རང་དབང་པས།
དྲན་པའི་ཚོར་བ་སྲིད་པའི་ཁྱོན་ལ་འཁྱམས།།
འགྲོ་དྲུག་འདྲེན་པའི་བླ་མ་ཞི་བདེའི་དཔོན།།
གོ་ལའི་སྐྱབས་མགོན་བཅོམ་ལྡན་རིན་པོ་ཆེ།།
སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ།།
གངས་རིའི་ཉམ་ཆུང་སློབ་བུ་གྲངས་མེད་ཅིག།
རེ་བའི་འོད་ལ་དུངས་ནས་ལོ་མང་འགོར།།
མུན་པ་དམར་ནག་འཐིབ་པའི་གཡུལ་ས་རུ།།
དྲང་བདེན་དར་ཆ་བསྒྲེངས་བ་ཐེངས་གཅིག་མིན།།
ཆོས་སྲིད་དཔལ་འབྱོར་རླུང་ནང་མར་མེ་བཞིན།།
ངེས་མེད་འཇུག་འགྲོ་བསམ་ན་གཉིད་མི་བདེ།།
ལོ་ཟླ་མཛུབ་མོས་བརྩིས་པ་ཉུང་ཉུང་མིན།།
སྐྱབས་མགོན་སྟོན་པ་གཅིག་པུ་མྱུར་ཏུ་བྱོན།།
དམར་ཕྱོཊ་རྨོངས་པ་འདྲེས་ནས་སྨྱོས་ཀྱུར་ན།།
གངས་རིའི་ལྷ་ཡུལ་མཛེས་པ་ཡལ་བར་སེམས།།
བཙན་པོའི་འོག་ན་ཐར་བའི་གནས་མེད་ཀྱང་།།
རང་ཡུལ་ས་ནག་གྱུར་ཡང་སྲུང་བར་སེམས།།
གཞོན་དུས་ཤེས་ཡོན།
དར་དུས་ལ་རྒྱ།
རྒས་དུས་དཔལ་འབྱོར།
འཆི་དུས་ཆོས་སེམས།
སྤུན་ཟླའི་མཆོད་སེམས་རི་རྒྱལ་ལྷུ
ན་པོ་བཞིན་།
སྤུན་ཟླའི་མཆོད་སེམས་གངས་དཀར་ཏི་སི་བཞིན་།
སྤུན་ཟླའི་མཆོད་སེམས་མ་ཕམ་
གཡུ་མཚོ་ལྟར་།
སྤུན་ཟླའི་མཆོད་སེམས་གནམ་མཚོ་སྔོན་མོ་ལྟར་།
བོད་མཁས་པ་རྣམས་ཀྱིས་བྲིས་པའི་དཔེ་ཆ་རྣམས་ན། ང་ཡིག་མ་གཏོགས་ཡིག་ཤ་བར། ཚེག་མེད།
་
ཏི་སེ། ཆུ་བོ་རྣམས་ཀྱི་འབྱུང་ཁུངས་ཡིན་ནམ་སེམས། དེ་ཡང་། ཏི། སེ། ཞེས་མིང་ཚིག་གཉིས་པོ་འདི། ཞང་ཞུང་གི་མིང་ཚིག བོད་སྐད་དུ་ལུས་སོ་སྙམ།
་
གངས་རི་ཆེན་པོ་ཏི་སེ་ལ། །འཕགས་པ་གནས་བརྟན་འབྱུང་།
་
ཞེས་གསུངས་སོ།