ཁང་གསར་རྡོ་རྗེ། རྣམ་གྲོལ་གྱིས་འོས་སྦྱོར་བྱས།
༡༽ སྤེན་ཚེ་སྐུ་ཚབ་དོན་གཅོད་དུ་འཇོག་མཁན་ངོ་མ་ནི། ༸གོང་ས་ཏཱ་ལའི་བླ་མ་རེད། དེ་ཡང་འོས་བསྡུའི་སྐབས་ཀྱི་འགལ་བ་སེལ་ཏེ། བོད་པའི་སྤྱི་ཚོགས་ནང་སྤྱི་དོན་མཉམ་སྒྲུབ་དང་། ཕན་ཚུན་མཐུན་སྒྲིལ་ཡོང་བའི་ཆེད་དུ་རེད་ལ།དབང་ཆ་ཡོད་ཚད་མི་གཅིག་གི་ལག་ལ་མི་འགྲོ་བའི་དོན་དུའང་རེད། སྲིད་སྐྱོང་བློ་སེང་གི་སེམས་ནང་སྤེན་ཚེ་དོན་གཅོད་དུ་བསྐོ་འདོད་མེད་པ་ཡང་གསལ་པོ་རེད། ད་རེས་སྤེན་ཚེའི་གནས་བབས་ལ་གནམ་ས་བླ་འོག་གི་འགྱུར་བ་བཏང་བ་དེའི་ཐོག་ནས། བློ་སེང་གི་དབང་ཚད་དེ་ཧ་ཅང་ཚད་མཐོན་པོར་སླེབས་པ་མཚོན་པ་རེད། ཧ་ཅང་ཚད་མཐོན་པོར་སླེབས་ཙང་། ༸གོང་ས་མཆོག་ལའང་། ཁྱེད་རང་གིས་དོན་གཅོད་ལ་བསྐོས་པའི་མི་དེ་ཡག་པོ་མི་འདུག ངའི་བཀའ་ལ་བརྩི་གི་མི་འདུག བཀའ་ཤག་ལ་བརྩི་གི་མི་འདུག འགྱུར་བ་བཏང་གི་ཡིན་ཟེར་གྱི་ཡོད་པ་རེད། དེ་ལ་༸གོང་ས་མཆོག་གིས་ཀྱང་མོས་མཐུན་མ་གནང་རང་གནང་གི་གནས་སྟངས་འདི་ཆགས་པ་རེད།
༢༽ སྤེན་ཚེ་༸གོང་ས་མཆོག་གིས་བསྐོས་པ་ཞིག་ཡིན་པ་དང་། དེ་སྔོན་སྤྱི་འཐུས་དང་། སྤྱི་འཐུས་ཚོགས་གཙོ་བྱེད་མྱོང་བ་ལས། གཞུང་ཞབས་བྱེད་མྱོང་མེད་ཙང་། ཁོའི་བསམ་སྤྱོད་དེ། དོན་གཅོད་གཞན་དང་འདྲ་གི་མ་རེད། ཁོས་སྤྱི་འཐུས་ཚོགས་གཙོའི་སྐབས་བཞིན་དུ། གང་བསམ་དེ་དྲན་ཤོད་པ་དང་། བཀའ་ཤག་གིས་བཤད་ཚད་ལ་ལགས་སོ་ལགས་སོ་ཟེར་གྱི་མེད། ད་དུང་རང་ཉིད་༸གོང་ས་མཆོག་གིས་བསྐོས་ཙང་། བཀའ་ཤག་གིས་ལས་སླ་པོར་རང་གི་གནས་སྟངས་ལ་འགྱུར་བ་གཏོང་ནུས་ཀྱི་མ་རེད་དྲན་བཞིན་ཡོད་ངེས་རེད། གཞན་ཡང་ལས་ཀ་མང་པོ་ཞིག་བཀའ་ཤག་མ་བརྒྱུད་པར་ཕོ་བྲང་ལ་ཞུས་པ་ཡང་ཡོང་གི་ཡོད། བཀའ་ཤག་གིས་”བྱ་སྤུ་གནོན་”ཡོང་གི་མི་འདུག་ཟེར་བ་དེ།དོན་དུ་གོ་ས་འདི་རེད། འདི་ལས་གཞན་དུ་སྤེན་ཚེས་ལས་ཀ་རྫབ་ཆེན་བྱས་པ་ཞིག་བསྟན་དུ་ཡོད་མ་རེད། དེ་ནི་སྲིད་ཚབ་ཀྱིས་གསལ་བཤད་གནང་དུས། ཉེན་བརྡའི་ཡི་གེ་རེ་རེའི་དོན་གཞི་བཟུང་སྤེན་ཚེ་འཕོ་འགྱུར་བཏང་བ་ཡིན་ཟེར་གྱི་ཡོད་མ་རེད། ཁྱོན་ཡོངས་བསྡོམས་ནས་གནས་སྟངས་ཤིག་ཆགས་པ་དེ་གཞི་ལ་བཟུང་ནས་འཕོ་འགྱུར་བཏང་བ་ཡིན་ཞེས་གསུངས་པའི་བབས་ས་དེ་རེད། དེས་ན། ཉེན་བརྡའི་ཡི་གེ་གསུམ་ཀ་ང་ཚོ་ལ་བསྟན་ཡོང་ནའང་། དེའི་ནང་ན་སྤེན་ཚེར་ནག་ཉེས་འབབ་འགྲོ་བ་ཞིག་ཡོད་དཀའ་མོ་རེད། གཅིག་བྱས་ན་དེའི་ནང་ན་བཀའ་ཤག་རང་གི་ངོ་གདོང་མང་པོ་ཞིག་མཐོང་ཉེན་ཡོད།
༣༽ བློ་སེང་གིས་དབུ་ཁྲིད་པའི་བཀའ་ཤག་ལ་མཚོན་ན་ཡང་སྤེན་ཚེ་འདི་དཀའ་ངལ་ཞིག་རེད། གཅིག་ནས་དོན་གཅོད་ལ་འཇོག་འདོད་ཡོད་མ་རེད། གཉིས་ནས་ཁོས་བཀའ་ཤག་གི་བཤད་ཚད་ལ་ལགས་སོ་ཟེར་གྱི་ཡོད་མ་རེད།གསུམ་ནས་རང་གི་བྱས་རྗེས་འབུར་འདོན་ཡོང་ཐབས་ཀྱང་བྱེད་བཞིན་ཡོད་པ་མཐོང་གསལ་རེད། བཞི་ནས་ཨ་རི་དེ་བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་རྒྱབ་རྟེན་ཡོད་ན་མེད་ན་དེ་རེད། ཆབ་སྲིད་ཀྱི་གཞི་རྟེན་ཡང་གལ་ཆེ་ཤོས་ཤིག་རེད། དེ་ནས་གྲུབ་འབྲས་ཐོན་ཡོང་བ་དེ་བཀའ་ཤག་གི་ངོ་སོར་མི་འབབ་དུས་གནས་ཚུལ་ཆེན་པོ་རེད། གཞུང་གང་འདྲ་ཞིག་ཡིན་རུང་། གནད་འགག་ཡོད་ས་ན་རང་གི་མི་འཇོག་གི་ཡོད་རེད། བློ་སེང་གི་གཞུང་གི་གནད་འགག་ཡོད་ན་མེད་ན་གཉིས་ལ་རང་གི་མི་མེད། དེ་ནི་ཨ་རི་དང་ལྡི་ལི་དོན་གཅོད་ཁང་གཉིས་རེད།
༤༽ ད་ལྟའི་དུས་སྐབས་སུ་བོད་མི་ནང་ཁུལ་གྱི་མཐུན་ལམ་དང་། འཐབ་རྩོད་ཀྱི་དགོས་མཁོར་ཁྱོན་ཡོངས་ནས་དགོངས་བཞེས་གནང་མཁན་ཞིག་ཡིན་ན། སྤེན་ཚེ་མཐའ་འབུད་གཏོང་མི་དགོས་པར། བཀོད་སྒྲིག་གཞན་ཞིག་གནང་རྒྱུ་ཏན་ཏན་ཡོད་པ་རེད་དེ། ལམ་དེར་མ་སོང་བར་སྤེན་ཚེ་མཐའ་འབུད་བཏང་བ་རེད། ནག་པོ་བཟོས་པ་རེད།འདིས་སྒེར་ནད་ཅན་དག་ལ་སྙིང་ཚིམ་ཡོང་གི་ཡོད་རེད་དེ། བོད་མི་མང་ལ་བློ་ཕམ་ཡོང་གི་ཡོད་རེད། སྒེར་དབང་ལ་ཕན་ངེས་ཡིན་རུང་སྤྱི་དོན་ལ་གནོད་ཀྱི་ཡོད།
༥༽ ད་རེས་བཀའ་ཤག་གིས་སྤེན་ཚེ་མུ་མཐུད་དོན་གཅོད་དུ་བཞག་ན་བློས་མི་བཟོད་པའི་སེམས་འཚབ་ཡོད་ལུགས་བཤད་དེ། ཁོང་གནས་དབྱུང་བཏང་བ་རེད། ཡིན་ན་ཡང་གནས་ཚུལ་འདི་ལ་བརྟེན་ནས་བོད་མིའི་སྤྱི་ཚོགས་ནང་འགལ་བ་དང་། མི་མཐུན་པ་ཆེན་པོ་ཇི་ཙམ་ཡོང་བའི་མཇུག་འབྲས་དེ་བཀའ་ཤག་གིས་བློས་བཟོད་པ་དང་། འགན་ཐེག་པ་ཞིག་ཡིན་མིན་ལ་དགོངས་བཞེས་མཛད་ཡོད་དམ། དེ་ནི་དྲི་བ་ཞིག་རེད། དེ་ནི་དུས་ཚོད་ཁོ་ནས་ཚོད་བགམ་ཐེབས་ཐུབ་པའི་དྲི་བ་ཆེན་པོ་ཞིག་རེད།
གོང་ས་མཆོག་གི་མཚན་འདིར་མ་འཐེན་རོགས་གནང་ཐུགས་རྗེའི་གཟིགས་།
༸གོང་ས་མཆོག་གི་བཀའ་བཀྱོན་དང་ལམ་སྟོན་འོག སྐབས་གཉིས་པའི་སྲིད་སྐྱོང་དེ་བཞིན་བཀྲ་ཤིས་དོན་འགྲུབ་ཀྱི་ཕྱོགས་སུ་ཡར་ནས་ཡར་འགྲོ་ཡིན་པའི་མཐོང་སྣང་བྱུང་མོད། ད་རེས་གློ་བུར་དུ་བློ་ཡིད་ལ་འཇུ་དཀའ་བའི་བྱ་ངན་འདི་འདྲ་ཞིག་ལག་ལེན་ལ་བསྟར་ཏེ། བཙན་བྱོལ་བོད་པའི་སྤྱི་ཚོགས་ཆུང་ཆུང་འདི་རྨང་ནས་དཀྲུགས་སོང་། སྤེན་ཚེ་ལྟ་བུའི་ཤེས་འཇོན་ནུས་པ་ཕུལ་ཏུ་གྱུར་པ་རེ་གཉིས་ལས་མེད་པ་དག་ཕྲག་དོག་དང་མཐོ་གནོན་གྱིས་ཕམ་པར་བརྒྱབ་ན། དེའི་གྱོང་ཁ་བོད་སྤྱི་ལ་རག་པ་མ་རེད་དམ། ད་ནི་སྲིད་སྐྱོང་བློ་སེང་ལགས་ཀྱིས་བོད་མི་མང་གི་སྣེ་འཁྲིད་གནང་ཐུབ་པའི་ཁོ་ཐག་རྩ་ནས་ཆོད་སོང་། །
ད་ལེན་སྤེན་ཚེ་གནས་དབྱུང་གི་ཐད་ནས་བསམ་ཚུལ་ཞིག་ཡོད་པ་ནི། བོད་མིའི་ཆིག་སྒྲིལ་དང་སྤྱི་ཚོགས་ལ་ཉོག་གྲ་མི་ཡོང་བའི་ཆེད་དུ་སྤེན་ཚེས་ནག་ཉེས་ག་རེ་བསགས་ཡོད་པའི་ཐོག་ནས་ཆོས་རིག་བཀའ་བློན་གྱིས་གསུང་བ་བཞིན་གསལ་ལ་མི་གསལ་བའི་འགྲེལ་བརྗོད་ཙམ་མ་ཡིན་པར་ཁ་གསལ་གཏིང་གསལ་གྱི་སྒོ་ནས་ནག་ཉེས་དེ་དང་འདི་བསགས་པའི་རྐྱེན་གྱིས་གནས་དབྱུང་བཏང་བ་རེད་ཅེས་འབྲེལ་བརྗོད་བྱེད་དགོས་པ་དེ་ཤིན་ཏུ་ནས་གལ་ཆེན་དུ་མཐོང་། དེ་མིན་མི་མང་པོ་ཞིག་གིས་སྔར་གྱི་སྒེར་ནད་དང་ཆོལ་ཁའི་འཐེན་འཁྱེར་དབང་གིས་རེད་ཞེས་འུར་ཟིང་བྱེད་བཞིན་པའི་སྐབས་འདིར་གསལ་བཤད་ཅི་ཡང་མེད་པར་རྫིག་གཏམ་ཙམ་གྱིས་མི་མང་གི་འདོད་བློ་མི་གང་བས་མ་འོང་པའི་གནས་སྟངས་ཉན་ཁའི་ངང་ལྷག་པ་རེད་་་
༄༅། སུ་ཡག་སུ་མི་ཡག་གི་གནས་ཚུལ་ཇེ་གསལ་ཇི་གསལ་དུ་འགྲོ་བཞིན་པ་རེད།
ཡར་བཀྱགས་མི་དགོས། མར་འཐེན་མི་དགོས་། ལས་བྱེད་འཕོ་འགྱུར་བཏང་བ་ལ་དེ་འདྲའི་
ཧང་སང་དགོས་དོན་མི་འདུག་
གང་ལྟར་ཡང་༧གོང་ས་མཆོག་གི་མཚན་དྲ་རྒྱའི་ནང་འཁྱེར་མ་ཡོང་རོགས།
སྔོན་དུ་ཞུས་པ་བཞིན་་་
ལ་ལམ་མེད་ལ་ལམ་ཀ་གསར་པ་བཟོ་མི་དགོས།
ཆུ་ཟམ་མེད་ལ་ཟབ་པ་གསར་པ་བཙུག་མི་དགོས།
རང་ཚུགས་ཟིན་དགོས་། བཟང་སྤྱོད་ལྡན་དགོས།
ཤེས་མེད་ཀླད་སྟོང་གི་སྐད་ངན་རྒྱག་དགོས་ཅི་ཡང་མི་འདུག་
བྱ་སྤུ་ནོན་ཞེས་པའི་ཚིག་འདི་ཐེངས་ཁ་ཤས་ལ་ཐོན་སོང་། འདིའི་ནང་དོན་ག་རེ་རེད། ངས་ནི་ཧ་གོ་མ་སོང་། སྤེན་ཚེ་ལས་གནས་ནས་ཕུད་དགོས་པའི་རྒྱུ་མཚན་གསལ་པོ་ཞིག་ངེས་པར་དུ་དགོས་ཀྱི་རེད་སྙམ། །
གལ་སྲིད་སྤན་ཚེས་གནས་དབྱུང་གཏོང་དགོས་པའི་ནག་ཉེས་བསགས་ཡོད་ཚེ་སྐད་ཆ་འདྲ་མིན་ཅི་ཙམ་བཤད་ཀྱང་རུང་བཀའ་ཤག་གིས་ཕྱག་ལས་གནང་སྟངས་དེ་འགྲིག་པ་རེད་། དེ་མིན་གནས་དབྱུང་གཏོང་དགོས་པའི་ནག་ཉེས་མེད་པར་བྱ་སྤུ་མནན་གྱི་ཚུལ་དུ་མི་འདུག་ཅེས་དེ་ཙམ་ལ་ཁ་གཡར་དེ་སྒེར་ནད་དང་ཆོལ་ཞེན་གྱིས་བྱ་བ་འདི་སྒྲུབ་པ་ཡིན་ན། བློ་སེང་གིས་ཆིག་སྒྲིལ་དང་གསར་བཏོད་སོགས་ཀྱི་དོན་ཚན་རྣམས་མི་མང་ལ་མགོ་བསྐོར་ཁོ་ན་ལས་དོན་དུ་ཉམས་བཞེས་གནང་གི་མེད་པ་དངོས་ཡོད་དང་མ་འོང་པར་བཙན་བྱོལ་བོད་མའི་སྒྲིག་འཛུག་ཉོག་འཛིང་གི་གནས་སུ་བསམ་བཞིན་དུ་དེད་པ་རེད།
་་་་་་་་ ༸གོང་ས་མཆོག་ལའང་། ཁྱེད་རང་གིས་དོན་གཅོད་ལ་བསྐོས་པའི་མི་དེ་ཡག་པོ་མི་འདུག ངའི་བཀའ་ལ་བརྩི་གི་མི་འདུག བཀའ་ཤག་ལ་བརྩི་གི་མི་འདུག འགྱུར་བ་བཏང་གི་ཡིན་ཟེར་གྱི་ཡོད་པ་རེད། དེ་ལ་༸གོང་ས་མཆོག་གིས་ཀྱང་མོས་མཐུན་མ་གནང་རང་གནང་གི་གནས་སྟངས་འདི་ཆགས་པ་རེད། ་་་་་་་་་
དགའ་ལྡན་ཕོ་བྲང་མང་གཙོ་ཀ་བ་གསུམ་གྱི་གྲས་མ་རེད་ལ་འཛིན་སྐྱོང་གི་སྐོར་ལ་ཐེ་བྱུས་མ་གནང་ན་འོས་པར་སེམས། དོན་གཅོད་གསར་བསྐོ་དང་གནས་དབྱུང་བཏང་བ་སོགས་བཀའ་ཤག་ལ་སྐུ་དབང་ཆ་ཚང་ཡོད་རེད་ཧ་ལས་དགོས་དོན་མ་མཆིས། དོན་གཅོད་ཕལ་ཆེར་གཉེན་སྤུན་འགོ་འདྲེན་བྱས་རེས་ཀྱིས་ཕོ་བྲང་ནང་ནས་གནོན་བཤུགས་ཀྱིས་གསར་བསྐོ་བྱེད་ཀྱི་ཡོད་པ་འདི་དག་ལ་བལྟས་ན་བཀས་བཀོད་བརྒྱུད་འཛིན་གྱི་ལམ་ལུགས་ཁོ་ན་ལས་མ་མཆིས། སྤྱིར་སྤེན་ཚེ་གནས་དབྱུང་བཏང་དོན་དེ་སྤེན་ཚེས་རྩེ་རྣམ་རྒྱལ་གྲྭ་ཚང་གི་གྲྭ་ལོག་བསྟན་འཛིན་དོན་ལྡན་༡༩༩༨ནས་ད་བར་གྲྭ་པ་མིན་ནའང་ཡིན་མདོག་ཀྱིས་རྒྱལ་བའི་ཐེབ་རྩའི་ལས་བྱེད་ཀྱི་མིང་འཁྱེར་ནས་མ་རུང་པའི་་ལས་ཀ་ཐེར་འདོན་ཕྱི་རྒྱལ་བས་བྱས་པ་ལ་སོགས་པ་ཕོ་བྲང་དང་འབྲེལ་བའི་སྙོག་གླེང་ཤ་སྟག་ཡིན་པ་རེད། སྤེན་ཚེ་དྲང་དྲག་ནའང་ཕོག་ས་རྩེ་རྣམ་རྒྱལ་གྲྭ་ཚང་དང་མཐོ་ས་ལ་ཐུག་དུས་ཁག་བཀའ་ཤག་ལ་མ་དཀྲིས་ན་སྙམ།
རྡོ་རྒོད་ལགས། ཁྱོད་ཀྱིས་དངོས་གནས་མ་ཤེས་པ་ཡིན་ནམ། ཡང་ན་ཤེས་བཞིན་དུ་ཕྱོགས་ཞེན་བྱས་པ་ཡིན། སྤྱིར་༸ གོང་ས་མཆོག་ལ་ཆབ་སྲིད་ཀྱི་སྐུ་དབང་མེད་སྟབས་འུ་ཐུག་ཐབས་ཟད་ན་མ་གཏོགས་བཀའ་ཤག་ལ་ཇུས་ཏོག་བྱེད་ཀྱི་མ་རེད་སྙམ། ཡིན་ཡང་༸ གོང་ས་མཆོག་གིས་འཛམ་གླིང་གང་སར་ཞབས་སོར་བཀོད་དེ་ཕྱག་ལས་གནང་གི་ཡོད་སྟབས། སྐུ་ཚབ་དོན་གཅོད་ཡོད་དོ་ཅོག་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ཀྱང་ཡིན་སྟབས། སྐུ་ཚབ་དོན་གཅོད་ཀྱི་འཕོ་འགྱུར་ལ་དགའ་ལྡན་ཕོ་བྲང་ནས་ཇུས་ཏོག་བྱེད་དགོས་པར་མ་ཟད་དབང་ཚད་ཀྱང་དགོས་ངེས་རེད། །
ད་ང་ཚོ་རང་ཡུལ་ཁྲོག་མཁན་གྱི་དགྲ་བོ་སྣང་མེད་དུ་བཞག་ནས་ནང་ཁུལ་རྐུབ་ཀྱག་ལ་ཧམ་རྩོད་བྱས་ནས་འགོ་འདྲེན་དང་ཕྱོགས་གཏོགས་ཤོག་སྒྲིལ་དང་སྐབས་ཚོལ་བརྒྱུད་ནས་བཙན་བྱོལ་སྤྱི་ཚོགས་ནང་སྙོགས་ཁྲའི་ས་བོན་མ་བཏབ་མཁན་ཚོ་མ་འོངས་བོད་ཀྱི་ལོ་རྒྱུས་ནང་སྲུབ་ནས་ཟུབ་རྒྱུ་མེད་པའི་ལོ་རྒྱུས་ཀྱི་ཉེས་པ་ཕོག་སྲིད་པ་མ་རེད་དམ་།
ང་ཚོའི་སྤྱི་ཚོགས་འདིར་ནད་ངན་ཞིག་ཕོག་འདུག ཡོད་ཚད་ཆོལ་ཁའི་འཐེན་འཁྱེར་གྱི་ལག་ཆར་འགྱུར་འགྲོ་བ་འདི་ད་ཆ་ཟུག་གཟེར་ཆེས་ཆེ་བའི་ནད་ངན་དེ་རེད། ནད་འདིའི་རྩ་བ་འཇོག་མཁན་ཆེན་པོ་ཧོར་ཟེར་བའི་ཟོག་པོའམ་སོག་པོ་རེད། དབུ་ཁྲིད་ཚོས་ཕྱག་ལས་འགྲིག་མ་འགྲིག་གང་གནང་ནའང་འདྲ། ང་ཚོས་ལས་ཀ་དེ་དག་སྤྱི་བའི་ལས་ཀ་ཞིག་དང་དབུ་ཁྲིད་དེ་སྤྱི་བའི་དབུ་ཁྲིད་ཅིག་ཡིན་པའི་ངོས་ནས་ལྟ་དགོས་པ་གལ་ཆེན་པོ་རེད། དེ་བས་ཀྱང་གཞུང་འདི་མི་མང་གི་གཞུང་ཞིག་ཡིན་པའི་རིན་ཐང་མི་བརླག་པའི་ཆེད་དུ། མི་རེ་ངོ་རེས་ཀུན་སློང་བཟང་པོས་དོ་སྣང་དང་བསམ་འཆར་བཤད་དགོས་པ་ཤིན་ཏུ་ནས་གལ་ཆེ།
གལ་ཏེ་དབུ་ཁྲིད་ཀྱི་ངོས་ཀུན་སློང་ངན་པ་ཞིག་བཟུང་ཡོད་པའི་དབང་དུ་བཏང་ན་ཡང་། ཀུན་སློང་ངན་པ་དེས་སྤྱི་དོན་ལ་ཤུགས་རྐྱེན་མི་ཐེབ་པའི་ཐབས་ཤེས་འདི་ལས་ལྷག་ཅིག་མེད། དེར་བརྟེན་ཟོག་པོས་བཞག་པའི་རྨ་ཁ་འདི་དྲགས་འདོད་ན་རང་ལ་རང་གི་ཚྭ་མི་འདེབས་པར་འཚལ་ལོ།
ནོར་བཅོས་ སྙོགས་ཁྲའི་ས་བོན་མ་བཏན་མཁན་འདི་
སྙོགས་ཁྲའི་ས་བོན་བཏབ་མཁན་ལ་བཅོ་རོགས་གནང་
བཀྲ་ཤིས་བདེ་ལེགས།
འཚུབ་མ་རྒོད་པོ་།དེ་དེ་བཞིན་ནོ།
བཀྲ་ཤིས་བདེ་ལེགས། ངས་བཀའ་ཤག་གི་ཐག་གཅོད་དང་འབྲེལ་བའི་སྐོར་གང་ཡང་ཞུ་ཡ་མེད་རུང་། གལ་ཏེ་ད་ལྟའི་ཨ་རིའི་དོན་གཅོད་ལས་ཐོག་སྤེན་པ་ཚེ་རིང་ལགས་ཀྱིས་དངོས་གནས་འགལ་འཛོལ་ཆེན་པོ་བྱས་ཡོད་ཚེ། ཐག་གཅོད་དེ་འགྲིགས་ཤག་སྙམ། ཅི་སྟེ་དྲ་རྒྱའི་ཁག་ནང་སྐུ་ངོ་སྤེན་པ་ཚེ་རིང་ལགས་དྲང་དྲགས་པ་དང་སྲིད་སྐྱོང་མི་སྒེར་རམ་ཁོང་གི་བཀའ་ལ་བརྩི་བཀུར་ཞུ་གི་མེད་སྟབས་ཐག་གཅོད་དེ་ལྟར་གནང་ཡོད་ཚེ་བློ་ཕམ་གྱི་གནས་ཡིན་མོད། རྗེས་སུ་གནས་ཚུལ་ཇེ་གསལ་དུ་འགྲོ་ངེས། གང་ལྟར་གོང་དུ་བསམ་འཆར་འདོན་མཁན་ཞིག་གིས་གནས་ཚུལ་ཇི་འདྲ་ཞིག་བྱུང་རུང་ཚང་མ་ཆོལ་ཁའི་འཐེན་འཁྱེར་དུ་འགྲོ་གི་འདུག་གསུངས་པ་དེ་ཕྱོགས་ཙམ་བདེན་པར་སྣང་། གུས་ལའང་དེ་འདྲའི་སེམས་ཚོར་ཞིག་སྔ་མོ་ནས་ཡོད། བོད་ཆོལ་ཁ་གསུམ་གྱི་བོད་རིགས་སྤུན་མཆེད་ཚང་མར་རེ་སྐུལ་ཞུ་རྒྱུ་ཞིག་ལ། རྒྱུན་དུ་ཆོལ་ཁ་ཕན་ཚུན་ཕན་འདོགས་བྱེད་རེས་ཞེ་དྲགས་ཡོང་གི་མེད་རུང་། ང་ཚོ་བོད་རྩ་དོན་དང་སྒྲིག་འཛུགས་དོན་དག་ལ་ཚང་མ་རྡོག་རྩ་ཆིག་སྒྲིལ་གནང་རོགས་ཞུ་རྒྱུ་ཡིན།
དེ་ནས་སྐུ་ཚབ་དོན་གཅོད་ཁང་གི་དོན་གཅོད་བསྐོ་ཕྱོགས་དང་འབྲེལ་བའི་སྐོར་ང་རང་གི་ཤེས་ཚོད་ཅིག་ཞུ་བར་སྤྲོ་བས་དེ་ལ་ཕྱོགས་ཞེན་དང་འཐེན་འཁྱེར་གྱི་ཀུན་སློང་གང་ཡང་མེད་པར། གནས་དོན་འདི་འདྲའི་ཁྲོད་ངེད་ཚོ་ལ་བཀའ་དྲིན་གཞལ་དུ་དཀའ་བ་༸རྒྱལ་བ་དོན་གྱི་བདག་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཟུར་ཟ་མི་འགྲོ་བའི་ཐད་ཚང་མས་གཟབ་པར་འཚལ། ཚང་མས་ཐུགས་སྣང་བྱུང་ཡོད་ཤག་ལགས། སྐུ་ཚབ་དོན་གཅོད་ཁང་གི་ལས་ཁུངས་ཀྱི་ཁ་བྱང་ཐོག་༸རྒྱལ་བ་རིན་པོ་ཆེའི་ཡིག་ཚང་Office of His Holiness The Dalai Lama ཞེས་རྒྱུན་དུ་འགོད་ཀྱི་ཡོད་པ་དེ། ༸རྒྱལ་བ་རིན་པོ་ཆེ་ཁོང་རང་གིས་ཐུགས་འདོད་ལྟར་ཆབ་སྲིད་དང་སྒྲིག་འཛུགས་སྟངས་འཛིན་བྱེད་མཁན་ནང་སྐུ་དབང་འཐོབ་ཐབས་རྩ་ནས་མིན་པར། དོན་དུ་སྐུ་ཚབ་དོན་ཁང་ཁག་གི་ལས་དོན་ཚགས་ཚུད་ཡོང་བ་དང་། ལྷག་པར་དུ་དིལླཱི་དོན་ཁང་ལྟ་བུ་ཡིན་ན་༸རྒྱལ་བ་རིན་པོ་ཆེའི་མཚན་གནས་མ་ཁུར་ན་ལས་དོན་སྒྲུབ་ཐབས་དཀའ་བས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་༸རྒྱལ་བ་རིན་པོ་ཆེར་རེ་སྐུལ་ཞུས་ཏེ་མཚན་གནས་མུ་མཐུད་འཇོག་འཐུས་ཆོག་པའི་བཀའ་འཁྲོལ་ཞུས་ཡོད་སྙམ། གཞན་ཡང་༸གོང་ས་མཆོག་གི་བཀའ་སློབ་ཁག་ཅིག་ནང་གལ་ཏེ་ངའི་མཚན་གནས་མུ་མཐུད་མ་བཞག་ཀ་མེད་ཡིན་ས་རེ་ཟུང་ལ་མ་གཏོགས། ངའི་མཚན་གནས་མུ་མཐུད་བེད་སྤྱོད་མ་བྱས་ན་ལེགས་ཚུལ་བཀའ་ཕེབས་ཡོད་སྙམ། དེས་ན་སྐུ་ཚབ་དོན་ཁང་ཁག་གི་ལས་དོན་དག་༸གོང་ས་མཆོག་གི་ཆེ་མཐོང་ཐོག་ནས་སྒྲུབ་བཞིན་ཡོད་ན། ཁོང་གི་མཚན་གནས་རྗེས་འབྲེལ་རྐྱེན་གྱིས་དོན་གཅོད་བསྐོ་གཞག་དང་། ལྷག་པར་དུ་དོན་གཅོད་མུ་མཐུད་གནས་དགོས་མིན་ཐད་༸གོང་ས་མཆོག་ནས་བཀའ་ཕེབས་རུང་དེར་སུས་ཀྱང་སྡང་ཟུག་ཕར་ཞོག ཐ་ན་དེ་ལ་སྐྱོན་བརྗོད་དང་བསམ་ཚུལ་ཡང་འདོན་རྒྱུ་ལྷག་མེད་སྙམ།
ང་ཚོས་ཕྱོགས་རེས་བའི་བསམ་བློ་འཛིན་རྒྱུ་མེད། ད་ཆ་བོད་མིའི་སྒྲིག་འཛུགས་ལ་ཕྱི་རྒྱལ་ཁག་ནས་རོགས་མགོན་སྐྱབས་གང་འདྲ་ཞིག་གནང་གི་ཡོད་རུང་། གཙོ་བོ་༸གོང་ས་མཆོག་དང་ཁོང་གིས་གསོལ་རས་གནང་བའི་བོད་མིའི་སྒྲིག་འཛུགས་ཉག་ཅིག་ལ་བལྟས་ནས་རོགས་རམས་གནང་གི་ཡོད་པ་རེད། བློ་བཟང་སེང་གེས་བྱས་རུང་། སྤེན་པ་ཚེ་རིང་གིས་བྱས་རུང་། ཁོང་གཉིས་སྒེར་གྱི་བྱས་རྗེས་རྩ་ནས་རེད་བསམ་གྱི་མི་འདུག གཙོ་བོ་༸གོང་ས་མཆོག་གི་བྱིན་རླབས་རེད། ཕྱི་རྒྱལ་ཁག་ལ་མ་ཞུས་ན་མ་གཏོགས་ཞུས་ཚད་གནང་བ་དེ་ཡང་ཁོང་གི་གཟི་བརྗིད་དང་བཀའ་དྲིན་ཉག་ཅིག་ཡིན།
ཕྱོགས་རེས་བ་ཁག་ཅིག་གིས་ངའི་བསམ་ཚུལ་དང་གསལ་བཤད་འདིར་ཡང་སྐྱོན་བརྗོད་ཡོང་སྲིད། དེ་དག་ལ་ལན་སློག་འདོད་གང་ཡང་མེད། སླར་ཡང་བཀྲ་ཤིས་བདེ་ལེགས།
བཀའ་ཤག་ལ་དོན་གཅོད་འཕོ་འགྱུར་གྱི་དབང་ཚད་ཡོད་པ་བཤད་མ་དགོས། འོན་ཀྱང་དབང་ཚད་དེ་ཤེས་འཇོན་ལྷག་བསམ་ཅན་དག་འབུར་འཇོམས་བྱེད་ཐབས་སུ་སྤྱད་ན། དེ་ལ་དབང་ཆ་ལོག་སྤྱོད་ཟེར།
ད་ལྟའི་བཀའ་ཤག་ན་དབུ་འཁྲིད་ཚད་ལྡན་མེད་པར་བརྟེན། བོད་མི་མང་གི་རེ་བའི་མིག་འབུར་སླར་ཡང་དགའ་ལྡན་ཕོ་བྲང་ (༸གོང་ས་མཆོག་) ལ་གཏོད་མགོ་ཚུགས་ཡོད། འདི་ནི་ལོང་བས་བལྟས་ཀྱང་རྒྱལ་ཁམས་ཀྱི་དཔེ་ལྟར་ཧ་ཅང་གསལ།
ནོར་འཁྲུལ་ཞིག་ཏན་ཏན་བྱས་ཡོད་རེད། གཞན་བློ་བཟང་སངས་རྒྱས་ལགས་སུ་དེ་འདྲའི་བློ་ཁོག་བརྙེད་ཀྱི་མ་རེད། ལག་པ་འཇུ་ས་ཞིག་ཏན་ཏན་ཡོད་རེད།
དེ་མི་མང་གིས་ཧ་མ་གོ་ཙང་གནས་སྐབས་སྐད་ངན་གང་བྱུང་མ་སྐྱོན་རོགས།
བོད་མིའི་སྤྱི་ཚོགས་ཀྱི་གོང་བུ་ཆིག་བསྒྲིལ་ལ་གནོད་ཀྱི་འདུག
གནས་ཚུལ་གང་ཡང་ཇེ་གསལ་ཇེ་གསལ་དུ་འགྲོ་ངེས་རེད། སེམས་ཁྲལ་རྕ་བ་ནས་མ་གནང་རོགས། རྡོག་རྕ་གཅིག་བསྒྲིལ་བགྱིས། ཐུགས་རྗེ་ཆེ།
བོད་ཀྱི་དུས་བབ། > Mobile App > ས་ཡ་གཅིག་དང་ཕྱེད་ཀའི་རུལ་སུངས་ཐེར་འདོན།
ཨ་ཇོ་བསོད་ནམས་སྟོབས་རྒྱལ།
http://tibettimes.net/2017/11/13/164784/
ཀུའུ་ཝེན་ཀོས་གུང་ཁྲན་ཏང་གི་དཔོན་ངན་ཚོ་འདར་སིག་རྒྱག་ཏུ་འཇུག་བཞིན་པ་དང་དུས་མཚུངས་སུ་བོད་མིའི་སྒྲིག་འཛུགས་ཚང་ནང་ཁུལ་ཅི་ཞིག་རྩོད་ཀྱི་ཡོད། འདི་རང་ཁ་རང་གསོ་རེད་དམ། ཆིག་སྒྲིལ། ཡང་ན་གསར་གཏོད་རེད།
༸མཚན་གནས་རྗེས་འབྲེལ་གྱི་སྐུ་ཚབ་དེ་རིམ་བཞིན་འགྱུར་བ་གཏོང་འཐུས་སྔོན་མ་ནས་ཞུས་ཡོད་འདུག་ལ་འགྲིག་འཐུས་ཀྱི་བཀའ་ཡང་བསྩལ་ནས་གང་མཚམས་སོང་ཟིན། བཀའ་ཤག་གི་བློ་ཁོག་དེ་ནས་བྱུང་ཞིང་།
སྤེན་ཚེ་འཇོན་པོ་ཡོད་པ་དང་བཀའ་ཤག་གི་ལས་ཀ་ལས་བརླབས་ཆེ་བ་དང་གྲུབ་འབྲས་མྱུར་བ་ཡོད་པ་རེད་ཟེར། དེའི་སྟེང་དུ་སྲིད་སྐྱོང་གི་གྲོགས་པོ་དོན་གཅོད་སྔོན་མ་དེའི་རྩིས་རྙོག་གཙང་མ་མ་བཟོས་པའི་སྐོར་སྤེན་ཚེ་དོན་གཅོད་ཚོགས་འདུའི་སྐབས་སྲིད་སྐྱོང་ལ་མངོན་གསལ་གྱི་ནན་བཤད་བྱས་པ་མ་ཚད་ལས་དོན་གལ་ཆེན་རིགས་ཕོ་བྲང་ལ་ཞུས་ནས་བསྒྲུབས་རྐྱང་བྱས་པ་ལས་བཀའ་ཤག་ལ་རྗེས་སུ་བཤད་ཙམ་ལས་མི་བྱེད་པ་དང་། ལས་དོན་བྱ་ཕྱོགས་ལ་ཡར་ལམ་སྟོན་བྱེད་ཀྱི་ཡོད་པ་འདྲ། དེས་རྐྱེན་པས་སྲིད་སྐྱོང་ཁྲོས་པ་མིན་ནམ།
སྤེན་ཚེས་
ཁང་གསར་རྡོ་རྗེ་འདི། དིང་དུས་སྤྱི་ཚོགས་རིག་པ་ལ་མཁས་པ་ཞིག་ཡིན་ཟོ་འདུག
རྣམ་གྲོལ་ལགས་ཀྱིས། འདིར་བཀོད་པར་བཀའ་དྲིན་ཆེ།
༄༅། སྤེན་ཚེས་ནོར་འཁྲུལ་ཞིག་གཏན་གཏན་བྱས་ཡོད་བཟོ་འདུག་ དེ་མིན་བཀའ་
ཤག་ནས་སྤྱི་མོས་ཐོག་ནས་ལས་འགན་འཕོ་འགྱུར་བཏང་གནང་དགོས་བྱུང་བ་རེད།
དེ་མ་ཚད་ཕྱག་བྲིས་ཐེངས་གསུམ་བཏང་དོན་ཅི་ཡིན།
༄༅། འདི་སྔོན་དྲ་གྲོགས་གཅིག་གིས་བྲིས་འདུག་་་ཕལ་ཆེར་ཡིན་ངེས་ཆེ།
སྤེན་ཚེ་ལགས་ནས་མཆོད་ཆང་ཚད་མེད་བཏུང་གི་ཡོད་སྟབས་སྤྱི་དོན་ལས་ཀར་
འཐུས་ཤོར་འགྲོ་གི་ཡོད་སྟབས་བཀའ་ཤག་ནས་ཕྱག་བྲིས་གསུམ་བཏང་དགོས་བྱུང་བ་རེད།
མ་རེད་དམ། མཆོད་ཆང་མཉེས་པོ་གནང་དང། གཉིད་ལམ་སྐྱིད་པོ་ཁུག་ཡོང།
གཉིད་ལམ་སྐྱིད་པོ་ཁུག་ན། སྤྱི་དོན་འཐུས་ཤོར་ལོས་འགྲོ།
བཀའ་ཤག་ཕྱག་བྲིས་ལོས་བཏང།
ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདི་ནང་ཁུར་ལ་སྙོག་དྲ་ཞིག་མེད་ན་བསྡད་མ་ཐུབ་པར་འདུག ཕྱི་ཡི་དཀའ་ངར་ཡོད་བཞིན་དུ་ནང་གི་དཀའ་ངལ་རྒྱུན་མི་ཆད་པར་བྱུང་བ་ནི་ཕྱོགས་མང་པོ་ཞིག་གི་མ་འདང་བར་ཡིན་པ་བཤད་མ་དགོས་པ་རེད། སོ་སོར་རྒྱལ་ཁབ་མེད་བཞིན་པའི་སྐབས་འདི་འདྲ་ཞིག་ཡིན་ན་རྒྱལ་ཁབ་ཞིག་ཡོད་པའི་སྐབས་འདི་ལས་སྡུག་ཡིན་པ་ཕལ་ཆེར་ཤེས་གསལ་རེད།
རོང་ཕྲུག་བློ་བཟང་སེངྒེ་ལ་ཡིད་ཆེས་མེད་དོ། གནའ་སྔ་མོ་ནས་ཞུས་ཟིན་ཡིན།
སྲིད་ཚབ་ཀྱིས། སྤེན་ཚེ་ལགས་ཀྱི་ལས་དོན་བྱེད་ཕྱོགས་བྱ་སྤུ་གནོན་མེད་སྐོར་གསུངས་སྟངས་ལ་བལྟས་ན་ཨ་རི་དོན་གཅོད་ཀྱིས་བོད་གཞུང་གི་འཛིན་སྐྱོང་དབུ་འཁྲིད་དང་། འཛིན་སྐྱོང་གི་བཀའ་སློབ་ལམ་སྟོན་ལ་གུས་བརྩི་ཞུ་གི་ཡོད་ཚོད་མི་འདུག། དེ་འདྲ་དངོས་འབྲེལ་ཡིན་ན་བློ་ཕམ་གྱི་གནས་ཚུལ་རེད། མ་འོངས་པར་དེ་འདྲའི་གནས་ཚུལ་ཡང་ཡང་འབྱུང་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་ག་པར་སླེབས་ཀྱི་རེད་དམ། དགོངས་པ་བཞེད་རོགས་གནང་།
༄༅། བོད་རྒྱ་ཆེའི་མི་མང་བརྒྱ་ཆ་དགུ་བཅུའི་ཡིད་ཆེས་ནས་འོས་ཤོག་བླུགས་པའི་མི་ཞིག་ལ་
ཁྱོད་མི་ཁེར་རྐྱང་པ་ཞིག་ནས་ཡིད་ཆེ་མེད་བརྗོད་པ་རང་གི་རང་ལ་སྐྱག་པ་བྱུགས་པ་དང་
གཅིག་པ་རེད། འུད་བཤད་དགོས་མ་རེད།
སྔར་བོད་ཀྱི་གཏམ་དཔེ་ལ།
ནང་བཀྲ་མི་ཤེས་ན། ཕྱི་དོན་མི་འགྲུབ། གཏམ་དཔེ་འདི་ཀུན་གྱིས་ཡིད་ལ་འཇགས་པར་འཚལ་ལོ།།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་པོ་བློ་བཟང་སེང་གེ་མཆོག་གིས། ཨ་རིའི་དོན་གཅོད་སྤེན་ཚེའི་གོ་ས་ནས་གནས་དབྱུང་ངམ་ཕོ་འགྱུར་སྐོར་ལ། གསལ་བཤད་གསལ་ལ་མ་གསལ་བ་དེ་བཞུགས་སོ། །
གཤམ་འོག་ལ་བསྣུན་ནས་གཟིགས་རོགས་གནོངས།། །།
་
https://www.facebook.com/tashi.d.tibet/videos/pcb.10209363685762263/10209363678242075/?type=3&theater
ཨ་འབར་འཇིགས་དབང་ལགས། སྤེན་ཚེས་ཨ་རག་འཐུང་ནས་ལས་ཀ་ཐོས་ཤོར་སོང་ཡོད་ན། བཀའ་ཤག་གིས་དེའི་བསྐོར་ནས་སྐྱོན་ཐེར་འདོན་མི་བྱེད་དོན་ཅི་ཡིན། ངེས་པར་དུ་སྐྱོན་ཐེར་འདོན་བྱེད་དགོས་རེད་ཡག་ཉེས་ག་རེ་ཡིན་མིན་མི་ཤེས་པའི་མི་མང་པོ་ཞིག་ལ་བདེན་པའི་ར་སྤྲོད་བྱས་ན་ད་གཟོད་སྤྱི་ཚོགས་ལ་ཞི་འཇགས་ཡོང་བ་ལས། ཉེས་པ་ག་རེ་བསགས་མིན་ར་སྤྲོད་མེད་པར་བྱ་བ་འདི་འདྲ་སྒྲུབ་ན། དགྲ་དགའ་གཉེན་སྡུག་གི་ཕྱག་ལས་མ་ཡིན་ནམ།
གལ་སྲིད་སྤེས་ཆང་རག་གིས་རྐྱེན་པས་རང་མཚང་སྟོན་པ་དང་ལས་ཀ་ཐོས་ཤོར་སོང་ཡོད་ན་གནས་དབྱུང་གཏོང་འོས་པ་དང་གཏོང་དགོས་པ་རེད། དེ་མིན་བདེན་པའི་ར་སྤྲོད་མེད་པར་གང་བྱུང་སྨྲས་ན་ང་ཚོའི་སྤྱི་ཚོགས་འདི་ཚད་གང་ལ་སླེབ་ཡོད་མེད་ཀུན་གྱིས་ཐུགས་བསམ་བཞེས་དགོས་་་་
རྒྱལ་རབས་ལོ་རྒྱུས་ཤེསས་འདོད་ན །
ར་སྟག་དོན་རྐྱེན་མཐོང་ལགས་སམ །
དབུ་ལམ་སྲིད་ཇུས་བཤད་འདོད་བ །
སེང་སྤེན་བོད་སྐྱེས་མིན་ལགས་སོ །།
སྤེན་པ་ཚེ་རིང་ད་ཐེངས་སྐད་ཆ་ཤཽད་དགོས་པའི་དུས་ལ་བབ་འདུག་་་་་་ཁུ་སིམ་མེར་བསྡད་པ་དེ་ག་རང་གིས་བཀའ་ཤག་ལ་མི་འདོད་པའི་རྣམ་འགྱུར་རེད་ལ་སྐྱོན་དང་ནོར་འཁྲུལ་ཚང་མ་བཀའ་ཤག་ལ་གཡོག་ཐབས་བྱས་པ་ཞིག་རེད།
གོ་ཐོས་ལ་སྤེན་ཚེའི་རྒྱབ་སྐྱོར་བ་རེ་གཉིས་ཀྱི་མགོ་འཁྲིད་ནས་དབུས་བོད་མིའི་སྒྲིག་འཛུགས་ནང་ངོ་ལོག་སྐད་འབོད་བྱེད་འཆར་ཡོད་པ་ཤེས་བྱུང་ལ་དེ་མ་ཐག་རྒྱ་གར་གསང་བའི་ལས་ཁུངས་ལའང་ཡིག་འབྲེལ་ཞཱུས་ཡོད།
བོད་པ་ཚོ། ་་་་་བོད་པ་ཚོ།་་་་་་་་་་་་་་མི་གཅིག་གི་རྒྱབ་རྩར་ལངས་ནས་ངོ་རྒོལ་ལ་ཕེབས་མཁན་ཡིན་ནམ། ཡང་ན་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འཁྲིད་དང་རྨང་ནས་མེ་རོ་གསོས་པའི་བོད་མིའི་སྒྲིག་འཛུགས་གཏོར་བཤིག་གཏོང་ཆེད་ངོ་ལོག་རྒྱབ་པར་ཕེབས་མཁན་ཡིན། བསམ་བློ་ཐོངས།
བཀའ་ཤག་ནས་གསལ་པོ་གསུངས་ཟིན་སོང་ཡང་ད་དུང་གོ་མ་ཚོད་མདོག་མདོག་མ་གནང་རོགས། བཀའ་ཤག་གིས།་་་་་་དེའི་སྐོར་ཕྱིར་བསྒྲགས་བྱེད་སྲོལ་མེད་ལ་ལས་བྱེད་བླང་དོར་སྒྲིག་གཞི་ཡོད་པ་བཞིན་ཐག་ཆོད་སོང་བ་རེད། ལས་བྱེད་སྒེར་གྱིས་ནོར་འཁྲུལ་བྱས་པ་ལ་ཕྱིར་བསྒྲགས་བྱེད་སྲོལ་སྔར་ནས་ཡོད་མ་རེད།་་་ཅེས་གསུངས་སོང།
བྱེད་སྲོལ་མེད་པ་དེ་བཀའ་ཤག་གིས་ཕྱིར་བསྒྲགས་བྱས་ན་ནོར་འཁྲུལ་ཡིན་པ་ཐག་ཆོད་རེད་་་་་དེར་བརྟེན་གནས་ཚུལ་རིམ་པས་གསལ་པོ་ཡོང་ངེས་རེད། མི་མང་ཚོ་མི་ངན་རེ་ཟུང་གི་སྐད་ཆ་དང་ལས་འགུལ་ལ་དབུ་མ་ཐོམ་པར་སྤྱི་ཚོགས་ཟང་ཟིང་མ་ཡོང་ཆེད་ཅི་ནས་ཀྱང་ངང་རིང་དགོས་སོ།་་ཐུགས་རྗེ་ཆེ།
ཁ་རྩང་ཡང་བློ་སེང་གིས་བཅར་འདྲི་ཞིག་གི་ལན་དུ་གསུངས་དོན། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བའི་ཐད་ཆོས་རིག་བཀའ་བློན་དང་བཀའ་དྲུང་ནས་གསུངས་པ་དེ་ལས་ལྷག་ད་ལྟའི་ཆར་ཞུས་ཡ་མེད། གལ་ཏེ་དེ་ལས་ལྷག་པའི་གསལ་བཤད་བསྐྱོན་ན་སྡུག་ཏུ་འགྲོ་ཡི་རེད། ཡག་པོ་ཞིག་ཡོད་མ་རེད། ཕར་ཕྱོགས་ལ་གནོད་ཀྱི་ཡོད་པ་རེད། སྤྱི་ཚོགས་ནང་བཀའ་ཤག་ལ་ཕྱི་གསལ་ནང་གསལ་མི་འདུག་ཟེར་གྱི་ཡོད་ཤག་ཀྱང་། བཀའ་ཤག་ནས་མིང་ཆད་ཏོག་ཙམ་འཁུར་དགོས་ཐུག་ཀྱང་འཁུར་གྱི་ཡིན་ཟེར། ཁྱོད་ཚོ་སྐད་ཆ་འདི་ལ་ཡིད་ཆེས་ཀྱི་འདུག་གམ།
ཤེས་རིག་བཀའ་བློན་གྱི་གསལ་བཤད་དང་བློ་སེང་གིས་གསལ་བཤད་གཉིས་ཅུང་མི་མཐུན་པ་ཞིག་འདུག
ཤེས་རིག་བཀའ་བློན་གྱི་གསལ་བཤད་ཟེར་བ་ཡོད་མ་རེད། བྱེད་དགོས་དོན་ཡོད་མ་རེད། ཡང། དེར་དཀྲོག་གཏམ་གཅིག་འཁུར་སླེབས་སོང། དགེ་འདུན་བསམ་གྲུབ་ལགས།་་་་་་་དཀྲོག་གཏམ་དེ་འདྲ་འཁུར་ན་བློ་སེང་ལ་ཁག་མིན་འདུག་ག