ཚེ་འབར།
སྔ་མོ་ནས་གླེང་ཞིང་འུར་བའི་གནས་ཚུལ་ཞིག་སྟེ། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་མི་གསོད་ལག་དམར་ཡིན་པ་དང་། ཀ་རྟག་སྤྲུལ་སྐུའི་ཧིན་སྒོར་འབུམ་བཞི་བཅུ་ཞེ་ལྔ་བརྐུས་ཁྱེར་བྱས་པ་དང་། ད་དུང་བོད་རང་བཙན་གཏོར་བཤིག་གཏོང་མཁན་ཡིན་པ་སོགས། སྐྱོན་བརྗོད་གནམ་འོག་ལ་ཤོང་དཀའ་བ་རྐྱང་རྐྱང་བྱེད་བཞིན་པ་དེ་རེད། ཁོ་བོའི་བསམ་པར། ད་ཐེངས་སྐུ་ངོ་མཆོག་སྲིད་སྐྱོང་གི་འོས་འགྲན་ལ་ཞུགས་པའི་གོ་སྐབས་འདི་བརྒྱུད་ནས་གཙང་མ་གཙང་རྐྱང་དང་གསལ་པོ་གསལ་རྐྱང་ཞིག་ཆགས་པའི་རེ་བ་རི་མགོ་འདྲ་ཞིག་བྱས་པ་ཡིན་ཏེ། ཡིད་སྐྱོ་བ་ཞིག་ལ་སྐུ་ངོ་མཆོག་གིས། དུས་ད་ལྟའི་བར་དུ་ཡིད་ཚིམ་པའི་གསལ་བཤད་ཅིག་བྱས་མ་སོང་། ནོར་ཝེ་བོད་ཀྱི་གློག་འཕྲིན་ཁང་གིས་“གླེང་གཞི་ཅན་གྱི་དྲི་བ་ལྔའི“སྐོར་ལ་བཅར་འདྲི་བྱེད་སྐབས། སྐུ་ངོ་མཆོག་གིས་མི་བསད་ཡོད་མེད་སྐོར་ནས་གསལ་པོ་ཆགས་པ་ཞིག་ལ་དེ་སྔོན་མ་ནས་ཆགས་ཚར་བ་ཡིན་ལ། ད་དུང་གསལ་ཁ་མ་ཆགས་པ་ཞིག་ལ་གསལ་བཤད་ཅི་ཙམ་བྱས་ནའང་གསལ་པོ་ཆགས་ཀྱི་ཡོད་པ་མ་རེད་ཅེས་བཤད།
དེ་སྔོན་གྱི་གསལ་བཤད། ཕྱི་ལོ་༢༠༠༤ཟླ་༩ ཚེས་༡༧ སྤྱི་འཐུས་སྐབས་བཅུ་གསུམ་པའི་ཚོགས་དུས་བརྒྱད་པ། གྲོས་ཚོགས་ལས་རིམ་གསལ་ཤོག ཤོག་གྲངས་༡༡༣གྱི་ཐིག་ཕྲེང་བཅུ་དྲུག་ནས་ཤོག་གྲངས་༡༡༤ པའི་ཐིག་ཕྲེང་གཉིས་པ་བར་དུ་འཁོད་གསལ་ལྟར་ན། “ང་རང་སྒེར་གྱི་བཟང་སྤྱོད་ཐོག་ལ་སྐྱོན་བརྗོད་བྱས་པ་ཡིན་པས་གསལ་བཤད་ཅིག་མ་ཞུས་པ་ཡིན་ན་ང་ངོ་ཤེས་མཁན་ཡང་ཡོད་རེད་དེ་སྤྱི་འཐུས་གཅིག་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་དུས་མང་ཚོགས་ཁྲོད་དུ་དྭོགས་པ་མེད་པ་མ་སྲིད་པ་སོང་ཙང་དེ་རིང་དེའི་ཐོག་ལ་གསལ་བཤད་ཅིག་ཞུ་རྒྱུ་ཡིན། ང་ལ་གནད་དོན་གསུམ་སྟེ་ངས་བཟའ་ཚང་བར་ལ་འཛུལ་བའི་རྐྱེན་གྱི་རིན་པོ་ཆེ་གྲོངས་པ་དང་། བཟའ་ཚང་ཁ་བྲལ་དུས་ངས་དངུལ་སྒོར་འབུམ་བཞི་བཅུ་ཞེ་ལྔ་ཙམ་འཁྱེར་བ་ལས་དངུལ་ཕྲན་བུ་སློག་པའི་རྒྱུ་མཚན་ལ་བརྟེན་ནས་རྙོག་ཁྲ་འཇགས་པ་རེད་ཅེས་དང་། དེ་བཞིན་ང་ད་ལྟ་ཁྲིམས་ཁང་ལ་བསྐྱལ་ཡོད་པ་རེད་བཅས་ཀྱི་ཐོག་ནས་སྐྱོན་བརྗོད་བྱས་པ་རེད།
དེ་ཡང་གོ་ཐོས་ལ་ཞེས་པ་དེར་གཞི་བཅོལ་ནས་གྲོས་ཚོགས་ར་བ་དེའི་ནང་ལ་ཁུངས་སྐྱེལ་ར་འཕྲོད་གང་ཡང་མེད་པར་གསུངས་པ་དེ་མ་འགྲིག་པ་རེད། གཞི་མེད་སྐྱོན་བརྗོད་དང་པོ་དེའི་ཐོག་ལ། ང་རང་སྒེར་ལྟ་བུར་ཆ་བཞག་ན་རིན་པོ་ཆེ་བཀའ་དྲིན་ཞེ་དྲགས་ཆེན་པོ་ཡིན་པས་དེའི་ཐོག་ལ་གྲོས་ཚོགས་ཀྱི་ནང་དུ་བཤད་འདོད་མེད། དེ་གོང་གི་སྐྱོན་བརྗོད་རྣམས་གྲོས་ཚོགས་ཀྱི་དེབ་ཐེར་ནང་ལ་འཁོད་ཟིན་པས་མ་ཞུས་ཐབས་མེད་རེད། རིན་པོ་ཆེ་ཁོ་རང་སྙིང་གི་ན་ཚ་དང་ཅི་ནིའི་ན་ཚ་ཡོད་པ་རེད། སྐབས་དེར་རིན་པོ་ཆེ་ཞིང་ལ་མ་ཕེབས་པའི་བར་དུ་ཉིན་ལྟར་སྨན་ཁང་དུ་རིན་པོ་ཆེ་བལྟ་བར་བཅར་གྱི་ཡོད། རིན་པོ་ཆེ་ནད་གཞི་ལྗིད་པའི་ནད་པ་བཞག་ས་Intensive Care Unit ཞེས་པའི་ནང་དུ་བཞུགས་པའི་སྐབས་ལའང་དགོང་མོ་ང་འགྲོ་བའི་སྐབས་ལ་མ་གཏོགས་རིན་པོ་ཆེ་ཕྱི་ལ་གཏོང་གི་མེད། རིན་པོ་ཆེ་དགོངས་པ་མ་རྫོགས་བར་གྱི་གནས་ཚུལ་དེ་འདྲ་རེད། གོང་གི་སྐྱོན་བརྗོད་དེ་ནག་ཉེས་དང་འབྲེལ་བ་ཞིག་ཡིན་དུས་ཁྲིམས་ཁང་གང་འདྲ་ཞིག་ལ་གཏུགས་ནའང་བརྒྱ་ཆ་ཐམ་པའི་གདོང་ལེན་བྱ་རྒྱུ་ཡིན། གཉིས་པ་དེ་ངས་དངུལ་འཁྱེར་བ་རེད་ཅེས་པ་དེ་རེད། དངུལ་འཁྱེར་རྒྱུ་ལྟ་ཞོག་ད་དུང་ཚོང་གི་སྤྲོད་བསྡད་དང་སྒེར་གྱི་ཐོག་ནས་སྤྲོད་བསྡད་ཡོད་པ་དེ་དག་ཚང་མ་བཟང་སྤྱོད་ཀྱི་ཐོག་ནས་ཚང་མ་སྤྲད་པ་ཡིན། ངེད་གཉིས་བཟའ་ཚང་ཁག་ཁག་བྱས་རྗེས་ཁོ་རང་དགོངས་པ་ཚོམས་པའི་རྐྱེན་གྱི་གནས་ཚུལ་ཁ་ཤས་བྱུང་བ་སྤྱི་ཚོགས་ཀྱི་ནང་དུ་གླེང་སློང་མང་པོ་ཞིག་བྱུང་བ་རེད། དེའི་རྐྱེན་པས་མི་ཁ་ཤས་ཀྱི་དགོས་དོན་བསྒྲུབས་ཡོད་པ་རེད། ངས་དངུལ་འཁྱེར་པའི་གནས་ཚུལ་ཁུངས་སྐྱེལ་ར་སྤྲོད་སུ་ལ་གནང་རྒྱུ་ཡོད་ནའང་ཁྲིམས་ཁང་གང་ལ་ཞུ་གཏུགས་བྱེད་ན་བརྒྱ་ཆ་བརྒྱ་ཐམ་པ་གདོང་ལེན་བྱ་རྒྱུ་ཡིན། གསུམ་པ་དེར་གོ་ཐོས་ལ་ངས་ཁྲིམས་ཁང་ལ་སྐྱེལ་ཡོད་རེད་ཅེས་པ་དེ་རེད། ད་བར་དུ་ཁྲིམས་ཁང་དང་བཙོན་ཁང་གང་གི་ནང་དུའང་སླེབས་མ་མྱོང་། ཁྲིམས་ཁང་དང་བཙོན་ཁང་ལ་སླེབས་དགོས་པའི་ལས་དཀའ་འང་བྱས་མྱོང་མེད། མ་འོངས་པར་གནས་ཚུལ་དེའི་རྐྱེན་པས་སྐྱོན་བརྗོད་བྱེད་མཁན་དེ་ཁྲིམས་ཁང་ལ་བསྐྱལ་རྒྱུ་ཡོད་ན་བསྐྱལ་རོགས་གནང་ཞུ་རྒྱུ་ཡིན། ཡང་གནས་ཚུལ་དེ་མང་ཚོགས་ཀྱི་ཁྲོད་དུ་གསུང་རོགས་གནང་། ཁྲིམས་ཁང་ལ་ངས་ཕར་བསྐྱལ་ཆོག“ཅེས་བཤད་འདུག
གསལ་བཤད་དེ་ཙམ་ལས་མེད་སྟབས་སྣ་སྒོ་གང་ནས་བལྟས་ཀྱང་ཡིད་རྟོན་འཕེར་བ་ཞིག་མ་མཐོང་། གང་ལྟར་ཡང་སྐབས་དེ་དུས་སྤྱི་ཚོགས་ནང་ལ་གླེང་སློང་མང་པོ་ཞིག་བྱུང་བ་དེ་ཁོང་གིས་ཁས་ལེན་གཙང་མ་བྱས་འདུག་པ་མ་ཟད། ཀ་རྟ་སྤྲུལ་སྐུར་སྙིང་གི་ན་ཚ་ཡོད་པ་དེ་ཁོང་གིས་དངོས་སུ་གསུངས་འདུག སྙིང་ནད་ཅན་ཞིག་གི་བཟའ་ཟླ་ལ་ལོག་གཡེམ་བྱེད་ཀྱིན་ཡོད་པ་དེ་བདེན་ན། སྙིང་གི་ན་ཚ་ཡོད་པའི་མི་དེའི་གནས་སྟངས་གང་འདྲ་ཡོང་རྒྱུ་ཡིན་མིན་ནི་ཚོད་དཔག་དཀའ་བ་ཞིག་ཅི་ལ་མིན། སྐུ་ངོ་མཆོག་གིས་རིན་པོ་ཆེ་ང་ལ་བཀའ་དྲིན་ཆེན་པོ་ཡིན་གསུངས་འདུག རང་ཉིད་ལ་བཀའ་དྲིན་ཆེན་པོ་ཡིན་བཞིན་དུ་དེའི་བཟའ་ཟླར་ལོག་གཡེམ་བྱས་ཡོད་ན། གནས་ཚུལ་དེ་གཅིག་པུས་སྐུ་ངོ་མཆོག་གི་མི་གཞི་ཡོད་ཚད་བསྡོམས་ཚིག་བརྒྱབ་པ་མ་ཡིན་ནམ། དེ་འདྲ་ཡིན་ན་དངུལ་ཚང་མ་བཟང་སྤྱོད་ཀྱི་ཐོག་ནས་ཕར་སྤྲད་པ་ཡིན་ཟེར་བ་དེ་ལ་ཡིད་ཆེས་ཅི་ལྟར་བྱེད་དགོས་སམ། དངུལ་ཚང་མ་བཟང་སྤྱོད་ཀྱི་ཐོག་ནས་ཕར་སྤྲད་ཡོད་ན་ཁོ་རང་དགོངས་པ་ཚོམས་དགོས་དོན་གང་ཡིན་ནམ། དེའི་རྐྱེན་པའི་མི་ཁ་ཤས་ཀྱི་དགོས་དོན་གང་ཞིག་བསྒྲུབས་པ་རེད། འདི་དག་གསལ་པོ་བཟོ་རྒྱུའི་རེ་བ་ཤིན་ཏུ་ཆེ།
ཅུང་ཙམ་འཕྲོས་ན། དེ་སྔོན་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་གནས་ཚུལ་འདིའི་སྐོར་གླེང་དུས། སྐུ་ངོ་མཆོག་གིས་“གྲོས་ཚོགས་ནང་གི་སྐད་ཆ་ཁྲིམས་གཏུག་བྱས་ཆོག་གི་མེད་པས། སྔོན་མ་ནས་གྲོས་ཚོགས་ཀྱི་འགྲོ་ལུགས་ལ་བརྩིས་ནས་ཁྲིམས་གཏུག་བྱས་མེད་སྐོར“ཡང་ཡང་གསུངས། སྐབས་དེ་ཙ་ན། ཁོ་བོས་སྐུ་ངོ་ཚོགས་གཙོ་མཆོག་བཙན་བྱོལ་བོད་གཞུང་གི་ཁྲིམས་དང་སྒྲིག་གཞི་ལ་བརྩི་བཀུར་བླ་མེད་ཞུ་མཁན་ཞིག་རེད་སྙམ། ཧང་སངས་པ་ཞིག་ལ། ཉེ་ཆར་རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གཙུག་ལག་ཁང་དུ། སྐུ་ངོས་” ་”༸གོང་ས་མཆོག་ལ་ཁ་གཏོང་མཁན་ཞིག་དང་མཉམ་དུ་རྐུབ་སྟེགས་གཅིག་ཏུ་སྡོད་ནས་བགྲོ་གླེང་ཞིག་ནམ་ཡང་མི་བྱེད་ཟེར།” ད་དུང་རྒྱུད་སྨད་གྲྭ་ཚང་ན་༸གོང་ས་མཆོག་ལ་ཁ་གཏོང་མཁན་རེ་འགའ་གཏམ་བཤད་དྲིལ་བསྒྲགས་ཡོང་མི་ཆོག་པ་བཟོས་འདུག ཧ་ཅང་ཡག་པོ་རེད་ཅེས་བསྟོད་བསྔགས་དང་། ཉེ་སྔོན་རླུང་འཕྲིན་ཁང་ཞིག་གིས་ཁ་གཏོང་མཁན་དེ་གྲས་དང་མཉམ་དུ་བགྲོ་གླེང་གོ་སྒྲིག་བྱེད་རྒྱུ་གསུངས་ནའང་ཁས་བླངས་མེད། ང་དེ་གྲས་དང་མཉམ་དུ་གཏན་ནས་སྡོད་ཐུབ་ས་མ་རེད་ཅེས་བསྐྱར་ནན་ཡང་ནན་བྱས་སོང་“ཟེར། དེ་ནི་མི་སྒེར་གྱི་རང་དབང་ཡིན་དུ་ཆུག་མོད། རྒྱུད་སྨད་གྲྭ་ཚང་ནས་༸གོང་ས་མཆོག་ལ་ཁ་གཏོང་མཁན་རེ་འགའ་གཏམ་བཤད་དྲིལ་བསྒྲགས་བྱེད་དུ་ཡོང་མི་ཆོག་པ་བཟོས་འདུག ཧ་ཅང་ཡག་པོ་རེད”ཅེས་བསྟོད་བསྔགས་གནང་དོན་ཅི། འདིའང་མི་སྒེར་གྱི་རང་དབང་ལ་ལོངས་སུ་སྤྱོད་སྟངས་ཤིག་ཡིན་ནམ། སྐད་ཆ་དེ་ཨ་ཚོགས་ཀླུ་མཁར་བྱམས་ལ་བཤད་ཀྱིན་ཡོད་པ་སྐུ་ངོ་མཆོག་གིས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནས་ཁ་གསལ་པོའི་སྒོ་ནས་བཤད་སོང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི” དོན་ཚན་ཉི་ཤུ་རྩ་བཞི་པ། ནང་གསེས་གསུམ་པ། “ཡང་འོས་གཞིའི་སྐྱེ་བོ་གཞན་ཞིག་གམ། དེའི་ཕྱོགས་གཏོགས། གཞན་ཡང་སྐྱེ་བོས་སུ་རུང་ནས་སྐྱེ་བོ་གཞན་ཞིག་ལ་འོས་བསྡུའི་རྒྱལ་ཁ་མ་ཐོབ་པའི་བསམ་སྦྱོར་ངན་པས་ཀུན་ནས་བསླངས་ཏེ་གཞི་མེད་སྒྲོ་བཏགས་ཀྱིས་སྐྱོན་བརྗོད་དམའ་འབེབས་བྱེད་པ་དང་། ལུང་ཚན། ཆོས་བརྒྱུད། སྤྱི་ཚོགས་བཅས་ཀྱི་དབར་དབྱེན་སྦྱོར་གྱིས་ཕན་ཚུན་འཁོན་འཁྲུག་འབྱུང་གཞིའི་རྐྱེན་སློང་བྱེད་པ།” ཞེས་བྲིས་ཡོད། སྐུ་ངོ་མཆོག་གིས་མ་གཟིགས་པ་ཨེ་ཡིན། གོང་དུ་ཚོགས་གཙོའི་གནད་དོན་དང་འབྲེལ་བའི་གླེང་རྙོག་དེ་དག་ཁྲིམས་གཏུག་མ་བྱས་པ་ནི་སྒྲིག་གཞི་ལ་བརྩི་འཇོག་བྱས་པ་ཡིན་ཟེར་བའི་ཁ་ལབ་དེ་ད་ཆ་གང་ན་ཡོད། ཉིད་ཀྱིས་གསུང་བཤད་དང་སྒྲིག་གཞི་སྡུར་དང་། ད་གཟོད་ཅི་ཞིག་རྟོགས་ཡོང་བའི་རེ་བ་ཤིན་ཏུ་ཆེ།
དྲང་མོར་བཤད་ན། ཚོགས་གཙོ་སྲིད་སྐྱོང་འོས་འགྲན་ནང་ལ་ཞུགས་མཁན་གྱི་མི་སྣ་ཞིག་ཡིན་པའི་ཆ་ནས། སྤྱི་ཚོགས་ཁྲོད་ཀྱི་གླེང་སློང་དེ་དག་གཙང་མ་བཟོ་རྒྱུ་ནི་གཡོལ་དུ་མེད་པའི་འགན་འཁྲི་ཞིག་ཏུ་སྣང་། ཁྲིམས་ཁང་དུ་གཏུག་རོགས་ཟེར་བ་དང་ཁྲིམས་ལ་ངས་བསྐྱལ་ཆོག་ཟེར་བ་འདི་ཚོ་ནི་ཉེས་པ་དེ་འདྲ་ཞིག་བསགས་ཕོད་མཁན་གྱི་མི་ཞིག་ཡིན་ན། སྐད་ཆ་འདི་དག་བཤད་པ་ལ་ཧང་སང་རྒྱུ་གང་ཡང་མེད་མོད། ལྷག་པར་དུ་སྐྱོན་འཛུགས་པ་པོས་དངོས་ཡོད་གནས་ཚུལ་མང་པོ་ཞིག་ཤེས་མི་འདུག་སྙམ་ན། གདེང་ཚད་ཡོད་མདོག་གི་སྐད་ཆ་བཤད་རྒྱུ་ནི་འགྲོ་བ་མིའི་རྒྱུན་ལྡན་གྱི་རང་གཤིས་ཞིག་རེད། དེ་ལས་སྐུ་ངོ་མཆོག་གི་དཔང་རྟགས་ཡིག་ཆ་དང་དཔང་པོའི་མི་སྣ་སོགས་རེ་རེ་བཞིན་དུ་བགྲང་སྟེ། རྗེས་ཕྱོགས་རྙོག་གླེང་འདིའི་རིགས་གླེང་རིན་མེད་པ་ཞིག་བཟོ་རྒྱུ་དེ་ཡིན། དཔེར་ན། ཀ་རྟག་སྤྲུལ་སྐུ་དགོངས་པ་ཅི་ལྟར་རྫོགས་མིན་སྐོར་གྱི་སྨན་ཁང་གི་ཡིག་ཆ། སྤོན་དྲི་ཅ་རིའི་ཁྲིམས་ཁང་དུ་ཞུ་གཏུགས་བྱས་མྱོང་ཡོད་མེད་ཁྲིམས་ཁང་གི་ཡིག་ཆ། དངུལ་དེ་ཚོ་ཕར་སྤྲོད་སྐབས་དཔང་མི་སུ་དང་སུ་ཡོད་སོགས་སྐད་ཆ་གཙང་མ་གཙང་རྐྱང་བཤད་ནས་དཀྲོག་གཏམ་འདིའི་རིགས་སྤྱི་ཚོགས་ནང་ལ་ཡོང་ས་མེད་པ་ཞིག་བཟོ་མ་ཐུབ་པ་ཡིན་ག་ལ་སྲིད། འདི་དག་ངེས་པར་དུ་གཙང་བཟོ་བྱ་དགོས་ཡོད།
མ་གཞི་ནས་རྙོག་གླེང་འདི་ཕྱི་ལོ་༢༠༠༤ ཟླ་༣ ཚེས་ ༣༠ ཉིན་བྱུང་བ་རེེད་ལ། སྐུ་ངོ་སྤེན་པ་ཚེ་རིང་མཆོག་གི་གསལ་བཤད་ཕྱི་ལོ་༢༠༠༤ ཟླ་ ༩ ཚེས་ ༡༧ ཉིན་གནང་འདུག གསལ་བཤད་དང་བསྙོན་འཛུགས་བར་ཟླ་ལྔ་དང་ཉིན་བཅུ་བདུན་ཏག་ཏག་ཡོད་པས། དཔང་རྟགས་ཁུངས་བཙན་དེ་དག་བཙལ་བ་ལ་དུས་ཚོད་ཀྱིས་མ་འདང་པ་ཡིན་ག་ལ་སྲིད། སྐུ་ངོ་མཆོག་བོད་ཀྱི་གནད་ཡོད་མི་སྣ་ཞིག་ཡིན་པའི་ཆ་ནས་ནག་ཉེས་དང་འབྲེལ་བ་ཡོད་པའི་བསྙོན་འཛུགས་འདི་དག་ངེས་པར་དུ་མེད་པ་བཟོ་དགོས། སྔོན་མ་སྲིད་སྐྱོང་བློ་བཟང་སེང་གེ་བཀའ་ཁྲིའི་འོས་འགྲན་ནང་ལ་ཞུགས་སྐབས་བསྙོན་འཛུགས་མང་ཆེ་བ་ཡིག་ཆའི་ཐོག་ནས་ཁུངས་སྐྱེལ་བྱས་བ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་རྗེས་ཕྱོགས་སྐད་ཆ་དེ་དག་སྤྱི་ཚོགས་ནང་ལ་ཡོང་ས་མེད་པ་ཆགས། དེ་འདྲ་ཡིན་དུས་ངེས་པར་དུ་སྐུ་ངོ་མཆོག་གིས་དཔང་རྟགས་ཁུངས་བཙན་ཡོད་པའི་སྒོ་ནས་གསལ་པོ་ཞིག་བཟོ་མ་ཐུབ་ན་རྙོག་གྲ་འདིའི་རིགས་མུ་མཐུད་ལྷག་རྒྱུ་ཡིན་པ་མ་ཟད་འདིའི་ཕྱོགས་ནས་སྐུ་ངོ་མཆོག་ལ་གསལ་པོ་བཟོ་རྒྱུ་མེད་པ་སྣང་མཁན་ཡང་ཉུང་ཉུང་ཡིན་རྒྱུ་མ་རེད་སེམས།
གནད་དོན་གཞན་ཞིག་ཡོད་པ་ནི་བོད་རང་བཙན་ལ་གཏོར་གཤིག་གཏོང་མཁན་ཟེར་བ་དེ་རེད། གཏོར་གཤིག་གཏོང་མཁན་ཟེར་ནས་བཤད་ན་མི་ཤེས་མོད། སྐུ་ངོ་སྤེན་པ་ཚེ་རིང་མཆོག་ནི་བོད་རང་བཙན་འཐབ་རྩོད་བྱེད་མཁན་གྱི་ཚབ་མཚོན་མི་སྣ་མང་དག་ཅིག་གི་ཁ་གཏད་ལྟ་བུ་ཆགས་ཡོད་པ་དེ་གསལ་པོ་རེད། མ་ཟད་སྐུ་ངོ་མཆོག་གིས་༧གོང་ས་མཆོག་གི་བཀའ་དགོངས་ཟེར་བ་ཞིག་ཞལ་ལ་ཁུར་ནས་བོད་རང་བཙན་འཐབ་རྩོད་ཀྱི་ཚབ་མཚོན་མི་སྣ་དེ་ཚོ་འབུར་འཇོམས་གཏོང་གིན་ཡོད་པ་དེ་ཁ་གསལ་གཏིང་གསལ་རེད། འདིའི་ཕྱོགས་ནས་སྐུ་ངོ་མཆོག་གིས་གྲོས་ཚོགས་ནང་ནས་བོད་རང་བཙན་འཐབ་རྩོད་པ་མི་ལྔའི་མིང་འདོན་གནང་བ་དང་། ལྷག་པར་དུ་༧གོང་ས་མཆོག་དགོངས་ལོ་བརྒྱ་དང་བཅུ་གསུམ་ལ་བཞུགས་རྒྱུ་ཞལ་ཞེས་གནང་ཡོད་ཀྱང་། ད་ཆ་དགོངས་ལོ་བརྒྱ་དང་བརྒྱད་གསུང་བ་དེ་ཡང་བོད་རང་བཙན་འཐབ་རྩོད་པ་འགའ་ལ་འབྲེལ་བ་ཡོད་མདོག་གི་བཀའ་མོལ་གནང་། བོད་རང་བཙན་གྱི་ཆེད་དུ་རྩོམ་ཡིག་འབྲི་མཁན་འགའ་ཤས་ཀྱི་རྩོམ་ཡིག་ཀྱང་སྔར་བཀླགས་མྱོང་མེད་ལ་མ་འོངས་པའང་བཀླག་གི་མིན་ཟེར་བ་དང་། བོད་རང་བཙན་གྱི་གནས་བབ་གླེང་མཁན་ག་གེ་མོ་དེ་༧གོང་ས་མཆོག་ལ་མཚན་སྨད་བྱེད་མཁན་ཡིན་པས་ང་དང་སྡིང་ཆ་གཅིག་པ་བྱས་ནས་འདུག་རྒྱུ་མིན་ཟེར་བ་སོགས་ཀྱི་བཀའ་མོལ་འདི་དང་འདི་ལྟ་བུར་བརྟེན་ནས། བླུན་པོ་ཆུ་སྣ་གར་ཁྲིད་དང་རྨོངས་དད་ཀྱིས་འཚོས་པའི་སྤྱི་ཚོགས་ནང་དུ། བོད་རང་བཙན་འཐབ་རྩོད་པ་ཞིག་ཡིན་ན་༧ གོང་ས་མཆོག་གི་ཐུགས་མི་མཉེས་པ་དང་བཙན་བྱོལ་བོད་གཞུང་ལ་བློ་མི་དཀར་མཁན་ཡིན་པའི་ལྟ་སྟངས་ཤིག་ཁྱབ་བརྡལ་དུ་ཕྱིན། ལྷག་ཏུ་བོད་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་གྱི་ཚོགས་པ་ཆེ་ཁག་ནང་ལ་རྙོག་ཟིང་ལངས་པ་སོགས་ཧ་ཅང་གི་བརྡབ་གསིག་ཆེན་པོ་ཞིག་སོང་བ་མ་ཟད་བཙན་བྱོལ་སྤྱི་ཚོགས་ནང་ལ་བོད་རང་བཙན་དང་ལམ་དབུ་མ་ཟེར་ནས་འགལ་འདུའི་ངོ་བོ་རུ་སྣང་མཁན་མང་དུ་འགྱུར་གྱིན་ཡོད། ༧སྤྱི་ནོར་གོང་ས་སྐྱབ་མགོན་ཆེན་པོ་མཆོག་གིས་ལོ་ངོ་ཉི་ཤུ་སུམ་ཅུ་ཞིག་གི་རིང་ལ་བོད་རང་བཙན་དང་ལམ་དབུ་མ་གཉིས་མཉམ་དུ་ཁྲིད་ནས་ཡོང་ཡོད་མོད། མང་ཚོགས་རང་བཞིན་གྱི་འགལ་འདུ་ཞིག་གཏན་ནས་བྱུང་མ་མྱོང་བ་ལྟ་བུ་རེད། དེའི་རྒྱུ་མཚན་གཙོ་བོ་༧གོང་ས་མཆོག་ལྟ་གྲུབ་བྱེ་བྲག་པ་ཞིག་གི་ཕྱོགས་སུ་མ་ལྷུང་པར་བློ་གཟུ་བོའི་ངང་ནས་དབུ་ཁྲིད་པའི་འབྲས་བུ་ཡིན་པ་རེད།
འོན་ཀྱང་༧གོང་ས་མཆོག་ཕྱེད་བགྲེས་ཡོལ་བཞུགས་རྗེས་རྙོག་གླེང་འདི་མགོ་བཙུགས་པ་དང་། ༧ གོང་ས་མཆོག་བགྲེས་ཡོལ་ཆ་ཚང་གནང་ནས་ཤུགས་ཆེ་རུ་སོང་ཡོད་པ་མངོན་གསལ་ཡིན། འདི་དག་ནི་སྐུ་ངོ་སྤེན་པ་ཚེ་རིང་ལྟ་བུའི་གནད་ཡོད་མགོ་ཁྲིད་འགའ་ཤས་གཟུར་གནས་མ་ཐུབ་པའི་རྐྱེན་ཁོ་ན་ལས་མ་འདས་སྙམ། ད་དུང་བོད་དོན་འཐབ་རྩོད་ཀྱི་སྟེང་ལ་ནུས་པ་ཤུགས་ཆེན་ཡོད་མཁན་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་དེ་ཚོ་བོད་དོན་རྒྱབ་སྐྱོར་བ་རེད་ཟེར་ནས་བོད་པའི་སྤྱི་ཚོགས་ནང་ནས་རྒྱང་ཕུད་གཏོང་གང་ཐུབ་བྱེད་ཀྱིན་ཡོད་པ་དངོས་ཡོད་གནས་ཚུལ་རེད། མ་ཟད་ད་ལོ་བོད་ཀྱི་བང་ཆེན་གསར་ཁང་གི་བཅར་འདྲིའི་སྐབས་སུ་ “སྔོན་མ་བོད་པའི་སྤྱི་ཚོགས་ནང་བོད་ཀྱི་གྲོགས་པོ་ཚོགས་པ་ཟེར་བ་ཞིག་ཡོད་པ་རེད། དེའི་ནང་བོད་པ་གཅིག་གཉིས་ལས་མང་ཆེ་བ་རྒྱ་གར་རེད། ཁོང་ཚོ་དྷ་སར་ཡར་འཛོམས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་སྐོར་ལ་བགྲོ་གླེང་བྱས་བསྡད་ཡོད་པ་རེད། དེ་ཁོང་ཚོར་ཐོབ་ཐང་ཡོད་པ་མ་རེད་ཅེས་ངས་བཤད་ཡིན། བོད་པའི་མ་འོངས་འཐབ་རྩོད་དེ་བོད་པས་ཐག་གཅོད་དགོས་པ་ལས། རྒྱ་གར་གྱིས་ཐག་གཅོད་ཐུབ་ཀྱི་མ་རེད། དེ་བཞིན་ང་ཨེ་ཊ་ལེར་འགྲོ་སྐབས། བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོ་ཞིག་བོད་པར་རང་བཙན་དགོས་རེད་ཅེས་རྒྱབ་སྐྱོར་བྱེད་མཁན་རེད། བོད་རིགས་ཚོགས་པ་ཚོས་ཁོང་ཚོས་འགྲེལ་བཤད་བརྒྱབ་ནའང་ཉན་གྱི་མི་འདུག སྐུ་ངོ་ཁྱེད་ཀྱིས་ཅིག་གསུངས་རོགས་ཟེར། དེ་ནས་ང་ཁོང་ཚོ་མཉམ་པོ་འཚོགས་ནས། ཁྱེད་རང་ཚོ་ཨེ་ཊ་ལའི་མི་རིགས་རེད། ཁྱེད་ཚོས་བོད་པའི་གནས་སྟངས་ཧ་གོ་བའི་ཐོག་ནས་བོད་རང་བཙན་རག་དགོས་ཀྱི་འདུག་ཅེས་རྒྱབ་སྐྱོར་བྱས་པ་དེར་རྗེས་སུ་ཡི་རངས་ཡོད། ཡིན་ནའང་བོད་དོན་དེ་ང་ཚོ་བོད་པས་ཐག་གཅོད་རྒྱུ་ལས་ཁྱེད་ཚོས་ཐག་གཅོད་ཐུབ་རྒྱུ་མ་རེད། དེར་བརྟེན་ཁྱེད་ཚོ་རྩད་རྒྱག་དགོས་པ་མ་རེད་ཅེས་ལབ་ཡིན། དེ་རྗེས་དེ་འདྲ་ཡོང་གི་འདུག་ཟེར་མཁན་མི་འདུག“ཅེས་གསུངས་།
བོད་ཀྱི་གྲོགས་པོ་ཚོགས་པ་ནི་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ཉི་ཤུའི་ནང་ལ་ཡོད་པའི་ཚོགས་མི་བཞི་སྟོང་ལྷག་ཅན་གྱི་བོད་རང་བཙན་གཙང་མ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་མཁན་ཞིག་ཡིན། བོད་རང་བཙན་གཙང་མ་རྩོད་མཁན་གྱི་ཚབ་མཚོན་མི་སྣ་དེ་དག་དང་དེའི་རྒྱབ་སྐྱོར་བ་ཡོད་དོ་ཅོག་འབུར་འཇོམས་བཏང་རྗེས། ངས་བོད་རང་བཙན་རྩོད་མཁན་ལ་དགག་བྱ་མེད་ཟེར་ན་གོ་རྒྱུ་ག་རེ་འདུག འདི་ནི་སྐུ་ངོ་མཆོག་གི་གཡོ་སྒྱུའི་འཁྲབ་སྟོན་གྱི་རྫུན་པགས་ཕྱི་རུ་སྟོན་པ་ཙམ་ལས་གཞན་གང་ཡང་མིན། དུང་ཞེན་གྱི་དབང་དུ་ཤོར་ནས་གཟུར་གནས་མི་ཐུབ་མཁན་གྱི་དཔོན་པོ་ཞིག་སྲིད་སྐྱོང་ལ་འདེམ་ན་མི་རིགས་འདི་ཕྱོགས་གཉིས་སུ་འགྲོ་རྒྱུའི་གྱེས་བརྡ་བཏང་བ་མ་ཡིན་ནམ། སྐད་ཆ་འདི་དག་བཤད་ན་སྐུ་ངོ་མཆོག་གི་རྒྱབ་སྐྱོར་བ་འགའ་ཤས་ཀྱིས་འཇིགས་སྐུལ་དང་དམའ་འབེབ་སོགས་སྐྱོན་བརྗོད་སྣ་ཚོགས་ཤིག་ཡོང་རྒྱུ་ཡིན་པ་གདོན་མི་ཟ། འོན་ཀྱང་གནད་དོན་རྫབ་ཆེན་འདི་དག་ལ་དོགས་པ་ཡོད་བཞིན་དུ་སྤྱི་ཚོགས་ཀྱི་གནོན་ཤུགས་ལ་འཇིགས་ནས་མ་བཤད་པ་ཡིན་ན་སྤྱི་ཚོགས་ཀྱི་འགན་མ་ཁུར་བ་ཆགས་འགྲོ་བས་མི་བཤད་ཐབས་མེད་ཆགས་སོང་། རབ་བྱུང་ན་ངའི་དོགས་པ་འདི་དག་སངས་ཐུབ་པའི་གསལ་བཤད་རྩོམ་ཡིག་རེ་འབྲི་ཐུབ་ན་དགའ་བསུ་ཡོད། དེ་མིན་བཙན་བྱོལ་སྤྱི་ཚོགས་ནང་གི་ཇ་ཁ་ཆང་ཁའི་པོ་པོ་རྨོ་རྨོ་དེ་ཚོས་མི་ནག་པོ་བཟོ་བྱེད་ཀྱི་ཐ་སྙད། ༧གོང་ས་མཆོག་ལ་མཚན་སྨད་དང་ཟུར་ཟ་བྱེད་མཁན་རེད། དོལ་རྒྱལ་གྱི་རྗེས་འབྲང་བ་ཡིན་ས་རེད། རྒྱ་མིའི་ཉུལ་མ་ཡིན་རྒྱུ་རེད། བོད་གཞུང་ལ་མི་དགའ་མཁན་ཞིག་ཡིན་ཐག་ཆོད་རེད། སྤྱི་ཚོགས་ལ་དཀྲུག་ཤིང་རྒྱག་ཀྱིན་ཡོད་པ་རེད། སོགས་རང་ཉིད་ཀྱི་འདོད་ཕྱོགས་ཤིག་མ་བཤད་ན་མི་དེ་ནག་པོ་བཟོ་གང་ཐུབ་བྱེད་ཀྱིན་ཡོད་པའི་ཀླད་རྙིང་གི་སྐད་ཆ་དག་བཤད་ན་སྤྱི་སྒེར་གང་ལའང་ཅི་ཡང་ཕན་ཐོག་མེད་པ་ཤེས་པར་གྱིས།
རྩོམ་ཧ་ལས་པའི་ཞིབ་ཚགས་ཤིག་བྲིས་འདུག ཚོགས་གཙོ་ལགས་མི་གསོད་དང་རང་བཙན་སྟོབས་ཤུགས་གཏོར་མཁན་ཡིན་མིན་ཐད་གསལ་བཤད་ཡོང་བར་སྒུག་གི་ཡིན།
དཔེ་ཡག་པོ་གསལ་པོ་བྲིས་འདུག་་་་་ངས་ཀྱང་དེ་གར་རང་བསམ་གྱི་ཡོད། སྤེན་ཚེའི་བྱ་སྤྱོད་དེར་ཕྱི་གསལ་ནང་གསལ་ཁོ་རང་གིས་འགྲེལ་བཤད་ཅིག་མ་བྱུང་ཚེ་རྒྱབ་ཕྱོགས་ནས་ཁུངས་ལུང་དཔངས་རྟག་གྲ་སྒྲིག་ཆ་ཚང་བཟོ་ངེས་རེད། གང་ཡིན་ཞེ་ན་ཀ་སྟག་སྤྲུལ་སྐུའི་ཆུང་མ་ད་ལྟར་སྡོད་ཡོད་པ་དང་དེའི་སྐབས་བཟོ་གྲྭའི་ལས་བྱེད་གནད་ཡོད་ཀྱང་སྡོད་ཡོད་པའི་ཁར་དཔང་རྟག་གསལ་བཤད་སྤྱི་ཚོགས་ནང་འགྲེམ་ཡོད་པ། ཀ་རྟག་ལ་འབྲེལ་འདྲིས་ཆེ་བའི་མི་མང་པོ་བཟོ་གྲྭའི་ནང་ལས་ཀ་བྱ་མཁན་སོགས་ར་སྤྲོད་བྱེད་རྒྱུ་ཐད་ལ་དཀའ་ངལ་མེད་པ་སོགས་མདོར་ན་རྙོག་གླེང་འདི་མེད་པ་བཟོ་རྒྱུ་སྤེན་ཚེ་རང་གི་ལག་ཏུ་འདུག་གདའ།
བོད་མི་འབུམ་ལྷག་དམར་གསོད་བཏང་མཁན་གི་མགོ་གཙོ་ཞིན་ཆིན་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མགོན་གྱི་མིང་ཐོགས་ནས་སྐད་ཆ་བཤད་ན་ཡང་། ངོ་རྒོལ་བྱ་མཁན་གསལ་བཤད་ལ་སྒུག་མྱོང་མེད་པ། སྤེན་ཚེ་ཚོགས་གཙོ་ནས་སྲིད་སྐྱོང་ལངས་ཀི་ཡིན་ལབ་པ་ན། གསལ་བཤད་ལ་སྒུག་གི་ཡིན་མདོག་མདོག
བ་མོའི་གཉའ་མ་མ་ཚ་ན། གླང་གི་རླུག་པ་ན་ཡ་ཅིག ཁོང་གིས་འཇོན་ཐང་རེ་བཏོན་ཡོང་ན། མཇེ་ལང་བྱས་བྱས་ལང་ཡོང་གི་འདུག ཉེན་རྟོག་པ་ཡིན་མདོག་མདོག་མ་གནང་།
གནད་དོན་འདི་དང་འབྲེལ་བ་ཆེ་ཤོས་ནི་ད་ལྟ་སྡོད་ཡོད་པས་ཀ་རྟགས་སྤྲུལ་སྐུའི་ཆུང་མ་ཡིན་པར་མོས་གསལ་བཤད་ཅིག་གནང་ཐུབ་ན་དཀར་ནག་གང་ཡིན་གཙང་གསལ་ཆགས་ངེས་ཡིན།
དྲན་དཀར་དཔལ་ཡོན་གསོན་ཅིག
ངས་སྲིད་སྐྱོང་དང་སྤྱི་འཐུས་རྐུབ་སྟེགས་དེར་རྩ་ཆེན་དང་སྲུང་སྐྱོབ་བྱེད་ཀྱི་ཡོད་གདའ། གཞན་སྤེན་ཚེ་ནས་ཡུལ་མི་ཚང་མ་རྩ་མེད་གཏོང་ན་ང་ལ་ཁྱད་པར་ཅི་ཡང་མེད་དོ།།
ཚེ་འབར་ལགས་ཀྱིས་རྩོམ་ཡིག་ཚོད་ལྡན་ཞིག་བྲིས་འདུག རྒྱབ་སྐྱོར་ཡོད། སྤྱི་ཚོགས་དྲ་རྒྱའི་ཐོག་ཏུ་སྤེན་ཚེའི་ནག་ཉེས་གླེང་ན་སྤེན་ཚེས་ཁྲིམས་ལ་སྦྱར་གྱི་ཡིན་ཟེར་གི་རེད་པྭ། ཧཧ སྤེན་ཚེས་སྤྱི་ཟུར་རལ་པ་ཅན་གྱིས་ཁ་དར་ཁུར་ནས་མཇལ་ཀར་བསླེབས་སོང་ཟེར་། རལ་པ་ཅན་གྱིས་སྤེན་ཚེ་ལ་སྤྱི་འཐུས་ཚོགས་གཙོ་ཁྱོད་རང་གིས་གནང་ཐུབ་ན་ཡག་པོ་འདུག་ཟེར་གྱི་འདུག་ཟེར།་་་ཧཧ ཁུངས་ལུང་མེད་པའི་སྐད་ཆ་མང་པོ་བཤད་སོང་བ། རལ་པ་ཅན་གྱིས་ཁ་གྲགས་དགོས་པའི་དུས་ལ་བབ་འདུག་ག
ཚོགས་གཙོས་མི་ཟད་པའི་སྤང་རྟགས་སུ་གང་ལ་མེད་བཞིན་དུ་ད་དུང་གཞི་མེད་སྐྱོན་རྫུགས་བྱེད་བཞིན་ཡོད་པ་ནི་བློ་ཕམ་པ་ཞིག་རེད་ གང་ཡིན་ཟེར་ན་ཁོང་གིས་ད་བར་བོད་མི་དམངས་ཀྱི་ཆེད་དུ་བྱ་བ་གང་མང་ཞིག་གྲུབ་ཡོད་པས་སོ་།
ཚེ་འབར་དང་ཅོ་རི་སོགས་ལ་གླེང་གཞི་འདི་ཁྲིམས་ཁར་འཇོག་པའི་སྤོབས་པ་ཡོད་ན་ཁྲིམས་གཏུགས་བྱེད་ན་འཕྱི་མེད་ན་སྔ་མི་འདུག། ཁོང་རང་གིས་ཀྱང་ ༼ གོང་གི་སྐྱོན་བརྗོད་དེ་ནག་ཉེས་དང་འབྲེལ་བ་ཞིག་ཡིན་དུས་ཁྲིམས་ཁང་གང་འདྲ་ཞིག་ལ་གཏུགས་ནའང་བརྒྱ་ཆ་ཐམ་པའི་གདོང་ལེན་བྱ་རྒྱུ་ཡིན། ༽ ཞེས་བཤད་མི་འདུག་གམ།
ཡིན་ཡང་། དཀྲུགས་སློང་བ་མ་གཏོགས་ཐུབ་བསྟན་ཡར་འཕེལ་ཟེར་བའི་གྲྭ་བ་བཀའ་རྒྱུད་འཐུས་མི་དེལའང་འགན་འཁུར་ཐུབ་པའི་བྱ་སྤྱོད་མེད་པ་འདྲ། ཡོད་ན། གྲོས་ཚོགས་ཕྱི་རོལ་ནས་གསར་འགྱུར་བརྒྱུད་ལམ་ཁག་དང་། ཡང་ན་དཔང་པོ་འཕེར་སར་སྤེན་པ་ཚེ་རིང་ལ་ཉེས་འཛུགས་བྱེད་མི་ཐུབ་པ་ཅི་རེད། ད་བར་དུ་སྤེན་པ་ཚེ་རིང་གིས་མི་བསད་པའི་གླེང་འགེལ་འདི་འཇུ་ཆེན་གྱི་སྒེར་ནད་ནས་བཟུང་བཀྲམས་དང་བཀྲམ་བཞིན་པ་ཞིག་མ་རེད་དམ། དངོས་གནས་དེ་འདྲ་ཡིན་ན་ག་རེ་བྱས་ནས་ཁྲིམས་གཏུགས་མི་བྱེད་པ་རེད། ཁྲིམས་གཏུགས་བྱེད་ཐུབ་མཁན་གཅིག་ཀྱང་མེད་པ་ནི་དཀྲོགས་གཏམ་གླེང་འགེལ་ཉེས་འཛུགས་ཡིན་པར་ཆ་འཇོག་བྱེད་དགོས་པ་ཞིག་རེད་དོ།། །།
དཔལ་དོན་་་་སྤེན་ཚེ་ལ་མི་བསད་ནག་ཉེས་བཙུགས་པ་གྲོས་ཚོགས་ཁོ་ནའི་ནང་དུ་ཅང་ཡིན་ཟོལ་མི་འདུག་ག ཁྱོད་རང་གིས་བཤད་པ་ལྟར་ལོ་རྒྱུས་དེབ་ཐེར་ནང་དུ་བཀོད་ནས་གྲོས་ཚོགས་ཀྱི་ཕྱི་རོལ་བསྒྲགས་ཟིན་པ་མ་རེད་དམ། ཕྱི་ལ་བསྒྲགས་ན་སྤེན་ཆེས་ཁྲིམས་གཏུག་བྱེད་ཀྱི་ཟེར་བ་བདེན་ན་གཏུག་རན་འདུག་ག
དཔལ་དོན་ལགས།
འཇུ་ཆེན་གྱིས་སྒེར་ནད་བཟུང་རེད་ཟེར་ནས་རང་ལ་ཁུངས་སྐྱེལ་བྱ་རྒྱུ་ཡོད་ན་ད་དོན་རན་འདུག་མ་གཏོགས་ཀ་སྟག་ཚང་གི་ལོ་རྒྱུས་སྐྱོ་མོ་དེར་ཉན་འདོད་མང་དུ་འགྲོ་བ་དང་ཁུངས་སྐྱེལ་འབྲེལ་ཡོད་མགོ་བཀའ་ཟུར་དང་སྤྱི་ཟུར་ནས་འཇུག་བཟོ་གྲྭའི་ནང་གི་ལས་གཡོག་བཅས་དོན་བཞིན་འདུག་གདའ། ཡག་ཤོས་ཀ་སྟག་ཆུང་མ་ལས་མི་འདུག་དཀར་ནག་དབྱེ་འབྱེད་ལ་་་་་་་
བབ་བརླིང་མིན་པའི་བོད་ཀྱི་སྤྱི་ཚོགས་དཀྲུག་པའི་རྩོམ་ཡིག་འདི་ཞིབ་ཏུ་བཀླགས་པ་ཡིན། འཁོན་འཛིན་དང་། ཁ་གཏད། དཀྲུག་འདོད་འབའ་ཞིག་གི་རྣམ་པ་ལས་བོད་སྤྱི་ལ་འགན་ཁུར་བའི་གནད་གང་ཡང་མཐོང་མ་སོང་།
༡) བཀུར་འོས་དཔལ་ལྡན་ཚོགས་གཙོ་མཆོག་གིས་མི་བསད་ཡོད་ན། ད་བར་བོད་མི་མང་སྤྱི་འཐུས་ཀྱི་ཐུགས་འགན་བཞེས་ནས་མི་ལོ་༡༩ ལྷག་སོང་བ་རེད། དེ་རིང་བར་འདིའི་སྐོར་བོད་མི་ཚོརགོ་ཐོས་ཡང་མེད་དོན་ཅི་ཡིན་ནམ། ད་ལྟ་ཤུགས་ཆེན་པོས་གླེང་མཁན་ཚོས་དེ་སྔོན་མ་ཤེས་པ་ཡིན་ནམ། ཡང་ན། ཆེད་དུ་དཀྲུགས་འདོད་ཀྱིས་སྐབས་འདི་དང་བསྟུན་ནས་རྒྱ་ཁྱབ་ཏུ་གླེང་བ་ལས། དོན་དངོས་སུ་ཁུངས་སྐྱེལ་ཐུབ་པའི་གནད་དོན་འདི་འདྲ་ཞིག་མེད་ཡིན།
༢) ༧རྒྱལ་དབང་ཐམས་ཅད་མཁྱེན་པ་དང་། མཁས་དབང་ཟམ་གདོང་རིན་པོ་ཆེ། བོད་ཀྱི་བཅའ་ཁྲིམས་རིན་པོ་ཆེ། བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་ཚེག་དགུ་བཅས་ལ་ད་བར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཁྲིམས་འགལ་གྱི་ཉེས་པ་ཕྲ་མོ་ཙམ་ཡང་བསགས་མྱོང་ཡོད་ཚུལ་གླེང་མྱོང་མེད་ན། ཚེ་དང་བསོད་ནམས་དམན་པའི་ཚེ་འབར་མིང་ཅན་དང་། ཅི་རི་ཉི་མ། ཏྲེ་ཧོར་བྱམས་པ་རིན་ཆེན། མཻན་བུ། བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་སོགས་ཀྱིས་འཇུ་ཆེན་འདས་པོས་ཤུལ་དུ་བཞག་པའི་དེབ་ན་དེ་འདྲ་ཞིག་འདུག་དང་། ཡང་དེ་སྔ་རང་ཁ་གསོ་ཆེད་གཞན་གཡོག་ངོ་འཚོ་བྱེད་མཁན་སྤྱི་ཟུར་བསོད་ནམས་སྟོབས་རྒྱལ་མིང་ཅན་ནས་མ་རུང་གཞན་སྐུལ་འོག་ཟེར་མྱོང་བ་ཁོ་ན་ནི་འཁྲུལ་མེད་ཚད་མར་འཛིན་རུང་དུ་རློམ་པའི་གདེངས་ཚོད་དང་སྤོབས་པ་ཡོད་ན། དངོས་དཔང་དང་མི་དཔང་ཡོད་པའི་ཁ་ཕོ་ལག་ཏུ་བསྟར་ཏེ་ཚོགས་གཙོ་ཁྲིམས་ར་ལ་སྐོང་འགུགས་གནོང་དང་། ང་ཚོ་ཚང་མས་ལྟད་མོ་བལྟས་ཏེ་བདེན་པ་ཡོད་ན་རྒྱབ་སྐྱོར་ཡང་བྱ་ཆོག
༣) དེ་མིན་བརྟན་ལྷིང་མིན་པའི་བོད་ཀྱི་ཡ་ང་བའི་ད་ལྟའི་གནས་བབ་འདི་ལ་སེམས་ཁུར་གྱིས་སྤྱི་ཚོགསམ་དཀྲུག་རོགས་གནང། སྐུ་མཁྱེན། སྤྱི་སྨན་གྱི་ལས་འགན་གང་ཡང་འཁུར་མ་ཐུབ་ཀྱང་། ལྷག་བསམ་དང་འཇོན་ཐང་ལྡན་པའི་བོད་མི་ཉུང་ཤས་ཤིག་འབུར་དུ་ཐོན་རེ་ཡོད་པའི་དུས་སྐབས་སུ་ཕན་མེད་གནོད་གཞི་དཀྲུག་མདའ་བསམ་དཀར་ཚོའི་སྙིང་ལ་མ་སྣུན་རོགས།
༤) ཚེ་འབར་ཁྱོད་ཁྱི་ཞིག་ཡིན་པའི་དབང་དུ་བཏང་ཡང་། དུས་སྐབས་འདི་མི་ངོ་དྲིན་ངོ་ཤེས་དགོས་པའི་དུས་རེད། ད་འགྲིག་སོང་། དཀྲུག་མ་ཡོང་རོགས། ཁྱོད་ལའང་ཕན་གི་མ་རེད་ལ། བོད་ལའང་ཕན་གི་མ་རེད།
སྤེན་ཚེ་རྒྱབ་བསྐྱོར་པ་ཚོར་ཐེངས་ཁ་ཤས་བཤད་རྒྱུ་བྱུང་། སྐུ་ངོ་འཇུ་ཆེན་མཆོག་ནི་བཀའ་ཁྲི་ཟུར་པ་ཞིག་དང་ལོ་རྒྱུས་ཀྱི་མི་སྣ་ཡིན་པ་གཞིར་བྱས་ཁོང་གི་རང་རྣམ་ནི་སྐུ་སྒེར་ཡིག་ཚང་གི་ཞིབ་བཤེར་བརྒྱུད་ནས་པར་བསྐྲུན་བྱས་པ་ཞིག་དང་། གོང་ས་ཐམས་ཅད་མཁྱེན་པས་དབུ་འབྱེད་གནང་པ་ཞིག་ཡིན་པས། དེས་ནང་བཀོད་ཚུལ་ལ་དོགས་པ་ཡོད་པ་མ་རེད། གལ་སྲིད་ཡོད་ན་ཁྲིམས་ལ་གཏུགས་ཆོག་གི་རེད།
བློན་ཆེན་མྱི་ཁྱོད་ཉོན་ཅིག
གོང་ས༧མཆོག་དང་ཟམ་གདོང་རིན་པོ་ཆེ་གཉིས་ཀྱིས་སྤེན་ཚེས་མི་གསོད་སྐོར་གསུངས་མེད་ན་བསད་མེད་པའི་ཁུངས་སྐྱེལ་ག་བར་འགྲོ་འམ་་་་་་ཧཧཧཧཧཧ་་་་་་ད་ལྟོས་དང་རྒྱབ་རྟེན་འཚོལ་སྟངས་ལ་་་་་་་་་་་་་་ བློན་ཆེན་ཉུམ་རུམ་པ་ཁྱོད་རང་ཀ་སྟག་ཚང་གི་བཟོ་གྲྭ་ནང་དུ་སྤེན་ཚེས་ལས་ཀ་གང་བྱས་རྒྱུད་རིམ་ཆ་ཚང་ཞིབ་འཇུག་ཅིག་བྱོས་དང་གནས་ཚུལ་ཁ་གསལ་མང་པོ་རྙེད་རྒྱུ་ཡོད་དོ།།
དེ་ལ་ཇི་སྐད་དུ།
ཡིད་ལ་བསམ་པ་གཞན་བྱས་ནས།།
ཚིག་ཏུ་སྨྲ་བ་གཞན་བྱེད་པ།།
གཡོན་ཅན་ཞེས་སུ་གྲགས་པ་སྟེ།།
བླུན་པོ་མཁས་པར་འཆོས་པ་ཡིན།། ཞེས་གསུངས་པ་ལས་མ་འདས་སོ།
ཨ་རིག་དགེ་མཐོང་གིས་ཁོ་རང་ཞེ་དྲག་མི་དྲང་མོ་ཡིན་མདོག་སྟོན་གྱི་འདུག་གཱ དྲིན་ཆེན་པོ། རྫ ཁྲ་ཡག་ཕར་ནང་རིག་སོང་། འབྲོང་མགོ་རྡོ་ཡིན་པ་ཤེས་ཚར་བ་རེད། ཨ་རིག་གླེན་པའི་རྒྱུད་ལ་ཁྲམ་པ་མགོ་ལྟིག་ཅིག་སྐྱེས་ཡོད་པ་མ་མཐར་ཨ་མདོའི་མི་མང་གིས་ཤེས་ཚར་བ་རེད། རྡ་ས་ནས་སྐྱ་མིན་སེར་མིན་གྱིས་བར་དོ་བ་ཞིག་བྱེད་པ་ལས་གྲྭ་བ་ཞིག་ཡིན་པའི་ཚུགས་ཀ་རེད་ལྦཱ། རྡ་ས་ནས་ཆབ་སྲིད་ཀྱི་རྐུབ་སྟེགས་ཤིག་རག་པར་རེ་སྟོང་འཆང་ནས་འདུག་པ་ལས་གྲྭ་སར་སོང་།
བློན་ཆེན་བློན་ཆུང་ཟེར་ན་ཅང་ཤེས་ལེ་མིན། ཡིན་ཀྱང་ལན་འདི་འདྲ་ཞིག་ཡོད།
༡་་་་སྤེན་ཚེས་མི་བསད་པའི་རྙོག་གླེང་འདི་དེང་སང་གསར་དུ་བྱུང་བ་དང་གསར་དུ་གླེང་གཞི་བཟོས་པ་ཞིག་མ་རེད། སྤྱི་ཟུར་རལ་པ་ཅན་གྱིས་སྤེན་ཚེ་ལ་མི་བསད་ནག་ཉེས་བཙུགས་ནས་སྤེན་ཚེ་བཀའ་བློན་ནང་དུ་འགྲོ་མ་ཐུབ་པ་རེད་གདའ། མི་བསད་ནག་ཉེས་མེད་ན་བཀའ་བློན་ནང་དུ་འགྲོ་མི་ཐུབ་དོན་ཅི་རེད་དམ།
༢་་་་སྤྱི་ཚོགས་དཀྲུགས་མཁན་ཨང་དང་པོ་གཅིག་སྤེན་ཚེ་ཡིན་པ། སྤྱི་ཟུར་རལ་པ་ཅན་ལ་འཁོན་ལན་བསློགས་ཡོད་པ། སྤེན་ཚེས་ཚོགས་གཙོ་ཡི་རྐུབ་སྟེགས་ཐོག་ནས་ཕྱོགས་ཁག་དཔུང་སྒྲིག་བྱས་ནས་རལ་པ་ཅན་ལ་གནམ་གྲུའི་པྭ་སི་ཡི་འགྲོ་སོང་བཅད་པ་ཡིན་པ། སྤྱི་འཐུས་གྲོས་ཚོགས་འཚོགས་མ་ཐུབ་བཟོས་པ་ཡིན་པ། སྤྱི་འཐུས་གྲོས་ཚོགས་ནང་ནས་དཀྲུགས་ཤིང་བརྒྱབ་ནས་གྲོས་ཚོགས་འཚོགས་མ་ཐུབ་པ་བཟོ་འོང་དུས་མི་དམངས་ནང་དུ་ཤུགས་རྐྱེན་ངན་པ་ག་ཚོད་བཞག་མ་སོང་ངམ། སྤེན་ཚེ་དཀྲུགས་ཤིང་གི་གཏེ་པོ་གཅིག་ཡིན་པ། སྒེར་དོན་སྙིང་ནད་བརྩད་དུས་སྤྱི་ཚོགས་ལ་འགན་ཁུར་གྱི་མེད་པ།
ངོ་མ་བྱས་ན་སྐད་ཆ་འདི་དང་པོ་ཁྱབ་ཡོངས་དུས་ཡིད་ཆེས་རྩ་བ་ནས་སླེབས་མ་སོང་་་་གང་ཡིན་ཟེར་ན་འཇུ་ཆེན་གྱི་དེབ་ནང་ལའང་གསལ་པོ་ཅི་གང་མི་འདུག་་་་ཡིན་ནའ་ཞག་འགའ་ཤས་སྔོན་ལ་ཝ་ར་ན་སི་དགེ་རྒན་དང་བཙན་བྱོལ་ནང་ནས་སྙན་ངག་མཁས་པ་དགེ་བཤེས་བེ་རི་འཇིག་མེད་དབང་རྒྱལ་ནས ཁོང་གི་ཨ་ཞང་འོག་ཏུ་ལས་ཀ་ལས་ནས་རྒྱུན་རིང་བསྡད་མྱོང་ཡོད་རབ་དང་་ཨ་ཞང་གིས་སྤེན་པ་ཚེ་རིང་ལ་མི་གཞི་ཡག་པོ་མེད་རབ་དང མི་བསད་པ་བདེན་པ་ཡིན་རབ་སོགས་ཆུ་ཚོད་གཅིག་མ་ཟིན་ཙམ་བཤད་སོང་དེ་ནས་བཟུང་དོགས་པ་ཅུང་ཟད་སླེབས་སོང་ གཅིག་བྱས་ན་བེ་སྨྱོན་རྩོམ་ཧ་ཅང་དགའ་བོ་ཡོད་པས་རྒྱུ་མཚན་དེ་འདྲ་བྱས་ནས རྒྱུ་མཚན་ལ་མི་ལྟ་ནས་མི་ལ་བལྟས་ནས་ཡིན་གང་ཤེས་་་ཁ་གསལ་ཙམ་གསལ་བཤད་ཞིག་བསྒུག་བཞིན་ཡོད
དྲང་བདེན་ལགས།
སྤྱིར་བེ་སྨྱོན་སྙན་ངག་ལ་མཁས་ཀྱང་ད་ལན་སྤེན་ཚེས་མི་བསད་དང་འབྲེལ་བའི་གཏམ་བཤད་འདི་དྲང་བདེན་ལས་སྙན་ངག་འགྲོ་ས་རྩ་བ་ནས་ཡོད་མ་རེད། བེ་སྨྱོན་ལགས་དགེ་སློང་ཉམས་ཆུང་ཞིག་ལས་དོན་མེད་མི་ལ་སྐྱོན་འཛུགས་དེ་བས་ཀྱང་མི་བྱེད། འདས་ཟིན་པའི་བེ་སྨྱོན་གྱི་ལོ་རྒྱུས་ལ་གཟིགས་དང་དཀར་པོར་ནག་ཐིག་འདེབས་རབ་རྩ་བ་ནས་གོ་རྒྱུ་མེད་དོ།།
དེས་ག་ལ་ཚད། ད་ལོའི་ནིའུ་ཡོག་གི་སུམ་དུ་དྲན་གསོའི་རྐྱེན་ངན་དེ་ཡང་འཕྲིན་ལས་སྐལ་བཟང་དང་རྐུན་རྒྱབ་ཇག་ལངས་བྱས་པའི་འབྲས་བུ་རེད། མ་གཞི་མ་རྩོམ་ནང་ཞིབ་ཕྲ་འཁོད་འདུག། ད་སྤེན་ཚེ་དཀར་འདོན་བྱེད་པར་ལས་སླ་པོ་མེད་ཆོད། ཀ་སྟག་སྤྲུལ་སྐུ་སྙིང་གི་ན་ཚ་ཡོད་བཞིན་དུ་ཆུང་མ་ཕྲོགས་རྒྱུ་དངུལ་ཁ་ལུད་བརྒྱབ་པ་བདེན་ན་ཁྲིམས་ཁར་ཀ་སྟག་སྤྲུལ་སྐུ་སྲོག་རླུང་གིས་བསད་མེད་པ་འགྲེལ་བཤད་ཇི་ལྟར་རྒྱག་གམ། དེ་གཅིག་ཡིན། དེ་ནས་བཙན་བྱོལ་ནས་ཟམ་གདོང་བླར་རྒན་གྱིས་དཀར་འདོན་ཇི་ཙམ་བྱས་ཀྱང་གཞིས་ཀྱི་རང་བཙན་གྱི་དོན་དུ་སྐུ་སྲོག་བཏང་མཁན་དཔའ་བོ་དཔའ་མོ་ཚོས་དུར་ས་ནས་བསྒུག་ཡོད་རྒྱུ་རེད་ལ། ཐར་པ་གང་ནས་གཏོང་།
འཕྲིན་ལས་སྐལ་བཟང་ནས་གཞི་མེད་དཀྲོགས་གཏམ་ལ་གསལ་བཤད། འདིར་འདུག
https://www.facebook.com/santashi?fref=nf
སྤྱི་འཐུས་ཟུར་བ་སྨར་ཁམས་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་ཚོགས་གཙོ་སྤེན་པ་ཚེ་རིང་དང་འབྲེལ་བའི་གསལ་བཤད་ཅིག་གནང་འདུག
དངོས་དོན་ཚད་མ་འདྲ་ཞིག་ལ་དཔེ་བཞག་ན། སྤེན་པ་ཚེ་རིང་གི་སྲིད་སྐྱོང་ལས་རིམ་ལ། སྤེན་པ་ཚེ་རིང་གིས་སྐད་ཆ་བཤད་ཤེས་ཀི་རེད་བཤད་ཐུབ་ཀི་རེད། མགོ་འཚོས་ཀི་རེད་དེ། ཡིན་ནའང་། དེ་སྔོན་གི་རྙོག་དྲ་དེ། ཀ་སྟག་སྤྲུལ་སྐུའི་གནས་ཚུལ་དེ་སྤྱི་འཐུས་གྲོས་ཚོགས་ཀྱི་འདེམས་ཐོའི་ནང་ལ་ཚང་མ་འགོད་བསྡད་ཡོད་རེད། དེ་གཙང་མ་བཟོས་ནས་བཟོ་ཐུབ་ཡ་ཅི་གང་ཡོད་མ་རེད་ཅེས་ཞུ་རྒྱུ་གཅིག་དེ་ཡིན།
གནད་དོན་གི་ཐད་ལ་ཁ་སང་ངས་འདི་འདྲ་ཞིག་གོ་སོང་། རླུང་འཕྲིན་ཁང་ནང་ལ་འདི་འདྲ་ཞིག་བཤད་བསྡད་འགི །ཁོང་གིས་ཁོ་ཨོ་སི་ཏྲོ་ལི་ཡར་སླེབས་དུས་ངས་ཁ་བཏགས་གཡོགས་ནས་ཁོ་དཀར་པོ་བཟོས་རེད་ཟེར། ངས་ཁ་བཏགས་གཡོགས་ནས་ཁོ་དཀར་པོ་ཆགས་བཅུག་ཡ་ཅི་གང་ཡོད་མ་རེད། ངས་ཁོ་རང་ཨ་ཙེ་དྲན་བྱུང་། ཁོས་བསམ་བློ་གཏོང་སྟངས་འདི་རེད། ཁོ་དཀར་པོ་ཡིན་ན་དཀར་པོ་ཆགས་ཀི་རེད། ནག་པོ་ཡིན་ནས་ནག་པོ་བསྡད་བསྡད་ཡོད་རེད་མ་གཏོགས། ཁ་བཏགས་ཤིག་གིས་ངས་ཁོ་དཀར་པོ་བཟོ་ཐུབ་ཡ་ཅི་ཡོད་མ་རེད། ཁོས་བསམ་བློ་དེ་འདྲ་བཏང་ནས་ཁོ་རང་ཁོ་རང་གིས་ལྐུག་པའི་བསམ་བློ་རང་རེད། གནད་དོན་གི་ཐད་ཀར། ད་དེ་རིང་ཁོ་རང་གི་གཙང་མ་བཟོ་ཡ་གི་ཆེད་དུ་རེད། གཙང་མ་ཡིན་ན་གཙང་མ་འདུག་གི་རེད། གཙང་མ་མིན་པ་ཞིག་གིས་དུས་ནམ་ཡང་གཙང་མ་བཟོ་ཐུབ་ཀི་མ་རེད་ཞུ་ཡ་ཡིན།
ཤང་གང་འགྲོ་དུས་ཆུ་ཚོད་གཉིས་པ་ཡོལ་ཙམ་རེད། མི་ཞིག་གིས་ང་ལ་ཁ་པར་སླེབས་བྱུང་། ཚོགས་གཙོ་ཁྱོའི་ནང་ལ་ཡོང་གི་ཡིན་ཟེར། ཁ་ལག་ནི་བཟོ་མི་དགོས་ཟེར། འོ་འགྲིག་གི་ལབ་པ་ཡིན། མི་ཡོང་གི་ཡིན་ཟེར་དུས་འགྲིག་གི་རེད་བ། དེ་ནས་ཁོ་སླེབས་བྱུང་། འདིར་སླེབས་ཚར་དུས་ངའི་སར་ཆུ་ཚོད་ཕྱེད་ཀ་ཙམ་རིང་བྷི་ཨར་འདྲ་བཏུང་བ་མ་གཏོགས་ཁ་ལག་ཟ་ཡ་ད་སེམས་ཐག་ཡིན་ཟེར་གི་འདུག །དེ་མ་གཏོགས་ངས་ཁོ་གདན་འདྲེན་ཞུ་དགོས་ཡ་ཅི་གང་མེད།
སྤྱི་འཐུས་དོན་དག་ལ་ཡུ་རོབ་ལ་འགྲོ་ཡིན། ང་ཡུ་རོབ་ལ་ཐེངས་གཉིས་འགྲོ་ཡིན། ང་ཚོ་ཡུ་རོབ་འགྲོ་དུས་སྤྱི་འཐུས་མི་བཅུ་ཡོད་རེད། ངས་ཁོ་ལ་ཚོགས་གཙོ་ཁུར་ཤོག་ད་ཟེར་ནས་ཁོ་ཚོགས་གཙོ་ཆགས་ཆོག་ཆོག་ག་ལ་ཡིན། ངས་ཁོ་ལ་ཚོགས་གཙོ་མིན་ན་མིན་ཟེར་ནས་ངས་གནས་ལུགས་རྒྱུ་མཚན་འདི་འདྲ་མ་རེད། འདི་འདྲའི་མི་མང་མགོ་སྐོར་གཏང་ཡ་གི་སྐད་ཆ་བཤད་བསྡད་ན་ངས་ཡག་པོ་མ་རེད་བསམ་ནས་བཤད་ཀི་ཡོད། ངའི་སྤྱི་འཐུས་ཚོགས་གཙོ་བདམས་ཡ་དེ་ཀརྨ་ཆོས་འཕེལ་རེད། ཀརྨ་ཆོས་འཕེལ་བླུག་དགོས་ཟེར་མཁན་དེ་ང་རེད། འོོ་ད་ཁོས་དེ་འདྲ་བཤད་ན་ཡག་པོ་མ་རེད་དྲན་གྱི་འདུག །ཁོ་རང་དངོས་ཡོད་གནས་ཚུལ་གང་རེ་ཡིན་པ་དེ་སྤྱི་ཚོགས་ཐོག་ཡོངས་གྲགས་ཆགས་བསྡད་ཡོད་རེད། བོད་མི་མང་གི་འགོ་འཁྲིད་མཁན་བོད་མི་མང་གི་ལངས་ཕྱོགས་བརྟན་པོ་བཟུང་མཁན་གི་མི་དེ་ལྷག་བསམ་རྣམ་དག་ཅན་དང་བློ་བཟང་གཟུ་བོར་གནས་པའི་མི་ཞིག་དགོས་ཀྱི་རེད་མ་གཏོགས། རང་ཉིད་དཀར་འདོན་བྱེད་ནས་རང་ཉིད་ཡར་སྲུང་ཡོང་ཡ་གི་སྐད་ཆ་བཤད་བསྡད་ན་དེ་ཡག་པོ་རྩ་བ་ནས་མ་རེད་ཞུ་ཡ་ཡིན། དེ་ཡིན་པའི་ཆ་ནས་དེ་འདྲ་བྱས་བསྡད་ན་ཏག་ཏག་འདུག་གི་མ་རེད། ངས་དོ་བདག་ཁོ་ལ་རྟགས་བརྒྱབ་ཡ་གི་དུས་ཚོད་ཡོལ་ཚར་རེད། ཀ་སྟག་སྤྲུལ་སྐུའི་སྐོར་དེ་ངས་བཤད་ཀི་དུས་ཚོད་ལ་བཤད་ཚར་རེད། འཇོག་གི་དུས་ཚོད་ལ་བཞག་ཚར་རེད། ཡང་དེ་རིང་བསྐྱར་དུ་གླེང་དགོས་པའི་རྒྱུ་མཚན་མི་འདུག་བསམ་གི་ཡོད། ཡིན་ནའང་། ཁོས་ཨ་མི་རི་ཀའི་རླུང་འཕྲིན་ཁང་ནང་འདྲ་མི་འདྲ་དེ་འདྲ་ཞིག་བཤད་དུས་ང་ཡང་སྐྱིད་པོ་མ་བྱུང་། དངོས་ཡོད་གནས་ཚུལ་ག་རེ་ཡིན་ན་དངོས་ཡོད་གནས་ཚུལ་རང་དེ་དེབ་ཐེར་ནང་ལ་འཁོད་བསྡད་ཡོད་པ་དེ་འདྲ་ཞིག་རེད་མ་གཏོགས། དེ་མི་མང་ཐམས་ཅད་ཀྱིས་ཡང་ཏོག་ཙམ་དགོངས་བཞེས། དངོས་གནས་དྲང་གནས་བོད་གཞུང་སྲིད་སྐྱོང་ཟེར་མི། མི་མང་གི་འགོ་ཁྲིད་མི་དེ་མི་རིགས་ལ་ཞེན་ཁག་ཡོད་མཁན་ཞིག་ལྷག་བསམ་ཅན་ཞིག །རྒྱལ་བ་རིན་པོ་ཆེའི་ཅི་གསུང་བཀའ་སྒྲུབ་མཁན་གྱི་མི་ཞིག་དགོས་ཀི་རེད་མ་གཏོགས། ཆང་ཨ་རག་ཉིན་མཚན་མེད་པར་འཐུང་འདུག་མཁན་ཞིག་གིས་བོད་དོན་དེ་དུས་ནམ་ཡང་སྒྲུབ་ཐུབ་ཀི་མ་རེད། དེ་འདྲ་ཡིན་ཙང་བོད་མི་མང་ཚང་མས་དགོངས་པ་ཡག་པོ་བཞེས་དགོས་ཀྱི་རེད་ཞུ་ཡ་དེ་ཡིན།
—བློ་གྲོས་རབ་བརྟན་ནས་ཡིག་ཐོག་ལ་ཕབས་པ་ཡིན།
རླུང་འཕྲིན་ཉན་འདོད་ན་དྲ་ཐག་འདི་ཡིན།
http://streamer1.rfaweb.org/stream/TIB/TIB-2015-1013-2200.mp3
སོ་སོའི་རྒྱབ་སྐྱོར་བྱེད་སའི་འོས་མི་རེ་ཡོད་ཆོག་ལ་ཡོད་དགོས། འོན་ཀྱང་གཙོ་བོ་༧ རྒྱལ་བ་རིན་པོ་ཆེའི་བཀའ་སྒྲུབ་དགོས་ཟེར་བ་སྙིང་ཐག་པ་ནས་ཡིན་ན་བོད་མི་ནང་ཁུལ་དཀྲུགས་ཤིང་འགྲོ་བའི་སྐད་ཆ་རྩ་བ་ནས་བཤད་མི་ཉན། དམིགས་ཡུལ་དང་ལྟ་བ་ལངས་ཕྱོགས། རྒྱབ་ལྗོངས། བྱས་ལུགས་བྱས་སྟངས་སོགས་གང་ལ་བལྟས་ཀྱང་མཐུན་ཐབས་རྩ་བ་ནས་མེད་པའི་དོལ་ཁྱི་ཚོགས་པ་མ་གཏོགས་གཞན་གང་ཅི་ཐུབ་ཀྱི་དམ་ཚིག་མཐུན་ལམ་་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་ཀྱི་སྐད་ཆ་བཤད་དགོས་པ་ལས་གཞི་མེད་ཀྱི་དཀྲུགས་ཤིང་མ་རྒྱབ་རོགས། ༧ གོང་ ས་མཆོག་དང་གཞིས་བཞུགས་བོད་མི་ས་ཡ་དྲུག་གི་ལྷག་བསམ་དང་རེ་བ་ཆུད་ཟོས་སུ་མ་གཏོང་རོགས། ཁ་དྲོ། བཀྲ་ཤིས།
ཚེ་འབར་ཟེར་པ་ཁྱེད་རང་ཀླུ་བྱམས་ཀྱི་ཨབ་ཕྲུག་ཅིག་ཡིན་པ་ཤེས་ཡོད། དེས་ཁྱོད་ཀྱིས་བྲིས་པའི་བསམ་ཚུལ་དེ་ལ་མོས་མཐུན་མེད་ལ་ཀློག་འདོད་ཀྱང་མེད། རེ་བ་གཅིག་ཡོད་པ་ཀླུ་བྱམས་ལས་ཀླུ་བྱམས་རྗེས་འགྲངས་པ་ཚོ་ལྐུགས་པ་རེད་འདུག ཁྱོད་ཚོ་ནམ་ཞིག་ལྐུགས་པའི་རྨོངས་གཉིད་ནས་སེད་དགོས་པ་རེད། དེ་མ་སེད་པར་དུ་ཅི་ཙམ་བཤད་ཀྱང་རྡོ་ཐོག་ལ་ཆུ་རེད་ཟེར་པ་དེ་ཡིན། མཐའ་དོན་མི་མང་པོ་ཞིག་རྨོངས་གཉིད་ལས་སེད་ཐུབ་སོང་ན། དེ་དུས་བོད་མི་རིགས་ཀྱི་མདུན་ལམ་འོད་སྟོང་ལྡན་པ་ཞིག་ཡོང་ངེས་རེད། བཤད་སྟངས་མ་འགྲིག་ན་གྲོགས་པོ་ཚེ་འབར་ལ་དགོངས་སེལ་ཞུ།
སྤེན་པ་ཚེ་རིང་མཆོག་གིས་མི་བསད་པ་ཟེར་བ་གཞི་མེད་རེད། སྲིད་སྐྱོང་འོས་མི་སུའི་རྒྱབ་སྐྱོར་བ་ཡིན་ན་འོས་མི་ཚོར་སྐྱོན་བརྗོད་བྱས་པ་ཕན་ཐོགས་གང་ཡང་མི་འདུག ཉན་འདོད་མེད།
ད་གཉིད་ཀྱི་ཡིན། སང་ཉིན་གནས་ཆུང་ཟ་ཁང་ནས་ཞོགས་ཇ་ཡག་ཐག་ཆོད་ཅིག་ཟས་ནས་འོས་ཤོག་བླུག་རྒྱུ་ཡིན།
མི་ཞིག་གིས་རང་གི་བོད་མི་རིགས་ཀྱི་སྤྱི་དོན་ཆེད་དུ་ཕྱོགས་ཡོངས་ལ་དབེ་ཞིབ་ཀྱིས་བསམ་ཚུལ་གང་བྲིས་ཀྱང་། མི་སུ་ལ་དཔྱད་ཞིབ་བྱས་ཀྱང་། གཅིག་གཅིག་གི་ཨབ་ཕྲུག་དང་རྗེས་འབྲངས་པ། རྒྱབ་དཔུང་ཡིན་མིན་གྱི་སྐད་ཆ་བཤད་པ་ནི་ཡག་པོར་མཐོང་མ་སོང་།
དེ་ལྟར་ན་མི་སུམ་ཅུར་བསམ་པ་སུམ་ཅུ་ཟེར་བ་དེ་ནོར་བ་མ་རེད་པེ།
ང་ནི་སྲིད་སྐྱོང་འོས་མི་ཚར་མར་གུས་ཞབས་དང་ཡག་པོ་རེད་བསམ་ཡོད། འོན་ཀྱང་འོས་གཅིག་ལས་མེད་སྟབས་འོས་མི་གཅིག་ལ་བླུགས་རྒྱུ་ལས་གཞན་ཐབས་ཤེས་མི་འདུག གལ་སྲིད་འོས་མི་ལྔ་བོར་འོས་ཤོག་ལྔ་ཆོག་པ་ཡིན་ན་འོས་ཁོང་ལྔ་བོར་ཁྱད་མེད་དུ་བླུགས་ངེས་ཡིན་ནོ། །
ཚེ་འབར་ལགས་ཀྱིས་ཕྱོགས་ལྷུང་དང་བྲལ་བའི་གཟུར་གནས་ཀྱི་རྩོམ་ཡིག་ཧ་ལས་པ་ཡག་པོ་ཞིག་བྲིས་གནང་འདུག ཆ་ཚང་བཀླགས་པ་ཡིན། ཐུགས་རྗེ་ཆེ།
་་་་་་་་་་ མ་གཞི་ནས་རྙོག་གླེང་འདི་ཕྱི་ལོ་༢༠༠༤ ཟླ་༣ ཚེས་ ༣༠ ཉིན་བྱུང་བ་རེེད་ལ། སྐུ་ངོ་སྤེན་པ་ཚེ་རིང་མཆོག་གི་གསལ་བཤད་ཕྱི་ལོ་༢༠༠༤ ཟླ་ ༩ ཚེས་ ༡༧ ཉིན་གནང་འདུག གསལ་བཤད་དང་བསྙོན་འཛུགས་བར་ཟླ་ལྔ་དང་ཉིན་བཅུ་བདུན་ཏག་ཏག་ཡོད་པས། དཔང་རྟགས་ཁུངས་བཙན་དེ་དག་བཙལ་བ་ལ་དུས་ཚོད་ཀྱིས་མ་འདང་པ་ཡིན་ག་ལ་སྲིད། སྐུ་ངོ་མཆོག་བོད་ཀྱི་གནད་ཡོད་མི་སྣ་ཞིག་ཡིན་པའི་ཆ་ནས་ནག་ཉེས་དང་འབྲེལ་བ་ཡོད་པའི་བསྙོན་འཛུགས་འདི་དག་ངེས་པར་དུ་མེད་པ་བཟོ་དགོས། ་་་་་་་་་
་་་་་་་་་ བོད་ཀྱི་གྲོགས་པོ་ཚོགས་པ་ནི་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ཉི་ཤུའི་ནང་ལ་ཡོད་པའི་ཚོགས་མི་བཞི་སྟོང་ལྷག་ཅན་གྱི་བོད་རང་བཙན་གཙང་མ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་མཁན་ཞིག་ཡིན། བོད་རང་བཙན་གཙང་མ་རྩོད་མཁན་གྱི་ཚབ་མཚོན་མི་སྣ་དེ་དག་དང་དེའི་རྒྱབ་སྐྱོར་བ་ཡོད་དོ་ཅོག་འབུར་འཇོམས་བཏང་རྗེས། ངས་བོད་རང་བཙན་རྩོད་མཁན་ལ་དགག་བྱ་མེད་ཟེར་ན་གོ་རྒྱུ་ག་རེ་འདུག ་་་་་་་ཟེར།
ཚོགས་གཙོ་སྤེན་ཚེ་མཆོག མི་བྱས་རྗེས་ཅན་ཅིག་ཡིན་པ་དངོས་བདེན་རེད། འོནད་ཀྱང་། འདི་ལོའི་སྲིད་སྐྱོང་དེ་བློ་སེང་རང་ལ་རྒྱ་བ་སྐྱོར་བྱེད་བཞིན་ཡོད་པས། བདེན་པ་ཉིད་རྣམ་པར་རྒྱུལ་འགྱུར་ཅིག །
ཚེ་འབར་གཙོ་བྱས་བའི་མི་རྣམས་ཡ་མང་པོ་མང་པོ་ཞིག་ལབ་ནས་འདུག་པ་ལས། དཔང་རྟཊ་ཁྱེར་ནས་ཁོ་ཁྲིམས་ལ་སྦྱར་རྒྱུ་ཡོད་ན་མགྱོཊ་པོ་སྦྱར་བཞག་ན་ཡག་པོ་འདུག ད་བཤད་ནསབསྡད་ན་མ་འདུག་རོཊ་མགྱོཊ་སུ་ཡིན་ད། དེ་ནས་སུས་ཀྱང་འོས་བླུག་གི་མ་རེད། ལས་སླ་པོ་དེ་ཚོ་དཀའ་མོ་མ་གནང་དང་།
མ་བསམ་ས་ནས་བསམ་བློ་འཁོར་མི་ཐུབ་པ་ཞིག་ལ། གཞུང་ཞབས་ལས་བྱེད་པའི་ཁྲོད་ནས་འོས་ཤོག་མང་ཤོས་སྐུ་ངོ་ཚོགས་གཙོ་མཆོག་ལ་འཕངས་ཡོད་པ་འདིས། ཅི་ཞིག་གསལ་བཤད་བྱེད་ཀྱི་ཡོད་དམ། ཅི་ཞིག་མཚོན་གྱི་ཡོད་དམ། དོན་དངོས་བཤད་ན། མིའི་རིན་ཐང་འགྲོགས་ན་ད་གཟོ་གཞི་ནས་ཤེས་ནས་ཡོང་གི་རེད།
གཞུང་ཞབས་ལས་བྱེད་ཚོས་འོས་མང་ཤོས་སྤེན་ཚེ་འཕངས་པའི་ཁུངས་སྐྱེལ་ག་རེ་ཡོད། གལ་སྲིད་དེ་ལྟར་ཤེས་དབང་དུ་བཏང་ཚེ་ཁྲིམས་འགལ་ཡིན་པས་འོས་རྩིས་མེད་གཏོང་དགོས།