གསར་འགྱུར་མཁོ་སྤྲོད་པ། ས་དཀར་བཀྲ་ཤིས།
ཟླ་༧པའི་ཚེས་༡༤ སྟེ་རེས་གཟའ་སྤེན་པའི་ཉིན་རྒྱབ། སྤེལ་རྗམ་བོད་རིགས་འདུས་སྡོད་ཆེ་ཤོས་ཀྱི་གྲོང་ཁྱེར་ཨན་ཁྲིར་ཝར་ཕན་དུ། བོད་རིགས་ཚོགས་པ་སྐབས་ལྔ་བ་དང་སྐབས་དྲུག་པའི་རྒྱུན་ལས་ཚང་འཛོམས་ཐོག་རྩིས་ཁྲ་རྩིས་ལེན་གནང་ཡོད་ལ། བོད་ཚོགས་སྐབས་ལྔ་བའི་ངོས་ནས་ཐབ་ཚང་གི་ཅ་དངོས་རིགས་དང་། བོད་མདོ་དབུས་ཁམས་གསུམ་གྱི་ཟློས་གར་འཁྲབ་ཆས་རིགས། བོད་ཀྱི་རྒྱལ་དར་གཙོས་སྤེལ་རྗམ་དང་ཡུ་རོབ་མནའ་འབྲེལ་གྱི་དར་ཆ་ཆེ་འབྲིང་ཆུང་གསུམ་བརྒྱ་ལྷག་དང་། སྐུད་མེད་དང་སྐུད་ཡོད་བཤད་སྦུད་ཆེ་ཆུང་། རྒྱང་གྲགས་ཆེ་ཆུང་གཙོས་གློག་ཆས་རིགས་བཅས་རྩིས་སྤྲོད་གནང་བ་དང་། ལྷག་པར་ཏུ་རྒྱུན་ལས་སྐབས་ལྔ་བའི་རིང་མ་དངུལ་བྱུང་སོང་གི་རྩིས་ཁྲ་དེ་སྤེལ་རྗམ་བོད་རིགས་ཚོགས་པ་སྐབས་སྔོན་མ་ཚོ་ལས་ལྡབ་བཅུ་ཕྲག་གིས་ཆེ་རུ་འཕར་ཡོད་འདུག་ལ། སྤེལ་རྗམ་བོད་རིགས་ཚོགས་པ་སྐབས་བཞི་བའི་ངོས་ནས་ཡུ་སྒོར་༢༠༢༣.༥༢ སྐབས་ལྔ་བར་རྩིས་སྤྲོད་བྱས་ཡོད་འདུག སྐབས་ལྔ་བའི་རིང་མ་དངུལ་བྱུང་བ་ཡུ་སྒོར་༡༠༢༢༥༢.༥༢ དང་འགྲོ་སོང་ཡུ་སྒོར་༨༦༠༢༥.༩༡། ལྷག་དངུལ་ཡུ་སྒོར་༡༦༢༢༦.༦༡བཅས་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་ཁམས་དངས་སྐབས་དྲུག་པའི་རྒྱུན་ལས་གསར་བ་རྣམ་པར་གསལ་བཤད་དང་སྤྲགས་རྩིས་སྤྲོད་གནང་ཡོད་པ་དང་། མཐར་རྒྱུན་ལས་ཚང་མས་རྩིས་ཁྲ་ཨ་མའི་ཤོག་བུ་སྟེང་མིང་རྟགས་བཀོད་དེ་རྩིས་ཁྲ་རྩིས་ལེན་བདེ་ལེགས་ངང་འགྲུབ་ཡོད་འདུག
རྩིས་སྤྲོད་རྩིས་ལེན་ཁམས་གཙང་དེ་འདྲ་གནང་བར་རྗེས་སུ་ཡི་རངས་ཞུ་རྒྱུ་དང་། ལས་ཀ་བྱེད་སྟངས་དེ་རིགས་ཚང་མས་ཁ་མིག་ཡར་ལྟ་གནང་དགོས་སྙམ།
སྦེལ་རྗེམ་བོད་རིགས་ཚོར་ཐུགས་རྗེ་ཆེ་ཞུ། རྩིས་ཁྲ་ཁམས་དྭངས་བཟོས་ནས་མང་ཚོགས་བློ་བདེ་པོ་བཟོས་གནང་བ་ཡག་བྱུང་། བོད་པའི་ཚཽགས་སྡེ་ཚང་མས་ཕྱི་གསལ་ནང་གསལ་འདི་འདྲ་གནང་རོགས།
ཡག་པོ་རེད་་་་་་་་་་་་་་་་་་་་་་་་་་་ཐུག་རྗེ་ཆེ་་་་་་་་་་་་་་་་་་་་་་་་ཡི་རང་ཡོད་
སྤེལ་རྗམ་བོད་རིགས་ཚོགས་པ་འདི་ཕྱི་རྒྱལ་ཡུལ་གྲུ་ཁག་ན་ཡོད་པའི་བོད་རིགས་ཚོགས་པ་ཁག་ལས་ལོ་ན་ཆུང་ཤོས་ཡིན་ཏེ་ད་སྐབས་ལོ་དྲུག་རེད་འདུག ཡིན་ནའང་རྒྱུན་ལས་སྐབས་ལྔ་བའི་རིང་མ་དངུལ་ཡོ་སྒོར་ཉིས་སྟོང་ལས་མེད་པ་དེ་ཡོ་སྒོར་འབུམ་གཅིག་ལ་བསྒྱུར་བ་དང་། ཚོགས་པའི་སྒྲིག་གཞི་གཏན་འབེབས་ཐག་གཅོད་ཀྱི་དེབ་ཆུང་བཟོས་བ། བཀའ་ཁྲི་བློ་སེང་མཆོག་དང་སྤྱི་འཐུས་ཚོགས་གཙོ་གཉིས་སྐར་མ་ལྔ་ཅན་མགྲོན་ཁང་ཚོམས་ཆེན་ནང་དྲངས་ཏེ་གཏམ་བཤད་རྫིག་པོ་སྤེལ་བའི་སྡིངས་ཆ་བསྐྲུན་པ། ཚོགས་པའི་དྲ་རྒྱ་ཡ་མ་གཟུགས་ཅན་དེ་མིའི་མིག་ལ་མཛེས་ཤིང་ལྟ་རིན་ཡོད་པ་ཞིག་ཏུ་བཅོས། ལྷག་པར་ཟམ་གདོང་རིན་པོ་ཆེ་ལ་ཐུགས་རྗེ་ལེགས་འབུལ་གྱི་གཟེངས་རྟགས་ཕུལ་་བ་དེ་ཡིས་རྡ་སའི་ཚོགས་པ་ཁག་ལའང་མིག་ཚ་དགོས་བ་དང་ཁ་སྐྱེངས་དགོས་བ་ཞིག་བཟོས། ད་ལམ་རྩིས་ཁྲ་ཁམས་དངས་ཅན་ཕྱི་གསལ་ནང་གསལ་རྒྱ་གྲགས་བོད་གྲགས་བྱས་པ་ནི་ཚོགས་པ་ཁག་གིས་མིག་དཔེ་ལྟ་དགོས་བ་ཞིག་ཅི་ལ་མིན།
ཡིན་ནའང་བར་སྐབས་ཤིག་ལ་སྐབས་ལྔ་བའི་རྒྱུན་ལས་ནང་ཁུལ་ནས་ང་ཆེ་ང་བཙན་དང་ང་འཇོན་ང་མཁས་ཟེར་ཏེ་དཔའ་གཤིབ་་རེས་དང་དཔུང་ངོམས་རེས། ཕུ་ཐུང་ནང་ནས་ལྐོག་མདའ་འཕེན་རེས་ཀྱི་ནང་དམེ་ཕྲན་ཚེགས་བྱུང་སྟེ་གཡུ་ཚ་རྟ་འགྲིན་ཟེར་བའི་གླིང་གི་དཔའ་རྒོད་ཞིག་རྟ་ཐོག་ནས་ཐང་ལ་ཅལ་སེ་གཡུགས་པའི་ཡ་ང་བའི་གནས་ཚུལ་རེ་ཡང་བྱུང་། དེ་ལྟར་ལགས་མོད་སྤེལ་རྗམ་བོད་རིགས་ཚོགས་པ་ཟེར་བ་འདི་ད་ལྟ་བྱ་བརྒྱའི་ཁྲོད་ཀྱི་ཁྱུང་ཆེན་དང་། བུ་བརྒྱའི་ཁྲོད་ཀྱི་དཔའ་རྒོད་ཅན་དུ་གྱུར་བ་ནི་སྐབས་ལྔ་བའི་རྒྱུན་ལས་རྣམས་ཡིན། གང་ལྟར་ཚོགས་པ་འདི་ཡར་དར་ན་བོད་ཁ་བའི་དཔུང་རོགས་དང་རྒྱ་ནག་པོའི་ཁ་གནོན་ཉན་གི་ཟེར་བ་ཙམ་ཡིན།