ས་དཀར་བཀྲ་ཤིས།
དེ་རིང་ཕྱི་ཚེས་༢༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༢ཙམ་ལ། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སྤེལ་ལྗམ་རྒྱལ་ས་སྦར་སིལ་གནམ་ཐང་དུ་འབྱོར་སྐབས། སྦར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་གཙོས་དོན་གཅོད་ལས་བྱེད་དང་། སྤེལ་ལྗམ་བོད་རིགས་ཚོགས་པ་གཙོས་ཚོགས་པ་ཁག་གི་སྐུ་ཚབ་རྣམས་དང་བཅས་མི་མང་བརྒྱ་ཕྲག་ལྷག་གིས་ལག་ཏུ་ཁ་བཏགས་བཟུང་སྟེ་ཕེབས་བསུ་གནང་ཡོད་འདུག ཕྱི་དྲོ་ཆུ་ཚོད་༣:༣༠ སྟེང་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་སའི་ཚོགས་ཁང་ཕྱི་རོལ་དུ་སྤེལ་ལྗམ་གནས་སྡོད་བོད་མི་བརྒྱ་ལྷག་གིས་ལག་ཏུ་༼༧གོང་ས་༧སྐྱབས་མགོན་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག དགའ་ལྡན་ཕོ་བྲང་དང་བོད་མིའི་སྒྲིག་འཛུགས་ལ་ངོ་རྒོལ་བྱེད་ཀྱི་མེད། བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་སྲུང་སྐྱོབ་བྱེད་དགོས། སྲིད་དབང་སྒེར་གཅོད་མ་བྱེད། མང་ཚོགས་ཀྱི་འདོད་འདུན་ལ་བརྩི་བཀུར་བྱེད་དགོས། ཁྲིམས་ཀྱི་དབང་སྒྱུར་ལ་སྲུང་སྐྱོབས་དགོས། འཛིན་སྐྱོང་ཕྱི་གསལ་ནང་གསལ་དགོས། སྲིད་སྐྱོང་བློ་བཟང་སེང་གེ་ལ་ངོ་རྒོལ་ཡོད། ད་ལྟའི་བཀའ་ཤག་ལ་ངོ་རྒོལ་ཡོད། བོད་མིའི་ཆིག་སྒྲིལ་གཏོར་བཤིག་མ་གཏོང་
རོགས། དབང་ཆ་ལོག་སྤྱོད་བྱས་མི་ཆོག ང་ཚོ་ལ་ཁྲིམས་ཀྱི་དབང་བསྒྱུར་དགོས་བ་ལས་གང་ཟག་གིས་དབང་བསྒྱུར་མི་དགོས༽་ཅེས་སོགས་བཀོད་པའི་བོད་དབྱིན་སྐད་ཡིག་གཉིས་ཀྱི་སྟེང་བྲིས་པའི་འཕྲེད་དར་བཟུང་སྟེ་སྲིད་སྐྱོང་བློ་བཟང་སེང་གེ་ལ་ངོ་རྒོལ་བྱས་ཡོད་འདུག་ལ།
གཞན་ཡང་སྲིད་སྐྱོང་ལ་ངོ་རྒོལ་གནང་མཁན་བོད་མི་བརྒྱ་དང་སུམ་ཅུ་ལྷག་གིས་སྲིད་སྐྱོང་བློ་བཟང་སེང་གེ་ཡི་བྱས་ཉེས་བཅུ་བགྲང་བའི་མཚན་འཁོད་སྙན་ཞུ་ཞིག་དགའ་ལྡན་ཕོ་བྲང་དང་བཀའ་ཤག་ལྷན་རྒྱས། ཆེས་མཐོ་ཁྲིམས་ཞིབ་ཁང་། བོད་མི་མང་སྤྱི་འཐུས་ལྷན་ཁང་། སྲིད་སྐྱོང་སྐུ་སྒེར་བཅས་ཀྱི་མཚན་ཐོག་ལ་ཕུལ་ཏེ་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་ལས་གནས་ནས་རྩ་དགོངས་ཞུ་དགོས་བའི་འབོད་སྐུལ་གནང་འདུག་ལ། ཁོང་ཚོའི་སྙན་ཞུའི་ནང་དུ་༼ཉེ་ལམ་སྲིད་སྐྱོང་བློ་སེང་གིས་བཀའ་ཤག་ལྷན་རྒྱས་ཀྱི་མཚན་གནས་དང་སྲིད་དབང་སྒེར་གཅོད་ཀྱིས་བྱང་ཨ་རིའི་དོན་གཅོད་སྤེན་པ་ཚེ་རིང་ལགས་རྒྱུ་མཚན་དང་གནས་ལུགས་གང་ཡང་མེད་པར་དོན་གཅོད་ནས་འཕོ་འགྱུར་བཏང་བ་དེར། འཛམ་གླིང་ཡུལ་གྲུར་གང་སར་གནས་སྡོད་མི་མང་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་ཆེད་ལས་འགུལ་དང་ཞུ་སྙན་ལས་འགུལ་རབ་དང་རིམ་པར་སྤེལ་ཡང་། སྲིད་སྐྱོང་དང་བོད་མིའི་སྒྲིག་འཛུགས་བཀའ་ཤག་ངོས་ནས་ཡ་ལན་དང་བདག་སྤྲོད་གང་ཡང་མ་གནང་བ་འདི་ནི། མི་མང་ལ་མཐོང་ཆུང་ཁྱད་གསོད་དང་སྣང་ཆུང་བྱས་པ་ཞིག་ཏུ་ངོས་འཛིན་མི་བྱེད་ཐབས་མེད་དུ་གྱུར་སྟབས། ད་ཆ་སྤྱི་ནོར་༧གོང་ས་མཆོག་གི་མཚན་སྙན་དང་དབུས་བོད་མིའི་སྒྲིག་འཛུགས་ལ་སྤྱི་སེམས་ཅན་གྱི་མི་མང་པོ་ཞིག་གིས་སྲིད་སྐྱོང་བློ་སེང་གི་བཀའ་ཤག་འདི་ལ་ཡིད་ཆད་དང་སེམས་འཚབ་ཅན་དུ་གྱུར་ཡོད་པ་དང་། ལྷག་པར་ཏུ་སྲིད་སྐྱོང་བློ་སེང་གིས་གོ་དབང་སྒེར་སྤྱོད་ཀྱིས་ཁྲིམས་འགལ་བྱས་པ་དང་།
སྒེར་འཁོན་ཞེ་བཅང་གིས་དྲང་བདེན་མིན་པའི་ཐག་གཅོད་གནང་བ་སོགས་བྱས་ཉེས་མང་པོ་ཞིག་ཡོད་ཁོངས་ནས། གཤམ་གསལ་བྱས་ཉེས་ཆེན་པོ་བཅུ་གཞིར་བཟུང་། སྲིད་སྐྱོང་ལས་གནས་ནས་བཟང་སྤྱོད་ཀྱིས་རྩ་དགོངས་ཞུ་དགོས་བའི་འུ་ཐུག་གི་འབོད་སྐུལ་མི་ཞུ་ཐབས་མེད་དུ་གྱུར་ཡོད་པ་བཞིན། འདི་ག་སྤེལ་ལྗམ་ནང་གནས་སྡོད་དྲང་བདེན་དང་དངོས་འབྲས་ལ་རྒྱབ་སྐྱོར་བྱེད་མི་མང་གི་ངོས་ནས་ཀྱང་། སྲིད་སྐྱོང་བློ་བཟང་སེང་གེ་ལགས་མུ་མཐུད་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་བཞུགས་རྒྱུའི་ཆ་རྐྱེན་དང་འོས་བབ་རྩ་ནས་མེད་པ་མཐོང་བ་ལགས་ན། བཙན་བྱོལ་སྒྲིག་འཛུགས་ཀྱི་མཚན་སྙན་སྲུང་སྐྱོབ་དང་། གཞུང་དམངས་ཁ་བྲལ་དུ་མི་གཏོང་ཆེད། སྐུ་ཉིད་ལས་གནས་ནས་རྩ་དགོངས་ཞུ་དགོས་ཀྱི་ཞུ་སྙན་འདི་འབུལ་བཞིན་ཡོད་ལ། ད་དུང་མི་མང་གི་འབོད་སྐུལ་ལ་ཡ་ལན་བདག་སྤྲོད་མ་གནང་བ་ཡིན་ན། སྲིད་སྐྱོང་བློ་སེང་གི་ལས་གནས་དུས་ཡུན་རིང་། འགལ་ཟླ་དང་རྙོག་གླེང་ཇི་ཆགས་ཀྱི་ཐུགས་འགན་ཡོངས་རྫོགས་བཀའ་ཤག་རང་ངོས་ནས་འགན་བཞེས་དགོས་བའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན་ཅེས༽བཀོད་འདུག འདི་ནི་སྤེལ་ལྗམ་ནང་དུ་སྲིད་སྐྱོང་བློ་བཟང་སེང་གེ་ལ་ངོ་རྒོལ་གནང་བ་ཐོག་མ་དང་མི་གྲངས་མང་ཤོས་དེ་ཆགས་ཡོད། རྩ་བའི་བཙན་བྱོལ་སྤྱི་ཚོགས་ནང་སྲིད་སྐྱོང་བློ་བཟང་སེང་གེ་ལ་ངོ་རྒོལ་གྱིས་བདེན་པའི་རྒྱབ་ལངས་ཀྱི་ལས་འགུལ་ཐོག་མ་དེ་ཁ་ན་ཊ་ནས་བྱུང་བ་དང་། དེ་ནས་རིམ་གྱིས་ཨ་རིའི་རྒྱལ་ས་ཝ་ཧྲིན་ཊོན་དང་གྲོང་ཁྱེར་ཉིག་ཡོག རྒྱ་གར་རྡ་རམ་ས་ལ། སིད་སུའི་གནམ་ཐང་བཅས་ནས་ལས་འགུལ་སྤེལ་ཡོད་འདུག
གསར་གནས་མཁོ་སྤྲོད་པ། ས་དཀར་བཀྲ་ཤིས།
སྲིད་སྐྱོང་ལ་རྒྱབ་སྐྱོར་བྱེད་པ་འགྲིག་ཡོད་ཡིན་ཡང་། ནོར་བུ་ངོ་མ་སུ་ཡིན་མིན་ངོ་མ་འཕྲོད་པའམ་མ་ཤེས་པ་དེ་ཐབས་སྡུག་རེད། བློ་སེང་ནོར་བུ་ཡིན་མིན་མ་ཤེས་ཀྱང་གང་ལྟར་ཁོ་རང་སྲིད་སྐྱོང་ཆགས་པ་ནས་བཟུང་བཙན་འབྱོལ་བོད་མིའི་སྤྱི་ཚོགས་ནང་དེ་སྔོན་ནས་མ་མངོན་པའི་བཀྲ་མ་ཤིས་པ་མང་དག་ཞིག་འབྱུང་དང་འབྱུང་བཞིན་འདུག གང་ལྟར་ཕྱི་རྒྱལ་ལ་ཡོད་པའི་བོད་མི་ཚོས་སྲིད་སྐྱོང་དང་བོད་མིའི་སྒྲིག་འཛུགས་ལ་བློ་གཏད་ཀྱི་རྣམ་འགྱུར་མི་འདྲ་བ་ཇི་ལྟར་ཞིག་བལྟོན་ཀྱང་ཁོང་ཚོའི་མདུན་ལམ་དང་སྒེར་གྱི་འཚོ་བའི་ཐོག་དེ་ཙམ་གྱི་ཁྱད་པར་མེད་པ་ལྟ་བུ་རེད། ཡིན་ཡང་རྒྱ་གར་དང་། བལ་ཡུལ། འབྲུག་བཅས་སུ་ཡོད་པའི་བོད་མི་རྣམས་ཉིན་ཞིག་ནོར་བུ་དངོས་༸རྒྱལ་བ་མཆོག་མེད་པ་འགྱུར་དུས་ཚར་བ་རེད། སྐབས་དེ་དུས་བློ་སེང་ནོར་བུ་རེད་བཅས་གཞས་གཏོང་ཀྱང་དེ་ཙམ་གྱི་ཕན་ཐོགས་མེད། ད་ལྟ་ཕྱི་རྒྱལ་ལ་ཡོད་པའི་བོད་རིགས་རྣམས་ཀྱི་བཙན་འབྱོལ་བོད་མིའི་སྤྱི་ཚོགས་དེ་དཀྲུགས་བཞིན་འདུག བློ་སེང་ལ་ངོ་རྒོལ་བྱེད་མཁན་དང་རྒྱབ་སྐྱོར་བྱེད་མཁན་གཉིས་ཀར་དེའི་འཇུག་འབྲས་ཇི་ཐོན་ཀྱང་དེ་ཙམ་གྱི་ཁྱད་པར་མེད། གང་ཡིན་བརྗོད་ན་དེའི་འཇུག་འབྲས་ཀྱི་ཁོང་ཚོའི་འཚོ་བ་དང་མདུན་ལམ་ལ་དོ་ཕོགས་གང་ཡང་འགྲོ་ཡི་མ་རེད། དེ་ནི་གཙོ་བོ་ལུང་ཚན་དང་། ཆོལ་ཁའི་ཞེན་ཁོག སྒེར་ནད་སྤྱི་སྤུངས། སོགས་ལ་འབྱུང་བའི་གནད་དོན་ཞིག་རེད་མ་ཏོག བཙན་འབྱོལ་བོད་མའི་སྒྲིག་འཛུགས་དང་། མ་འོངས་སྲ་བརྟན།
རྩ་དོན་བཅས་ལ་དམིགས་པའི་ལས་དོན་ཞིག་རེད་བསམ་གྱི་མེད། ཕྱི་རྒྱལ་ལ་ཡོད་པའི་བོད་རིགས་རྣམས་ཀྱི་འདྲ་མིན་བཅོ་བརྒྱད་བྱེད། མཐའ་མ་དཀའ་ངལ་ནང་ལྷུང་མཁན་དེ་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་རྣམས་ཡིན། དེའི་ཐོག་བསམ་བློ་ངེས་པར་གཏོང་དགོས་འདུག
བོད་མིས་ བོད་པར་ སྲིད་དབང་ སྒེར་སྤྱོད་ མ་བྱེད་ ཅེས་པའི་འབོད་སྒྲའི་ ལས་འགུལ།
https://www.facebook.com/bhogyalo2018/videos/104079970405930/?hc_ref=ARR9zBPS4Uv61ZddT-1ncJxSgYBFqJofrPbbBLmbT2gBI2J9GK28sTJse6eij082Ntg
སྲིད་སྐྱོང་ལ་ངོ་རྒོལ་བ་འདི་ཚོས། རྒྱ་ནག་གཞུང་དང་ལྷག་དོན་མང་ཆེ་བས། དོལ་ཚོགས་ལ་ངོ་རྒོལ་བྱེད་མྱོང་ཡོད་ཀྱི་མ་རེད། བཙན་བྱོལ་སྒྲིག་འཛུགས་སྲུང་བ་དང་ཤ་ཚ་བ་ནི་དེ་བས་མ་རེད། ཁོ་པ་ཚོས་ངོ་རྒོལ་བྱེད་པ་ནི། ཐོག་མར། ཆོལ་ཞེན་དང་སྒེར་ནད་ལས་བྱུང་བ་དང་། དེ་ནས་གཅིག་གིས་གཅིག་ལ་བརྒྱུད་བསྐུལ་དང་། རྒྱབ་ལངས། འདྲོགས་འགོ་ལངས་པ་རང་རེད།
ལས་འགུལ་འདིས། བོད་ཀྱི་རྩ་དོན་དང་བཙན་བྱོལ་སྒྲིག་འཛུགས། བོད་མི་མཐུན་སྒྲིལ་སོགས་ལ་ཕན་པ་ཆུ་ཐིགས་ཙམ་ཡང་མེད་ལ། དེ་ལས་ལྡོག་སྟེ། དགྲ་དགའ་གཉེན་སྡུག་གི་འཇུག་འབྲས་ཤིག་འཐོན་དང་འཐོན་བཞིན་ཡོད།
ཨ་རི་ལ་ལས་འགུལ་བ་ཚོར་གཅིག་ལྟོས་དང་། ཚོགས་ཟུར་མཆོག་གིས། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་སྐོར་དེ། དོ་དོ་ནན་ཏན་གྱིས། དེ་མི་སྒེར་གྱི་དངུལ་ཁུག་ནང་ཕྱིན་མེད། དོན་གཅོད་གསར་པའི་ས་ཪིན་ལ་བེད་སྤྱོད་བྱས་ཡོད། འོན་ཀྱང་དཀའ་ངལ་དེ། བུན་ལོན་ཡིན་མིན་གྱི་དཀའ་རྙོག་ཅིག་རེད། ཅེས་གསལ་པོར་གསུངས་ཡོད་ཀྱང་། ལྐུགས་པ་ལུག་འདྲ་བ་འདི་ཚོས། ད་དུང་ཨུ་ཚུགས་ཀྱིས། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་ལྐོག་ཟ་བྱས་ཡོད་ཟེར། འདིའི་རིགས་ནི་གཏོར་གཤིག་གི་ལས་འགུལ་རང་རེད།
ཡུལ་དུས་གནས་བབ་དང་མ་འཚམས་པའི་ལས་འགུལ་འདི་རིགས་ཀྱིས། ད་བར་༸གོང་ས་མཆོག་གིས་བཀའ་དྲིན་ལས་བྱུང་བའི། བཙན་བྱོལ་སྒྲིག་འཛུགས་དང་། དེའི་ཆེ་མཐོང་། བོད་མིའི་ངོ་བོ། ༸གོང་ས་མཆོག་གི་མཛད་རྗེས་སོགས་ལ། བརྒྱ་ཆ་བརྒྱ་གནོད་ཀྱི་ཡོད།
མདོར་ན་ལས་འགུལ་འདིར་བསྐུལ་སློང་དང་། ཟ་དང་ཟུར་ནས་དབྱེན་དཀྲུག་བྱེད་མཁན་མི་སྣ་རེ་ཟུང་ཡོད། དེ་ཚོའི་རྒྱབ་ལ་འཐབ་ཕྱོགས་གཅིག་སྒྱུར་པུ་ཡུ་ཡི། ས་འོག་དར་ཐག་ཡོད། ཁོ་ཚོས་ད་བར་བཙན་བྱོལ་སྒྲིག་འཛུགས་ནང་འདྲེ་ལག་སྙོབ་གང་ཐུབ་བྱེད་ཀྱི་ཡོད། དེ་སྔོན་ཡང་ཁོ་ཚོར་གོ་སྐབས་མི་ཉུང་བ་ཐོབ་ཡོད་ལ། ད་ལྟའི་འདི་ཡང་ཁོ་ཚོར་མཚོན་ན་ཆེས་ཐོབ་དཀའ་བའི་གོ་སྐབས་ཤིག་རེད། དེས་ནས་ཚང་མས་གཟབ་དགོས།།
དབུས་བོད་མིའི་སྒྲིགས་འཛུགས་ཀྱི་སྲིད་སྐྱོང་ཡིན་ན་འང་འདྲ་དེསདབུ་འཁྲིད་པའི་བཀའའ་ཤག་དང་། ལས་ཁུངས་ག་གེ་མོ་སུས་ནོར་འཁྲུལ་བཟོས་ཀྱང་། ནོར་བ་ལ་ནོར་འདུག་ཟེར་མི་ཆོག་པ་འདི་ནི་དངོས་གནས་ཡ་མཚན་ཅིག་རེད།
གོང་གི་བསམ་ཚུལ་བ་གཉིས་ཀྱིས་དངོས་ཡོད་རྒྱུ་ཚན་འདྲང་རྒྱུ་མེད་པར་༧གོང་ས་མཆོག་དང་འཐབ་ཕྱོགས་གཅིག་འགྱུར་འཁྲིད་ཡོང་ནས་ཧམ་བཤད་བྱེད་བཞིན་འདུག་ བློ་སེང་ལ་ངོ་རྒོལ་བྱེད་པ་ནི་ཁོ་པ་ཐོག་མར་སྲིད་སྐྱོང་འོས་མིར་ལང་པ་ནས་འུར་གཏམ་ཧམ་བཤད་རྐྱང་རྐྱང་བཤད་པ་དང་སྲིད་སྐྱོང་ཆགས་རྗེས་དབང་ཆ་ལོག་སྤྱོད་རིམ་པ་བྱུང་བ་ཁོ་པ་སྲིད་སྐྱོང་ཚར་རྗེས་ལོག་ས་ཨ་རི་སོང་ཙང་དེ་གར་མ་འོང་པར་ཁོ་པའི་མདུན་ལམ་གཏན་པོ་བཟོ་ཆེད་དང་པོ་རང་ནས་སྔར་བོད་པའི་སྤྱི་ཚོགས་ནང་ལས་ཀ་ལད་ཡོང་མེད་པ་བོད་མི་མང་ཆེ་བས་མིང་ཙམ་ཡང་གོ་མྱོང་མེད་པའི་སྐལ་རྡོར་ཟེ་བ་ཁོ་པའི་གྲོགས་པོ་ནི་ཡོག་སྐུ་ཚབ་ལ་བསྐོས་པ་ནས་ཁོ་པའི་རང་གི་རྒེར་དོན་སྒོ་གཙུག་བློ་སེང་ཁ་ོཔའང་དེ་སྔོན་སྲིད་སྐྱོང་ལ་མ་ལང་གོང་ཁོ་པ་བོད་མིའི་སྤྱི་ཚོགས་ནང་མི་མང་ཆེ་བས་ཁོ་པའི་མིང་ཙམ་ཡང་་གོ་མྱོང་མེད་ད་ལྟ་ཁོ་པའི་བྱེད་ཏང་རིམ་པར་ལྟ་ནས་མི་ཚང་མས་དྲང་གདེན་ལ་བལྟ་ནས་མ་འོང་བོད་མིའི་བདེ་སྡུག་ལ་བསམ་བློ་གཏོང་དགོས་པ་ལས་ཕ་ཡུལ་གཅིག་པའི་ཕྱོགས་ལྷུང་གི་རིམ་ནད་དེ་ཁྱེད་དང་ང་ཚོ་ཚང་མར་འཕན་མི་སྲིད། རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་ཚོ་ཐུགས་འཕྲལ་མི་དགོས་ལ་གཞན་གྱི་གཡོ་བྱུས་འོག་ལ་འང་་གཟབ་དགོས་སྔར་བསྐྱབ་གཅོལ་ལ་བསླེབས་པ་ནས་གཟུང་ད་བར་༧གོང་ས་མཆོག་གི་བཀའ་དྲིན་ལས་སྔོན་གྱི་བོད་མི་བྱས་པ་ཅན་ཚོའི་སྐུ་ལས་བསྐྱོན་པ་ལས་ད་བར་མུས་མཐུད་བོད་མི་སྐྱབ་གཅོལ་བའི་གནད་བབས་ཡར་རྒྱས་འགྲོ་བཞིན་པ་ནི་བློ་སེང་གིས་བཟོས་པ་རྩ་བ་ནས་མ་རེད་ད་ལྟ་༧གོང་ས་མཆོག་གི་རླབས་ཆེན་གྱི་བཀའ་དྲིན་འཚོ་བཞིན་བཞུགས་པའི་སྐབས་འདིར་བློ་སེང་མུ་མཐུད་ལས་ངན་བཟོ་རུ་མ་གཅུག་པར་ཕྱོགས་གཞེན་དང་འཐེན་འཁྱེར་རང་དོན་དོར་ནས་སྤྱི་དོན་འགྲུབ་འཐུབ་མཁན་གྱི་སྐྱེ་བུ་ཞིག་གམ་བུ་མེད་སུ་རུང་ཞིག་བྱུང་ན་ད་ལྟ་ཕྱི་དྲག་མེད། ང་ཚོ་བོད་མིར་མི་ཟད་འཐེབས་མེད་མི་ངན་བློ་སེང་རང་རིགས་ཆོས་དང་སྐད་ཡིག་མི་ཤེས་མཁན་ཁོ་པར་སེམས་ཆགས་དགོས་དོན་གང་ཡང་མེད།
སྒ྄ོར་ས་ཡ་གཅིག་དང་ཕྱེ་་ཀ་ལ་སོགས་པ་དངུལ་དང་འབྲེལ་བའི་ལས་དོན་སྐོར་བློ་སེང་ནས་ཁོ་པའི་གྲོགས་པོ་སྐལ་རྡོར་ལ་བོད་པའི་མིང་འཁྱེར་ནས་སློང་ངོ་བརྒྱབ་པའམ་དོ་དམ་བྱེད་དུ་གཅུག་པ་ལས་གཞན་པ་སུ་ལའང་དབང་ཆ་་མེད་པ་ཅི་ཡིན་ནམ་? བོད་ཀྱི་གྲོལ་ཚོགས་སུ་དྲང་པོ་སྙན་སེང་མི་ཞུ་བ་ཅི་ཡིན་ནམ? ཨ་རིའི་ཁྲིམས་ལ་མི་རྩིས་པར་ལོ་ཤད་རྗེས་སྐབས་དེའི་་བོད་ཀྱི་དབུ་ཁྲིད་དང་བོད་མིའི་མིང་ཆས་ལ་དཀའ་ངལ་འཕྲད་ཀྱི་ཡོད་པར་བསམ་བློ་མི་གཏོང་དགོས་དོན་ཅི་ཡིན་ནམ? ད་ལྟ་བློ་སེང་གིས་མུས་མཐུས་ནས་བོད་ཀྱི་སྲིད་སྐྱོང་གི་ས་ཆ་བཀག་ཏེ་རང་དོན་འགྲུབ་ནས་འགྲོ་སྡད་པར་རྒྱ་ནག་གཞུང་དང་འཐབ་ཕྱ྄ོགས་གཅིག་གྱུར་དགའ་ནས་སྡད་ཡོད་གང་ཡིན་ཟེ་ན་རྒྱ་ནག་ནང་རང་དོན་འགྲུབ་ཆེད་ལྐོག་ཟ་མུས་མཐུས་ཟ་ནས་སྡན་ན་དེ་ཡིས་རྒྱ་ནག་ཐོར་ཤིག་ལ་འགྲོ་བའི་ཉེན་ཁ་ཆེ་ཤོས་ཡིན་སྟབས་ད་ལྟའི་བློ་སེང་གི་བྱེད་ཏང་ལ་རྒྱ་མི་དགའ་བ་མ་ཟད་ཕྱོགས་གཏོག་པ་ཚོར་རྒྱ་མིའི་རྒྱབ་བསྐྱོར་ཡོད་སྲིད་པ་རེད། དོད་རྒྱལ་བར་ཆ་ཞག་ན་༧གོང་ས་མཆོག་དང་ང་ཚོ་བོད་མི་ཚོ་ཧ་ཅང་དཀའ་དྲིན་ཆེན་པོ་རེད་ཁོང་ཚོ་ནི་༧གོང་ས་མཆོག་དང་ང་ཚོར་བོད་མིར་བསྟན་ནས་རྒྱ་མིའི་གླ་ཕོག་རག་གི་ཡོད་ང་ཚོ་མེད་ན་དོད་རྒྱལ་བར་ལས་ཀ་མེད་པས་རྒྱ་མིས་མུས་མཐུད་གླ་ཕོག་སྤྲོད་དགོས་དོན་མེད་བློ་སེང་སྲིད་སྐྱོང་འོས་མིར་ལང་སྐབས་དོད་རྒྱལ་བས་རྒྱབ་བསྐྱོར་བྱས་ཡོད་པས་བོད་མི་བསམ་ཡོད་ཅན་ཚང་མས་རང་མི་རིགས་འདི་རྒྱུན་གནས་ཡོང་ཆེད་ཐུགས་འཇག་འཚལ་བ་ཞུ།
བློ་སངས་ཁྱི་རྐུན་འདི་འདྲའི་འོག་ལ་འདུག་པ་ལས་རྒྱ་གར་རང་གི་མི་གསར བཟོས་ན་ཡག་ཤས་རེད།
བོད་པས་ བོད་མིའི་ སྲིད་སྐྱོང་ལ་ རྒྱབ་སྐྱོར་ བྱས་པའི་ ལས་འགུལ་བརྙན་པར།
་
https://www.facebook.com/tibetinfo.eu/videos/1015793401894079/?hc_ref=ARQ41N5hqG5DuubiLodgDDP5puvIXbSLXeALbbSN5HiSCGAJrqBu6KDP0NsPodQ2Xuw
ད་ང་ཚོ་བོད་པ་ཚང་ག་འདྲ་རེད་ནང་ཁུལ་ངོ་རྒོལ་ལ་མགོ་འཁོར་ནས་སྡོད་རྒྱུ་ཡིན་ནམ་ཁེ་ན་ཌ་ལ་ངོ་རྒོལ་ཨ་རི་ནིའུ་ཡོག་ལ་ངོ་རྒོལ་རྡ་སར་ཞུ་འབོད་ལས་འགུལ་སྦེལ་འཇམ་ལ་ངོ་རྒོལ་ཧཧཧ་ཞི་བའི་མི་མང་ལ་དཀའ་ངལ་མ་སྤྲོད་རོགས་དགྲ་དགའ་གཉེན་སྡུག་མ་བཟོ་རོགས་ནང་ཁུལ་ཆིག་སྒྲིལ་མ་གཏོར་རོགས་རྒྱལ་བའི་དགོང་པ་མ་དཀྲུགས་རོགས་དྲང་བདེན་དགོས་ན་ཁྲིམས་ཁང་ལ་ཕེབས་རོགས་བདེན་པ་རྫུན་པ་ཁྲིམས་ཀྱི་དབྱེ་ཆུ་དང་འོ་མ་རུས་སྦལ་དབྱེ་དཀར་ནག་ལས་འབྲས་ཤིན་རྗེའི་སྟོན་ཟེར་བ་ལ་མངོན་པར་སྟོད་དོ་།
ཉམ་ཆུང་ཡིན་ཡང་ཁ་ཞིག་གྲགས་ན་བསམ་གི། འོ་རེད། ཆོལ་ཁའི་ཕྱོགས་འཐེན་གྱི་འོག་ནས་བློ་སེང་སྲིད་སྐྱོང་ལ་འཕོས་པ་ནས་བཟུང་བོད་མིའི་སྤྱི་ཚོགས་ཁྲོད་བཀྲ་མ་ཤེས་པ་རྐྱང་རྐྱང་ཆགས་སོང་། དེ་འང་དྲང་པོར་བཤད་ན་ད་དུང་བོད་པ་མང་ཆེ་བ་ཞིག་མུན་ནག་དང་མགོ་འཁོར་གྱི་འཇིག་རྟེན་དུ་གཡམ་ནས་ཡོད། སྤྱིར་བློ་སེང་ལ་ཕྱིའི་སྐད་ཡིག་སོགས་འགྲིག་ཐག་ཆོད་ཡོད་ཀྱང་མིའི་སྔོན་དུ་ངོ་ཚ་མེད་པའི་འུར་གཏམ་བཀྲ་མོ་རེ་བཤད་པའི་ངན་ཚུགས་འགོས་ཡོད། ཁོང་གིས་བཤད་པའི་སྐད་ཆ་མང་ཆེ་བར་གནས་ལུགས་དེ་ཙམ་མེད་ཅེས་མནའ་སྐྱེལ་ནས་བཤད་ཀྱང་ཆོག འོན་ཀྱང་བོད་མི་མགོ་འཐོམ་པ་ཚོས་འོས་བསྡུའི་འུར་གཏམ་སྐབས་སུ་ཨ་མ་ཡིན་ཤག་དང་ནུ་མ་ནུ་ཤག་བྱས་པ་རེད། འདི་དག་མཐོང་དུས་སེམས་ནས་སྙིང་རེ་རྗེ་སོང་། འོན་ཀྱང་བྱ་ཐབས་བྲལ། གང་ལྟར་ཆོལ་ཁའི་འཐེན་འཁྱེར་གྱི་རླུང་བུ་སེ་འབྲས་དགེ་གསུམ་གྱི་གླིང་བར་དུ་གཡུག་ཤིང་དགོན་པ་རྣམས་འོས་བསྡུའི་སྐྱག་ཁང་དུ་བསྒྱུར་ནས་བློ་སེང་བཙན་གྱིས་སྲིད་སྐྱོང་དུ་འདམས་ཐོན་བྱུང་བ་རེད། ད་ནི་བློ་སེང་ཁོ་བཟང་ན་འདྲ་ངན་ན་འདྲ་བོད་ཀྱི་སྲིད་སྐྱོང་ཡིན་པར་བསྙོན་ཐབས་མེད་པས་ཁོ་ལ་ངོ་རྒོལ་གྱི་མཚམས་བཞག་ན་ལེགས་སོ། སྤྱིར་བློ་སེང་སྲིད་སྐྱོང་དུ་སླེབས་རྗེས་ཁྲིམས་ལུགས་སྒེར་གཅོད་བྱས་ནས་བོད་མི་མང་པོ་ཞིག་ལ་ཁྱད་གསོད་དང་མཐོང་ཆུང་བྱེད་པ་བདེན་ཡང་། བློ་སེང་ལ་བརྒོལ་བའི་བོད་མི་རྣམས་ཀྱིས་དགྲ་བོ་དགྲ་ནག་ཚང་གི་སྔོན་དུ་གདོང་བ་ཤ་གཟུགས་གྲུབ་པ་ཧ་གོ་བ་བྱེད་ནས་ངོ་ཚ་ཟེར་བའི་ཐ་སྙད་ལ་ལག་འཇུ་བྱེད་རན་འདུག སྲིད་སྐྱོང་ལགས། གངས་སྐྱིད་དུ་ཁང་བརྩེགས་རྒྱ་བསྐྱེད་དང་བློ་སེང་གིས་སྲིད་འཛིན་ཞེས་པའི་མིང་སྐམ་འོག་ནས་མིག་ཤེལ་ནག་པོ་གདོང་བ་འགེབ་བཞིན་ཡོད་ཀྱང་། དོན་ལ་བོད་མིའི་ཆིག་སྒྲིལ་དང་མཐུན་ལམ་གྱི་སྡོང་རྒན་བརྩད་ནས་བཅད་སོང་། བློ་སེང་ཁྱོད་ཀྱིས་བཅད་སོང་། ཁྱོད་ཀྱི་ཕྱོགས་གཏོགས་པ་འགས་བཅད་སོང་། ཁྲིམས་ལུག་སྒེར་གཅོད་བྱས་ནས་བཅད་སོང་། དེ་ཤེས་པ་གྱིས།
ད་དྷ་སིའི་བོད་མིའི་སྒྲིག་འཛུག་ལས་ཁུང་དེ་ཡང་དགོས་ཡག་མི་འདུག སྒོ་རྒྱབ་ན་ཡག་ཤོས་རང་རང་སོ་སོ་སློབ་གྲ་དག་དགོན་པ་ཁག་ཡོད་ན་འགྲིག་འདུག་བཀའ་བློན་སྤྱི་འཐུས་སུ་ཡང་དགོས་མི་འདུག
གང་ལྟར་བློ་སེང་སྲིད་སྐྱོང་ཆགས་པ་ནས་བཟུང་བཙན་འབྱོལ་སྤྱི་ཚོགས་ནང་བཀྲ་མ་ཤིས་པ་ཤིག་ཀྱང་ཀྱང་མ་ཏོག་བཀྲིས་གཏམ་བཟང་ཐོས་པའི་སྐལ་པ་མིན་འདུག ད་ང་ཚོ་བོད་མི་ཚར་འདུག དགྲ་རྒྱ་མིར་ཁ་གཏད་གཅོག་རྒྱུ་ད་ཕར་བཞོག ང་ཚོ་ནང་ཁུལ་རུལ་ནས་ཤི་འགྲབ་འདུག
སྲིད་སྐྱོང་ལས་ཐོག་ལགས་ནས་དོན་ཟུར་སྐལ་རྡོར་སྐབས་་ཌི་སི་རུ་དོན་ཁང་གསར་ཉོའི་ཆེད་བོད་ཀྱི་ཐེབ་རྩ་ནས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་བུན་གཡར་ཡོད་པ་དངོས་འབྲེལ་ཡིན་བཞིན་དུ་སྲིད་སྐྱོང་ནས་ཌོ རོན་བོད་རིགས་མི་མང་ལ་གནང་སྦྱིན་ཡིན་ལུགས་གསལ་
བསྒྲགས་ཅི་ཕྱིར་གནང་བ་རེད་་་་མི་མང་མགོ་བསྐོར་བཏང་བ་མ་རེད་དམ་ སྲིད་སྐྱོང་ནས་དྲང་པོ་གསུངས་བ་རེད་དམ་་་ དོན་ཟུར་སྐལ་རྡོར་ནས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་བུན་གཡར་ཡིག་རིགས་དོན་གསར་ལ་རྩིས་སྤྲོད་མ་གནང་མ་ཟད་དོན་ཁང་རྩིས་ཁྲའི་ནང་སྤྲོད་བསྡད་ཡང་གསལ་མི་དགོས་པ་རྒྱུ་མཚན་ཅི་ཡིན་་་ཐེབ་རྩའི་རྩིས་ཁྲའི་ནང་དུས་ད་ལྟའང་དོན་ཁང་ནས་ཡོང་བསྡད་གསལ་ཡོད་་་དེ་དག་ཨ་རིའི་ཁྲིམས་དང་འགལ་ཡོད་དོ་
ཡག་པོ་རེད་ཡ།་མང་གཙོའང་དམངས་གཙོ།
བེད་སྤྱོད་པ་ལ་དགའ་བསུ་ཞུ།
སྲིད་སྐྱོང་གི་མ་འགྲིག་པ་ལ་མ་འགྲིག་པ་རང་རེད།
མ་འགྲིག་པ་ལ་འགྲིག་མ་སོང་ལབ་མ་ཆོག་ན།
ག་རེ་མང་གཙོ་དང་རང་དབང་སོགས་ཡོད་རེད་ཡ།
དེ་བཞིན་མགོ་ཟམ་གདོང་བླ་རྒན་དེ་ཡིས་མ་འགྲིག་པ་དང་།
ངོ་ཚ་མེད་པའི་ལས་དཀའ་མང་པོ་བྱས་པ་ལ།
ངོ་རྒོལ་གཅིག་ཡང་མེད་པ་དེ་ཡང་ཡ་མཚན་ཞིག་རེད།
དེང་སང་རྒྱ་ནག་ལ་རྒྱུག་ནས་ག་རེ་བྱས་དང་བྱེད་བཞིན་པ།
གསང་བ་དམ་པོས་བྱས་ནས་གང་འདྲ་འདུག
ཧ་ཧ་ཧ་་་་་་རྒྱ་མིའི་རྒྱུག་ཁྱི་མང་དུ་མང་དུ་འགྲོ་བཞིན་འདུག་ཡ།
༄༅། མགོ་སྒུར་མགོ་སྒོར་དམར་པོ་རྒྱ་ལ་མགོ་སྒུར།
སྐྱོན་འཛུགས་སྐྱོན་འཛུགས་རང་གི་ནང་ལ་སྐྱོན་འཛུགས།
མ་གུས་མ་གུས་གཉེན་སྤུན་རྣམས་ལ་མ་གུས།
བསྟོད་དང་བསྟོད་དང་རང་ཡུལ་འཕྲོག་མཁན་བསྟོད་ཅིག།
སྙིང་རྗེ་སྙིང་རྗེ་དགྲ་གཉེན་སུ་ཡིན་མ་ཤེས་པར།