གནས་ཚུལ་མཁོ་གཏོང་བ། བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས།
ཕྱི་ཟླ་༦ པའི་ཚེས་༨ སྟེ་གཟའ་སྤེན་པའི་ཉིན། སྦར་སིལ་སྐུ་ཚབ་དོན་གཅོད་ཁང་དང་སྤེལ་ལྗམ་བོད་རིགས་ཚོགས་པ་ཐུན་མོང་གིས་གོ་སྒྲིག་འོག་སྦར་སིལ་ན་ལེན་ཊར་ཆོས་ཚོགས་སུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཟབ་སྦྱོང་ཞིག་ཚོགས་ཡོད་པ་དང་། ཟབ་སྦྱོང་ལ་འཛུལ་ཞུགས་མཁན་མི་གྲངས་སུམ་ཅུ་ལྷག་བྱུང་ཡོད་འདུག་ལ། ཟབ་སྦྱོང་ངོ་སྤྲོད་གནང་མཁན་སྦར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་དབུ་མའི་ལམ་གྱི་ལྟ་གྲུབ་ཀྱི་གཞི་རྟེན་དང་སྲིད་བྱུས་ངོ་བོ། དབུ་མའི་ལམ་གྱི་སྲིད་བྱུས་མང་གཙོའི་ལམ་སྲོལ་གྱི་བརྒྱུད་རིམ་ནས་གཏན་འབེབས་བྱུང་ཚུལ། དབུ་མའི་ལམ་གྱི་སྲིད་བྱུས་ཕྱག་བསྟར་གནང་བའི་གྲུབ་འབྲས་བཅས་ཀྱི་སྐོར་ལ་ཟབ་འཁྲིད་གནང་།
ཧྥ་རན་སི་ནས་ཕེབས་པའི་སྤྱི་ཟུར་ལྷ་མོ་སྐྱབས་ལགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་དགོས་བའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་དང་། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཞིབ་ཆའི་ནང་དོན་ལ་འགྱུར་འགྲོས་ཇི་བྱུང་སྐོར་ལ་ཟབ་འཁྲིད་གནང་། ཟབ་ཁྲིད་ཀྱི་མཇུག་ཏུ་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་བརྙན་འཕྲིན་གཟིགས་འབུལ་གནང་བ་དང་། དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ལ་དྲི་བ་དྲིས་ལན། དབུ་མའི་ལམ་གྱི་སྲིད་བྱུས་ཐོག་གཏན་འབེབས་གོ་རྟོགས་དཔྱད་གཞི་འགེངས་ཤོག་བཀང་ཡོད་འདུག ཐེངས་འདིའི་ཟབ་སྦྱོང་ནི་སྤེལ་ལྗམ་དུ་གཉིས་སྨན་དབུ་མའི་གྱི་སྲིད་བྱུས་ཐོག་ཟབ་སྦྱོང་འཚོགས་པ་ཐེངས་དང་པོ་དེ་ཆགས་ཡོད་འདུག
རྗེས་སུ་ཡི་རངས་ཞུ། དབུ་མའི་ལམ་ཞུགས་པ་ཚོ་ལོངས་ཤོག སྡེབས་ཀྱིས་ལོངས་ཤོག
རྗེས་སུ་ཡི་རངས་ཞུ། ཐུགས་རྗེ་ཆེ་ལགས།
དབུ་མ་ཁྲིད་ས་དགོན་པ་རེད། དབུ་མ་བླ་མའི་དག་སྣང་རེད། དབུ་མ་དགོས་མཁན་ཆོས་པ་རེད། དབུ་མའི་སློབ་མ་རྒན་གོག་རེད། དབུ་མའི་དགྲ་བོ་ནང་མི་རེད། རང་བཙན་གླེང་ས་མང་ཚོགས་རེད། རང་བཙན་གླེང་མཁན་གཞོན་སྐྱེས་རེད། རང་བཙན་མི་རིགས་ཐབ་སྟངས་རེད། དུས་དང་བསྟུན་པའི་ཐབ་རྩོད་རེད།
ཕྱི་ལོ་དགུ་བཅུ་གོ་གྲངས་ནང། འདེམས་བྱ་བཞི་མི་མང་གི་འོས་བླུགས་ནས་མཐར། དབུ་མའི་ལམ་ལ་མང་མོས་བྱུང་ནས། གཞུང་གི་ལངས་ཕྱོགས་ལྟ་བ་དེ་དབུ་མའི་ལམ་ལ་དངོས་སུ་འགོ་ཚུགས་པ་རེད། དེ་ནས་ད་ལྟ་བར་དུ་ལོ་ངོ་ཉི་ཤུ་ཕྱིན་འདུག ད་དུང་མི་མང་གི་འགོ་མ་འཚོས་ཡིན་ནའང་འདྲ། མི་མང་པོ་འདོད་པ་མ་ཚིམས་པ་ཡིན་ནའང་འདྲ། གང་ལྟར་སློབ་གསོ་དང་ཟབ་སྦྱོང་ད་དུང་མང་པོ་སྤྲད་ཀྱི་འདུག ཡང་ན་དབུ་མའི་ལམ་དེ་ཀླུ་སྒྲུབ་ཡབ་སྲས་ཀྱི་དབུ་མའི་གཞུང་ལས་ཁག་པ་ཡིན་ས་རེད། ཧ་ཧ་།
༡༽ དབུ་མ་སློབ་གྲར་འཁྲིད་ཀྱང་འཐུས།།དབུ་མ་ཟབ་སྦྱོང་ཕུལ་ཀྱང་འོས།།དབུ་མ་ཆོས་སྲིད་གང་ལའང་རན།།དགོན་པར་འཁྲིད་ན་དེ་བས་འོས།།
༢༽ དབུ་མ་བླ་མའི་དགོངས་བཞེད་རེད།།དབུ་མ་བླ་མའི་དག་སྣང་མིན།།དབུ་མ་གཉིས་ཕན་རིང་ལུགས་ཡིན།།དབུ་མའི་རིང་ལུགས་རྒྱལ་གྱུར་ཅིག།
དབུ་མ་འཇིག་རྟེན་ཡོངས་ལ་མཁོ།།དབུ་མ་ཆོས་ཀྱི་རྩ་བ་ཡིན།།དབུ་མ་རིགས་ཚོགས་དྲུག་སྙིང་ཡིན།།དབུ་མ་ཉེར་གཅིག་མཐུན་འབྲེལ་ཡིན།།
དབུ་མ་བབ་ལྷིང་བརྟན་པའི་ལུགས།།དབུ་མ་ཉམས་མྱོང་རྒན་པོར་མཁོ།།དབུ་མ་གཞོན་ནུའི་ཤུགས་ལས་ཀྱང་།།དབུ་མ་རྒན་པོའི་ཇུས་དེ་བཟང་།།
དབུ་མ་གཉིས་སྨན་ཀུན་བཟང་ལ།།དབུ་མར་ནང་དགྲ་མ་ཟད་པར།།དབུ་མར་ཕྱི་དགྲ་གཉེན་དུ་བཀུག །དབུ་མ་འཐབ་རྩོད་གཉེན་པོ་མཆོག །
རང་བཙན་སུ་ལ་གླེང་ནའང་འགྲིགས།།རང་བཙན་སུས་ཀྱང་གླེང་ནའང་འ྄ཐུས།།རང་བཙན་ཐོབ་ཐང་ཡིན་དང་ཡིན།།དུས་བསྟུན་འཐབ་རྩོད་ཨེ་ཡིན་ནམ།།
དབུ་མའི་ལམ་ནི་གངས་རི་ཆེན་པོ་ཏི་སེ་དང་འདྲ། གངས་ཆུ་སྔོན་མོ་ཡུལ་གྲུ་ཀུན་ལ་སྨན།
དབུ་མའི་ལམ་ནི་མཐའ་ཡས་སྤང་ལྗོངས་སྔོན་མོ་དང་འདྲ། སྤང་ལྗོངས་མེ་ཏོག་སྒོ་ཕྱུགས་ཀུན་ལ་སྨན།
དབུ་མའི་ལམ་ནི་ཞི་བདེ་རྒྱ་མཚོ་ཆེན་པོ་དང་འདྲ། ཞེ་བདེ་རྒྱ་མཚོ་འགྲོ་བ་ཡོངས་ལ་སྨན།
དབུ་མ་བཤད་ནས་ལོ་ངོ་ཉེར་ཤུ་ཐལ།
དབུ་མ་སྦྱོང་ནས་མི་ལོ་ཉེར་ཤུ་ཐལ།
དབུ་མ་རྩོད་ནས་ལོ་ངོ་ཉེར་ཤུ་ཐལ།
མི་དྲུག་བཅུ་དབུ་མས་རྫོགས་ནས་ཐལ།
དབུ་མས་གཉིས་སྨོན་མི་ཡི་ལོངས་སྤྱོད་མིན།
དབུ་མས་བདེ་སྐྱིད་རྒྱ་བོད་ཐོབ་བྱ་མིན།
དབུ་མས་སྒྱུར་བའི་མི་སེམས་སྟོང་པ་ཡིན།
དབུ་མས་འབྲས་བུ་ནམ་མཁའི་མེ་ཏོག་ཡིན།
མི་རིགས་གནད་ལུགས་ཡིན་ལགས་པས། །ལོ་ངོ་དྲུག་བརྒྱར་རྩོད་ཀྱང་འཐུས།།
བསྟན་འགྲོའི་དོན་དུ་འབྲེལ་ཡོད་པས། །གྲངས་མེད་གསུམ་དུ་འབད་མ་ངལ།།
ཤི་གསོད་ཁྲག་གི་འཁོར་ལོའི་དམག་མི་དགོས། །གཡོ་སྒྱུ་ཁྲམ་གྱིས་སྲིད་དཔལ་བདུད་གཡབ་མེད། །
འཕྲལ་ལ་དཀའ་སྡུག་བཟོད་བསྲན་ཆེ་དགོས་ཀྱང་། །ཕུགས་འདུན་རེ་སྐོང་དབུ་མའི་ལམ་ཉིད་རྒྱལ།།
ཟབ་སྦྱོང་གནས་འདི། ལྷ་ཁང་འདྲ་བོ། ཆོས་ཚོང་ཁང་འདྲ་བོ། ཚོགས་ཁང་འདྲ་བོ། དབུ་མ་འདི། ཆོས་འདྲ་བོ། སྲིད་འདྲ་བོ། མི་འདི་ཚོ། བླ་མ་འདྲ་བོ། སྔགས་པ་འདྲ་བོ། གྲ་བ་འདྲ་བོ། གྲ་ལོག་འདྲ་བོ། སྐྱ་བོ་འདྲ་བོ།
གལ་ཏེ་བློ་ལྡན་མཁས་པས་དགྲ་བོ་དག །རབ་ཏུ་མི་དགའ་བར་ནི་བྱེད་འདོད་ན། །ཚིག་རྩུབ་མི་སྨྲ་རབ་ཏུ་ངག་འཇམ་གྱིས། །དེས་ནི་དེ་ལ་གནོད་པ་ཆེན་པོར་འགྱུར། །
གྲོགས་པོ་ཟླ་བ་ཐར་ཟླ་བྷེ་ལགས་ལ། བཀྲ་ཤིས་བདེ་ལེགས་ཡོད་དཱ ་་་་་་་་་་་་་་