སྲོང་བཙན།
རང་གི་མི་རིགས་དང་ཆོས་སྲིད་ཀྱི་དོན་དུ་སྲིད་སྐྱོང་གི་འོས་བསྡུའི་ནང་དུ་མཉམ་བཞུགས་གནང་བའི་བཀུར་འོས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། གཏམ་བཤད་དང་དྲིལ་བསྒྲགས་གནང་སྟེ། འཛམ་གླིང་གི་ས་ཆེན་པོར་སྐོར་བ་ཐེངས་གཅིག་བརྒྱབ་ནས། རྡ་ས་ཕེབས་རྗེས་རང་གིས་སྐུ་ངལ་ཚད་མེད་སྐྱོན་ནས་ཐོབ་པའི་འོས་ཤོག་སྟོང་ཕྲག་འགའ་ཤས་སྲིད་སྐྱོང་གི་འོས་སྒོམ་ནང་དུ་བླུགས་སོང་། སྲིད་སྐྱོང་གིས་ལག་སྲིངས་ཏེ་སྤྲོད་རོགས་ཞེས་སློང་མི་དགོས་པར་
སྐུ་ཉིད་ཀྱིས་མ་སྐུལ་དང་བླངས་ཀྱིས་དེ་འདྲ་གནང་བར་སྙིང་ནས་དཀའ་དྲིན་ཆེ་ཞུ།
འོས་བསྡུའི་འགྲན་རྩོད་ཀྱི་བརྒྱུད་རིམ་དུ་ཧ་ཅང་ཉེས་ཚབས་ཆེ་ཞིང་། སྤྱི་ཚོགས་གཡོ་སྐྱོམ་གཏོང་བའི་གནད་དོན་ཞིག་གང་སར་ཁྱབ་རྗེས། སྲིད་སྐྱོང་བློ་སེང་གི་རྒྱབ་སྐྱོར་བ་ཚོ་ཉལ་ན་གཉིད་མི་ཁུག་ཟ་ན་བྲོ་བ་མི་མྱོང་བའི་དུས་ཚོད་ཐུང་ཐུང་ཞིག་སླེབས་ཡོད། དེ་ནི་ལོས་ཡིན་སྟེ། མི་ལོ་ཧྲིལ་པོ་བཞི་ལྷག་ལ་ངལ་བ་འཛེམ་མེད་ཀྱིས་བཀའ་ཤག་གི་ཞབས་སྟེགས་ཐོག་ནས་རྒྱ་ཆེ་མི་མང་ལ་ཞབས་འདེགས་ཞུས་པ་དང་། གཞིས་བྱེས་གཉིས་ཀ་ན་བསྟོད་པའི་གླུ་དབྱངས་ལེན། ལག་གི་མཐེ་མོ་བསྟན། རྒྱལ་སྤྱིའི་སྡིངས་ཆ་ན་མཁས་དབང་གི་གོ་ཐོབ་རག་དང་ཐོབ་བཞིན་པའི་མཚན་སྙན་དང་འདེགས་འཇོག བརྩི་བཀུར་དང་དགའ་ཞེན། སྤོབས་པ་དང་ཡིད་ཆེས། ལྷག་ཏུ་༸སྐྱབས་མགོན་རྒྱལ་བའི་དབང་པོས་བསྟོད་པའི་བཀའ་གསུང་ལན་མང་བྱོན་ཅིང་ཕྱག་གིས་འཇུས་ཏེ་འཛམ་གླིང་ན་ངོ་སྤྲོད་གནང་བ་སོགས་བཤད་ན་རྫོགས་རྒྱུ་མེད་ཅིང་། བསམ་ན་ཡིད་མི་ཆེས་པའི་ཕྱག་ལས་དེ་དག་རྐང་བསུབ་ལག་བསུབ་ཏུ་གཏོང་ཉེན་ཆེ་ལ། ངལ་བ་ཐམས་ཅད་འབྲས་མེད་དུ་ཆགས་ཉེན་ཆེ་བའི་ཛ་དྲག་པའི་གནས་ཚུལ་ཞིག་ཡོང་གྲབས་བྱས་ཡོད།
དུས་དབང་ཕྱིར་འགྱང་གི་སྐོར་དེ་ནི། སྤྱི་ཚོགས་ཀྱི་དཀྲོག་གཏམ་ནས་མཐའ་མ་ཚོགས་གཙོའི་ལག་ཏུ་ལྷུང་སྟེ། ཁོང་གིས་སྤྱི་ཚོགས་སུ་སླར་ཡང་འུར་སྒྲོགས་ཆེན་པོ་ཞིག་གནང་རྗེས། མི་མང་པོ་ཞིག་ཧ་ལས་ཧོན་འཐོར་བ་བྱུང་ཡོད། ཁག་ཅི་ཡོད། རྩ་ཆེའི་དུས་དབང་མེད་པར་བྱས་ན་བཟོད་ཐབས་མེད་པ་ཞིག་ཡིན་ཁར། ཆོས་སྲིད་གཉིས་ཐད་ནས་ངེད་ཅག་ལ་གྱོང་གུད་ཧ་ཅང་ཆེན་པོ་ཞིག་ཐེབས་ཡོད་པ་སྨོས་མེད་རེད། ད་དུང་༸གོང་ས་མཆོག་དགོངས་པ་འཚོམས་ཡོད་ན་དེའང་དེ་མུར་འཇོག་ཐབས་མེད་པ་ཞིག་ཡིན་ལ། ད་ལྟ་རང་བློ་སེང་སྲིད་སྟེགས་ནས་ཕབ་རུང་བློ་ཕམ་བྱེད་ས་ཞིག་ལྷག་མེད། འདིའི་ཐད་ངས་རྩོམ་ཡིག་སྔ་ཕྱི་གཉིས་བྲིས་ཏེ་སྤྱི་ཚོགས་སུ་བཀྲམས་ཡོད་ཅིང་། རྩོམ་ཡིག་དང་པོའི་ནང་དུ་དུས་དབང་ཕྱིར་འགྱང་གི་གནད་དོན་དེས། འོས་མི་གཉིས་པོ་གང་རུང་ཞིག་ལ་འདག་ཐབས་མེད་པའི་ནག་ཉེས་དང་འཇོག་ཐབས་མེད་པའི་ཁུར་པོ་ཞིག་ཁུར་དགོས་ཡོང་ཚུལ་སྐོར་བྲིས་ཡོད། མ་ཟད་གནད་དོན་འདིས་སུ་ལ་ནག་ཉེས་ཕོག་ན་དེས་ཆབ་སྲིད་ཀྱི་རྐུབ་སྟེགས་ཤོར་རྒྱུའི་རྐྱེན་རྩ་ཞིག་བཟོ་ངེས་རེད་ཅེས་དབྱེ་ཞིབ་བྱས་ཡོད། དེ་མཚུངས་རྩོམ་ཡིག་ཕྱི་མའི་ནང་དུ་ཚོགས་གཙོའི་གཏམ་བཤད་ཁག་དངོས་ཡོད་ཡིན་ཤག་དང་། བདེན་གཏམ་ཡིན་ངེས་སྙམ་བཞིན་དུས་དབང་ཕྱིར་འགྱང་གི་གནས་ཚུལ་ཐད་དབྱེ་ཞིབ་དང་། རིགས་སྒྲུབ་ནན་ཏན་བྱས་ཏེ་ཚོགས་གཙོའི་རྣ་ཁུང་ན་གསང་གཏམ་བཤད་མཁན་དེ་སུ་ཡིན་གྱི་རྩད་གཅོད་ནན་པོར་བྱས་ནས་བྲིས་ཡོད། སྟབས་མ་ལེགས་པ་ཞིག་ལ་ཚོགས་གཙོས་ཟླ་ཚེས་དང་བཅས་པ་ཤེས་ལུགས་དང་། བརྒྱུད་རིམ་དང་བཅས་པ་བཤད་པའི་གཏམ་བཤད་ཁག་གཉིས་ཀ་རྫུན་རྐུབ་ཡོངས་སུ་རྡོལ་ནས། འུ་ཐུག་པའི་གསལ་བཤད་ཅིག་གནང་དགོས་ཁེལ་ཡོད། ངས་རྗེས་ནས་བཤད་ཀྱི་མིན་ཟེར་བ་དང་། སྲིད་སྐྱོང་གིས་གནས་ཚུལ་ཆ་ཚང་མ་བཤད་པའི་དབང་གིས་བྱུང་སོང་ཟེར་བ་དག་ཅི་བཤད་འདི་བཤད་དང་། འདི་ཡིན་དེ་ཡིན་མེད་པའི་བཀའ་མོལ་འགའ་གསུངས་རྗེས་ཤར་རེ་ལས་ཁང་དུ་ཕེབས་གནང་སོང་།
ང་ཚོས་བཀའ་ཤག་གིས་གསལ་བསྒྲགས་དང་ཚོགས་གཙོའི་གཏམ་བཤད་སྔ་ཕྱི་གཉིས་ཀ་བསྡུར་ནས། སྡོམ་ཞིག་བརྒྱག་དགོས་ན་ཧ་ཅང་ལས་སླ་པོའི་ཐོག་ནས་རྒྱག་ཐུབ། དེ་ལྟ་ནའང་ད་དུང་ཚོགས་གཙོའི་སྐད་ཆ་རེ་གཉིས་གསལ་པོ་ཆགས་མེད་ལ། རྫུན་བཤད་པའི་དམིགས་ཡུལ་དང་། ཁོང་གི་རྣ་ཁུག་ཏུ་གསང་གཏམ་བཤད་མཁན་སུ་ཡིན། ༸གོང་ས་མཆོག་དགོངས་པ་འཚོམས་ལུགས་དང་། བཀའ་ཤག་ལ་བཀའ་བཀྱོན་གནང་ལུགས། རྡ་སའི་ཚོགས་པ་ཞིག་གིས་བརྟན་བཞུགས་ཕུལ་བ་དང་འབྲེལ་བ་ཡོད་ཚུལ། ད་རུང་༸གོང་ས་མཆོག་གིས་དུས་དབང་ཕྱིར་འགྱང་དེ་སྨན་བཅོས་ཆེད་ཡིན་ལུགས་གསུངས་ཚར་གཉིས་ཕེབས་པ་དེ་དགོས་པའི་དབང་གིས་གསུངས་པ་ཞིག་ལས་དངོས་ཡོད་དེ་འདྲ་མིན་ཚུལ་བཤད་པ་དེ་དག་ཆེད་དུ་བཟོས་པ་ཞིག་ཡིན་མིན་ཁ་གསལ་བཟོ་རྒྱུ་ལྷག་ཡོད། ཚོགས་གཙོས་ནག་ཉེས་འདི་དག་ཁུར་ཐབས་བྲལ་བ་ཤེས་རྟོགས་ཡོད་དུས། ད་ནས་དྲི་བ་དྲིས་རུང་བཤད་ཀྱི་མི་ཚུལ་གྱིས། རང་གི་ཁ་རང་གིས་བཀག་ཐབས་གནང་སོང་མོད། རྒྱ་ཆེན་མི་མང་ཚོས་རྒྱུ་མ་ཕུ་འདེད་བྱས་ཏེ། ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཅིག་ཡོང་ཐབས་བཟོ་དགོས་པ་ནི་ཧ་ཅང་གལ་ཆེ་བ་ནི་བཤད་ཅི་དགོས། ངན་པ་རྒྱ་ཡན་དུ་མི་གཏོང་བར་གསལ་རིས་མཐོང་གསལ་ཞིག་ངེས་པར་བཟོ་དགོས། ཚོགས་གཙོས་ངོས་ནས་ཀྱང་བཤད་པ་དག་ལ་ཁུངས་ལུང་མེད་ན་མི་མང་ལ་དགོངས་སེལ་ཞུ་དགོས་ཤིང་། ཁུངས་ཡོད་ཀྱི་གཏམ་དང་རྒྱབ་རྟེན་གྱི་ལུང་ཡོད་ན། རང་གི་ཁ་པོ་ཆེ་དེ་རང་ལག་གིས་མི་བཀག་པར་གསལ་བཤད་ནན་ཏིག་གནང་དགོས་རྒྱུ་ནི་རང་འཁྲི་རང་སྒྲུབ་དང་། ལས་འགན་ལེགས་ཁུར་གྱི་མ་མཐའི་ཚད་གཞི་ཞིག་ཡིན། མ་མཐའི་ཚད་གཞི་ཙམ་ཡང་ཁུར་མི་འདོད་ན་སྲིད་སྐྱོང་གི་ཞབས་སྟེགས་ན་སྐུ་ཉིད་ཕེབས་རྒྱུ་འོས་འཚམས་ཡིན་མིན་ཐུགས་བསམ་བཞེས་རོགས། གལ་ཏེ་སྲིད་སྐྱོང་ལ་དོན་མེད་སྙོན་འཛུགས་དང་བཀའ་ཤག་ལ་གཞི་མེད་སྐུར་འདེབས། དགའ་ལྡན་ཕོ་བྲང་ལ་དོན་མེད་རྙོག་གླེང་། གོང་ས་མཆོག་གི་བཀའ་གསུང་རྫུན་བསྒྱུར། རྒྱ་ཆེ་མི་མང་དབུ་སྐོར་དང་སྤྱི་ཚོགས་འཁྲུགས་རྐྱེན་སློང་བ་སོགས་ངོས་འཛིན་ཐུབ་སྟེ། འགྱོད་བཤགས་དང་དགོངས་སེལ་ཞུ་འདོད་མཆིས་ཚེ། བཟང་སྤྱོད་དང་ལྡན་པའི་ངང་ནས་དངོས་གཞི་འོས་མི་ལས་ཕྱིར་འཐེན་གནང་དགོས། དངོས་གཞི་འོས་མི་ལ་ཕེབས་པའི་ཆ་རྐྱེན་མི་ཚང་བཞིན་དུ་ཨུ་ཚུགས་མི་གནང་བ་དང་། དངོས་གཞི་འོས་ཤོག་གི་གཞུང་གྲོན་ཧིན་སྒོར་འབུམ་ཕྲག་དུ་མ་དོན་མེད་ཆུད་ཟོས་སུ་མི་འགྲོ་ཆེད། འོས་མི་ལས་ཕྱིར་འཐེན་གནང་དགོས། འདི་ནི་ཁྱེད་ལ་ཞུས་པའི་རེ་བ་ཆུང་ཆུང་ཞིག་ཡིན། འདི་ནི་སྐུ་ཉིད་ཀྱི་ཉེས་པ་འདག་ཐབས་བཟང་ཤོས་དེ་ཡིན།
2016-2-6
ཁྱེད་རང་ནོར་འགུ་གདའ་་་
དེ་རིང་བཀའ་ཤག་གསལ་བསྒྲགས་དེས་ང་ཚོའི་སྤྱི་ཚོགས་ནང་དོན་དངོས་སྲིད་སྐྱོང་དང་བཀའ་ཤག་་་དེར་འབྲེལ་བའི་གཞུང་ཁུངས་ལས་བྱེད་དག་བྱེད་ལས་གསལ་ཏུ་བཏང་པས་་་་་སྤེན་ཚེ་རྒྱལ་གྱུར་ཅིག་་་
བཀྲ་ཤིས་བདེ་ལེགས། མིང་དོན་མཚུངས་པ་ཞིག་གནང་རོགས།
བོད་ཀྱི་དུས་བབ། ༢༡:༣༢ རིག་པ། (༢)
དེ་རིང་བོད་མིའི་སྐྱབས་མགོན་༧གོང་ས་མཆོག་གིས་ཨ་རིའི་མཱ་ཡོ་སྨན་ཁང་ནས་ཁོང་སྐུ་གཟུགས་བདེ་ཐང་ཡིན་པ་གསལ་བཤད་དང་འབྲེལ་ཏེ། བོད་མེ་སྤྲེལ་ལོའི་གནམ་ལོ་གསར་ཚེས་ལ་བོད་མི་ཡོངས་ལ་ལོ་གསར་འཚམས་འདྲི་གནང་འདུག
321༧གོང་ས་མཆོག་གི་བཀའ་གནང་དོན། ” ང་འདིར་ལྒང་པའི་ནད་གཞི་སྔོན་འགོག་གི་སྨན་བཅོས་བྱས་ཏེ་བསྡད་ཡོད། དེ་རིང་གོ་སྐབས་འདི་བརྒྱུད་དེ། གཙོ་ཆེ་བ་གཞིས་ལུས་རྒྱ་ཆེའི་མི་མང་སེར་སྐྱ་རྒན་གཞོན་ཚང་མ་དང་། དེ་བཞིན། བཙན་བྱོལ་དུ་ཡོད་པའི་བོད་མི་སེར་སྐྱ་མི་མང་རྒན་གཞོན་ཚང་མ་ལ། གནམ་ལོ་གསར་ཚེས་འཆར་ལ་ཉེ་བ་ཡོད་སྟབས། ཚང་མར་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་འདོད་བྱུང་། དེ་རིང་འདིར་ཞུ་བའི་རྒྱུ་མཚན་གཅིག་དེ་བར་སྐབས་ང་འདིར་སྨན་བཅོས་བྱེད་དུ་ཡོང་བ་ཡིན་སྟབས། བོད་ཕྱི་ནང་གི་དད་པ་དང་དམ་ཚིག་གཡོ་བ་མེད་པའི་རྒྱ་ཆེའི་མི་མང་མང་པོ་ཞིག་གིས་ཞབས་རིམ་གནང་བ་དང་སེམས་འཁུར་ལྕི་མོ་ཞིག་ལངས་པ་བྱུང་འདུག ཁྱེད་རང་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ང་དེ་རིང་ཁྱེད་རང་ཚང་མ་མཇལ་ནས་མཚམས་འདྲི་ཞུ་བ་དང་ཆབས་གཅིག ང་འདིར་བདེ་ཐག་ཆོད་བྱས་ཏེ་བསྡད་ཡོད། སྨན་བཅོས་བྱེད་པ་དེར་དུས་ཡུན་ཏོག་ཙམ་འགོར་བ་མ་གཏོགས་ཉི་མ་རེ་རེར་སྐར་མ་ཁ་ཤས་མ་གཏོགས་རྙོག་གྲ་གང་ཡང་མི་འདུག ལྷོད་ལྷོད་བྱས་ཏེ་བསྡད་ཡོད། ཧ་ལམ་ངལ་གསོ་བརྒྱབ་ནས་བསྡད་ཡོད་པ་འདྲ་བོ་རེད། ནམ་རྒྱུན་ང་རང་གི་ཁ་འདོན་དང་བར་སྐབས་རེ་ཡོད་དུས་དཔེ་ཆ་རེ་ཀློག་ནས་བསྡད་ཡོད། ཁྱེད་རང་ཚོས་ཐུགས་ཁྲལ་ཁྱོན་ནས་མ་གནང་རོགས་ཞུ་བཞིན་ཡོད།
ང་ཚོར་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞེས་ཁ་རྒྱུན་ཡོད་པ་རེད། དེ་ལོ་གསར་ཕྱེ་མར་མཆོད་པ་དང་ཆང་འཐུང་བ། ཤོ་སྤག་རྩེད་རྒྱུ་སོགས་ཀྱི་སྐད་ཆ་ཞིག་ཧ་ལམ་མ་རེད། བཀྲ་ཤིས་ཟེར་བ་དེ་འཇམ་དཔལ་མཚན་བརྗོད་ནང་། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། གྲགས་པའི་བཀྲ་ཤིས་སྙན་གྲགས་ཆེ། གསུངས་པ་ལྟར། བཀྲ་ཤིས་ཟེར་བ་དེ་བདེ་བ་ང་ཚོ་ཚང་མས་འདོད་ཀྱི་ཡོད་པ་རེད། སྡུག་བསྔལ་མི་འདོད་པ་རེད། བདེ་བའི་རྒྱུ་དེ་ཕན་པ་དང་བདེ་བ་འདོད་མཁན་ཞིག་ཡིན་སྟབས་དེ་ལ་བཀྲ་ཤིས་ཟེར་གྱི་ཡོད་པ་རེད། དེ་འདྲའི་བདེ་སྐྱིད་ཡོང་བའི་རྒྱུ་དགེ་བ་དེ་བསྒྲུབས་ཏེ། སོ་སོའི་མི་ཚེ་གཞན་ཕན་གྱི་བསམ་པ་ཡོད་པ་དང་། གཞན་ལ་འཚེ་བ་མི་བྱེད་པ། དེ་འདྲ་ཞིག་གི་ཐོག་ནས་མི་ཚེ་སྐྱེལ་བ་ཡིན་ན། མི་ཚེ་དེ་བཀྲ་ཤིས་པ་འབྱུང་བ་རེད། དེ་འདྲའི་བཀྲ་ཤིས་པའི་རྒྱུ་རྐྱེན་དེ་ལ་བརྟེན་ཏེ། འབྲས་བུ་བཀྲ་ཤིས་བདེ་ལེགས་ཟེར་བ་དེ་འབྱུང་གི་ཡོད། བདེ་ཟེར་བ་དེ་འཕྲལ་དུ་བདེ་བ་དང་། ལེགས་ཟེར་བ་དེ་མཐར་ཐུག་ངེས་ལེགས་ཀྱི་གོ་འཕང་ཐོབ་པ་དེ་སངས་རྒྱས་ཆོས་ཀྱི་འགྲོ་སྟངས་ཤིག་རེད། དེར་བརྟེན། ངས་ཁྱེད་རང་ཚོ་ཚང་མ་ལ་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞེས་ཞུ་བ་དང་ཆབས་གཅིག ང་ཚོས་བཀྲ་ཤིས་བདེ་ལེགས་མིང་དོན་མཚུངས་པ་ཞིག་དང་། དོན་དང་ལྡན་པ་ཞིག་གནང་རོགས་གནང་ཞེས་ཏེ་ཞུ་འདོད་བྱུང་སོང་།
འདིར་སྨན་ཁང་དུ་ལས་ཀ་བྱེད་མཁན་ཚང་མས་སྙིང་ཉེ་བ་དང་སེམས་འཁུར་ཆེན་པོ་ལངས་ཏེ། ང་འདིར་སེམས་བག་ཕེབས་ཐག་ཆོད་བྱས་ཏེ་བསྡད་ཡོད། ང་བློ་བག་ཕེབས་པོ་བྱས་ཏེ་བསྡད་ཡོད་སྟབས་མི་སུ་ལ་ཐུག་པ་ཡིན་ནའང་ཚང་མ་འཛུམ་ཤིག་ཤིག་བྱས་ཏེ་བསྡད་ཡོད། དེ་ཁྱེད་རང་ཚོར་ཞུ་འདོད་བྱུང་སོང་།
འཛམ་གླིང་འདིའི་སྟེང་བོད་རིགས་མ་ཡིན་པ་ངས་ངོ་ཤེས་མཁན་མང་པོ་ཞིག་ཡོད་པ་རེད། ཆོས་པའི་ནང་དུ་ཡོད་པ་རེད་ལ། ཆོས་དད་མེད་མཁན་ནང་དུའང་ཡོད་པ་རེད། ཚན་རིག་པའི་ནང་དུ་མང་པོ་ཡོད་པ་རེད། ལྷག་པར་དུ་ཕྲུ་གུ་ཆུང་ཆུང་དེ་འདྲས་ང་ལ་ཡི་གེ་འདྲ་བྲིས་ཏེ་འཚམས་འདྲི་བྱེད་མཁན་དེ་འདྲ་བྱུང་སོང་། དེ་དག་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཚང་མས་སྨོན་ལམ་བརྒྱབ་ནས་སེམས་འཁུར་ཆེན་པོ་བླངས་པ་དེར་ང་རང་ཞེ་དྲགས་དགའ་བོ་བྱུང་། ཐུགས་རྗེ་ཆེ།” ཞེས་གསུངས་འདུག
ད་ནས་བཟུང་དུས་དབང་སྐོར་བཤད་མ་ཡོང་རོགས། དུས་དབང་ལས་སྐུ་མདུན་སྐུ་ཚེ་རིང་ན་མི་ལེགས་སམ།
སྤེན་ཚེས། དུས་དབང་ཕྱིར་རྒྱང་དགོས་དོན་གསལ་བཤད་བྱེད་སྟངས་དང་། བློ་སེང་གིས། སྤེན་ཚེས་མཉམ་དུ་ཐེངས་པ་དང་པོའི་བགྲོ་གླེང་མ་ཕེབས་པ་གཉིས། སུ་ལ་ཉེས་པ་ཆེ་བ་ཡོད་དམ། ལགས།
རྩོམ་འདི་སྒྲ་ནི་བརྗོད་འདོད་ཀྱི་དབང་སྟེ་དོན་མེད་ཚོགས་གཙོ་ལ་སྐུར་འདེབས་བྱས་པ་ཙམ་ལས་བདེན་པ་གང་ཡང་མི་འདུག དོན་དངོས་བྱིས་པ་ལོ་བརྒྱད་ཅན་གྱིས་ཀྱང་ཤེས་ནུས་པའི་གནས་ཚུལ་དེ། ཁ་སྔོན་བཀའ་ཤག་གིས་དུས་དབང་ཡར་ཕྱིར་འགྱངས་བྱེད་རོགས་ཞེས་རེ་སྐུལ་ཞུ་ལུགས་མི་མང་ལ་བསྒྲགས་པ་དང་། དེ་རིང་ཡར་ནས་མར་བཀའ་ཕབ་ལུགས་གསུངས་བ་དེས་རྫུན་ཁུང་བརྟོལ་ཞིང་བདེན་པ་ར་འཕྲོད་པ་རེད། ཡིག་རྙོག་སྤངས་ཀྱང་ཡོས་ལ་ཡོང་རྒྱུ་རྩམ་པ་རང་རེད་དོ།།
རྩོམ་པ་པོ་དང་ཆབ་སྲིད་ཉམས་ཞིབ་པ་གྲགས་ཅན་ཁང་གསར་རྡོ་རྗེ་ལགས་ཀྱིས་དེ་རིང་ཁོ་རང་གི་ངོ་དེབ་ནང་བཀོད་པའི་མཆན།
དུས་དབང་ཕྱིར་འགྱངས་སྐོར་ལ། དེ་རིང་བཀའ་དྲུང་དང་ཕྱི་དྲིལ་དྲུང་ཆེ་སོགས་གཞུང་ཞབས་ཐོན་ཏེ། གསལ་བཤད་བྱེད་པ་འདི་ཡག་པོ་མ་རེད། རྣམ་པ་གསར་པ་ཅི་འདྲ་ཞིག་བསྟན་རུང་། དེ་ནི་ད་ལྟའི་སྲིད་སྐྱོང་ལས་ཐོག་གི་བསམ་ཚུལ་དང་ཐབས་བྱུས་རེད་མ་གཏོགས། གསལ་བཤད་དེ་གཤམ་འོག་གཞུང་ཞབས་བཀོལ་ཏེ་བྱས་པ་དེས། ཁུངས་བཙན་དུ་འགྲོ་རྒྱུ་ཅི་ཡང་མེད།
འགྲོ་ལུགས་ལྟར་ན། དུས་དབང་ཕྱིར་འགྱངས་སྐོར་ཐོག་མ་ནས་སྐུ་སྒེར་ཡིག་ཚང་རང་གིས་གསལ་བཤད་གནང་དགོས་པ་ཞིག་རེད། དེ་འདྲ་གང་ཡང་མེད་པར་བློ་སེང་རང་གིས་གསལ་བསྒྲགས་བྱས་པ་རེད། གསལ་བསྒྲགས་དེ་ཡང་བཀའ་ཤག་གིས་དུས་དབང་ཕྱིར་འགྱངས་གནང་རོགས་ཞེས་གསོལ་འདེབས་ཞུས་པ་དང་། དེ་ལ་ཞལ་བཞེས་ཐོབ་ལུགས་བསྒྲགས་པ་རེད། ད་ཆ་བཀའ་ཤག་གིས་གསོལ་འདེབས་དེ་འདྲ་ཞུས་མེད། ༸གོང་ས་མཆོག་གི་སྨན་པའི་སློབ་སྟོན་དང་། ཐུགས་དམ་དགོངས་དོན་ཡིན་ཚུལ་རྗོད་བཞིན་པ་དེ་ག་རང་གིས། གནས་ཚུལ་མགོ་རྙོག་ཏུ་བཏང་བ་ལས་གསལ་དུ་སོང་མེད།
ད་ལྟ་གཞུང་ཞབས་བཀོལ། གཞུང་ཡིག་སྤྱད་དེ་གསལ་བཤད་རིང་བོ་ཞིག་བྱེད་བཞིན་འདུག་ཀྱང་དེས་གནས་ཚུལ་གསལ་དུ་སོང་མེད་པར་མགོ་རྙོག་ཏུ་བཏང་ཡོད།
ད་ཡང་རང་གི་སྐྱོན་ཡོན་གཏན་དུ་འཛིན་ཞིང་གཞན་གྱི་ཡོན་གཏན་སྐྱོན་དུ་ལྟ་མཁན་མི་ང་རྒྱལ་ཅན་གྱི་སྲོང་བཙན་ཁྱོད་རང་ཚར་ཚར་ཤག། ང་འདྲ་བོ་ཡིན་ན་ད་ལེན་གྱི་འོས་ཤོག་དེ་བློ་བཟང་ལ་བླུགས་རྒྱུ་ཡིན། ངའི་འོས་ཤོག་བློ་བཟང་ལ་བླུགས་ཡས་དེ་བློ་བཟང་འཇོན་པོ་ཡོད་པ་སོགས་ལ་བརྟེན་ནས་འོས་བླུགས་པ་ཞིག་མིན། ངའི་འོས་ཤོག་བློ་བཟང་ལ་བླུགས་ཡས་དེ་བོད་དབུས་གཙང་ནང་ཞི་བདེ་བག་ཕེབ་ཡོང་བའི་ཆེད་དུ་ཁོ་ལ་བླུགས་པ་ཡིན། བོད་རྒྱལ་ཁབ་དབུ་རྙེས་པ་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་མི་དམངས་ལ་མ་སྤྲད་བར་དུ་བོད་རྒྱལ་ཁབ་དབུས་གཙང་གི་སྐྱངས་ཡོད་ལ་འགྲུབ་འབྲས་ཡང་བྱུང་ཡོད། ༡༩༥༩ནས་རང་དབང་གཞན་ལ་ཤོར་ཡང་དབུས་གཙང་མི་དམངས་ནས་དཀའ་བ་ཁྱད་དུ་སྲད་ནས་ལས་དོན་མང་པོ་ཞིག་སྤེལ་ཡོད། ཡིན་ཡང་ཕྱོགས་རིས་ཅན་གྱི་རིགས་འགའ་རེས་བོད་མའི་རང་དབང་སླར་གསོ་བྱེད་རྒྱུ་ཕར་ཞོག་ད་དུང་བོད་དང་སོག་པོ་རྒྱ་མའི་ཆ་ཤས་ཡིན་པ་སོགས་ཀྱི་ལས་ངན་མང་པོ་ཞིག་བསག་ཡོད་པ་དེའི་སྐབས་སུ་རང་ཅག་གི་མགོན་པོ་མཆོག་ཀྱང་ངུ་ཤོར་དགོས་བྱུང་ཡོད། མཐའ་དོན་དུ་བྱེས་ཞུགས་བོད་མི་རྡོག་ཙ་གཅིག་སྒྲིལ་དགོས་ན་སྤེན་ཚེ་ལ་འོས་བླུགས་རྒྱུ་དང་གཞིས་ཞུགས་དབུས་གཙང་མི་དམངས་ཞི་བདེ་བག་ཕེབས་དགོས་ན་བློ་བཟང་ལ་འོས་བླུགས་རྒྱུ་དེ་གཉིས་ལས་ལྷག་པའི་འདམ་ཁ་མེད་པས་ང་ནི་གཞིས་ཞུགས་དབུས་གཙང་མི་དམངས་ཞི་བདེ་བག་ཕེབས་དང་སྔར་གྱི་བཤད་གྲ་ཁག་སླར་གསོ་ཡོང་བའི་ཆེད་དུ་འོས་དེ་བཟང་རང་ལྶྤྲད་ཡས་ཡིན།།
སྲོང་བཙན་ལ་རྒྱ་ཆ་བརྒྱ་ཐམ་པ་བདེན་ཆ་ཡོད། སྤེན་ཚེ་ཁོ་རང་ཡོང་བ་མིན་གསལ་བཤད་བྱས་ཡོད། ཁོས་བཤད། “མི་མང་ལ་དེ་རིང་གཏམ་བཤད་བྱེད་དུ་ཡོང་བ་མིན། གསལ་བཤད་ཅིག་བྱེད་དུ་ཡོང་བ་ཡིན། ཁ་སང་བཀྲ་ཤིས་སྟོབས་ལགས་ལས་ཁུངས་ལ་ཡོང་ནས་ང་ལ་ལབ་སོང་། དེའི་སྐབས་ངས་སྲིད་སྐྱོང་ལ་ཞུས་ཡིན་ནམ་དྲིས་པ་ཡིན། སྐབས་དེར་ཁོང་གིས་སྲིད་སྐྱོང་ལ་ཡི་གེ་དེ་ཕུལ་རྒྱུ་ཡིན་གསུངས་སོང་། ག་འདྲ་དགོས་པ་རེད་ཟེར་དུས་ཕེབས་ན་མ་ཕེབས་ན་ཁྱེད་རང་གཉིས་ཀྱིས་ལྟ་ཡ་རེད་ཟེར། ད་ལྟ་འགྲོ་ལུགས་འགྲོ་སྟངས་ཐོག་ནས་སྲིད་སྐྱོང་མཛད་བྲེལ་ཆེན་པོ་རེད་ལ། ངས་ཀྱང་ལས་ཁུངས་ལ་ལྟ་དགོས་རེད། ང་ཡང་མི་ཡོང་བསམ་སོང་ཡང་། ད་ལྟ་མི་མང་པོ་འཛོམས་འདུག་ཟེར། དེ་ནས་གསལ་བཤད་ཅིག་བྱེད་དུ་ཡོང་བ་ཡིན། བགྲོ་གླེང་གལ་ཆེན་པོ་རེད་དེ། ད་ཐེངས་གནང་ལུགས་གནང་སྟངས་དེ་ཏག་ཏག་བསྡད་མི་འདུག སང་གནང་ཉིན་ཡང་ཅིག་ལས་ཁུངས་ལ་ཡོང་ནས་ཡི་གེ་ཞིག་སྤྲད་དེ་ཡོང་དགོས་པ་རེད་ལབ་ན། དཀའ་ལས་ཆགས་ས་རེད་” ཧ ཧ རྫུན་ཨ་བྲ་གཉིས་དེ་རྔ་མ་ཐུང་། དུས་དབང་སྐོར་སོགས་སྐྱག་རྫུན་བཤད་སར་མ་སོང་བར་དགའ་ཡོད། སྤེན་ཚེས་བློ་སེང་ལ་འགྲན་པ་ནི་ཁྱི་རྒན་སེངྒེ་ལ་ཡ་ལན་བྱེད་པ་ནང་བཞིན་རེད། སེངྒེ་རྒྱལ་བ་ཆོས་ཉིད་རེད།
༧གོང་ས་མཆོག་གི་གསལ་བཤད་བཀའ་སློབ་དང་། བོད་མིའི་སྒྲིག་འཛུགས་ཀྱི་གསལ་བཤད་དེ་དག་བདེན་པ་མིན་པའི་ཁུངས་སྐྱེལ་ར་སྤྲོད་གསལ་ཐག་ཆོད་ཅིག་མེད་ན། ཚོགས་གཙོ་ལ་བདེན་པ་ཡོད་ཟེར་བ་དང་། སྒྲ་ནི་བརྗོད་འདོད་རྗེས་འགྲོ་ཕྱིར་ཟེར་བ་སོགས་ཅི་ཙམ་བརྗོད་ཀྱང་ཨ་ཁུ་སྟོན་པའི་རྟ་སྒྲོ་ལས་གཞན་ཅི་ཞིག་ཡོད། ཚོགས་གཙོས་དང་པོ་ཨ་རི་ལ། ངས་གནད་དོན་འདིའི་རྒྱུད་རིམ་ཆ་ཚང་གསལ་ཐག་ཆོད་ཤེས་ཟེར་བ་དང་། རྗེས་སུ་དེ་རིང་རྡ་སར་གསར་འགོད་པ་ལ། སྐུ་སྒེར་དྲུང་ཆེན་གཉིས་བཀའ་ཤག་ནང་ལ་མར་ཕེབས་ནས་གསལ་བཤད་གནང་བ་ཁོ་ལ་སྲིད་སྐྱོང་གིས་མ་ལབ་པའི་རྐྱེན་གྱིས་གསལ་བསྒྲགས་མ་བྱས་བར་ལ་ཤེས་མ་སོང་ཟེར། ཁ་སྔོན་ཨ་རི་ལ་གཏམ་བཤད་གནང་བའི་གློག་བརྙན་ཅིག་གི་ནང་སྐུ་སྒེར་དྲུང་ཆེན་གཉིས་བཀའ་ཤག་ལ་དུས་དབང་ཕྱིར་འགྱང་ཆེད་ཕེབས་ཚུལ་ཞིག་ཀྱང་གསུངས་འདུག།སྔ་གཏམ་ཕྱི་གཏམ་མི་མཚུངས་པའི་སྐད་ཆ་དེ་ཚོ་ཡ་མཚན་རེད།
་་་་་་་་་་ དུས་དབང་སྐོར་སོགས་སྐྱག་རྫུན་བཤད་སར་མ་སོང་བར་དགའ་ཡོད། སྤེན་ཚེས་བློ་སེང་ལ་འགྲན་པ་ནི་ཁྱི་རྒན་སེངྒེ་ལ་ཡ་ལན་བྱེད་པ་ནང་བཞིན་རེད། སེངྒེ་རྒྱལ་བ་ཆོས་ཉིད་རེད། ་་་་་་་་་་ ཟེར།
༢༠༡༦ སྲིད་སྐྱོང་གི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་ནེའུ་ཡོག་ཕེབས་བསུའི་གསོལ་སྟོན་ཆེ་མོའི་བརྙན་འཕྲིན་དཔར་གཞི་ངོ་མ། New York gala dinner for PT https://youtu.be/WN6jt1tNH64
བློ་སེང་གིས་༼བོད་རྒྱལ་ཁབ་བྱུང་མྱོང་ཡོད་མ་རེད།༽ཟེར་སོང་།
https://www.facebook.com/100008199041428/videos/1630656373884315/
བློ་སེང་འཛུན་རྐུབ་རྡོལ་འདུག
https://www.facebook.com/Sikyong2016penpatsering/posts/200192567002012
དྲ་རྟགས་གཟིགས་དང་།
སྤེན་ཚེའི་འོས་ཤོག་ཁྲམ་པ་རྫུན་བརྐྱལ་བློ་སེང་ལ་ནམ་ཡང་སྤྲད་མི་སྲིད།
ཨ་རིའི་དོན་གཅོད་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ཟེར་བའི་ནག་ཉེས་ཆེན་པོ་བཅུ་གཅིག
ཨ་རིའི་དོན་གཅོད་ཡིན་ཟེར་མཁན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ཐོག་མར་དོན་གཅོད་དུ་བསྐོ་བཞག་ཞུ་དུས།
༡ བཀའ་ཤག་ལྷན་རྒྱས་ཚང་འཛོམས་བྱུང་མེད་པའི་དུས་ཚོད་དང་བསྟུན་དེ་སྲིད་སྐྱོང་བློ་བཟང་སེང་གེས་སྒེར་གཅོད་བྱས་ཏེ་བསྐོས་པ་རེད།
༢ གཞུང་ཞབས་ཆེ་ཕྲ་བར་གསུམ་མང་པོ་ཞིག་གིས་ལོ་མང་རིང་སྐུ་ངལ་བརྒྱ་ཕྲག་ཁྱད་བསད་ཀྱིས་གནས་རིམ་རིམ་འཕར་ཞུ་བཞིན་ཡོད་ཀྱང་། སྐལ་རྡོར་ལ་དེ་འདྲའི་ལོ་རྒྱུས་གང་ཡང་མེད་ཀྱང་སྲིད་སྐྱོང་གིས་སྒེར་གཅོད་ཀྱིས་ཁ་འགྲོ་སའི་མི་དེ་དོན་གཅོད་དུ་བཙན་བསྐོ་བྱས་པ་རེད།
༣ དེ་ལ་བརྟེན་ནས་གཞུང་ཞབས་དང་མི་མང་ནང་། ལྷག་པར་ཨ་རིར་གནས་སྡོད་མི་མང་ནང་བསམ་འཆར་རིམ་བསྟུད་དུ་བྱུང་བ་རེད།
༤ དེ་དག་གི་འབྱུང་རྩ་ཡང་སྐལ་རྡོར་དོན་གཅོད་དུ་བསྐོ་བཞག་སྐབས་༧གོང་ས་མཆོག་ཐུགས་མོས་བྱུང་མེད་པས་རེད།
༥ ཕྱིས་སུ་ཁོས་༧གོང་ས་ཆེན་པོའི་ཆིབས་བསྒྱུར་མཛད་འཆར་གྱི་གསང་བ་རིམ་པར་ཤོར་བས། མ་འོངས་པར་ཨ་རིའི་ནང་ཆིབས་བསྒྱུར་སྐབས་དོན་གཅོད་ལ་འབྲེལ་བ་གནང་མི་ཉན་པའི་བསམ་ཚུལ་ཤུགས་ཆེར་ཐོན་བཞིན་པ་རེད།
༦ ཁོ་ལས་དོན་དངོས་ཀྱི་ནང་ཞུགས་སྐབས། ཁོང་གི་གླགས་མི་འཁེལ་བའི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་ཨ་རིའི་དོན་ཁང་ནང་བཞག་ན། བློ་བཟང་སེང་གེ་དང་ཁོང་གཉིས་ཀྱི་ཁྱི་སྤྱང་ངན་འབྲེལ་གྱི་རྐུབ་བརྡོལ་བར་དོགས་ཏེ། བློ་བཟང་སེང་གེ་དང་ངན་འབྲེལ་གྱིས་ཀུན་དགའ་བཀྲ་ཤིས་ལགས་གནས་སྤར་བྱས། དབུ་མའི་ལམ་གྱི་རྒྱ་རིགས་འབྲེལ་མཐུད་ཆད་ནས་ལོ་གཉིས་འགྲོ་ལ་ཉེ་ཡང་ཡ་བྱེད་ཀྱི་མེད།
༧ མི་མང་གིས་རྒྱ་རིགས་འབྲེལ་མཐུད་ཀྱི་གལ་གནད་ཆེ་ཚུལ་སོགས་སྐྱོན་བརྗོད་ལ་དོགས་ནས་འབྲེལ་མཐུད་པ་གསར་པ་ཞིག་ཡིག་རྩལ་གྱི་ལམ་ནས་བསྡུ་གྲབས་བྱས་ཀྱང་། ཡིག་རྩལ་འཕྲོད་མཁན་དེ་ཨ་མདོ་བ་ཞིག་བྱུང་སྟབས། སྲིད་སྐྱོང་བློ་བཟང་སེང་གེ་དང་ལྐོག་མཐུན་གྱིས་རྦད་དེ་ཡིག་རྩལ་གཏོང་མཁན་རྣམས་རྩིས་མེད་བཏང་། དེའི་སྐོར་མི་མང་ལ་ད་དུང་ཡང་གསལ་བཤད་ཞུས་མེད།
༨ སྐལ་རྡོར་ལས་དོན་ནང་ཞུགས་རྗེས་ཅུང་ཙམ་མིན་ན་༧གོང་ས་མཆོག་གི་སྐུ་སྲོག་ལ་ཉེན་ཁ་བྱུང་ཡོད་ཅིང་། དོལ་རྒྱལ་ཚོགས་པས་ངོ་རྒོལ་ལ་ཁ་གཏད་གང་ཡང་བཅག་མེད་པ་མ་ཟད། འཐུས་ཤོར་སྔར་མ་བྱུང་བ་ཤོར་ཡོད་ཀྱང་། སྲིད་སྐྱོང་བློ་བཟང་སེང་གེས་ཁོང་ལ་ཉེས་པ་གང་ཡང་བཏང་མེད།
༩ ཁོ་དོན་གཅོད་དུ་འཁོད་རྗེས་ཨ་རིའི་གྲོས་ཚོགས་འཐུས་མི་སོགས་གཞུང་འཛིན་མི་སྣར་འབྲེལ་བྱེད་དུས་ལྐོག་དངུལ་བརྫངས་ཏེ་རོགས་དངུལ་ཐབས་འཚོལ་བྱེད་བཞིན་པའི་བྱེད་སྟངས་ཐབས་རྡུག་ཅིག་ཐོན་བཞིན་པ་མི་མང་པོས་ཧ་གོ་བཞིན་པ་རེད།
༡༠ སྲིད་སྐྱོང་གི་ཁང་རིན་ཨ་སྒོར་སུམ་འབུམ་ལྷག་གི་ཡོང་ཁུངས་རྒྱ་ནག་གི་སོ་པ་ཚོང་པ་ཆེན་པོ་ཞིག་གི་ས་ནས་ཡོང་བའི་དོགས་གཞི་སློང་མཁན་ཨ་རིའི་བུད་མེད་རྩོམ་པ་པོ་མོ་ནེ་ཧན་གྱིས་ཝ་ཞིན་ཏྲན་དུས་བབ་ཚགས་ཤོག་ཏུ་སྲིད་སྐྱོང་ནི་མི་མ་བིན་ཞིག་ཡིན་པ་འཇིག་རྟེན་ཡོངས་ལ་ཁྱབ་བསྒྲགས་བྱས་པས། སྐལ་རྡོར་གྱིས་སྲིད་སྐྱོང་གི་གཙང་མ་མེད་པའི་གནས་ཚུལ་དེ་འགེབས་སྲུང་བྱས་པ་མ་གཏོགས། ལན་གསལ་ཐེབས་མེད་པས་འཛམ་གླིང་སྟེང་བོད་ལ་སྲིད་སྐྱོང་མ་བིན་ཅིག་དང་དོན་གཅོད་ཁྲམ་པ་ཞིག་ཡོད་པ་ཧ་གོ་བཞིན་པ་རེད།
༡༡ སྒྲིག་གཞི་ལྟར་ན་སྔོན་འགྲོའི་འོས་བསྡུའི་གྲངས་བཤེར་ཆུ་ཚོད་ཉེར་བཞིའི་ནང་ས་གནས་ཁག་ནས་ཚར་ཏེ་ཁྱབ་བསྒྲགས་བྱེད་དགོས་ཀྱང་། ཁོས་དེ་ལྟར་བྱེད་མ་ཐུབ་པ་མ་ཟད། མཐར་དོན་གཅོད་ལས་ཤོག་སྟེང་དབྱིན་ཡིག་གི་ལམ་ནས་ཁོ་རང་གཅིག་པུས་ཐམ་ཀ་དང་མཚན་རྟགས་བསྐྱོན་ཏེ་ཁྱབ་བསྒྲགས་བྱས་པ་འོས་བསྡུའི་སྒྲིག་གཞི་དང་ཡོངས་སུ་འགལ་ཡོད་པ་ཤེས་ཡོན་ཅན་མང་པོས་ཐེར་འདོན་གནང་བཞིན་པ་རེད།
གོང་གི་གནད་དོན་འདི་དག་ལས་ཁོ་ད་བར་ལས་དོན་སྟེང་ཞུགས་ནས་བཀྲ་ཤིས་པ་གཅིག་ཀྱང་བྱུང་མེད་པ་ཤེས་ཐུབ་ཅིང་། དེ་ནི་ཁོ་པ་དོན་གཅོད་དུ་བསྐོ་བཞག་བྱེད་སྐབས་ཀྱི་རྒྱུ་མི་གཙང་མ་བིན་ཡིན་པས། འབྲས་བུ་ཡང་ཡག་པོ་གཅིག་ཀྱང་ཐོན་གྱི་མེད་པ་དེ་རེད། དེའི་ཆ་ནས་ཁོ་གང་མགྱོགས་དོན་གཅོད་ནས་ཕབ་སྟེ་དོན་གཅོད་ཚད་ལྡན་ཞིག་བསྐོ་བཞག་བྱ་རིན་ལ་སླེབས་འདུག
༢༠༡༥། ༡༡། ༤། ཉིན། སྲིད་སྐྱོང་བློ་སེང་གི་ལས་ཀར་ཞིབ་འཇུག་ཚོགས་ཆུང་ནས་སྤེལ།
ཡོང་ཁུངས་ཁ་བརྡ་དྲ་བའི་རྩོམ་འདིའི་ཞབས་མཆན་སོ་བདུན་པ་ཐད་ཀར་བརྒྱུད་འགོད་བྱས། http://www.khabdha.org/?p=77354&cpage=1#comment-218553
༄། ། བློ་བཟང་སེང་གེའི་རྒྱབ་སྐྱོར་བས་བཅའ་ཁྲིམས་ལོག་སྤྱོད་བྱས་པ།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གམ་བཅར་ཆེས་མཐོའི་རྒྱབ་སྐྱོར་ཚོགས་པའི་ངོས་ནས། ད་བར་དུས་དབང་ཕྱིར་འགྱངས་གནང་དོན་བཀའ་ཤག་གིས་ཡར་ཞུས་ཏེ་ཐག་གཅོད་བྱུང་བ་ཡིན་ཞེས་གཅིག་རྗེས་སྟོང་གིས་མནན་ཏེ་གསུང་བཞིན་ཡོད་ནའང་། རྫུན་མས་ཁུངས་མ་འཁྱོལ་བ་གསལ་བོ་ཤེས་མཚམས། རང་ནོངས་སེམས་ལ་མ་ཆུགས་པར། དུས་དབང་ཕྱིར་འགྱངས་ཀྱི་གནད་དོན་འདི་བཞིན་བཀའ་སྤྱི་སོགས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ལས་སྣེ་དག་གིས་ལས་འཁུར་དམ་འབུལ་སྐབས། དམ་བཅའི་ཚིག་འབྲུར་འཁོད་པའི་གཞུང་གི་ལས་དོན་གལ་ཆེའི་རིགས་གསང་རྒྱ་དགོས་པའི་ཁོངས་སུ་གཏོགས་ཚུལ་མིང་རྫུན་མས་བྲིས་ཏེ་བཀྲམས་བཞིན་པ་འདི། རང་ནོངས་ལྷང་ལ་བུད་དེ་མུ་མཐུད་སྤྲང་རྟགས་སྟོན་བཞིན་པ་གསལ་བོ་ཡིན་ནའང་། སྐབས་འདིར་ནན་བརྗོད་ཞུ་རྒྱུ་ཞིག་ནི། གསང་རྒྱའི་དམ་བཅའ་ནི་རྩ་དོན་དང་འབྲེལ་བའི་གནས་སྐབས་དང་ཡུན་རིང་ངེས་པར་གསང་བ་བྱ་དགོས་རིགས་ལ་གོ་བ་མ་གཏོགས། དབུ་ཁྲིད་ཀྱིས་གཞུང་གི་རྐུབ་སྟེགས་སྒེར་དོན་ཆེད་སྤྱད་དེ་མི་མང་ལ་མགོ་བསྐོར་བཏང་བའི་༼སྐྱག་རྫུན་འགེབས་སྲུང་༽བྱེད་པ་ལ་གཏན་ནས་མི་གོ་བས། རང་གཞུང་གི་བཅའ་སྒྲིག་གི་འབྲུ་དོན་ལ་ལོག་འགྲེལ་གྱིས་འོས་ཐོབ་ཐབས་བྱེད་པ་ནི་ཆེས་ལྕི་བའི་ནག་ཉེས་ཡིན་ལ། རྒྱལ་ཁྲིམས་བཙོང་སྟེ་སྲིད་སྐྱོང་ཐོབ་པར་རེ་བ་ནི་རྒྱལ་ཚོང་བ་ལས་ཀྱང་ཐབས་རྡུག་འོག་ན་མེད་པ་ཡིན་པ་མི་མང་གིས་ངེས་པར་ཤེས་དགོས།།
༢༠༡༦། ༢། ༡། ཉིན་བཞུགས་སྒར་ངྷ་ས་ནས་གངས་ཅན་པས།།
དུས་དབང་ཕྱིར་འཐེན་གྱི་སྐོར་དེ་གང་ལ་གང་ཙམ་གསལ་པོ་ཆགས་སོང་ལ་དུས་དབང་ཕྱིར་འཐེན་བྱེད་དགོས་དོན་དེ་ཆུ་སྒང་གསར་རྙིང་གཉིས་དང་བཀའ་ཤག་བར་གྱི་རྙོག་འཛིང་ལ་བརྟེན་ནས་མ་འོང་པའི་ཕུག་རྒྱང་དང་བོད་མི་རྡོག་རྩ་གཅིག་སྒྲིལ་ལ་དགོངས་ནས་གོང་ས་མཆོག་ནས་ཕྱིར་འཐེན་གནང་བ་ཞིག་རེད་འདུག། དུས་དབང་སྐབས་ཆུ་སྒང་རྙིང་པས་ཀྱང་གོང་ས་མཆོག་ལ་བརྟན་ཞུགས་འབུལ་རྩིས་ཡོད་ཀྱང་བློ་གསེང་གི་གོ་སྐབས་མ་སྤྲད་པ་ཞིག་ཡིན་པ་གསལ་བོ་ཆགས་ཡོད།།
་་་་་་་་་་འཛམ་གླིང་སྟེང་བོད་ལ་སྲིད་སྐྱོང་མ་བིན་ཅིག་དང་དོན་གཅོད་ཁྲམ་པ་ཞིག་ཡོད་པ་ཧ་གོ་བཞིན་པ་རེད། ་་་་་་་་་་་
དུས་དབང་།
་་་་་་་་ ་མ་འོང་པའི་ཕུག་རྒྱང་དང་བོད་མི་རྡོག་རྩ་གཅིག་སྒྲིལ་ལ་དགོངས་ནས་གོང་ས་མཆོག་ནས་ཕྱིར་འཐེན་གནང་བ་ཞིག་རེད་འདུག། ་་་་་་་་་་
དོན་གཅོད་བསྐོས་དང་། དོན་གཅོད་ལས་ཀ་ལ། མི་ང་ ༡༩༩༡ ནས་ང་བློ་ཁ་ཁྱོན་ནས། འཚིམས་མ་སོང་། ང་ཚོ་བོད་རིགས་ནང་ལ། བོད་པ་ཡག་ཤོས་འདི་ལས་ལྷག་པ་མེད་ན། ང་ཡང་ཁ་བཙུམ་ནས་སྡོད་རྒྱུ་གཞན་ཅི་བྱར་ཡོད།།
སྤེན་ཚེའི་རྒྱབ་སྐྱོར་བ་ཚོས། བློ་སེང་གིས་སྐལ་རྡོ་རྒྱུད་ནས་༧གོང་ས་མཆོག་གི་སྐུ་པར་མར་ལེན་པ་རེད་ཟེར་བ་དང་རྒྱ་དམར་གྱི་སོ་པའི་ལག་ནས་སྒོར་མོ་ལེན་ཚུལ་སོགས་རྟོག་བཟོ་དང་ཁུངས་སྐྱེལ་མེད་པའི་སྐད་ཆ་དེའི་རིགས་མ་བཤད་ན་ཡག་བ་ཡོད་རེད། དེ་ཚོས་ཚོགས་གཙོ་ལ་ཕན་ཐོགས་པར་ཕར་བཞག་གནོད་སྐྱེལ་གྱི་རེད། དེ་ལས་བོད་ཡིག་ལ་བློ་སེང་ལས་སྤེན་ཚེའི་ཡག་བ་ཡོད་རེད་ལབ་ན་དངོས་ཡོད་རེད། དངོས་ཡོད་ཚོ་བཞག་ནས་གཞི་མེད་ཀླན་ཀ་ཚོལ་བར་ཕྱིན་ན་སོ་སོ་ལ་བཀྲ་ཤིས་པ་ཡོང་གི་མ་རེད། གཞན་དུས་དབང་ཕྱིར་འགྱངས་ཐད་༧གོང་ས་མཆོག་གིས་གསལ་བཤད་བཀའ་སློབ་ཐེངས་གཉིས་དང་། བཀའ་ཤག་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་བ་དེ་དེ་བཞིན་འཛིན་པ་ལས། གཞན་ཕྱོགས་ཞེན་གྱི་གདོན་གྱིས་མྱོས་པའི་རྡ་སའི་སྲང་བར་ན་ཇ་ཁང་དང་ཆང་ཁང་ཉུལ་བའི་ཆབ་སྲིད་པ་ཚོའི་ཚོར་སྣང་དང་ཆ་བཞག་བསོག་རྫུན་སོགས་ལ་ཡུད་རྟོན་མི་རུང་།
དྲི་བ་ཞིག་ངམ་ངམ་ཤུགས་ཤུགས་ཀྱི་འབྱུང་གི་འདུག
གང་ཡིན་ན་སྤེན་ཚེས་མི་ལོ་ཉི་ཤུ་རིང་གོང་ས་མཆོག་གི་བཀའ་དགོངས་སྒྲུབ་པ་ཞིག་ཡིན་ན་སྤེན་ཚེ་ཁོ་རང་ཨ་རི་ལ་ཡོངས་བ་སོ་སོར་ཁྱབ་བསྒྲགས་ལས་གོང་ས་མཆོག་ལ་སྙུང་འདྲི་ཙམ་སྐྱར་མི་དགོས་པར་རྒྱུ་མཚན་གང་ཡིན་ནམ།།
ཨ་རིར་སྤེན་ཚེ་ལ། མཇལ་ཁ་རག་མ་བྱུང་ཞེས། ཁོང་རང་གིས་མི་མང་དཀྱིལ་དུ་གསུངས་སོང་།
པདྨ་ལགས་གོང་ས་མཆོག་ནས་མཇལ་ཕྲད་གནང་མི་འདུག་པ། ལར་ནས་གོང་ས་མཆོག་གིས་ངོ་གཉིས་གནང་བའི་བཟོ་དང་། ལྷག་དོན་སྐུ་ཕྲེང་བཅུ་བཞི་པ་དགོངས་པ་རྫོགས་རྗེས་ཟེར་བ། གུང་ཁྲན་ཏང་གིས་བོད་ནང་ད་བར་ཡག་ཐག་ཆོད་གནང་ཡོད་ཟེར་བ་སོགས་སེམས་ནང་དྲནའང་ཁ་ནས་དོན་མི་ནུས་པའི་སྐད་ཆ་དེ་ཚོ་སྐད་ཆེ་ཆེར་དང་མགོ་མཐོ་མཐོ་བྱས་ནས་བཤད་སོང་ང་ནི་ཧང་སང་སོང་། མི་དེ་འདྲ་ད་བར་ལོ་ཉིས་བཤུ་བཙན་བྱོལ་སྒྲིག་འཛུག་ནང་ཡོད་པ་དེ་བས་ཧང་སང་སོང་།
ལྷ་སྲས་དར་མ་བཤད་པར་ཤིན་ཏུ་རྨད་དོ། འཇུ་ཆེན་གྱི་རྣམ་ཐར་དེབ་རྒན་ཉེར་གཅིག་པ་ཀློགས་དང་བཙན་བྱོལ་གྱི་ཚོགས་གཙོ་དང་ལས་སྣེ་བ་ཕལ་ཆེ་བ་རུལ་བསུང་ལས་བདེན་པ་ཞིག་ཕལ་ཆེར་མེད་པར་སྣང་། རྒྱལ་བ་རིན་པོ་ཆེས་དབུ་མའི་ལམ་མི་གདམས་རང་གདམས་རེད་བཞགས།
་་་་་་་་ མི་དེ་འདྲ་ད་བར་ལོ་ཉིས་བཤུ་བཙན་བྱོལ་སྒྲིག་འཛུག་ནང་ཡོད་པ་དེ་བས་ཧང་སང་སོང་། ་་་་་་ ཟེར།
་་་་་་་་ ལས་སྣེ་བ་ཕལ་ཆེ་བ་རུལ་བསུང་ལས་བདེན་པ་ཞིག་ཕལ་ཆེར་མེད་པར་སྣང་། རྒྱལ་བ་རིན་པོ་ཆེས་དབུ་མའི་ལམ་མི་གདམས་རང་གདམས་རེད་བཞགས། ་་་་་་་་ ཟེར།
ཏྲེ་ཧོར་བསོད་ནམས་ཡང་འདི་ཉིན་དཀར་གྱི་ལྷ་དང་མཚན་མོའི་འདྲེ་རང་རེད། དཀྲུགས་རྒྱུ་མང་མེད་ཀྱང་ཉུང་མེད་ཚོད་རེད།