༼གནས་ཚུལ་མཁོ་གཏོང་བ་སྤེལ་བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས།༽
འདི་ཟླའི་ཚེས་༦ཉིན་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༧༨ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་མཛད་སྒོ་ཞིག་སྤེལ་ལྗམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག སྤེལ་ལྗམ་ནང་བོད་རིགས་འདུས་སྡོད་ཆེ་ཤོས་ཀྱི་གྲོང་ཁྱེར་ཨན་ཁྲི་ཝར་ཕན་དུ་འཚོགས་ཡོད་པ་དང་། མཛད་སྒོའི་སྟེང་སྦར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗོ་ལགས་གཙོས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ། ས་གནས་བོད་རིགས་མི་མང་བཅས་ཁྱོན་བསྡོམས་མི་གྲངས་བདུན་བརྒྱ་ལྷག་འདུ་འཛོམས་བྱུང་ཡོད་འདུག་ལ། མཛད་སྒོའི་ཐོག་མར་༸གོང་ས་མཆོག་གིས་སྐུའི་འཁྲུངས་སྐར་ལ་བསྩལ་བའི་བཀའ་སློ་དུམ་བུ་མི་མང་ལ་གཟིགས་འབུལ་ཞུས་བ་དང་། དེའི་རྗེས་སྐུ་ངོ་དངོས་གྲུབ་རྡོ་རྗོ་ལགས་ནས་མི་མང་ལ་བཀའ་སློབ་གསུངས་བཤད། སྤེལ་ལྗམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་འཕེལ་རྒྱས་ནས་དུས་ཆེན་དང་འབྲེལ་བའི་གསུངས་བཤད་གནང་བ་དང་།
བོད་ཚོགས་དྲུང་ཆེ་ལྷག་པ་ཚེ་རིང་ལགས་ནས་ཚོགས་པའི་ལས་བསྡོམས་སྙན་གསེང་། བོད་ཚོགས་རྩིས་བ་ཨ་རིག་དགེ་མཚན་ལགས་ནས་ཚོགས་པའི་ལོ་གཅིག་རིང་གི་བྱུང་སོང་རྩིས་ཁྲ་མི་མང་ལ་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་གནང་བ་དང་།
སྤེལ་ལྗམ་བོད་རིགས་ཚོགས་པའི་སློབ་གྲྭའི་འགན་འཛིན་དབང་པོ་ལགས་ནས་སློབ་གྲྭའི་འཛིན་སྐྱོང་དང་འབྲེལ་བའི་གསུངས་བཤད་གནང་།
མཛད་སྒོའི་སྐབས་༸གོང་ས་མཆོག་གིས་སྤེལ་ལྗམ་བོད་རིགས་ཚོགས་པའི་སློབ་གྲྭར་བསྩལ་བའི་༼ཤེས་རབ་སྣང་བྱེད༽་མཚན་བྱང་མི་མང་ལ་སྤྱན་འབུལ་ཞུས་བ་དང་། སྐུ་ངོ་དོན་གཅོད་མཆོག་ནས་སྤེལ་ལྗམ་བོད་རིགས་ཚོགས་པ་སྐབས་དང་པོ་ནས་སྐབས་སྐབས་ལྔ་བའི་དབར་གྱི་རྒྱུན་ལས་རྣམ་པར་བོད་ཀྱི་རྩ་དོན་ཆེད་ལྷག་བསམ་ཟོལ་མེད་ཀྱིས་སྤྱི་ཚོགས་ཞབས་ཕྱི་ཞུས་བར་ཐུགས་རྗེའི་ངོ་སྤྲོད་ཕྱག་འཁྱེར་གནང་བ་དང་། འབྲས་སྤུངས་མོ་རྟོག་སྤྲུལ་སྐུ་མཆོག་ནས་འདི་ལོའི་གསུམ་བཅུའི་དུས་དྲན་སྐབས་ཀྱི་དང་བླངས་ཞབས་ཕྱི་བ་རྣམ་པར་ཐུགས་རྗེ་ངོ་སྤྲོད་ཕྱག་རྟགས་གནང་།
མཛད་སྒོའི་མཇུག་ཏུ་བོད་རིགས་ཚོགས་པའི་ཚོགས་གཞོན་ཆོས་རས་ལགས་ནས་ཐུགས་རྗེ་ཆེ་གསུངས་བཤད་གནང་བ་དང་། ༸གོང་ས་མཆོག་དགུང་གྲངས་༧༨་ཕེབས་པའི་འཁྲུངས་སྐར་ལ་དགའ་དད་སྤྲོ་བའི་སྒོ་ནས་རྟེན་འབྲེལ་མཚོན་ཆེད་བོད་ཀྱི་སྲོལ་རྒྱུན་གླུ་གཞས་དང་ཞབས་བྲོ་ཁག་ཅིག་མི་མང་ལ་གཟིགས་འབུལ་ཞུས་ཡོད་འདུག
ཐེངས་འདིིའི་འཁྲུངས་སྐར་སྲུང་བརྩི་ཉིན་མོ་ནི་སྤེལ་ལྗམ་དུ་བོད་རི
གས་འདུ་འཛོམས་མང་ཤོས་ཀྱི་འཁྲུངས་སྐར་སྲུང་བརྩི་ཉིན་མོ་དེ་ཆགས་ཡོད་འདུག
དྲུང་ཡིག་ས་དཀར་བཀྲ་ཤིས་ལགས་ནས་དབྱིན་སྐད་ཐོག་མཛད་སྒོ་ངོ་སྤྲོད་སྒྲོག་རྒྱང་གནང་བ་ལུས་འདུག ཧཧཧ
འཁྲུངས་སྐར་ལ་རྒྱུན་ལས་རྣམ་པས་ཞབས་ཞུ་ཧུར་ཐག་ཞུས་པ་དང་། མཛད་སྒོའི་གྲ་སྒྲིག་གང་ལེགས་གནང་འདུག་པས་མི་མང་གིས་དགའ་བསུ་ཆེན་པོ་ཐོབ་ཡོད་འདུག
ཐུགས་རྗེ་
ཐུགས་རྗེ་ཆེ་ལགས
དེའི་ཉིན་གྱི་མཐུན་འགྱུར་རོགས་རམ་གནང་མཁན་དང་དང་བླངས་ལས་རོགས་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ།
་་་་་་ དེའི་རྗེས་སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ནས་ཟབ་གསལ་བཀའ་སློབ་གནང་སྐབས། “དེ་རིང་འདིར་དངོས་སུ་འཛོམས་ཡོད་པ་དང་། དངོས་སུ་འཛོམས་མ་ཐུབ་ཀྱང་ང་ལ་དགའ་བའི་མི་མང་གི་འཛམ་གླིང་རྒྱལ་ཁབ་གང་ས་ནས་ངའི་སྐྱེས་སྐར་སྲུང་བརྩི་བྱེད་བཞིན་ཡོད་ལ། ངའི་སྐྱེས་སྐར་གྱི་ལག་རྟགས་ཡག་ཤོས་ནི། སོ་སོས་སེམས་བཟང་པོ་བྱེད་རྒྱུ་དེ་ཡིན། སེམས་པ་བཟང་པོ་བྱེད་རོགས། སེམས་པ་འཁྲུགས་པ་དང་། ཁོང་ཁྲོ་ཟ་བ་དང་། གནོད་སེམས་དང་བརྣབ་སེམས་སོགས་མ་རུང་བའི་ཚོར་སྣང་བྱུང་སྐབས་ངའི་གདོང་པ་ཡིད་ལ་དྲན་རོགས་གྱིས། “ཞེས་གསུངས། ་་་་་་་་