས་སྐད་གསར་འགྱུར་གོ་བ་ལ། སྐྱེ་དགུ་མདོའི་ས་ཁུལ་དེ་ལ་ས་ཡོམ་ཤུགས་ཆེན་པོ་ཞི་བོ་ཞིག་རྒྱབ་གཞག ད་ནངས་ཞོགས་སྐད་གསར་འགྱུར་བྱས་པ་ཡིན་ན། མི་དྲུག་ཅུ་རེ་གཉིས་ཤི་བ་རེད་ཟེར། ད་རེས་འདི་བ་གོ་དུས་མི་བརྒྱ་ཕྲག་ཁ་ཤས་དང་། སྟོང་ཕྲག ཁ་ཤས་ཀྱིས་སྟོང་ཕྲག་གཉིས་གསུམ་ཟེར་གི་འདུག་ཟེར། ཞིབ་ཕྲ་ཞིག་ཤེས་མ་སོང་། བྱས་ཙང་ས་ཡོམ་སྡུག་ཅག་ཅིག་རྒྱབ་གཞག ཤུགས་ཆེན་པོ་དགའ་རབ་ཞིག་བརྒྱབ་གཞག ད་བྱེད་ཡ་ནི་གང་ཡང་ཡོད་མ་རེད། སྨོན་ལམ་བརྒྱབ་ནས་བསྡད་ན་མ་གཏོགས། ད་ང་ཚོ་བོད་སའི་ས་ཁུལ་ལ་བྱུང་བ་རེད། གཙུག་ལག་ཁང་འདིར། ཆོས་དོན་ལ་བཀའ་མོལ་ཞིག་ཞུས། སྨོན་ལམ་ཞིག་འཚོགས་ཐུབ་ན། སྙིང་རྗེ།
ད་ང་རང་ཚོ་སངས་རྒྱས་པའི་ཆོས་པ་རེད། བདེ་སྡུག་གང་བྱུང་བ་ཡིན་ནའང་གཙོ་བོ་སོ་སོར་སོ་སོའི་ལས་ཀྱི་འབྲས་བུ་སྨིན་པ་ཤ་སྟག་རེད། ད་ས་ཡོམ་གི་འོག་ནས་རྐྱེན་འདས་སུ་ཕྱིན་པ་དང་། ནད་པ། ནད་གཅོང་ཆགས་པ་དེ་དག་སོ་སོའི་སྔོན་བསགས་གི་ལས་ངན་པའི་འབྲས་བུ་སྨིན་པ་རེད། དེ་འདྲ་ཡིན་དུས། སྡུག་བསྔལ་མྱངས་པ་དེ་ཡིས་ཚེ་རབས་མང་པོར་གཞན་ལ་གནོད་པའི་བྱ་བ་དང་འབྲེལ་བའི་སྡིག་པ་བསགས་བཞག་པ་དེ་ཚོའི་གྲས་དེ་དག་པར་ཡོང་བར་ཤོག་སྙམ་པའི་སྨོན་ལམ་རྒྱབ་པ་ཡིན་ན་ཕན་གི་རེད། སོ་སོའི་སེམས་ལ་ཡིན་ནའང་ཏོག་ཙམ་སྡུག་བསྔལ་རྔམས་སྐྲག་ཤུགས་ཆུང་དུ་འགྲོ་བ་དང་། སྡུག་བསྔལ་བྱུང་བ་དེས་བསོད་ནམས་གསར་པ་གསོག་པའི་རྐྱེན་དུ་འགྲོ་བའི་དེ་འདྲའི་ཕན་ཐོག་ཡོང་གི་རེད། ཁྱོད་རང་ཚོས་འདི་ནས་ཕར་ལན་སྐྱེལ་སའི་བཟོ་འདྲ་བོ་བྱུང་བ་ཡིན་ན་སྡུག་བསྡལ་ནི་བྱུང་ཚར་བ་རེད། རྐྱེན་ངན་ནི་ཕྲད་ཚར་བ་རེད། ཞེའུ་སེམས་མ་སྐྱིད་པ་བྱས་ནས་བསྡད་པ་ལས་ག་ཚད་ཐུབ་ཐུབ་ཀྱིས་དགེ་བ་གསོག་ཐུབ་ན་གཟུངས་སྔགས་འདྲ་གསོག བློ་སྦྱོང་གི་ཉམས་ལེན་འདྲ་བྱེད་ཐུབ་པ་ཡིན་ན་སྡུག་བསྔལ་དང་ལེན་དེ་འདྲའི་བསམ་མནོ་ཏོག་ཙམ་གཏོང་ཐུབ་པ་ཡིན་ན་ཅིག་ཕན་འགྲོ་གི་རེད་པཱ། རྐྱེན་ངན་དགེ་བའི་གྲོགས་སུ་འགྱུར་བ་དང་། རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་ཐུབ་པ་བྱུང་ན་ཡག་པོ་རེད་པཱ། རེད་པཱ་ཡ།
ཞེས་བསྩལ་བ་ཁོ་བོས་ཡིག་ཐོག་ཏུ་ཕབ་ཅིང་ཞུས་དག་ནན་ཏུར་བྱས་ཁུལ་ཡིན་ཡང་གློག་བརྙན་གྱི་དྲ་ཐག་འདི་ལ་རྩ་འཛིན་ཞུ་རོགས།
http://www1.voanews.com/tibetan-english/news/
འདི་ན་རང་གིས་འཇོན་འདོག་བྱས་པ་མ་ཡིན་ཅིང་ཞེ་ཕུག་བོད་དང་རྒྱལ་བ་རིན་པོ་ཆེ་ལ་གཏད་ནས་ཡོད་པའི་གཞིས་བཞུགས་བོད་མའི་རྣམས་ཀྱི་བསམ་པའི་རྒྱག་ཕྱེ་ཞིག་དང་། ངུ་ངག་འདི་ལྟ་བུའི་ཁྲོད་ནས་མིག་ཆུ་འཕྱིད་རོགས་ཞིག་ཏུ་འགྱུར་བའི་རེ་བས་འདིར་ཕབ་བཀོད་ཞུས་པ་ཡིན།
སྤུན་ཟླ་རྣམ་པ། ༸གོང་ས་རྒྱལ་བ་རིན་པོ་ཆེས་གསུངས་པ་ལྟར་ལུས་སེམས་གཉིས་ཀ་སྡུག་བསྔལ་གྱི་འོབས་དོང་ལྷུངས་པའི་གཞིས་བཞུགས་རྣམས་པ་ལ་བཀའ་སློབ་འདི་ཉིད་རྒྱུད་སྒྲགས་བྱེད་རོགས་ཞུ།
མགོན་པོ་ཕྱག་གཉིས་པ་ལགས། སྐྱེ་དགུའི་གྲོང་བརྡལ་འདི་ན་ཧུལ་ཤུལ་ཀྲིག་དང་། ཡུལ་ཤུལ་རྫོང་གཉིས་ཀའི་སྲིད་གཾཞུང་གི་ལྟེ་བ་ཡོད་རེད། ལས་ཁང་ཁག་ཕན་ཚུན་འཛིང་ནས་ཡོད་ནས་ཡོད་པ་རེད། འདིའི་སྐོར་གནས་ཙུལ་མཇུག་ཏུ་འབྲི་ཆོག་པར་ཞུ།
གདུང་སེམས་བཉམ་བསྐྱེད་དགོས། བསྔོ་སྨོན་གནང་དགོས། རྒྱུ་ནོར་གྱིས་རོགས་སྐྱོར་དགོས། དྭ་ཕྲུག་གསོ་སྐྱོང་དགོས། མཉམ་སྦྲེལ་དང་ཆིག་སྒྲིལ་དགོས། སྐྱེ་དགུ་མདོ་སྐྱར་འཛུག་དགོས། གལ་ཆེ་བ་ཞིག་ལ་མི་རིགས་ཞིག་གི་ཆགས་འཇིག་ལ་བསམ་ཏེ། རང་དབང་ལྡན་པའི་བོད་མི་ཚོས་མི་རེས་ཐ་ནའང་ཕྲུ་གུ་༡༠་རེ་བསྐྲུན་རོགས།