དྲ་འདྲེ།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱིས་ཕྲག་ཏུ་བབ་པའི་ལས་དོན་ཁག་ཅིག་གི་ཐོག་ལ་འཐུས་ཤོར་བཏང་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་བླང་དོར་སྒྲིག་གཞི་དོན་ཚན་འགར་བརྩི་སྲུང་ཚུལ་བཞིན་མ་བྱས་པའི་ཉེར་ལེན་ལ་བརྟེན་ནས། རང་གཞུང་འཛིན་སྐྱོང་བཀའ་ཤག་ནས་དོ་བདག་གི་ལས་གནས་འཕོ་འགྱུར་བཏང་པའི་གནས་ཚུལ་ཐོན་པའི་རྗེས། སྤེན་པ་ཚེ་རིང་ལགས་སྒེར་གྱི་བྱས་ཉེས་ནས་རིམ་བཞིན་དྲ་ལམ་དང་སྲང་ལམ་བར་གྱི་གནད་དོན་ཞིག་ཏུ་གྱུར་པ་དང་། དེ་སྔར་ཡིན་ན་གཤམ་འོག་ལས་བྱེད་འཕོ་འགྱུར་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་བྱེད་སྲོལ་མེད་བཞིན་དུ། དཔལ་ལྡན་བཀའ་ཤག་ནས་ཐུགས་དགོངས་ཆེ་བཞེས་ཀྱིས་སྔ་ཕྱིར་གསལ་བཤད་ཐེངས་འགའ་གནང་པའི་མཐའ་མར་“ཉེས་དོན་དོན་ཚན་བཅུ་”ཅན་ཞིག་ཕྱིར་བསྒྲགས་གནང་ཡང་ཕན་འབྲས་མ་བྱུང་པའི་ཁར། སྔར་ལོའི་འོས་བསྡུ་སྐབས་ཀྱི་ན་ཚ་རྙིང་པ་བསྐྱར་ལོག་རྒྱག་པར་ལྟར། ཕྱོགས་འཐེན་དཔུང་སྒྲིག་མཁན་ཉུང་ཤས་ཤིག་གིས་སྤེན་པ་ཚེ་རིང་ལགས་ཀྱི་བྱས་ཉེས་དོན་ཚན་རྣམས་བདེན་རྫུན་དབྱེ་འབྱེད་གཏན་ནས་མེད་པར་གཏམ་བརྗོད་འདྲ་མིན་དང་བྱ་སྤྱོད་སྣ་ཚོགས་ཤིག་སྤེལ་ཏེ། སྤྱི་ཚོགས་ཁ་བྲལ་དང་ཆིག་སྒྲིལ་རྩ་གཏོར་གྱི་ལས་ཚབས་ཆེན་བསགས་དང་གསོག་མུས་བཞིན། གནད་དོན་འདི་དང་འབྲེལ་ནས་གཤམ་དུ་རང་གི་ལྟ་ཚུལ་ཁ་ཤས་གླེང་བར་འདོད།
སྐུ་ཚབ་དོན་གཅོད་ཁང་ཁག་ནི་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཐད་ཀར་འཛིན་སྐྱོང་ཡོད་པའི་ཕྱི་འབྲེལ་ལས་ཁང་ཞིག་ཡིན་ཞིང་། དོན་གཅོད་ཀྱི་ལས་འགན་ནི་བཀའ་ཤག་གི་ལམ་སྟོན་འོག་གནས་ཡུལ་རྒྱལ་ཁབ་ནང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་མི་སྣར་འབྲེལ་ལམ་འཛུགས་ཏེ་ཆབ་སྲིད་དང་དཔལ་འབྱོར་ཐོག་ནས་རྒྱབ་སྐྱོར་ཐོབ་ཐབས་དང་། གོང་ས་མཆོག་གི་རླབས་ཆེན་མཛད་འཕྲིན་ཁག་ལ་མཐུན་འགྱུར་ཞབས་ཏོག་གང་ལེགས་བསྒྲུབ་རྒྱུ། དེ་བཞིན་ས་གནས་བོད་རིགས་དང་འབྲེལ་བའི་ལས་དོན་ཁག་གཅིག་ལྕོགས་སུ་གནང་རྒྱུ་སོགས་ཡིན་པ་ནི་ཀུན་གྱིས་མཁྱེན་གསལ་ཡིན་ལ། བཀའ་ཤག་ནས་ཕྱིར་བསྒྲགས་གནང་པའི་འཐུས་ཤོར་དང་བྱས་ཉེས་དོན་ཚན་བཅུ་པོར་རེ་རེ་བཞིན་ཞིབ་ཏུ་བསམས་ན། བསྡོམས་པའི་དོན་ཚན་བཅུ་ཕར་ཞོག དེའི་ནང་གི་དོན་ཚན་གང་རུང་གཅིག་གིས་ཀྱང་གཞུང་ཞབས་ལས་བྱེད་ཅིག་འཕོ་འགྱུར་གཏོང་འོས་པའི་རྒྱུ་རྐྱེན་ཡོངས་སུ་ཚང་ཡོད་པ་མ་ཟད། གཞུང་གི་ལས་བྱེད་ཀྱི་བླང་དོར་སྒྲིག་གཞི་དང་འབྲེལ་བའི་གནད་དོན་འདིའི་རིགས་འཛིན་སྐྱོང་ནས་ཐག་གཅོད་གཏན་འབེབས་གནང་སྟེ་ཕེབས་རྒྱུ་ཞིག་ལས། འདི་ལ་འགྲིག་མ་འགྲིག་གི་རྩོད་པ་རྒྱག་ས་མེད་པ་ལྟ་བུ་ཞིག་རེད།
སྤེན་པ་ཚེ་རིང་ལགས་ཚུད་པའི་དོན་གཅོད་སུ་ཞིག་ཡིན་ནའང་གོང་གསལ་གལ་ཆེའི་སྤྱི་པའི་ལས་དོན་ཆེ་ཁག་དང་། ལྷག་པར་གོང་ས་མཆོག་གི་མཛད་འཕྲིན་སོགས་ཀྱི་ལས་དོན་ཐོག་འཐུས་ཤོར་དང་ནོར་འཁྲུལ་ཅི་ཞིག་བྱུང་པ་ཡིན་ནའང་མཇུག་འབྲས་ཧ་ཅང་ཚབས་ཆེན་ཡིན་ལ། དེའི་ཐག་གཅོད་ཀྱི་འགན་དབང་ཆ་ཚང་ཡང་བྱ་སྤུ་གནོན་གྱི་སྒྲིག་ལྟར་གོང་རིམ་ཕྱི་དྲིལ་ལྷན་ཁང་དང་། ཆེའི་མཐོའི་དབང་འཛིན་བཀའ་ཤག་གམ་ཡང་ན་དཔལ་ལྡན་ལས་ཐོག་སྲིད་སྐྱོང་མཆོག་ལ་ཡོད་པ་ནི་ད་ལྟའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་མ་ལག་དང་། འབྲེལ་ཡོད་ཁྲིམས་སྒྲིག་ནང་གསལ་བའི་གཡོལ་ཏུ་མེད་པའི་འགན་ཁུར་དང་གྲུབ་ཆ་ཞིག་ཆགས་ཀྱི་ཡོད་པས། གལ་ཏེ་དོན་གཅོད་གང་རུང་ཞིག་གི་ལས་དོན་འཐུས་ཤོར་དང་ནོར་འཛོལ་ལ་བཀའ་ཤག་ནས་འགན་ཁུར་མ་གནང་བར་སྣང་མེད་དུ་བཏང་པ་ཡིན་ན། དེ་ལ་ད་གཟོད་མི་མང་ནས་སྐྱོན་བརྗོད་དང་ཉེས་འཛུགས་དགོས་ངེས་ཤིག་ཆགས་ཀྱི་ཡོད་པ་ལས། མགོ་མ་མཐོང་གོང་ནས་ཐོད་ཁྲ་མ་དང་རྐུབ་མ་མཐོང་གོང་ནས་རྔ་དཀར་མ་ཟེར་བའི་དཔེ་བཞིན། སྤེན་པ་ཚེ་རིང་ལགས་འཕོ་འགྱུར་བཏང་པའི་རྒྱུ་རྐྱེན་དོན་ཚན་རྣམས་རེ་རེ་བཞིན་དངོས་ཡོད་ཡིན་མིན་མ་ཤེས་གོང་ནས་བཀའ་ཤག་དང་སྲིད་སྐྱོང་ལ། ཕ་ས་ཕ་ཡུལ་འཕྲོག་མཁན་གྱི་དགྲ་བོ་རྒྱ་དམར་ནང་བཞིན་ཁ་ཁོམ་མཁན་ཚོས་སྐྱོན་བརྗོད་ཀྱི་སྐད་ཆ་བཤད། ལག་ཁོམ་མཁན་ཚོས་དམའ་འབེབས་ཀྱི་ཡི་གེ་བྲིས། དངུལ་ཡོད་མཁན་ཚོས་དྭངས་བླངས་ཀྱི་ཞལ་འདེབས་ཕུལ། སྐད་འཕྲིན་དང་ངོ་དེབ་ནང་དུ་དཔུང་བསྒྲིགས་ཀྱི་ཚོགས་པ་བཙུགས། གཅིག་རྒྱབ་གཅིག་ལངས་ཡིན་སྐད་ཀྱི་ས་ཡིག་དང་མིང་ཐོ་བསྡུས། ད་དུང་མི་ཡང་མོ་ཤོག་བུ་འདྲ་བ་ཁག་ཅིག་ཁྲོམ་ལ་ཐོན་ནས་ངོ་རྒོལ་གྱི་འཕྲེད་དར་འཕྱར། སྐད་འབོད་ཀྱི་ཐ་ཚིག་བསྒྲགས་པའི་བྱ་སྤྱོད་འདི་ཚོ་ཤིང་ཏོག་ཟ་འདོད་མིན་པར་ཡལ་ག་བཅག་འདོད་ཀྱི་དཔེ་བཞིན། སྤེན་པ་ཚེ་རིང་མི་གཅིག་ལ་གཞུང་གི་ལས་ཀ་སྤྲོད་མིན་གྱི་གནད་དོན་གཅིག་པུ་ཞིག་མ་ཡིན་པར། འདིའི་རྒྱབ་ཏུ་གཏིང་ཟབ་པའི་ཆོལ་ཁའི་ཕྱོགས་ཞེན་གྱི་སྐྱུག་བྲོ་བའི་ན་ཚ་ཞིག་ཡོད་པ་ཟུར་བལྟས་ལེབ་མཐོང་ལྟ་བུ་རེད་ལ། ད་དུང་རྒྱ་གཞུང་གི་བཀོལ་སྤྱོད་འོག་ཏུ་ཚུད་པའི་ནང་རུལ་པའང་གནད་དོན་འདི་འདྲ་བའི་ནང་དུ་འཚང་སྟེ་དཀྲུག་ཤིང་རྒྱག་གི་མེད་པའི་ངེས་པ་རྩ་བ་ནས་མེད། ཡུལ་གྱར་བོད་མི་རྣམས་ནང་འཁྲུག་འོག་ཁ་འཐོར་དགུ་འཐོར་དུ་འགྲོ་རྒྱུ་ནི་རྒྱ་ནག་གཞུང་ལ་མཚོན་ན་ཧ་ཅང་མཐོང་འདོད་པའི་གནས་ཚུལ་ཞིག་རེད།
ལས་འགུལ་འདི་འདྲ་བ་རེ་ཚ་ཚ་འུར་འུར་ངང་ལ་མོ་ཕར་རྒྱབ་ཀྱི་དགྲ་བོ་རྒྱ་དམར་གྱི་ཐོག་ལ་གཅིག་སྤེལ་ཐུབ་པ་ཡིན་ན། སེམས་ཤུགས་འདི་འདྲ་བ་ཞིག་བོད་མིའི་རང་དབང་བདེན་པའི་ལས་འགུལ་གྱི་ཐོག་ཏུ་གཅིག་སྤུངས་ཐུབ་པ་ཡིན་ན། དུས་ཚོད་འདི་འདྲ་བ་ཞིག་གཞིས་ལུས་བོད་མི་རྣམས་ཀྱི་རེ་བ་དང་ཡིད་ཆེས་ཀྱི་ཆེད་དུ་གཅིག་གཏོང་ཐུབ་པ་ཡིན་ན། བོད་གངས་ཅན་ལྗོངས་ལ་རང་དབང་བདེན་པའི་ཉི་མ་ཞིག་མྱུར་དུ་འཆར་མ་ཐུབ་པའི་དབང་དུ་བཏང་ན་ཡང་། རྒྱ་གུང་ཁྲན་གཞུང་གི་གཉའ་གནོན་དང་བསུན་བཙེར་འོག་ཡོད་པའི་གཞིས་ལུས་སྤུན་ཟླ་རྣམས་ལ་སེམས་ཤུགས་འཕར་མ་རེ་དང་རེ་བ་གསར་པ་རེ་སྦྱིན་ཐུབ་པ་གཏན་ཁེལ་བ་མ་ཟད། རྒྱལ་བ་ཡིད་བཞིན་ནོར་བུས་ད་བར་སྐུ་ལས་བསྐྱོན་པའི་དྲིན་ལན་ལོག་འཇལ་དུ་མི་འགྲོ་བ་ཞིག་ཡོང་རྒྱུ་ཡིན་པ་ཐེ་ཚོམ་མི་འདུག
ཡིན་ནའང་ཁོང་ཚོས་ངོ་རྒོལ་བྱེད་ས་དང་ས་ཡིག་བསྡུས་ས། ཞལ་འདེབས་སློང་ས། འཕྲེད་དར་འཕྱར་ས། དམའ་འབེབས་བྱེད་ས་དེ་ནི་རི་བོ་ཧི་མ་ལ་ཡའི་ཕར་རྒྱབ་ཀྱི་རྒྱ་ནག་དམར་པོའི་འགོ་ཁྲིད་མ་ཡིན་པར། བཙན་བྱོལ་བོད་མི་མང་ཤོས་མ་གྲོས་བསམ་པ་གཅིག་ཏུ་མཐུན་པའི་སྒོ་ནས་འོས་འདེམས་བྱས་པའི་དབུ་ཁྲིད། གོང་ས་ཡིད་བཞིན་ནོར་བུའི་ཐུགས་ཀྱི་དགོངས་པ་རྒྱ་ཆེ་ཡོངས་སུ་རྟོགས་མཁན་དང་མགོན་པོ་གང་ཉིད་ཀྱི་ཡིད་ཆེས་བློ་གཏད་གནང་ཡུལ། དབུས་བོད་མའི་སྒྲིག་འཛུགས་ཀྱི་ལས་ཐོག་སྲིད་སྐྱོང་དང་སྤྱི་པའི་གཞུང་ངམ་སྒྲིག་འཛུགས་ཀྱི་ཐོག་ལ་རེད།
སྤྱིར་ཡོངས་ནས་བཤད་ན་བོད་མི་འདི་དག་གི་ཀུན་སློང་དང་བསམ་སྤྱོད་ཚུལ་མཐུན་དང་ཡང་དག་ཡིན་མིན་ལ་མ་ལྟོས་པར་བསམ་ཚུལ་མི་མཐུན་པ་དང་། རྣམ་པ་འདྲ་མིན་གྱི་ངོ་རྒོལ་ལས་འགུལ་འདྲ་བོ་སྤེལ་བཞིན་པ་འདི་དག་ཧ་ལས་དགོས་པ་དང་ཧོན་འཐོར་དགོས་ཡ་ཞིག་གཏན་མིན་ལ། རང་དབང་དང་མང་གཙོའི་ལུང་པ་ཞིག་གི་ནང་དུ་བསམ་ཚུལ་དང་སྐད་སྒྲ་འདྲ་མིན་ཡོང་སྲིད་པ་དང་ཡོང་ཆོག་པ་ཞིག་རེད། ཡིན་ནའང་ཐེངས་འདིའི་ངོ་རྒོལ་ནི་ཡང་དག་པའི་མང་གཙོའི་ལམ་ལུགས་དང་མཐུན་པའི་སྒོ་ནས་མི་མང་གི་བསམ་ཚུལ་ཕྱི་ལ་བཏོན་པ་ཞིག་མ་ཡིན་པར། ལུང་ཚན་དང་ཤོག་ཁག་དཔུང་བསྒྲིགས་ནས་རང་ཉིད་ཕྱོགས་གཏོགས་ཀྱི་མི་སྣའི་རྒྱབ་ཏུ་ལངས་པའི་བྱ་སྤྱོད་ཅིག་ཡིན་སྟབས། འདི་ནི་ད་ལྟའི་དཀྱིལ་ཤར་ཨ་རབ་ཁུལ་གྱི་ཁ་ཆེའི་གྲུབ་མཐའ་མ་འདྲ་བའི་བར་ཁྱོད་ཤི་ང་གསོན་གྱི་འགལ་ཟླ་དང་ཅུང་ཟད་མཚུངས་པའི་ཆ་ཡོད་ལ། རང་བཙན་ཡོད་མཁན་གྱི་ལུང་པ་ཞིག་ལ་ཆ་མཚོན་ན། ནང་ཁུལ་ཕྱོགས་གཏོགས་ཀྱི་ཁེ་ཕན་གཙོ་བོར་བཟུང་སྟེ་སྤྱི་པ་དང་ཐུན་མོང་གི་སྒྲིག་འཛུགས་རྩ་གཏོར་དུ་གཏོང་འདོད་ཀྱི་ཐལ་སྤྱོད་རིང་ལུགས་པའི་གནས་བབས་དང་ཡང་ཅུང་འདྲ།
མ་མཐའ་ཡང་དུག་གི་ས་བོན་བཏབས་ན་དུག་མ་གཏོགས་སྐྱེ་ཡ་མེད་པར་ལྟར་མ་འོངས་པར་འགལ་ཟླ་འདིའི་རིགས་གནད་དོན་གཞན་དག་དང་འགྲོགས་ནས་གྲངས་ཀ་ཇེ་མང་དང་། མངོན་གསལ་ཇེ་དོད། གཞི་རྒྱ་ཇེ་ཆེ། རྩོད་རྙོག་ཇེ་ཟབ་ཏུ་འགྲོ་ཉེན་ཆེ་ཞིང་། ཉིན་ཞིག་གོང་ས་མཆོག་ཞལ་མ་བཞུགས་པའི་དུས་སྐབས་ངན་པ་ཞིག་ཤར་ཚེ། དེ་སྔར་རྒྱ་དཔོན་ཀྲུའུ་ཝེན་ཆོན་གྱིས་རྩོམ་ཡིག་ཅིག་གི་ནང་དུ་“ཏྭ་ལའི་ཤོག་ཁག་མཐའ་མར་ཕམ་ཁ་དང་སྐྱོ་གདུང་ངང་མཇུག་བསྡུ་རྒྱུ་ལས་ལྷག་མེད་”ཅེས་ཧམ་བཤད་བྱས་མྱོང་པ་ལྟར། དོན་དངོས་སུ་ཡང་འདི་འདྲ་གཏན་ནས་ཆགས་མི་སྲིད་པ་ཞིག་མ་རེད། ཁྲིམས་དང་སྒྲིག་གཞི་ལ་ཡིད་ཆེས་དང་བརྩི་བཀུར་མེད་པའི་རྣམ་པ་ཞིག་འདི་ནས་མངོན་ཡོང་གི་ཡོད་དུས། གོང་ས་མཆོག་ལྟ་བུ་ཐམས་ཅད་གོང་བུ་གཅིག་ཏུ་སྒྲིལ་ཐུབ་མཁན་ཞིག་མེད་པ་ཡིན་ན། ཁྲིམས་དང་སྒྲིག་འཛུགས་ཐོག་ནས་ནུས་པ་ཐོན་ཐུབ་མེད་པ་ད་ཐེངས་ཀྱི་བྱ་སྤྱོད་འདི་ནས་གསལ་པོ་ཆགས་སོང་སྙམ།།
དྲ་འདྲེ་ལགས་ཀྱིས་གསུངས་པའི་དོན་ཚན་རྣམས་རེ་རེ་བཞིན་ཀློག་པ་ཡིན། མོས་མཐུན་དང་རྒྱབ་སྐྱོར་གཙང་མ་ཡོད།
གནད་དོན་ཞིབ་ཆ་མ་ཤེས་གོང་ནས་བཙན་བྱོལ་སྒྲིག་འཛུགས་ལ་ངོ་རྒོལ་ཞུ་སྟངས་འདི་ནི་རང་གི་ཟ་ཕོར་ནང་རང་གིས་སྐྱག་པ་བཏང་པ་དང་གཅིག་པ་མ་རེད་པས།
བསམ་རྒྱུ་དྲན་རྒྱུ་མང་པོ།
ལབ་རྒྱུ་གླེང་རྒྱུ་མང་པོ།
མི་བྱེད་དགུ་བྱེད་ཚ་པོ།
རྒྱ་འདྲེ་ཞུགས་པའི་རྟགས་རེད།
སྤྱི་ཞེན་མ་བཟོད་པར་སེམས་ལ་དྲན་པ་བྲིས་པ་ཡིན་པས་དགོངས་བཞེད་གནང་བའི་རེ་བ་ཡོད།
མཁས་མདོག་སྟོན་གི་མ་འདུག
རང་གིས་རང་ལ་དྲ་འདྲེ་ཞེས་མིང་བཏགས་འདུག་ལ་མི་འདི་འདྲེ་ཞིག་ཡིན་པ་གཏན་འཁེལ་རེད་བཞག སྐུ་ངོ་སྤེན་པ་ཚེ་རིང་གནས་དབྱུང་བཏང་བ་དྲང་བདེན་ཡིན་མིན་ད་དུང་གསལ་པོ་ཆགས་མེད་ཐོག སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་རང་དབང་ཅན་གྱི་སྡེ་ཚན་ཞིག་ཡིན་བཞིན་ཨ་སྒོར་དུ་ས་ཡ་གཅིག་དང་ཕྱེད་ཀའི་གནད་དོན་དེ་ད་དུང་གསལ་པོ་བཟོ་དབང་བྱུང་མེད་པའི་རྒྱབ་ཀྱི་ཞིབ་ཕྲའི་གནས་ཚུལ་ཁ་གསལ་ཆགས་མེད། དེ་ཚོ་ཕར་བཞག བཀའ་ཤག་གི་ཐག་གཅོད་དང་ཕྱག་ལས་གནས་སྟངས་ལ་ཁྱོད་ཀྱིས་བཤད་པ་ལྟར་ན། ༼ཁ་ཁོམ་མཁན་ཚོས་སྐྱོན་བརྗོད་ཀྱི་སྐད་ཆ་བཤད། ལག་ཁོམ་མཁན་ཚོས་དམའ་འབེབས་ཀྱི་ཡི་གེ་བྲིས། དངུལ་ཡོད་མཁན་ཚོས་དྭངས་བླངས་ཀྱི་ཞལ་འདེབས་ཕུལ། སྐད་འཕྲིན་དང་ངོ་དེབ་ནང་དུ་དཔུང་བསྒྲིགས་ཀྱི་ཚོགས་པ་བཙུགས། གཅིག་རྒྱབ་གཅིག་ལངས་ཡིན་སྐད་ཀྱི་ས་ཡིག་དང་མིང་ཐོ་བསྡུས། ད་དུང་མི་ཡང་མོ་ཤོག་བུ་འདྲ་བ་ཁག་ཅིག་ཁྲོམ་ལ་ཐོན་ནས་ངོ་རྒོལ་གྱི་འཕྲེད་དར་འཕྱར། སྐད་འབོད་ཀྱི་ཐ་ཚིག་བསྒྲགས་པའི་བྱ་སྤྱོད༽སྤེལ་མཁན་ཚོའི་རྒྱབ་ཏུ་ཁྱོད་ཀྱིས༼གཏིང་ཟབ་པའི་ཆོལ་ཁའི་ཕྱོགས་ཞེན་གྱི་སྐྱུག་བྲོ་བའི་ན་ཚ་ཞིག་ཡོད་པ་ཟུར་བལྟས་ལེབ་མཐོང༽ཡིན་པ་ཇི་ལྟར་མཐོང་ངམ། སྐུ་ངོ་སྤེན་པ་ཚེ་རིང་མཆོག་དང་པོ་བོད་པ་ཞིག་རེད་ཀྱང་། ཆོལ་ཁའི་དབང་དུ་བཏང་ན་ཨ་མདོ་བ་ཡིན་པས་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མ་ཁྱོད་ཀྱིས་ཨ་མདོ་བ་ཡིན་པ་ཇི་ལྟར་ཤོད་ཐུབ་བམ། ཁྱོད་ཀྱིས་འཛིན་སྐྱོང་བཀའ་ཤག་ལ་གུས་བཀུར་ཞུ་གི་ཡོད་པའི་རྣམ་པ་བསྟན་པ་མཉམ་དུ་ཆོལ་ཁའི་དཀྲུག་ཤིང་སློང་ཐབས་བྱེད་ཀྱི་ཡོད་ས་རེད། དེ་མིན་མང་གཙོའི་སྤྱི་ཚོགས་ནང་དབྱིན་ཇིའི་སྐད་དུ་༼Checks and balances༽ཞེས་པ་དེ་དགོས་ཀྱི་ཡོད། གང་ཡིན་ཞེ་ན། དབང་ཆའི་རྐུབ་སྟེགས་ཐོག་བསླེབས་མཁན་ཚོ་སྤྱིར་མང་བཀུར་དབུ་ཁྲིད་རེད་ཀྱང་། ཁོ་ཚོའང་མི་ཡིན་པས་ནོར་འཁྲུལ་ཤོར་སྲིད་པས་དེ་དུས་མི་མང་གིས་ཁོ་ཚོར་སྟངས་འཛིན་ཁ་ལོ་སྒྱུར་དགོས། དེ་མིན་ཁོ་ཚོ་འགོ་ཁྲིད་རེད་ཅེས་མཐའ་གཅིག་ཏུ་རང་དགར་བཞག་ན་མི་མང་གིས་རང་གི་མང་གཙོའི་འགན་མ་ཁྱེར་བ་རེད། དྲ་འདྲེ་ལགས། ཚོར་བ་གཅིག་པུ་མ་ཡིན་པར་ང་ཚོ་བོད་པའི་གཏམ་དཔེར༼རང་སྡོད་སར་མི་ཞོག མི་སྡོད་སར་རང་སྡོད༽ཞེས་པ་ལྟར་ཕ་རོལ་པའི་ཕྱོགས་ནས་ཀྱང་བསམ་བློ་གཏོང་དགོས། དུས་ནམ་ཞིག་སྐུ་ངོ་སྤེན་པ་ཚེ་རིང་གིས་རང་གི་ནོར་འཁྲུལ་ལ་ཁས་ལེན་གནང་བ་དང་། ཨ་སྒོར་ས་ཡ་གཅིག་གི་ཕྱེད་ཀའི་གནས་ཚུལ་གསལ་པོ་ཆགས་ན་མི་མང་གི་ལས་འགུལ་འདི་ལ་གྲུབ་འབྲས་ཐོབ་པ་རེད་ལ། མ་འོངས་པར་དབང་འཛིན་དབུ་ཁྲིད་རྣམ་པས་ཕྱག་ལས་ཕྱི་གསལ་ནང་གསལ་གནང་རྒྱུ་ལས་རྩ་བ་ནས་བརྐྱངས་ཙམ་བསྐུམས་ཙམ་གནང་གི་མ་རེད། འདི་མང་གཙོའི་ལམ་ལུགས་ཀྱི་དམིགས་བསལ་ཁྱད་ཆོས་རེད།
དྲ་འདྲེ། མགོ་མི་ཚོས་ན་ཁ་བཙུམ་ནས་སྡོད་དང་ཡག་གི་རེད། ཁྱེད་ཀྱི་བསམ་བློ་འཁྱེར་སྟངས་དང་བསམ་དོན་ཡིག་ཐོག་ཏུ་བཀོད་པར་བལྟས་ན། དེང་རབས་ཀྱི་བསམ་བློ་དང་ཡར་རྒྱས་ཀྱི་རྣམ་པ་ཅུང་ཙམ་ཡང་མེད་པའི་གླེན་རྨོངས་སྤྱི་ཚོགས་ཀྱི་མིའི་སྐད་ཆ་དང་བསམ་སྤྱོད་རེད། སྲིད་སྐྱོང་ནི་འབངས་མི་རྣམས་ཐབས་ཀྱིས་བཏུལ་ཞིང་བྱམས་ཀྱིས་སྐྱོང་བ་པོ་ཡིན་པ་ལས། སྤྱི་ལ་ཕན་ཐོགས་ཤིང་འཇོན་ནུས་ལྡན་པའི་རང་གི་མི་རྣམས་ནག་པོ་བཟོ་ཅི་ཐུབ་དང་འབུར་འཇོམས་བྱེད་ཅི་ཐུབ་བལྟ་བ་ནི། རང་གི་སྲིད་སྐྱོང་ཞིག་གི་ལས་ཀ་རེད་དམ། དགྲ་བོ་ཞིག་གི་ལས་ཀ་རེད་སོམས་དང་།
དྲ་འདྲེས་བསམ་ཚུལ་ཡག་པོ་གླེང་འདུག དགའ་བསུ་ཡོད། བཙན་བྱོལ་སྒྲིག་འཛུགས་ཀྱི་ཆེ་མཐོའི་ངོ་བོ་མཚོན་བྱེད། བཀའ་ཤག་ལ་ངོ་རྒོལ་འདི་ནི། རྦད་དེ་xx་འགས་ཆེད་དུ་དཀྲུགས་པ་རང་རེད། འདིའི་ནང་དཀྲུགས་མཁན་ཏེ་པོ་གཅིག་ནི། ཨ་རིར་གནས་སྡོད། xxxxཟེར་བ་དེ་རེད། ཁོ་པ་ནི་སྔ་ཕྱིར་ལབ་གླེང་མང་བའི་མི་ཞིག་རེད། བོད་ནང་གི་མདོ་དབུས་ཁམས་གསུམ་གྱི་བོད་མིའི་ཆིག་སྒྲིལ་དང་། ཆོད་སེམས་དང་དམ་བཅའ། རིག་རྒྱུ་ཕར་བཞག། སྣ་བས་མ་ཐོས་པའི་མི་ཞིག་རེད། ད་ལྟ་ང་ཚོ་ཐུན་མོང་གི་རྒལ་ཚིགས་གཏན་དགོས། དབུས་པ་ཞིག་གིས།
ད་ལན་གི་དཀའ་རྙོག་འདིའི་ཐད། ཁམས་པ་བརྒྱ་ཆ་༩༩ ཡིས་ཞེན་ཁོག་གིས་བློ་སེང་ལ་རྒྱབ་སྐྱོར་དང་སྤེན་ཚེར་ངོ་རྒོལ་བྱེད་ཀི་ཡོད་རེད། ཨ་མདོ་བ་བརྒྱ་བ་༩༩ ཡིས་ཞེན་ཁོག་གིས་སྤེན་ཚེར་རྒྱབ་སྐྱོར་དང་བློ་སེང་ལ་ངོ་རྒོལ་བྱེད་ཀི་ཡོད་རེད། དབུས་གཙང་ལབ་ཤེས་མ་སོང་། ཕྱེད་ཀ་ཕྱེད་ཀ་མིན་འགྲོ། ང་ལ་མཚོན་ན། ཁོ་གཉིས་ལ་ངོ་རྒོལ་མེད། རྒྱབ་སྐྱོར་ཡང་མེད། སྤྱིའི་ཆ་ནས་བོད་ནང་ནས་མི་ཤེས་མོད། བཙན་བྱོལ་ནང་ཁམས་པ་ཚོར་ཞེན་ཁོག་ཆེ་ཙམ་འདུག་་པའི་ཚོར་བ་བྱུང་། མདོར་ན། བློ་སྤེན་གཉིས་ཀ་དཀར་པོ་དཀར་རྐྱང་མ་རེད་ལ། ནག་པོ་ནག་རྐྱང་ཡང་མ་རེད།
དྲ་འདྲེ་ལགས་།མི་རྒྱལ་ཞེན་དང་རིགས་ཞེན་ཅན་ཞིག་རེད་འདུག་ཐུགས་རྗེ་ཆེ་།།
སྤེན་པ་ཚེ་རིང་ལགས་ལ་ཉེས་པ་མེད་པའི་གསལ་བཤད་དང་ར་སྤྲོད་གནང་ཐུབ་ན་དགའ་བསུ་ཞུ། གཞན་གླེན་པ་ཕྱོགས་ལྷུང་གི་སྐད་ཆ་དང་ཉོག་བཤད་ལ་ཉན་འདོད་མེད།
བསྡོམས་པའི་དོན་ཚན་བཅུ་ཕར་ཞོག དེའི་ནང་གི་དོན་ཚན་གང་རུང་གཅིག་གིས་ཀྱང་གཞུང་ཞབས་ལས་བྱེད་ཅིག་འཕོ་འགྱུར་གཏོང་འོས་པའི་རྒྱུ་རྐྱེན་ཡོངས་སུ་ཚང་ཡོད་པ་མ་ཟད། གཞུང་གི་ལས་བྱེད་ཀྱི་བླང་དོར་སྒྲིག་གཞི་དང་འབྲེལ་བའི་གནད་དོན་འདིའི་རིགས་འཛིན་སྐྱོང་ནས་ཐག་གཅོད་གཏན་འབེབས་གནང་སྟེ་ཕེབས་རྒྱུ་ཞིག་ལས། འདི་ལ་འགྲིག་མ་འགྲིག་གི་རྩོད་པ་རྒྱག་ས་མེད་པ་ལྟ་བུ་ཞིག་རེད་ཟེར་མོད། ངས་ཁྱོད་ལ་གཅིག་འདྲི། ལས་བྱེད་བླངས་དོར་གྱི་སྒྲིག་གཞི་གང་དང་གང་ལ་འགལ་ཡོད་དམ། བཙན་བྱོལ་བོད་མིའི་ལས་བྱེད་གནས་དབྱུང་དང་ཉེས་ཆེད་གཅོད་པར་དེར་བརྒྱུད་རིམ་ངེས་ཅན་ཞིག་ཡོད་ལ། ལས་བྱེད་དེ་གནས་དབྱུང་དང་ཉེས་པ་མ་བཏང་བའི་སྔོན་ལ་གསལ་བཤད་དང་ལན་འདེབས་ཀྱི་གནས་སྟངས་ཆ་ཚང་ཞིག་བརྒྱུད་དགོས་ཀྱི་ཡོད་པ་རེད་ལ། དེའི་ཁྲིམས་སྒྲིག་གི་དགོངས་དོན་ཡང་རེད། སྲིད་སྐྱོང་ལ་དབང་ཆ་ཡོད་མེད་ལ་རྩོད་པ་མེད། ཡིན་ནའང་སྲིད་སྐྱོང་གིས་ཁྲིམས་སྒྲིག་ལག་བསྟར་བྱེད་པར་གོང་རིམ་འོག་རིམ་ཚང་མས་ཁྲིམས་སྒྲིག་བརྩི་དགོས་པ་ལས་སྲིད་སྐྱོང་གིས་ཁྲིམས་སྒྲིག་གང་དང་ཡང་མི་མཐུན་པར་རང་འཚམ་གྱིས་གནས་དབྱུང་གཏོང་ཆོག་གོ་མེད་པས་སྲིད་སྐྱོང་ཁོ་རང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་ཡོད་རེད་དེ་གཅིག་ཡིན། བཀའ་ཤག་ཉེས་པ་བཅུ་བཙུགས་ཡོད་མོད་ཉེས་པ་དེ་དག་བདེན་པ་དང་ཁུངས་ཐུབ་ཡིན་མིན། ལས་བྱེད་བསྐོ་འཐེན་དང་བླང་དོར་གྱི་སྒྲིག་གཞི་དང་མཐུན་མིན་བཅས་ལ་བལྟས་ན་ཉེས་པ་འདི་དག་གཅིག་ཀྱང་ཁུངས་འཁྱོལ་གྱི་མེད་པ་རེད། དེར་བརྟེན་སྲིད་ཚབ་ཀརྨ་དགེ་ལེགས་ལ་གསར་འགོད་པས་གནས་དབྱུང་གཏོང་དགོས་པ་དེ་དཔེར་ན་ལས་བྱེད་བླངས་དོར་སྒྲིག་གཞི་གང་དང་གང་ལ་འགལ་མིན་དྲིས་སྐབས། ཁོང་ལ་སྒྲིག་གཞི་འདི་དང་དེ་གསུངས་ནས་བཤད་རྒྱུ་མེད་པའི་རྒྱུ་མཚན་འདི་ཆགས་ཡོད། དེ་ནས་སྲིད་ཚབ་ཀྱིས་སྒྲིག་གཞི་འདི་དང་འགལ་བ་རེད་ཟེར་ནས་ལབ་རྒྱུ་མེད་ཀྱང་ཕྱོགས་ཡོང་བསྡོམས་ནས་བཟོ་ལྟ་ཞིག་ཆགས་ཡོང་དུས་འཕོ་འགྱུར་བཏང་བ་ཡིན་ཟེར་ནས་ལན་བསྐྱོན་པར་བལྟས་དང་གསལ་པོ་རེད། ཁྱེད་ཀྱིས་རྩོམ་ཡིག་འབྲི་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ལས་བྱེད་བླངས་དོར་སྒྲིག་གཞི་ལ་ཡག་པོ་ལྟོས། བཅའ་ཁྲིམས་ཟེར་དུས་ཉེས་འཛུགས་མཁན་བཀའ་ཤག་དང་ཉེས་དོན་དོ་བདག་གཉིས་ཀ་ལ་དྲང་བདེན་བྱུང་མིན་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་རེད། དེ་མིན་སྲིད་སྐྱོང་ཡིན་ཟེར་ནས་གཤམ་རིམ་གྱི་ལས་བྱེད་གང་འདོད་འདོད་བྱས་ཆོག་གི་མ་རེད། ད་ཐེངས་ཀྱི་བཀའ་ཤག་བྱས་སྟངས་དེ་ནི་སྲིད་སྐྱོང་ཁོ་རང་གིས་དབང་ཤེད་སྤྱད་དེ་ཐག་གཅོད་བྱས་པ་ལས་བཅའ་ཁྲིམས་དང་གཏན་ནས་མཐུན་གྱི་མེད་པ་རེད། ཁྱེད་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གལ་ཆེ་བ་རེད་དམ། ཡང་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་མིན་པའི་ཆབ་སྲིད་ཀྱི་མགོ་ཁྲིད་ཅིག་གལ་ཆེ་བ་ཡིན་ནམ། ད་ཐེངས་སྲིད་སྐྱོང་གིས་མངོན་སུམ་དོད་པོས་བཅའ་ཁྲིམས་རིན་པོ་ཆེ་ལ་རྡོག་རོལ་བཏང་བ་ཙམ་མ་ཟད་བཟང་སྤྱོད་དང་འགལ་འདུག་སྙམ།
ཁྱེད་ཀྱིས་འདི་ལྟར་གསུངས་འདུག བསྡོམས་པའི་དོན་ཚན་བཅུ་ཕར་ཞོག དེའི་ནང་གི་དོན་ཚན་གང་རུང་གཅིག་གིས་ཀྱང་གཞུང་ཞབས་ལས་བྱེད་ཅིག་འཕོ་འགྱུར་གཏོང་འོས་པའི་རྒྱུ་རྐྱེན་ཡོངས་སུ་ཚང་ཡོད་པ་མ་ཟད། གཞུང་གི་ལས་བྱེད་ཀྱི་བླང་དོར་སྒྲིག་གཞི་དང་འབྲེལ་བའི་གནད་དོན་འདིའི་རིགས་འཛིན་སྐྱོང་ནས་ཐག་གཅོད་གཏན་འབེབས་གནང་སྟེ་ཕེབས་རྒྱུ་ཞིག་ལས། འདི་ལ་འགྲིག་མ་འགྲིག་གི་རྩོད་པ་རྒྱག་ས་མེད་པ་ལྟ་བུ་ཞིག་རེད་ཟེར་མོད། ངས་ཁྱོད་ལ་གཅིག་འདྲི། ལས་བྱེད་བླངས་དོར་གྱི་སྒྲིག་གཞི་གང་དང་གང་ལ་འགལ་ཡོད་དམ། བཙན་བྱོལ་བོད་མིའི་ལས་བྱེད་གནས་དབྱུང་དང་ཉེས་ཆེད་གཅོད་པར་དེར་བརྒྱུད་རིམ་ངེས་ཅན་ཞིག་ཡོད་ལ། ལས་བྱེད་དེ་གནས་དབྱུང་དང་ཉེས་པ་མ་བཏང་བའི་སྔོན་ལ་གསལ་བཤད་དང་ལན་འདེབས་ཀྱི་གནས་སྟངས་ཆ་ཚང་ཞིག་བརྒྱུད་དགོས་པ་ཁྲིམས་དང་སྒྲིག་གཞིས་གསལ་པོ་བྱས་ནས་བཟོས་ཡོད་རེད། སྲིད་སྐྱོང་ལ་དབང་ཆ་ཡོད་མེད་ལ་རྩོད་པ་མེད། ཡིན་ནའང་སྲིད་སྐྱོང་གིས་ཁྲིམས་སྒྲིག་ལག་བསྟར་བྱེད་པར་བཅའ་ཁྲིམས་རིན་པོ་ཆེ་ངེས་པར་དུ་བརྩི་དགོས་ཀྱི་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་སྲིད་སྐྱོང་གིས་ཁྲིམས་སྒྲིག་གང་དང་ཡང་མི་མཐུན་པར་རང་འཚམ་གྱིས་གནས་དབྱུང་གཏོང་ཆོག་གི་མེད། དེར་བརྟེན་སྔ་ཕྱི་གནས་ཚུལ་ལ་བལྟས་ན་སྲིད་སྐྱོང་ཁོ་རང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་ཡོད་རེད་དེ་གཅིག་ཡིན། བཀའ་ཤག་ཉེས་པ་བཅུ་བཙུགས་ཡོད་མོད་ཉེས་པ་དེ་དག་བདེན་པ་དང་ཁུངས་ཐུབ་ཡིན་མིན། ལས་བྱེད་བསྐོ་འཐེན་དང་བླང་དོར་གྱི་སྒྲིག་གཞི་དང་མཐུན་མིན་བཅས་ལ་བལྟས་ན་ཉེས་པ་འདི་དག་གཅིག་ཀྱང་ཁུངས་འཁྱོལ་གྱི་མེད་པ་རེད། དེར་བརྟེན་སྲིད་ཚབ་ཀརྨ་དགེ་ལེགས་ལ་གསར་འགོད་པས་གནས་དབྱུང་གཏོང་དགོས་པ་དེ་དཔེར་ན་ལས་བྱེད་བླངས་དོར་སྒྲིག་གཞི་གང་དང་གང་ལ་འགལ་མིན་དྲིས་སྐབས། ཁོང་ལ་སྒྲིག་གཞི་འདི་དང་དེ་གསུངས་ནས་བཤད་རྒྱུ་མེད་པའི་རྒྱུ་མཚན་འདི་ཆགས་ཡོད། དེ་ནས་སྲིད་ཚབ་ཀྱིས་སྒྲིག་གཞི་འདི་དང་འགལ་བ་རེད་ཟེར་ནས་ལབ་རྒྱུ་མེད་ཀྱང་ཕྱོགས་ཡོང་བསྡོམས་ནས་བཟོ་ལྟ་ཞིག་ཆགས་ཡོང་དུས་འཕོ་འགྱུར་བཏང་བ་ཡིན་ཟེར་ནས་ལན་བསྐྱོན་པར་བལྟས་དང་གསལ་པོ་རེད། ཁྱེད་ཀྱིས་རྩོམ་ཡིག་འབྲི་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ལས་བྱེད་བླངས་དོར་སྒྲིག་གཞི་ལ་ཡག་པོ་ལྟོས། བཅའ་ཁྲིམས་ཟེར་དུས་ཉེས་འཛུགས་མཁན་བཀའ་ཤག་དང་ཉེས་དོན་དོ་བདག་གཉིས་ཀ་ལ་དྲང་བདེན་བྱུང་མིན་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་རེད། དེ་མིན་སྲིད་སྐྱོང་ཡིན་ཟེར་ནས་གཤམ་རིམ་གྱི་ལས་བྱེད་གང་འདོད་འདོད་བྱས་ཆོག་གི་མ་རེད། ད་ཐེངས་ཀྱི་བཀའ་ཤག་བྱས་སྟངས་དེ་ནི་སྲིད་སྐྱོང་ཁོ་རང་གིས་དབང་ཤེད་སྤྱད་དེ་ཐག་གཅོད་བྱས་པ་ལས་བཅའ་ཁྲིམས་དང་གཏན་ནས་མཐུན་གྱི་མེད་པ་རེད། ཁྱེད་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གལ་ཆེ་བ་རེད་དམ། ཡང་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་མིན་པའི་ཆབ་སྲིད་ཀྱི་མགོ་ཁྲིད་ཅིག་གལ་ཆེ་བ་ཡིན་ནམ། ད་ཐེངས་སྲིད་སྐྱོང་གིས་མངོན་སུམ་དོད་པོས་བཅའ་ཁྲིམས་རིན་པོ་ཆེ་ལ་རྡོག་རོལ་བཏང་བ་ཙམ་མ་ཟད་བཟང་སྤྱོད་དང་འགལ་འདུག་སྙམ།
བཀའ་ཤག་གི་གསལ་བཤད་དེ་ཨ་དོན་འཕོ་འགྱུར་གྱི་གསལ་བསྒྲགས་མཉམ་གནང་ཡོད་ན་ད་ལྟའི་སྤྱི་ཚོགས་ནང་འགྲོ་བཞིན་པའི་ལབ་གླེང་འདི་ཡོང་མི་ཐུབ་ཀྱང་ད་ཆ་བཤད་རྒྱུ་མང་ན་གླེང་རྒྱུ་མང་ཟེར་བ་ལྟར་དགྲ་དགའ་གཉེན་སྡུག་གི་ཕྱོགས་གཏོགས་དང་འགོ་འདྲེན་འོག་ཏུ་བཙན་བྱོལ་སྤྱི་ཚོགས་ཡར་དཀྲུག་མར་དཀྲུག་འོག་ཞི་བའི་མི་མང་འཐེ་ཚོམ་དང་བློ་ཕམ་ནང་སྡོད་མ་དགོས་པ་བཀའ་ཤག་གི་གསལ་བཤད་སྔ་རྗེས་ཡིག་ངག་གཉིས་ནས་དོན་ཚན་བཅུ་ཅན་གསལ་བཤད་སྒྲུབ་པ་ཕྱོགས་གཅིག་གི་གསལ་བཤད་ཡིན་པ་དང་ཨ་དོན་གསར་རྙིང་རྩིས་ལེན་རྩིས་སྤྲོད་ཟིན་མཚམས་ཨ་དོན་ཟུར་པའི་གསལ་བཤད་དང་ཨ་རི་བོད་ཀྱི་ཐེབ་རྩའི་གསལ་བཤད་བཅས་འབྲེལ་ཆགས་གསུམ་གྱི་གསལ་བཤད་གནང་བའི་རྗེས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ཞིབ་ལས་ཁུང་དང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་བཅས་ནས་བཙན་བྱོལ་བོད་མིའི་སྔོན་རྩིས་གཏན་འབེབས་དང་དངུལ་རྩིས་གཏོང་ལེན་གྱི་སྒྲིག་གཞི་དང་ཕྱོགས་མཐུན་བྱུང་ཡོད་མེད་ཐོག་མི་མང་ལ་གསལ་བཤད་ཕེབས་དགོས་པ་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དམ་བཅའི་ནང་ལོག་འཚོ་དང་འཚེ་བ་མེད་པ་ཕྱི་གསལ་ནང་གསལ་དགོས་པ་རྩལ་དུ་གཏོད་པ་ནས་བཀའ་ཤག་དང་ཨ་དོན་སུ་བདེན་དེ་ནས་གསལ་རྒྱུ་ལས་ཕྱོགས་གཏོགས་ལ་འགན་འཁུར་ནས་ལས་འགུལ་འདྲ་མིན་སྤེལ་རྒྱུ་དེ་མང་གཙོ་ཡང་དག་པའི་ལམ་ལུགས་ཞིག་ཡིན་པའི་ངོས་འཛིན་ནམ་ཡང་ཞུ་མི་ཐུབ་།
ལྷག་བསམ་མེད་པའི་
སྲིད་སྐྱོང་གཙོ་བྱས་བཀའ་ཤག་ཚང་གི་གསལ་བཤད་གསལ་བོ་ཞིག་གནང་ནས་མི་མང་གི་འདོད་ལོ་ཁེངས་བཅུག་ན་ཅིས་མ་ཆོག་པ་རེད།
བསྟན་པ་ལགས། བཀའ་ཤག་ནས་རིམ་པས་གནས་ཚུལ་གསལ་ཁ་གཏོད་ཚུལ་དེ་མ་ཞུས་ན་ཡང་མཁྱེན་རྒྱུ་རེད། སྐུ་ཞབས་སྤེན་པ་ཚེ་རིང་ལགས་ལས་གནས་ནས་འཕོ་འགྱུར་བཏང་བ་དེ་རྩ་ཁྲིམས་དང་བཅའ་ཁྲིམས་ལ་དེ་ཙམ་འབྲེལ་བ་ཡོད་མེད་མི་ཤེས། གང་ལྟར་བཀའ་ཤག་ནས་གཞུང་ཞབས་ལས་བྱེད་པའི་བླང་དོར་སྒྲིག་གཞི་སྐོར་གསུང་གི་ཡོད་རེད་ལ། ཉེས་དོན་དོན་ཚན་བཅུ་པོ་ཡང་ལས་བྱེད་པའི་སྤྱོད་ལམ་འཁྱེར་ཕྱོགས་དང་ཕྱག་ལས་གནང་ཕྱོགས། སྒྲིག་གཞིའི་དགོངས་དོན་བཅས་དང་འབྲེལ་ནས་གལ་ཆེའི་སྤྱི་དོན་འཐུས་ཤོར་གྱི་དཔེ་མཚོན་འགའ་དང་། གཞུང་འཛིན་བཀའ་ཤག་གི་ཁ་གཏད་ལྟ་བུར་བཞེངས་པའི་སྤྱོད་ལམ་དང་ཀུན་སློང་། དེ་བཞིན་གཞུང་གི་ཁེ་ཕན་ལ་གནོད་པའི་གནས་ཚུལ་ཕྱིར་བསྒྲགས་པ། བྱ་སྤུ་གནོན་ལྟར་གོང་འོག་གི་སྒྲིག་མ་ཁུར་བ་བཅས་ལ་བརྟེན་ནས་གོང་རིམ་བཞིན་གསལ་བཤད་ཉེན་བརྡ་སྔ་ཕྱིར་ཐེངས་གཉིས་བཏང་ཡང་། བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མེད་པར་སྔར་ལམ་བཞིན་དེ་མུར་གནས་མུས་སུ་སོང་། མཇུག་མཐར་ཉེན་བརྡ་མཐའ་མ་དང་ལྷན་འཕོ་འགྱུར་བཏང་དགོས་བྱུང་པའི་གོ་རིམ་དེ་འདྲ་རེད་ལ། གོང་གི་དོན་ཚན་བཅུ་དང་འབྲེལ་བའི་གནད་དོན་གང་ཡང་རུང་བ་གཅིག་གིས་ཀྱང་ཐག་གཅོད་དེ་ལྟར་གནང་འོས་པ་ཡིན་པའི་རྒྱུ་དེ་འདྲ། གཞན་དྲང་པོ་བཤད་ན་སྐུ་ཞབས་སྤེན་པ་ཚེ་རིང་མི་དཀར་པོ་ལུག་འདྲ་བ་ཞིག་ལ་ཞྭ་མོ་ནག་པོ་ཞིག་གཡོགས་ཐུབ་སོང་ན་བསམ་པ་སེམས་པའི་ཟུར་ལའང་མེད།
ད་བཤད་མ་བསྡད་ཅི་ཕན་ཚར་སོང་ནི་རེད་་་རྗེས་ཕྱོགས་སུ་ཡིན་རུང་ཏོག་གཟབ་བྱ་ངེས་རེད་ལྷག་དོན་བཀའ་ཤག་ནས་ལས་དོན་སོགས་གང་སྤྱིའི་ཐད་ལ་ཐུགས་བཞེས་ནན་མོ་གཏོང་དགོས་བ་ཧ་ཅང་གལ་འགང་ཆེ།
བསམ་དཀར་ལགས།
ད་དུང་དེ་ལས་གསལ་བོ་ཞིག་གང་ཞིག་གསུང་དགོས་སམ་ལགས།
གཉིས་ནས་མི་མང་འདོད་བློ་ཁེངས་ནས་ཡོད་རེད། འདོད་བློ་མི་ཁེངས་མཁན་རེ་ཟུང་རེད། རེ་ཟུང་ནི་གཞན་གྱི་མགོ་སྐོར་འོག་ལ་ཚུད་པ་རེད། རེ་ཟུང་ལ་ནི་དམིགས་ཡུལ་བྱེ་བྲག་པ་ཡོད་རེད། ཁྱེད་ཀྱང་དེ་ཚོའི་ཕྱོགས་སུ་ཕེབས་ནས་གང་གནང་།
གསལ་བོ་གང་མ་བྱུང་ན་ད་ནི་ངས་ཀྱང་གསལ་བཤད་ཅུང་ཟད་རེ་ཞུ་ཐུབ་པའི་ཚོད་ལ་སླེབས་སོང་།
བསྟན་པས་བྲིས་པ་དེར་དྲ་འདྲེས་ལན་ཐེབས་ཀི་མེད་ག
རྩོམ་འབྲི་བ་དང་། དེ་ལ་བསམ་ཚུལ་འབྲི་མཁན་མང་བོའི་བསམ་བློ་ལ་སླད་འདུག ཆབ་སྲིད་དང་སྤྱི་ཚོགས་ལ་རྒྱུས་མེད་མཁན་ཚོའི་རྩོམ་ཡིག་མགོ་བཙུགས་པ་ནས་གད་མོ་ཤོར་ཡོང་གི་འདུག ཀློག་གིན་གློག་གིན་གད་མོ་ཤོར་ཡོང་གི་ལ། འཛིན་གྲྭ་དང་པོའི་སློབ་ཕྲུག་ཚོ་དང་མཉམ་དུ་གླེང་མོལ་བྱེད་ཀྱིན་པའི་ཚོར་བ་ཞིག་ངང་གིས་ཡོང་། བྱིས་པ་ཚོའི་ཁ་སྔོགས་ན་སྐྱིད་པོ་འདུག་ཧཧཧཧ
བསྟན་པ་ལགས།
ཁྱེད་ཀྱིས་གསུང་སྟངས་དེ་ཉ་ཉོག་བསྲེས་པའི་བཀའ་མོལ་ཞིག་ཏུ་མཐོང་། དོན་གཅོད་ཀྱི་ལས་གནས་འདི་གཞུང་ཞབས་ཀྱི་ཁོངས་སུ་མི་གཏོགས་པས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་བརྒྱུད་ནས་བསྐོས་མེད། དེའི་ཕྱིར་ཁྱེད་ཀྱིས་གསུང་བའི་བརྒྱུད་རིམ་བརྒྱུད་དགོས་གསུང་བ་དེ་ཁྱབ་མེད།
ད་ཐེངས་སྲིད་སྐྱོང་གི་གནང་སྟངས་དེ་ཁོང་ལ་དབང་ཚད་ཡོད་པར་ཞལ་གྱིས་བཞེས་བཞིན་འདུག་པས་དེ་ནས་རྩ་ཁྲིམས་ཞིག་ན་སྲིད་སྐྱོང་ལ་དབང་ཚད་མེད་པ་ཞིག་གསུང་པ་དེ་དངོས་འགལ་མིན་ནམ། ཡང་སྙིང་སྲིད་སྐྱོང་ལ་དེའི་དབང་ཚད་ཡོད་དམ་མེད།
ངས་བལྟས་ན་ཡོད་དེ་ཡར་བསྐོ་བ་པོ་སྲིད་སྐྱོང་ཡིན་ན་དེ་མར་ལེན་པའི་དབང་ཚད་ཀྱང་ཡར་བསྐོ་བ་པོ་རང་ལ་ཡོད་པ་ལས་གཞན་སུ་ལ་ཡང་མེད། མདོར་བསྡུས་ན་ད་ཐེངས་སྲིད་སྐྱོང་གིས་དབང་ཚད་ལོག་སྤྱོད་བྱས་པ་ཞིག་ཏུ་ཡེ་ནས་མི་མཐོང་ལགས།
མཚན་བགྲོད་ལགས་ཀྱིས་ཨ་སྒོར་ས་ཡ་གཅིག་གི་སྐོར་དེ་མི་མང་གི་ལས་འགུལ་གྱི་གྲུབ་འབྲས་ཤིག་ལ་བརྩིས་འདུག དེ་ནི་གྲུབ་འབྲས་ཤིག་མ་རེད། འདི་ལ་བརྟེན་ནས་བོད་ཀྱི་ཐེབས་རྩ་ཁང་དང་བོད་གཞུང་གྱོང་ཆེན་པོ་སྤྲོད་སྲིད་པས་གནོད་བསྐྱལ་བ་ཞིག་ལ་འགྲོ་ཉེན་ཡོད། དོན་དག་ཚང་མ་ཕྱིར་བསྒྲགས་བྱེད་རྒྱུ་མིན་པ་སྤེན་ཚེས་ཤེས་ངེས་ཀྱང་བསམ་ནག་བྱས་ནས་ཕྱིར་བསྒྲགས་བྱས་པ་རེད། འདི་གསང་བ་ཞིག་མིན་ཀྱང་ཁྲོམ་བསྒྲགས་བྱེད་རྒྱུ་ཞིག་ཀྱང་མ་རེད། ནང་འཚགས་ཀྱི་སྐད་ཆ་དེ་མི་མང་གིས་ཤེས་ནས་ཕན་ཐོགས་དང་མ་ཤེས་ན་གྱོང་གང་ཡང་མེད། ལྐོགས་ཟ་བྱས་པའི་དོགས་གཞི་ཞིག་ཡོད་ན་མི་མང་ལངས་འོས་པ་རེད་ཀྱང་དེ་མིན་པ་ནི་གསལ་པོ་རེད།
xxཟིན་པ་ནི་སྲིད་སྐྱོང་རེད་ཁོ་པའི་གསལ་བཤད་དེ་ལ་གཟིགས་དང་། ཁོ་པའི་སྡུག་སེམས་ནག་པའི་ཐོག་ནས་སྤེན་ཚེ་གནད་དབྱུང་བཏངརུང་ད་དུང་ཁ་ནས་ཕོ་འགྱུར་ཟེ་ལབ། གལ་ཏེ་འཕོ་བསྒྱུར་གཏང་་ནས་ལས་གནད་གཞན་ཞིག་ལ་བསྐོས་ཡོད་ན་ད་སྐབས་རྙོག་གྲ་འདི་ཡོང་དོན་མེད། ཨ་ཙི་ཙི་ཙི་ དེ་འདྲའི་སྲིད་སྐྱོང་གཅིག་གི་ཐབས་སྐྱོ་བ་ལ། ཨ་ཁ་ཁ་ཁ་ བོད་མི་ཚོ་ཐུག་པ་དཀྲུག་དཀྲུག་ དཀོན་མཆོག་གི་མཁྱེན་ མི་ངན་བསམ་སྤྱོད་སྡུག་པ་དམྱལ་བར་མ་ལྷུང་པ་ཤོགས། ཨ྄ོ་མཎེཔདམེཧུམ བླ་མའི་ཐུགས་དཀྲུག་ འབངས་མི་བདེ་བ་བཟོས་ དེ་འདྲའི་སྲིད་སྐྱོང་གི་འགོ་འཁྲིད་ཏང་ལ།
དགེ་འདུན་རྒྱ་མཚོ་ལགས། མི་གཅིག་གི་རྐུབ་བཀྱགས་ཀྱི་དོན་དུ་xxx་ལངས་བྱས་ཏེ་ཆོལ་ཁའི་དཔུང་བསྒྲིགས་ནས་ཐོན་ཡོང་མཁན་ཚོའི་བསམ་བློ་ཡང་དག་པ་དང་སླད་མེད་པ། ཆབ་སྲིད་དང་སྤྱི་ཚོགས་ལ་རྒྱུས་མངའ་ཚད་མཐོ་པོ་ཡོད་མཁན་ཞིག་གི་ལས་ཀ་རེད་དམ། དོ་བདག་སྤེན་ཚེ་ཁོང་རང་ཉིད་ནས་ཀྱང་བོད་མིའི་སྒྲིག་འཛུགས་ལ་ངོ་རྒོལ་བྱས་ན་འགན་ཁུར་ཡོངས་རྫོགས་གོ་སྒྲིག་བྱེད་མཁན་ཡོད་རབས་དང་། ལས་འགུལ་འདིས་ཁོང་གི་མ་འོངས་པའི་མདུན་ལམ་ལ་གནོད་ཚུལ་ཡིག་ཐོག་བཀོད་ནས་སྤེལ་མི་འདུག་གམ། ད་ཁྱོད་ཚོ་ལ་བཤད་ཡ་ལས་ཡ་གཞན་ཅི་ཞིག་ལྷག་འདུག དེའི་རྒྱབ་ལ་སྐྱུག་བྲོ་བའི་ཆོལ་ནད་ཙམ་ཞིག་མ་གཏོགས་ལྷག་མེད་པ་གསལ་པོ་ཆགས་མ་སོང་ངམ།
ཡག་པོ་འདུག ང་ལྟ་བུ་ཡིན་ན། ཆོལ་ཁ་གསུམ་དགོས་ཡས་མི་འདུག ང་ལ་དགོས་པ་འདི་ཨ་རིའི་མི་སེར་དང་བོད་ཀྱི་ནང་ཆོས། རྒྱ་ནག་གི་སྒོར་མོ་དམར་པོ་དེ་གས་འགྲིགས་པ་འདུག
སྒོར་ས་ཡ་གཅིག་དང་ཕྱེད་ཀ་གཙང་མ་མིན་ན་འགྲིག་པ་ཨེ་རེད།
བོད་རང་གི་རིག་གཞུང་དུ།
འཕོ་འགྱུར་དང་གནས་དབྱུང་། གཅིག་པ་རེད་པས་ཁ་ཁ་རེད། མིང་ཚིག་འདི་གཉིས་བེད་སྤྱོད་གཏོང་གི་འདུག
དྲ་འདྲེ་ལགས་ཀྱི་བསམ་ཚུལ་འདི་ད་བར་བསམ་ཚུལ་སྤེལ་མཁན་མང་པོའི་དཀྱིལ་ནས་མཐའ་གཉིས་སུ་མ་ལྷུང་པར་བསམ་ཚུལ་ཡག་ཤོས་ཤིག་མཐོང་སོང་། དེ་མིན་པ་ཚང་མས་ཕྱོགས་ཞེན་གྱིས་རྐུ་མའི་རྒྱབ་ལ་ཇག་པ་ལངས་པ་ལྟ་བུ་བྱས་ནས་མགོ་སྔ་ཆ་ཚང་བ་ཞིག་བཀླག་ན་འདོད་པའི་བསམ་ཚུལ་ཅིག་ཀྱང་མཐོང་མ་སོང་། དྲ་འདྲེ་ལགས། བཀྲིན་ཆེ། ཡང་བསྐྱར་ཅིག
འཕོ་འགྱུར་ change
གནས་དབྱུངས་ dismiss
དབུས་བོད་མིའི་སྒྲིག་འཛུགས་འདི་ལོག་འཚོ་དང་འཚེ་བ་མེད་པའི་ཁྲིམས་འགལ་དང་སྒྲིག་འགལ་མེད་པའི་སྤྱི་ཚོགས་ཞིག་འཛམ་གླིང་མི་མང་མཉམ་འཚོ་དགོས་པ་ལས་ཁྲིམས་འགལ་དང་སྒྲིག་འགལ་ལོག་འཚོ་རྒྱུད་ནས་བཙན་བྱོལ་སྤྱི་ཚོགས་ལ་འགན་འཁུར་མཁན་ཡོད་ན་ནམ་ཡང་དགའ་་བསུ་མེད་དོ་བདེན་པ་ཉིད་རྣམ་པར་རྒྱལ་ལོ་།
བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་སྲུང་སྐྱོབ་ཀྱི་ལས་འགུལ། ཞེས་པའི་ཚིག་འདིས། དེ་རིང་ཁ་སང་གི་སྲིད་སྐྱོང་དང་བཀའ་ཤག་གི་གནས་སྟངས་དང་གནང་སྟངས་ཚང་མ་བསྟན་འདུག བརྒྱ་བཤད་སྟོང་ལ་བཤད་ཀྱང་། ཡོས་ལ་འབབ་རྒྱུའི་རྩམ་པ་འདི་རེད། ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་བརླགས་དང་བརླག་བཞིན་པའི་གནས་སྐབས་ཤིག་རེད།
་་་་་་་་་ ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་བརླགས་དང་བརླག་བཞིན་པའི་གནས་སྐབས་ཤིག་རེད། ་་་་་ ཟེར།
#22 དྲ་འདྲེ། ་ལགས་ཀྱིས་སྤེལ་དོན།:
November 28th, 2017 at 10:56 am
ངས་སྤྱི་བཤད་ཙམ་ལས་དམིགས་བཀར་ནས་ཅང་བཤད་མེད། ཡིན་ཡང་ཁྱེད་ལ་ཕོག་ཡོད་པ་འདྲ།ང་འདི་གཉིས་ཀྱི་ཕྱོགས་གང་དུ་ཡང་མ་ལྷུང་བར་གནས་ཡོད། ཡིན་ཡང་ཕྱོགས་རྒྱུགས་པ་ཚོའི་གླེན་རྟགས་སྟོན་པ་མཐོང་ཚེ་རང་གི་བསམ་ཚུལ་ཙམ་བཤད་ཀྱིན་ཡོད། ཁྱེད་ཀྱི་རྩོམ་གྱི་ཁ་བྱང་ལ་སྤེན་པ་ཚེ་རིང་ལགས་ལ་ཉེས་པ་ཡོད་མི་ཆོག་པ་ཡིན་ནམ། ཞེས་བྲིས་འདུག དེ་འདྲ་ཡིན་ན་བློ་བཟང་སེང་གེ་ལགས་ལ་ཉེས་པ་ཡོད་མི་ཆོག་པ་ཡིན་ནམ། ཅེས་འདྲི་མཁན་ཡོད་པ་མཐོང་།
ཁྱོད་ཀྱི་མིང་ལ་དྲ་འདྲེ་ཞེས་བྲིས་འདུག་པ་བཞིན་ཁྱེད་རང་དྲ་འདྲེ་ཡིན་པ་ཁས་བླངས་སོང་ཞེས་གོང་དུ་མཆན་བཀོད་འདུག དེ་འདྲ་སོང་ཙང་ཕྱིན་ཆད་ཁྱེད་ཀྱི་སྐད་ཆ་གང་བཤད་ཀྱང་འདྲེ་བཤད་ཡིན་པ་ལྟར། ཁྱོད་དང་ཁྱོད་ཀྱི་སྐད་ཆ་ལ་ནམ་ཡང་རློམ་མི་རུང་པ་དོན་གྱིས་ཁས་བླངས་ཟིན་པ་རེད། ད་ཁྱེད་ལ་བཤད་ཀྱི་ག་རེ་ཡོད་དམ།
༄༅། དྲ་འདྲེ་་་་ཐུགས་རྗེ་ཆེ་། དཔེ་ཡག་པོ་བྲིས་འདུག་
ལག་ཡོད་མཁན་ནས་ཡི་གེ་བྲིས། དངུལ་ཡོད་མཁན་ནས་འགྲོ་སོང་བཏང།
ཀླད་སྟོང་རེ་དགའ་ནས་མགོ་ཅི་ཡང་མ་ཚོས་ཀྱང་མཉམ་ཞུགས་བྱས་པ་འདི་སེམས་སྐྱོ།
བསྟན་དགྲ་དམར་པོ་ལ་ངོ་རྒོལ་བྱེད་ནི་མི་ཐུབ། སྐད་ངན་རྒྱག་ནི་མི་ཐུབ།
ད་བཀའ་དྲིན་ལ་བསམ་བཞེས་མེད་པར། དྲིན་ལན་ལ་ལོག་འཇལ་དཔེ་ལྟར་རེད།
བོད་མི་སྒྲིག་འཛུགས་ལོག་འཚོ་བ་གཏན་ནས་བཟོ་མི་རུང་། འོན་ཀྱང་། བློ་སེང་གིས་ལོག་འཚོ་ཅན་དུ་བསྒྱུར་བཞིན་འདུག འདི་ལྟར་སོང་ལྔ་དང་ལྔ་བཅུ་ཕར་ཟད། ལོ་འགའ་ཤས་ནས་རོགས་སྐྱོར་དུ་མ་ཞིག་ཆད་ཉན་ཡོད།
བློ་སེང་གིས་ཁོང་གི་ཁང་པ་ཉོ་སྟངས་དེ་བཞིད་དུ་ཨ་རིའི་དོན་གཅོད་ཁང་ཡང་ཉོས་པ་རེད། འདིས་རང་ཉིད་ལ་སྐྱག་པ་འགོས་ཡོད་པ་དེ་བོད་མིའི་སྒྲིག་འཛུགས་ལའང་བགོས་པ་རེད།
བློ་སེང་གིས་བོད་མིའི་སྒྲིག་འཛུགས་ལོག་འཚོ་ཅན་དུ་བསྒྱུར་བཞིན་ཡོད།
ཁོང་གིས་རང་གི་ཁང་པ་ཉོས་པ་བཞིན་དུ་ཨ་རིའི་དོན་གཅོད་ཁང་ཡང་ཉོས་པ་རེད།
འདི་ནི་རང་ཉིད་ལ་འགོས་པའི་xx་དེ་བོད་མིའི་སྒྲིག་འཛུགས་ལའང་བགོས་པ་རེད།
#30 དགེ་འདུན་རྒྱ་མཚོ། ་ལགས་ཀྱིས་སྤེལ་དོན།:
ད་ང་ལ་བཤད་ཡ་གལ་མེད་ད། ཧ་ཧ བར་གནས་ཡིན་ན་ཡག་པོ་རེད། མ་མཐའ་ཡང་དགྲ་གཉེན་ནོར་ཡོད་མ་རེད། ངས་བཤད་པའི་རྒྱུ་མཚན་གོང་གི་རྩོམ་ཡིག་ནང་བཀོད་པ་ལྟར་རེད། སྤེན་པ་ཚེ་རིང་ལགས་ལ་ཉེས་པ་མེད་པ་ད་བར་ཁོང་རང་ཉིད་ཀྱིས་ཀྱང་གསལ་བཤད་ཞིབ་ཕྲ་གནང་མེད་པ་རེད། གླེན་པའི་ཨུ་ཚུགས་བྱས་ནས་ངོ་རྒོལ་མཐའ་སྐྱེལ་བྱེད་རྒྱུ་ཡིན་ན་ད་ལྟད་མོ་ལྟ་རྒྱུ་ལས་ལྷག་མི་འདུག
སྲིད་སྐྱོང་ཧམ་ཅན་བསམ་མེད་དེས་བཤད་དོན། ང་རང་གི་གྲོགས་པོ་ཡང་ཚུར་འཐེན་ནས་སྤེན་པ་ཚེ་རིང་ཨ་དོན་ལ་བཞག་པ་ཡིན་ཟེར་ནས། ཧ་ལས་མདོག་དང་ཧོན་འཐོར་མདོག་བྱས། ཧ་ཧ། གད་མོ་ཤོར་ཡས་རེད། ཁྱོད་ཀྱི་གྲོགས་པོ་ཕར་འཐེན་པར་ཧ་ལས་རྒྱུ་ཅི་ཡོད། ཨ་དོན་ཁྱོད་ཀྱི་ནང་ཡིན་ནམ། ཡང་ན་ཁྱོད་ཀྱི་ཕ་གཞིས་ཡིན། སྤེན་ཚེ་ཨ་དོན་ལ་འཇོག་མཁན་༸གོང་ས་མཆོག་རེད། ཁྱོད་ལ་འདོད་པ་མེད་བཞིན་དུ་འཇོག་དགོས་བྱུང་བ་མ་ཡིན་ནམ། ཨ་རོ། ཁོ་རེ། དྲང་པོ་ཤོད། ཨ་དོན་ཁྱོད་ཀྱི་གྲོགས་པོ་སྐལ་རྡོར་གྱི་རུལ་སུངས་བྱེད་སའི་ཇག་ཚང་ཡིན་ནམ། ཁྱོད་ཀྱི་སྐད་ཆ་ཚང་མ་བྱིས་པ་ལོ་བརྒྱད་ཀྱི་སྐད་ཆ་དང་འདྲ།
སྲིད་སྐྱོང་སློབ་བཟང་སངས་རྒྱས།།
སློབ་ཐོན་ལག་འཁྱེར་མཐོ་ཡང་།།
བོད་མིའི་ཆིག་སྒྲིལ་གོང་བུར།།
སྔར་མེད་གས་ཆག་བཏང་བྱ།།
གཡོ་ཐོག་ཀརྨ་དགེ་ལེགས།།
རྒྱབ་ཀྱི་ཆོས་གོས་མཛེས་ཀྱང་།།
ནང་སེམས་དུག་གི་མདའ་མོས།།
དམངས་སེམས་རྨང་ནས་རྨས་བྱ།།
ཨ་ཁུ་དངོས་གྲུབ་ཚེ་རིང་།།
སློབ་བཟང་སེང་གེའི་མཇུག་མ།།
མཇུག་མ་དྲུག་པའི་ཤུལ་དུ།།
བྱུས་ནག་རི་མོ་གསལ་བྱ།།
ནོར་བཅོས། མཇུག་མ་དྲུད་པའི་ཤུལ་དུ།
༄༅། རི་མཐོན་པོའི་མགོ་ནས་བསང་ཞིག་བཏང།།
རི་མཐོན་པོ་ཟེར་ནས་བཏང་པ་མིན།།
ལྷ་དགའ་ཡོང་བསམ་ནས་བཏང་པ་ཡིན།།
ངས་དེ་རིང་ཁྱེད་ཚོར་གླུ་ཞིག་ལེན།།
སྐད་ཡག་པོ་ཟེར་ནས་ལེན་པ་མིན།།
ཁྱེད་ཚོ་དགའ་ཡོང་བསམ་ནས་ལེན་པ་ཡིན།།
སེམས་དགའ་ན་དགེ་བའི་ལས་ཞིག་ཡིན།།
རི་དུམ་བུ་གསུམ་ལ་དར་རེ་བཙུགས་།
དར་ཡོད་པའི་ཡོད་ངོམས་མ་རེད་དེ་།
རི་ཨེ་མཐོ་མི་མཐོ་བལྟ་བྱེད་རེད་།
ཆུ་ལུང་བ་གསུམ་ལ་ཇ་རེ་བཀོལ་།
ཇ་ཡོད་པའི་ཡོད་ངོམས་མ་རེད་དེ་།
ཆུ་ཨེ་ཞིམ་མི་ཞིམ་བལྟ་བྱེད་རེད་།
༄༅། མི་ཡུལ་ས་མཐའ་འདི་རུ། ལོ་དང་ཟླ་བ་ཕྱིན་སོང།
སྐྱིད་པའི་ཕ་ཡུལ་ཕྱོགས་ལ། འགྲོ་བའི་རང་དབང་བྲལ་སོང།
༄༅། བསམ་ཤེས་ཐོབ་པའི་དུས་ལ། དྲིན་ཅན་ཕ་མ་མ་བཞུགས།
ཕ་མ་ལམ་དུ་བྱོན་ཟིན། དེ་འདྲའི་སེམས་པ་སྐྱོ་བ།