དཔའ་ཆེན་དོན་གྲུབ།
ཕུན་དབང་ལགས་འདས་སོང་པ་རེད། མང་དུ་བཤད་མ་བཤད་མི་འདུག་ཀྱང་། གོང་དུ་ཕུན་དབང་ལགས་ཀྱིས་བོད་ལ་དམག་ཁྲིད་ཡོང་བ་རྒྱ་བོད་ཡིག་ཆ་གཉིས་གར་མི་གསལ་ཞེས་སྤོབས་པས་བཤད་འདུག དང་པོ་རྐྱེན་བཤད་ན་ཕུན་དབང་གིས་བོད་བཅིངས་བཀྲོལ་གཏོང་དགོས་པའི་རེ་འདུན་ཡི་གེ་མའོ་སོགས་ལ་མང་དུ་བསྐུར་དེ་སྐུལ་མ་བཏང་ཡོད།
གཉིས་པ། ཕུན་དབང་གིས་ཆེས་ཐོག་མར་ལི་ཐང་ལ་རྒྱའི་དམར་དམག་ལྔ་བརྒྱ་ཁྲིད་ཡོང་སྟེ་དྲག་པོའི་བཙན་འཛུལ་བྱས་པ་ལོ་རྒྱུས་དཔེ་དེབ་གཞན་དུ་གསལ། ལྷ་སར་དམར་དམག་དང་མཉམ་དུ་ཡོང་དུས་ཆབ་མདོ་མན་ཆད་དྲག་པོའི་བཅིངས་གྲོལ་ཟེར་བ་རེད། དྲག་དམག་གི་བཀོད་འདོམས་པའི་ནང་ཕུན་དབང་ཡོད་རེད། དེ་ལས་གཞན་ལྷ་སར་རྒྱ་དམག་མ་འབྱོར་སྔོན་ཕུན་དབང་ལྷ་སར་འབྱོར་དེ་སྤྲང་རྫུས་ཀྱིས་བསྡད་ཡོད་པའི་བཤད་སྲོལ་དང་མཐོང་མྱོང་ཟེར་མཁན་ཡོད། འདི་ལ་གནད་འགག་ཡོད་ན་ཐང་། བདེན་མིན་མི་ཤེས།
འབའ་པ་ཕུན་དབང་གིས་དབུ་མའི་ལམ་རྩ་ནས་བཤད་མེད། དབུ་མའི་ལམ་གྱི་ཆ་རྐྱེན་དང་པོ་གང་རེད་ཟེར་ན་ཆོལ་གསུམ་གཅིག་ཏུ་སྦྲེལ་བའི་རང་སྐྱོང་རེད། དེ་ལྟ་བུའི་རང་སྐྱོང་དེ་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ལ་འཛུགས་རྒྱུ་དེ་རེད། རྩ་ཁྲིམས་འོག་ལ་མ་རེད། འདི་གཉིས་ལ་ཁྱད་པར་ཡོད་པ་རེད། རྩ་ཁྲིམས་འོག་ལ་ཡིན་ན་ད་ཡོད་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་འགྲོ་དགོས་ཀྱི་ཡོད་པ་མ་རེད། སྒྲོམ་གཞི་འོག་ལ་ཟེར་དགོས་དོན་ད་ཡོད་རྩ་ཁྲིམས་གྱི་ཆ་རྐྱེན་ཁ་ཤས་འོག་ནས་ཆོལ་གསུམ་གཅིག་ཏུ་སྦྲེལ་བའི་མིང་དོན་མཚུངས་པའི་རང་སྐྱོང་གི་ཆ་རྐྱེན་བསྐྲུན་དགོས་ཟེར་གྱི་ཡོད་པ་རེད། འདི་ཕུན་དབང་གིས་ཁས་ལེན་གྱི་མ་རེད། ཕུན་དབང་གིས་གུང་ཁྲན་རིང་ལུགས་ཀྱི་འདྲ་མཉམ་བཤད་པ་རེད། ཡག་པོ་རེད་ཀྱང་འདི་ལ་མི་རིགས་བདག་དབང་(民族主权)འདྲ་མཉམ་གྱི་སྐད་ཆ་ཅི་ཡང་ཡོད་པ་མ་རེད། དེ་སྔ་ཡང་འདི་ཁས་བླངས་ཡོད་པ་མ་རེད། བོད་རིགས་ཏང་ཡོན་ལས་བྱེད་གཞན་ཁག་ཅིག་གིས་འདི་ལྟ་བུའི་བསམ་ཚུལ་འདོན་དུས་ཕུན་དབང་གིས་དགག་པ་རྒྱབ་ཡོད་པ་རེད། དོན་འདི་(བོད་མི་གསར་བརྗེ་བ་ཞིག་)ཞེས་པར་ཡང་གསལ། ཕུན་དབང་རྒྱ་ནག་དམར་ཤོག་ཏུ་འཛུལ་ནས་བཟུང་ཆོལ་ཁ་གསུམ་གཅིག་ཏུ་སྦྲེལ་བའི་རང་སྐྱོང་ཞིག་གླེང་མེད།
དེ་ནས་རྒྱ་བོད་དབར་དབུ་མིའི་ལམ་གྱི་གྲོས་མོལ་མ་ཡོང་བའི་གནད་རྩ་གཅིག་ལོ་རྒྱུས་སྟེང་བོད་རང་བཙན་ཡིན་མིན་དེ་རེད། འདི་ལ་དབུ་མའི་ལམ་གྱིས་སྔ་ཕྱི་བར་གསུམ་དུ་འགྱུར་བ་བཏང་མེད། ད་ལྟ་ཡིན་ནའང་འདས་པའི་བོད་ཀྱི་ལོ་རྒྱུས་དེ་རང་བཙན་ཡིན་པའི་གནས་སྟངས་ལ་འགྱུར་བ་གཏོང་མི་ཐུབ་ཅེས་བཤད་ཡོད། དེ་དང་མཉམ་དུ་རང་བཙན་ཡིན་པའི་དབང་རྟགས་དང་ལོ་རྒྱུས་ཧ་ཅང་མང་པོ་རྩོམ་སྒྲིག་བྱས་ཡོད་པ་རེད། ཁྱབ་རྒྱའང་ཧ་ཅང་ཆེ། དཔེར་ན་རྒྱལ་སྤྱིའི་ཁྲིམས་དོན་ཚོགས་པས་ཁྲིམས་ལུགས་ཀྱི་ངོས་ནས་བོད་ཀྱི་འདས་པའི་གནས་ཚུལ་དེ་རྒྱལ་ཁབ་ཅིག་གི་ཆ་རྐྱེན་ཚང་ཡོད་པར་ཐག་གཅོད་གནང་བ་ལྟ་བུ་ཤིན་ཏུ་མང་ཡང་། སྲིད་བྱུས་འཛིན་ཕྱོགས་ཀྱིས་དེང་ལོ་རྒྱུས་ཀྱི་གནད་དོན་དེ་བསྐྱུར་ཡོད། དཔེར་ན། ལོ་རྒྱུས་ཀྱི་གནད་དོན་དེ་ལོ་རྒྱུས་སྨྲ་བ་ཚོར་བཤད་དུ་བཅུག་ན་ཡག་པོ་ཡོད་གསུང་པ་བཞིན། འདས་པའི་ལོ་རྒྱུས་གང་ཡིན་མིན་ཐད་སྐད་ཆ་མེད་པར་ད་ཡོད་ཀྱི་བོད་ཀྱི་གནས་བབ་གང་འདྲ་ཞིག་ཏུ་གཏོང་རྒྱུ་དེ་གཙོ་གནད་དུ་བཟུང་བ་རེད།
དེ་ནས་གུང་ཁྲན་རིང་ལུགས་ཀྱི་ལྟ་གྲུབ་ནང་མི་རིགས་གྲང་ཉུང་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་དེ་ལུང་རིགས་མང་པོས་སྒྲུབ་དགོས་དོན་ཡོད་པ་མ་རེད། ལེ་ཉིན་ཁོ་རང་གིས་ལག་ལེན་མ་བསྟར་བ་མ་གཏོགས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་ཟེར་ནས་གསལ་བོ་བཤད་བཞག་ཡོད་རེད་ལ། མའོ་ཙེ་ཏུང་གིས་ཀྱང་བཤད་ཡོད་རེད། འོན་ཀྱང་ལག་ལེན་སྒང་ནས་ཡོང་ཐུབ་ཀྱི་མེད་པ་སུས་ཀྱང་མཐོང་བསྡད་ཡོད་རེད་ལ། རྒྱ་ནག་གི་ཤོག་བུའི་ཐོག་གི་གཏན་འབེབས་དང་། ལས་ཀ་ལག་ལེན་ཁ་ཁ་ཡོད་པའང་ཤེས་ཡོད། ཕུན་དབང་གིས་བོད་ནང་ལ་རྒྱ་ནག་གི་ཞིང་ཆེན་གཞན་པ་ཚོ་ལྟར་འདྲ་མཉམ་ཡོང་བའི་ཐད་ཁོས་སྐད་ཆ་བཤད་ཡོད་པ་འདྲ། མདོར་ན་ཕུན་དབང་གི་ལོ་རྒྱུས་གནས་བབ་དེ་ལ་ཕྱོགས་གཉིས་ཡོད་པ་རེད། ལྟ་སྟངས་གཅིག་གི་ངོས་ནས་ཧ་ཅང་ཡག་པོ་དང་ཁས་ལེན་བྱེད་རྒྱུ་དེ་རེད། ཁས་ལེན་འདི་ད་ཡོད་རྒྱ་ནག་གི་སྲིད་ཇུས་འོག་ཁྲིམས་མཐུན་དང་། རྩ་ཁྲིམས་སུ་གང་སྤྲད་ཡོད་པའི་སྤྱི་དམངས་ཀྱི་ཐོབ་ཐང་འདྲ་མཉམ་ལོངས་སུ་སྤྱོད་ཆེད་རེད། བསམ་ཚུལ་འདི་གྲོང་ཁྱེར་ཁག་ན་ཡོད་པའི་བོད་མི་གཞོན་སྐྱེས་ལས་ཞུགས་པ་གསར་པ་དག་ལ་ཡོད། གཉིས་པ་དེ། ཕུན་དབང་བོད་ལ་ལྷག་བསམ་རྣམ་དག་ཡིན་པ་དེ་རེད། ཁོ་བོད་ལ་ལྷག་བསམ་རྣམ་དག་མ་ཡིན་པ་སུས་ཀྱང་ངོས་འཛིན་བྱེད་ཀྱི་མ་རེད། ཁོས་གང་བྱས་པ་ཁོ་རང་ཉིད་ཀྱིས་ཀྱང་བོད་ཀྱི་ཆེད་དུ་ཡིན་པར་བཤད་ཀྱི་ཡོད་པ་རེད། འདི་ལ་ཚང་མས་བརྩི་བཀུར་བྱེད་ཀྱི་རེད། ཡིན་ཡང་། ཁོའི་བྱེད་སྟངས་ཐད་ང་རང་ལ་མཚོན་ན་ཁས་ལེན་མི་ཐུབ་པ་མང་པོ་ཡོད།། །།
ཕུན་དབང་གི་ལོ་རྒྱུས་ནང་དུ་འདི་འདྲ་བྲིས་འདུག
1་་་་་༡༩༣༩ལོར་ཕུན་དབང་གིས་དཀོན་མཆོག་བཀྲ་ཤིས། ངག་དབང་སྐལ་བཟང་། ཤེས་རབ། མ་རྒྱལ་དོན་གྲུབ་ལ་སོགས་པའི་སློབ་ཕྲུག་དང་མཉམ་དུ༼བོད་རིགས་གུང་ཁྲན་རིང་ལུགས་གསར་བརྗེའི་འགུལ་བསྐྱོད་ཚོགས་ཆུང༽བཙུགས་གནང་བ་དང་། ཧྲུའུ་ཅིའི་འགན་བཞེས། དེ་ནས་ཁྲུང་ཆིང་བཅའ་སྡོད་དམག་སྡེ་བརྒྱད་པའི་དོན་གཅོད་ཁང་དང་གསང་བའི་ཐོག་ནས་འབྲེལ་གཏུག་གནང་། ད་དུང་ཚོགས་ཆུང་དེའི་མིང་ཐོག་ནས་སི་ཏའ་ལིན་དང་མའོ་ཙི་ཏུང་ལ་འཕྲིན་ཡིག་བསྐུར།
2་་་་་༡༩༤༢ལོར་ཁོར་གིས་དར་རྩེ་མདོ་རུ༼སྐར་མ་མེའི་ཚོགས་པ༽བཙུགས་གནང་བ་དང་། དེའི་ཁོངས་མི་ལ་ངག་དབང་དང་། ཏའོ་ཏང་། དགྲ་འདུལ། ཚང་ཆོས་གྲགས་སོགས་བྱུང་། དེ་ནས་ཚོགས་པ་དེ་གོ་མིན་ཏང་གི་ཤེས་རྟོགས་བྱུང་རྗེས་ཕུན་དབང་དང་ཏའོ་ཏང་ལྷ་སར་ཕེབས་ནས༼གངས་ལྗོངས་བོད་རིགས་གུང་ཁྲན་རིང་ལུགས་གསར་བརྗེའི་ཚོགས་ཆུང༽བཙུགས། ཁོང་ཚོས་བསོད་ཁང·དབང་ཆེན་དགེ་ལེགས་བཀའ་བློན་བརྒྱུད་ནས་བཀའ་ཤག་སྲིད་གཞུང་ལ་གསར་བརྗེའི་ལས་འགུལ་སྤེལ་དགོས་པའི་རེ་བ་ཞུས་ཀྱང་སྟོང་ཟད་དུ་ཕྱིན།
3་་་་་༡༩༥༠ལོར་ཁོང་བོད་བསྐྱོད་ལྷོ་ལམ་དམག་དཔུང་གི་ཏང་ཨུད་ཧྲུའུ་ཅི་གཞོན་པ་དང་དམངས་འདྲེན་པུའི་པུའུ་ཀྲང་གོ་འགན་བཞེས། ལོ་དེའི་སྤྱི་ཟླ་༡༠པར་བཅིངས་འགྲོལ་དམག་གིས་ཆབ་མདོ་བཟུང་། ཕུན་དབང་གི་གསར་དུ་བཙུགས་པའི༼ཀྲུང་གོ་གུང་ཁྲན་ཏང་ཆབ་མདོའི་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང༽གི་ཀྲུའུ་རེན་གཞོན་པའི་འགན་བཞེས།་་་་་ཞེས་བཀོད་འདུག
རྩོམ་པ་པོ་དཔལ་ཆེན་དོན་གྲུབ་ལགས། ཕུན་དབང་གིས་མའོ་ཙེ་ཏུང་ལ་བོད་བཅིངས་འགྲོལ་གཏོང་དགོས་པའི་ཡི་གེ་བསྐུར་བའི་ཁུངས་སྐྱེལ་སྟོན་རོགས། ང་ཚོ་ལ་དགོས་པ་དེ་རེད། ཕུན་དབང་གིས་ལི་ཐང་ལ་རྒྱ་དམག་ཁྲིད་ཚུལ་རྒྱ་བོད་སུའི་ཡིག་ཆ་ན་ཡོད་ན་དེ་ཡང་སྟོན་རོགས་ལགས།
ཅོ་རི་ཉི་མ་ལགས་ཀྱིས་དྲངས་པའི་ཕུན་དབང་གི་ལོ་རྒྱུས་དེའི་ཡིག་ཆའི་ཁུངས་གསལ་པོར་སྟོན་རོགས། དེ་ནས་ང་ཚོས་ཡིག་ཆ་དེ་ལ་ཡིད་ཆེས་བྱེད་ཆོག་དང་མི་ཆོག་ལྟ་དགོས་པ་དེ་གོམ་སྟབས་གཉིས་པ་རེད། དེ་མིན་པར་ཁྱེད་རང་ལ་དགོངས་གཏེར་འབབ་འབབ་བྱས་པ་ཞིག་ཡིན་ན་བསྒྲུབ་བྱ་ཡིན་པ་མ་གཏོགས་སྒྲུབ་བྱེད་དུ་འགྲོ་ཁག་པོ་རེད།
ཕུན་དབང་གིས་གོ་གནས་འདྲ་མིན་སྣ་ཚོགས་བཞེས་པ་སོགས་ཀྱིས་ཁོང་ལ་ནག་ཉེས་དེ་ཙམ་འཇུག་མི་ཐུབ། སྐབས་དེར་བོད་ཀྱི་བླ་དྲགས་མི་དྲགས་མང་པོར་གོ་གནས་འདྲ་མིན་གྱི་མིང་བཏགས་ཡོད། རྒྱལ་བ་རིན་པོ་ཆེ་ལྟ་བུ་ཡིན་ན་གོ་གནས་འདྲ་མིན་མཐོ་ཤོས་རག་མཁན་དེ་རེད། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་དང་། རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་ཨུ་ཡོན་ཀྲང་སོགས་ཀྱི་གོ་གནས་དེ་ཚོ་༡༩༦༤ལོའི་ཟླ་༡༢་པའི་ཚེས་༡༨ཉིན་བར་དུ་ཡོད་ཡོད་པ་རེད། སྐབས་དེར་བོད་མི་གནད་ཡོད་མང་པོ་ཞིག་གིས་རང་དབང་མེད་པར་གོ་གནས་ལེན་དགོས་ཐུག་པ་རེད། ཁ་ཤས་ནི་མ་བླངས་པ་ལས་བླངས་ན་དྲག་ནས་བླངས་པ་རེད། དེ་ཙམ་གྱིས་ཕུན་དབང་མི་ནག་པོ་ཡིན་པར་སྒྲུབ་ཐུབ་གི་མ་རེད། པཎ་ཆེན་ལྟ་བུ་ཡིན་ན་ཡང་གོ་གནས་བླངས་ཡོད་རེད།
རྒྱལ་གཅེས་དཔའ་བོ་སྟག་སྣ་འཇིགས་མེད་བཟང་པོ་མཆོག་གིས་་བོད་གཞུང་གི་ངོས་ནས་དམག་མི་གྲ་སྒྲིག་ཤུགས་ཆེ་བྱས་པ་མ་ཟད། གོ་མིན་ཏང་གི་སྐུ་ཚབ་ཆ་ཚང་ཕྱིར་ཕུད་བཏང་སོང་། དེ་དག་ཕུད་པའི་ཞོར་ལ་གུང་ཁྲན་ཏང་གི་སོ་པ་དང་གུང་ཁྲན་ཏང་གི་ཕྱོགས་གཏོགས་པའི་མི་དེ་རིགས་ཡོད། གཙོ་བོ་འབའ་བ་ཕུན་ཚོགས་དབང་རྒྱལ་རེད་་་་ཅེས་གསུངས་འདུག
སྤོབས་པ་ལགས་ཕུན་དབང་གིས་མའོ་སོགས་ལ་བོད་བཅིང་གྲོལ་གཏོང་བར་རོགས་ཏན་ཡོང་བའི་ཞུ་སྙན་ཕུལ་ཡོད་པ་ཕུན་དབང་ལ་གསར་བརྗེ་བའི་ཆེ་མཐོང་སྤྲད་པའི་རྒྱའི་གཞུང་ཡིག་ཁ་ཤས་སུ་གསལ་ལ། དེ་བཞིན་གོང་དུ་ཅོ་རི་ཉི་མ་ལགས་ཀྱིས་དྲངས་པའི་ལུང་ཚིག་དེ་དག་གི་ཁུངས་(བོད་མི་གསར་བརྗེ་བ་ཞིག་)ཅེས་པའི་དཔེ་དེབ་དུའང་ཕུན་དབང་རང་ཉིད་ཀྱིས་ཨུ་རུ་སའི་དམར་ཤོག་དང་རྒྱ་ནག་དམར་ཤོག་སོ་སོར་འབྲེལ་བ་བྱས་ཏེ་བོད་བཅིངས་གྲོལ་གཏོང་དགོས་ལུགས་ཀྱི་སྐད་ཆ་དང་ཡི་གེ་མང་དུ་སྤྲད་པར་གསལ། ལྷག་ཏུ་ཁོང་རྒྱ་ནག་ནས་བོད་དུ་ལོག་ནས་བོད་རིགས་གུང་ཁྲན་རྒྱ་ནག་གུང་ཁྲན་གྱི་ཆ་ཤས་སུ་ཟླ་སྒྲིལ་ཐབས་ཤེས་སྣ་དགུའི་རྗེས་དེ་འབྲེལ་རྒྱ་ནག་གུང་ཁྲན་གྱིས་བོད་སྐྱོབ་པའི་རེ་འདུན་མང་དུ་བཏང་ཡོད།
གཉིས་པ་ཐི་ལང་ལ་རྒྱ་དམག་ལྔ་བརྒྱ་ཁྲིད་ཡོང་བའི་རྒྱ་བོད་ཡིག་ཆ་གང་ཡོད་ན་སྟོན་རོགས་གསུངས་པའི་ཐད་ཁ་ཤས་ཡོད་བསམ་ཀྱང་ད་ལྟ་དྲན་པ་ནི་བོད་ཡིག་གི་དེབ་ལི་ཐང་ཨ་ཐར་ནོར་བའི་ལོ་རྒྱུས་དེབ་དེར་ཨ་ཐར་བའི་དངོས་མཐོང་བཤད་ཡོད་པས་དེར་གཟིགས།
གནད་དོན་གཞན་ཞིག་ནི་ད་ཡོད་བོད་ཀྱི་ཉེ་རབས་ལོ་རྒྱས་དཔེ་དེབ་ནང་འབོར་མང་ཉུང་ལྟར་དུ་ཕུན་དབང་ལ་བསྡོམས་རྒྱག་དགོས་པ་ཡིན་ན་ཕུན་དབང་ནི་བོད་ལ་ཤ་ཞེན་ཡོད་པའི་རྒྱ་ནག་གུང་ཁྲན་ཏང་ཡོན་རྣམ་དག་ཅིག་ཡིན་པ་དེ་རེད། འོན་ཀྱང་། ཁོང་གི་བྱེད་ཐབས་ནི་གུང་ཁྲན་རིང་ལུགས་ཀྱི་གཞུང་ལུགས་ཀྱི་འཆར་སྣང་དེའི་སྒང་ནས་བསྐྱོད་པ་རེད།
དེང་བོད་མི་རང་བཙན་སྨྲ་བ་ཁག་ཅིག་གིས་ཕུན་དབང་འདས་པོའི་གང་ནས་ཡོང་བ་མི་གསལ་བའི་མཚན་སྙན་དེ་མ་བཟོད་པར་རང་ཉིད་ཀྱིས་གང་ཞིག་དང་ལེན་བྱས་ཆོག་པ་དང་གང་ཞིག་དགག་དགོས་ཡིན་པའང་གསལ་བོ་བཟོ་གནང་གི་མེད་པས་ཆབ་སྲིད་ཀྱི་ལངས་ཕྱོགས་བཤད་བཞིན་པ་ནི་ཅི་ཡིན་འདི་ཡིན་མེད་པ་ཞིག་རེད་ཁོ་བོས་བསམ།
བོད་ཀྱི་དམར་པོ་འབའ་ཕུན་ལགསདང་། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་རང་བཙན།
འབའ་ཕུན་སྐྱེས་དུས། བོད་དེ་ཆོས་སྲིད་ཟུང་འབྲེལ་གྱི་རང་བཙན་གཙང་མའི་རྒྱལ་ཅིག་རེད། འོནད་ཀྱང་རྒྱ་ནག་ལ་མའོ་སོགས་སྐྱེས་ཚར་བ་དང་། བོད་ནང་ཡང་། ང་ཕོད་འབའ་ཕུན་སོགས་སྐྱེས་ནས། རྒྱ་ནག་ལམ་ལུགས་རྙིང་པ་རྗེས་ལུས་ཅན་དང་། བོད་ཆོས་ལྡན་གྱི་ཞིང་ཁམས་ཡ་རབས་ཀྱང་། དེང་དུས་ཚན་རིག་དང་། ཕྱི་ཡི་ཛམྦུ་གླིང་གི་འགྱུར་འགྲོས་ལ་མཐོང་རྒྱ་ཐོས་རྒྱ་ཁྱོན་ནས་མེད་པས།
རྒྱ་གར་ཨིན་གཞུང་མང་གཙོ་དང་། ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ལ་འགྲམ་ཆུ་ལྡང་ཞིང་། ཨུ་རུ་སུ་དང་མའོ་ཀླ་ཀློ་གླེན་ལྐུགས་སོགས་ཀྱིས་གསར་བརྗེའི་དམར་དམག་གི ལ་རྒྱའི་གཞས་ཚིག་འགྱེར་དུས། བོད་རིགས་ཀླད་མེད་འགའ་ཡང་། རང་གི་ནང་ཆོས་ཐེག་ཆེན་གྱི་ཁ་འདོན་ལས། དམར་པོའི་ཉམས་ཐག་བརྩེ་གདུང་ལ་དུང་བ་སྐྱེས་པའི་ལ་རྒྱའི་གཞས་ཚིག་སོགས་ལ། ཁམས་རིགས་སྤྲང་ཕྲུག་འབའ་ཕུན་སོགས་ལ་ཡང་དེའི་ཤན་ཤུགས་ཀྱིས་དད་མེད་དམར་པོ་དམར་པོར་ཆགས།
རྒྱའི་དམག་བོད་ནང་སྣ་འདྲེན། བར་དུ་དོན་ཚན་བཅུ་བདུན་དང་། མཐར་རང་བཙན་ཤོར། རང་ཉིད་ལོ་མང་བཙན་དུ་ཚུད། རང་རིགས་གཞན་ས་ཡ་གཅིག་དང་གྲངས་ཆུང་གཉིས་ཙམ། དམར་གསོད་དང་། བཙོན་འཇུག་རྡུང་རྡེག་ངང་དང་། རང་ཤི སྡུག་ཤི་མུ་གེས་འོག་ལ་ལྔ་ལམ་དུ་ཤོར།
བདུན་བཅུ་དོན་བཞི་དང་། དོན་དགུའི་མཚམས་ནས་བཙན་བྱོལ་བོད་གཞུང་ནས་ཀྱང་། རང་བཙན་གྱི་རེ་བ་བརླགས་ནས། གཉིས་སྨན་དབུ་མའི་ལམ་ལ་ཕེབས།
འབའ་ཕུན་འཆི་ཁ་མར། ༸གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས་དང་། རང་ཉིད་ཚེ་འདིའི་དམར་པོ་ལས། ལྷག་པ་སྐྱེ་བ་ཕྱི་མ་ནང་པ་ཚད་ལྡན་ཅིག་ཏུ་སྨོན་ལམ་བསྔོ་ཞུ་མ་འཆི་སྔོན་ལ་ཕུལ་བ་འདིས་ཀྱང་གང་མཚོན་ནམ། ལགས། དྲ་གྲོགས་ཚོ།། །།
དེ་རིང་ནི་བོད་རབ་བྱུང་བཅུ་བདུན་པའི་ཤིང་རྟ་ལོའི་ཟླ་བ་གཉིས་པའི་ཚེས་གཉིས་སྟེ་སྤྱི་ལོ་༢༠༡༤ལོའི་ཟླ་༤པའི་ཚེས་༡རེད། དགེ་རྒན་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་སྤྱི་ཟླ་༣པའི་ཚེས་༣༠ཉིན་གྱི་ཞོགས་པའི་ཆུ་ཚོད་བདུན་དང་སྐར་མ་བཅུའི་སྟེང་དུ་སྐུ་གཤེགས་ནས་ཉིན་གསུམ་པ་དེ་རེད། དེ་རིང་སྔ་དྲོར་དགེ་རྒན་གྱི་དྲུང་ཡིག་ནས་ཁ་པར་འབྱོར་སོང་། ཕྱི་དྲོའི་ཆུ་ཚོད་གཉིས་ཙམ་ལ་དགེ་རྒན་གྱི་སྐུ་ཟླ་ཚེ་བརྟན་ལགས་ལ་སེམས་གསོའི་མྱ་ངན་ཞུ་བའི་ཆེད་དུ་དགེ་རྒན་གྱི་ཁྱིམ་དུ་སོང་ནས་དགེ་རྒན་ཕུན་ཚོགས་དབང་རྒྱལ་གྱི་སྐུ་པར་ལ་ཁ་དར་དང་བསྔོ་རྟེན་ཞིག་འབུལ་དུ་སོང་བ་ཡིན། དེ་དང་མཉམ་དུ་ཁ་དར་སེར་པོས་དྲངས་པའི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི༼རྟེན་འབྲེལ་བསྟོད་པ༽ཞེས་ལྷ་སའི་ཞོལ་ཤིང་པར་གྱི་དཔེ་ཆ་སྣ་ཐུང་ཞིག་ཁོང་གི་དགེ་རྩའི་གསུང་རྟེན་དུ་ཕུལ་བ་ཡིན། རྗེ་བླ་མའི༼རྟེན་འབྲེལ་བསྟོད་པ༽ཞིག་འབུལ་དགོས་པའི་རྒྱུ་མཛན་ཅི་ཡིན་སྙམ་ན། དགེ་རྒན་ཕུན་ཚོགས་དབང་རྒྱལ་མཆོག་ཞལ་བཞུགས་དུས་ཁོང་གིས་ནང་པའི་རྟེན་འབྱུང་གི་ལྟ་གྲུབ་ལ་ཐུགས་དགྱེས་ཆེན་པོ་བྱེད་ཀྱིན་འདུག་པའི་རྒྱུ་མཚན་གྱིས་ཕུལ་བ་ཡིན་ནོ། །
དགེ་རྒན་ཕུན་ཚོགས་དབང་རྒྱལ་གྱི་སྐུ་ཟླ་ཚེ་བརྟན་གྱིས་གསུང་དོན། མོ་རང་བུད་མེད་ཅིག་ཡིན་པའི་ཆ་ནས་ཁོང་༼འབའ་བ་ཕུན་ཚོགས་དབང་རྒྱལ།༽ནི་དྲང་བདེན་གྱི་རྒྱལ་མཚན་འཛིན་པའི་སྐྱེས་ཕོ་རབ་ཅིག་གི་སྐུ་ཟླར་གྱུར་པ་ནི་མོའི་བསོད་ནམས་ཆེན་པོ་ཞིག་རེད་བསམ་གྱིན་ཡོད། ཅེས་གསུངས་ཞོར་དུ་མོའི་མིག་ནས་མཆི་མ་ཐེངས་མང་པོར་ཤོར་གྱིན་འདུག སྐུ་ཟླ་ཚེ་བརྟན་གྱིས་ངེད་གཟའ་མི་གཉིས་༼གུས་པའི་བཟའ་ཟླ་སྒྲོལ་མ་འཚོ།༽ལ་དགེ་རྒན་ཕུན་ཚོགས་དབང་རྒྱལ་རྗེས་དྲན་བྱ་བའི་རྟེན་གྱི་ཚུལ་དུ༼ང་དང་གངས་ལྗོངས༽ཞེས་སྟེ། རྒྱ་ཡིག་ཏུ༼我与雪域༽ཞེས་པའི་རྒྱབ་ཤོག་སྔོན་པོ་ཅན་གྱི་དེབ་ཆུང་ཆུང་དཔེ་རྟགས་མེད་པ་ཞིག་གནང་བྱུང་། ཡང་མོས་གསུང་རྒྱུར། དེབ་འདི་ལ་ཁོང་གིས་མཚན་ཐོ་དངོས་དགོད་རྒྱུ་མ་སོང་ནའང་ཁོང་གི་ཐམ་ཀ་རྒྱབ་ཡོད། ཁོང་ལ་རྗེས་དྲན་བྱ་བའི་རྟེན་དུ་ཕུལ་བ་ཡིན། ཞེས་གསུངས་སོ། །
དེབ་འདིའི་རྒྱབ་ཤོག་ནང་མའི་ཤོག་ངོས་གསུམ་པར་རྒྱ་ཡིག་ཏུ། 我为自由失自由,我不自由又自由。ཞེས་འཁོད་ཅིང་། བོད་ཡིག་ཏུ་བསྒྱུར་ན། ༼ངས་ནི་རང་དབང་གི་ཆེད་དུ་རང་དབང་ཤོར། ང་ནི་རང་དབང་མེད་པའི་རང་དབང་ཅན་ཞིག་ཡིན་ནོ། །༽ཞེས་རྒྱ་ཡིག་གི་ཡིག་འབྲུ་བཅུ་བཞི་འདི་བྲིས་འདུག་གོ། །
གུས་པས་འདི་ནས་རེ་སྐུལ་ཞུ་དགོས་པ་ཞིག་ལ། དེབ་འདིའི་ནང་དུ་གུང་ཁྲན་རིང་ལུགས་པ་དང་དངོས་པོ་རྩོད་སྒྲུབ་རིག་པ་སྨྲ་བའི་བོད་པ་ཞིག་གིས་གུང་ཁྲན་ཏང་ལ་གུས་ཞེན་དང་། རྒྱལ་ཁབ་ལ་གཅེས་ཞེན། བོད་ལ་ཤ་ཞེན་ཆེ་བའི་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་གི་མི་ཚེ་གཅིག་རིང་གི་བསམ་བློ་དང་། སྙིང་སྟོབས། ཐབས་ཤེས་སོགས་མདོར་བསྡུས་ཤིག་བྲིས་ཡོད་སྟབས། ༼ང་དང་གངས་ལྗོངས།༽ཞེས་པའི་དེབ་ཆུང་ངུ་དེ་དཔེ་ཀློག་བྱ་བའི་རེ་བ་དང་སྐུལ་མ་ཡང་ནས་ཡང་དུ་ཞུ་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། དགེ་རྒན་ཕུན་ཚོགས་དབང་རྒྱལ་གྱིས། ༼རྒྱལ་ཕམ་གྱི་ལོ་རྒྱུས་གང་འདྲ་ཞིག་ཡིན་ན། དེ་ཚང་མ་ལ་བལྟ་དགོས། རྒྱུ་མཚན་ཅི་ཡིན་སྙམ་ན། དེ་ནི་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་ཡིན་ནོ། །༽ཞེས་རྒྱུན་དུ་གསུང་གྱིན་འདུག་གོ། །
ཞེས་རིག་པའི་ཁུ་བྱུག་ནས་གསུངས་འདུག
གོང་ལ་མང་པོ་ཞིག་གསུང་འདུག་ཅིང་། གང་ལྟར་འབའ་པ་ཕུན་ཚོགས་དབང་རྒྱལ་ནི་བོད་མི་རིགས་ལ་དགའ་ཞེན་ཆེ་ཞིང་། ནམ་ཡང་རྒྱ་དམར་འོག་ཏུ་མགོ་བོ་སྒུར་མྱོང་མེད་པའི་བོད་མི་རིགས་ཀྱི་དཔའ་བོ་ཞིག་ཡིན་པ་འདོད།
ད་མ་བཤད། ང་ཕོད་དང་ཕུན་དབང་གཉིས་གླེང་རིན་ཞིག་མི་འདུག
ང་ཕོད་དང་ཕུན་དབང་བསྡུར་ན་སྤྱི་ལ་བཞག་པའི་བྱས་རྗེས་དང་མི་སྒེར་གྱི་ཤེས་འཇོན་མི་གཤིས་གང་ཐད་ནས་ས་དང་གནམ་རེད།
སྤོབས་པ་མཐའ་ཡས་ཁྱོད་ཀྱི་རང་འདོད་དང་མི་མཐུན་དུས་ཡིག་ཆ་དང་ལོ་རྒྱུས་དེ་དག་ཁུངས་མེད། ཁྱོད་ཀྱི་རང་འདོད་དང་མཐུན་ན་ཁུངས་དག་ལུང་དག་རེད་བ་་་ཧཧཧཧ བྱས་ན་་་གོང་གི་ལོ་རྒྱུས་ནང་དུ་བཤད་པའི་སྐད་ཆ་དེ་དག་ག་རེ་འགྲིག་མི་འདུག་གམ། གཅིག་གསུང་དང་། ཕུན་དབང་གིས་མ་བྱས་པ་ཞིག་བྲིས་འདུག་པེ།་་་ཧཧ
ངོ་མ་བཤད་ན་སྤོབས་མཐའ་ཡས་ཞེས་པ་དེ་མི་ཕྱོགས་ལྷུང་གི་བཅིངས་ལས་མ་ཐར་བའི་ཞན་ཆ་ཆེན་པོ་འདུག།
ངས་གོང་དུ་ང་ཕོད་དང་འབའ་ཕུན་གཉིས་བསྟོད་སྨད་མཉམ་པ་ཡིན་ཟེར་དགོས་དོན་ནི། འགྲིག་ན་འགྲིག་མཉམ་དང་ནོར་ན་ནོར་མཉམ་ཟེར་བ་དེ་ཡིན། འགའ་ཞིག་གིས་དབྱེ་འབྱེད་བྱེད་པ་ནི་ཕྱོགས་ལྷུང་ཙམ་དུ་ཟད་དོ།
སྤོབས་མཐའ་ཡས་ཟེར་བའི་མི་དེའི་མདོག་ཇེ་ངན་དང་ཇེ་ངན་རེད། ཕྱོགས་ལྷུང་གིས་བཟི་བའི་མི་ཞིག་ལ་བདེན་པ་སྨྲ་བའི་ནུས་པ་ཡེ་ནས་མེད་པ་ཡིན།
དཔལ་དོན་ལགས།་་་་ཁྱོད་ཀྱིས་་་༼་རང་བཙན་རྩོད་མཁན་གྱི་མི་ཁག་ཅིག་གིས་འབའ་པ་ཕུན་དབང་གི་མཚན་སྙན་མ་བཟོད་པར་རང་གིས་རང་ཞིག་ལ་ཁས་ལེན་བྱས་ཆོག་པ་དང་། གང་ཞིག་ལ་ཁས་ལེན་བྱ་མི་རུང་པའང་ཤེས་ཀྱི་མེད་པ་འདྲ།༽་་་ཅེས་པ་དང་།
ཡང་ཁྱོད་ཀྱིས་་་་༼དེང་བོད་མི་རང་བཙན་སྨྲ་བ་ཁག་ཅིག་གིས་ཕུན་དབང་འདས་པོའི་གང་ནས་ཡོང་བ་མི་གསལ་བའི་མཚན་སྙན་དེ་མ་བཟོད་པར་རང་ཉིད་ཀྱིས་གང་ཞིག་དང་ལེན་བྱས་ཆོག་པ་དང་གང་ཞིག་དགག་དགོས་ཡིན་པའང་གསལ་བོ་བཟོ་གནང་གི་མེད་པས་ཆབ་སྲིད་ཀྱི་ལངས་ཕྱོགས་བཤད་བཞིན་པ་ནི་ཅི་ཡིན་འདི་ཡིན་མེད་པ་ཞིག་རེད་ཁོ་བོས་བསམ།༽ཞེས་་་ཐེངས་གཉིས་གསུངས་སོང་།
1་་་་རྒྱལ་བཙོང་བ་ཕུན་དབང་ལགས་ལ་སྐད་གྲགས་ཡོད་རེད་མ་གཏོགས་མཚན་སྙན་ཡོད་མ་རེད། མཚན་སྙན་ཟེར་བ་འདི་བྱ་བ་བཟང་པོ་སྒྲུབ་པའི་གང་ཟག་ལ་ཐོབ་ཀྱི་མ་རེད་་་་མ་གཏོགས་རང་ཡུལ་དགྲ་ལག་ཏུ་བཞག་རོགས་ཀྱི་མི་ངན་རྒྱལ་བཙོང་བ་དེ་འདྲ་ལ་མཚན་སྙན་ཟེར་བ་འདི་ཡོང་མི་སྲིད་པ་རེད།
2་་་་་རྒྱལ་བཙོང་བ་ཕུན་དབང་སྐད་གྲགས་ག་ཚོད་ཆེ་ན་ཆེ། དེ་ལ་བཟོད་མི་ཐུབ་པའི་ཞེ་སྡང་ལངས་དགོས་དོན་སྤུ་ཙམ་མེད་པར་དཀོན་མཆོག་གསུམ་པོ་དཔང་དུ་བཙུགས། ང་ལྟ་བུའི་སེམས་ལ་བཟོད་ཐབས་དཀའ་བ་ནི་མགོ་ཏྭ་ལའི་བླ་མ་ནས་བོད་མི་ཉུང་ཤོས་ཤིག་གིས་ཉམ་ཆུང་བོད་མི་དམངས་དམར་གསོད་བཏང་མཁན་གྱི་ལག་དམར་བའི་གྲོགས་པོ་ཕུན་དབང་ལགས་ལ་བོད་མི་རིགས་ཀྱི་ལ་རྒྱ་ཧང་ཅང་ཆེན་པོ་ཡོད་རེད་ཟེར་ནས་བསྟོད་བསྟོད་མཆོད་མཆོད་བྱེད་བཞིན་ཡོད་པ་འདི་ལ་ཡིན།
3་་་་རྒྱ་དམག་བོད་ལ་ཁྲིད་མཁན་གྱི་ཕུན་དབང་ལགས་ཡག་པོ་ཡོད་པར་དངོས་སུ་བཤད་འོང་དུས་ཕུན་དབང་གི་ཁྲིད་ནས་བསླེབས་པའི་རྒྱ་དམག་དེ་དག་གིས་བསད་པའི་བོད་མི་རྣམས་བསད་དགོས་པ་དང་བསད་འོས་པ་ཞིག་ཡིན་པར་ཤུགས་བསྟན་བྱས་པ་རེད། འདི་ནི་བསམ་བློ་ཡང་བཏང་རེ་བཟོས་ན་ཁོང་ཁྲོ་ཡང་ཟ་རེ་འོང་བའི་གནད་དོན་ཞིག་རེད།།
4་་་་་གཞན་པ་་་་་ཕུན་དབང་གི་གནས་དོན་ཐོག་ཏུ་སྐད་ཆ་བཤད་དགོས་པའི་རྒྱུ་མཚན་མེད་ལ་ཇུས་གཏོགས་ཡང་མེད། ཁོ་ཤི་ན་ཤི། གསོན་ན་གསོན། ཁྱད་པ་མེད། རྒད་ནས་ཤི་དགོས་པ་མི་རྟག་པ་པའི་ཆོས་ཉིད་སོང་ཙང་། ང་གུན་ཁྲན་ཏང་ཡོན་ཡིན་ཤི་གི་མིན་ཟེར་ས་དང་། ང་རིན་་པོ་ཆེན་ཡིན་ཤི་གི་མིན་ཟེར་ས་ཡོད་ལེ་མ་རེད་དོ་་་ཧཧཧཧ་་་བཀྲ་ཤིས་བདེ་ལེགས།
ཨོ་་་་སྤོབས་མཐའ་ལགས། སྔོན་མ་ཕུན་དབང་རྒྱ་དམག་དང་མཉམ་དུ་བོད་ལ་དམག་རྒྱབ་མཁན་བསླེབས་སྐབས་སུ་ཕུན་དབང་གིས་བོད་པ་བསད་མེད་པའི་དཔང་རྟགས་ག་རེ་ཡོད་དམ། དཔང་རྟགས་དངོས་སུ་སྟོན་གྱི་ཡོད་པེ། རྟའུ་ལམ་བྱ་ཚང་གི་བླ་མ་ཡང་བོད་མི་རྒྱ་དམག་དང་མཉམ་དུ་འགྲོ་མཁན་བསོད་ནམས་ཕུན་ཚོགས་ཟེར་བ་ཞིག་གིས་བསད་པ་རེད། རྒྱ་དམག་ནང་དུ་འགྲོ་མཁན་གྱི་བོད་མི་དེ་དག་གིས་བོད་པ་མང་པོ་བསད་མྱངས་ཡོད་པར་དངོས་ཡོད་གནས་ཚུལ་ཡིན།། ཐུགས་རྗེ་གཟིགས་་་དཔང་རྟགས་ཡོད་ན་སྟོན་རོགས་བྱོས།།
ས་སྐྱ་པཎྜི་ཏས། ཝ་ནི་ཝ་ཡི་རིགས་ལ་སྡང་།།ཞེས་པ་ཞིག་གསུངས་པ་དེ་ཅོ་རི་ཉི་མ་ལྟ་བུ་ལ་དགོངས་ནས་གསུངས་པར་ངེས། ངས་ཁམས་པའི་ཕོ་རྒོད་ལ་བསྟོད་པ་ཞིག་བྱས་པ་དེ་ལ་ཁ་གཏད་གཅོག་མཁན་ཁམས་པ་ཅོར་ཉི་ལས་སྡུག་ཅིག་མི་འདུག
# 13 བཙན་བྱོལ་བ་་ལགས་ཀྱིས་མཆན་བཏབ་པ།:
April 4th, 2014 at 12:02 PM
ངས་གོང་དུ་ང་ཕོད་དང་འབའ་ཕུན་གཉིས་བསྟོད་སྨད་མཉམ་པ་ཡིན་ཟེར་དགོས་དོན་ནི། འགྲིག་ན་འགྲིག་མཉམ་དང་ནོར་ན་ནོར་མཉམ་ཟེར་བ་དེ་ཡིན། འགའ་ཞིག་གིས་དབྱེ་འབྱེད་བྱེད་པ་ནི་ཕྱོགས་ལྷུང་ཙམ་དུ་ཟད་དོ།
་་་་་་་ 1་་་་རྒྱལ་བཙོང་བ་ཕུན་དབང་ལགས་ལ་སྐད་གྲགས་ཡོད་རེད་མ་གཏོགས་མཚན་སྙན་ཡོད་མ་རེད། མཚན་སྙན་ཟེར་བ་འདི་བྱ་བ་བཟང་པོ་སྒྲུབ་པའི་གང་ཟག་ལ་ཐོབ་ཀྱི་མ་རེད་་་་མ་གཏོགས་རང་ཡུལ་དགྲ་ལག་ཏུ་བཞག་རོགས་ཀྱི་མི་ངན་རྒྱལ་བཙོང་བ་དེ་འདྲ་ལ་མཚན་སྙན་ཟེར་བ་འདི་ཡོང་མི་སྲིད་པ་རེད། ་་་་་་་
༇གོང་ས་མཆོག་གིས་འབའ་ཕུན་ལགས་ལ་བསྟོད་པ་ནི། དངོས་ཡོད་གནས་ཚུལ་རེད། རྒྱབ་སྐྱོར་བརྒྱ་ཐམ་པ་ཡོད།
འོནད་ཀྱང་། ང་ཕོད་དང་འབའ་ཕུན་སོགས་ལ་བོད་དང་བོད་མིར་གནོད་པའི་ཆབ་སྲིད་ནོར་བ་ཡོད་མ་རེད་ཟེར་ན། དེ་ལ་དགག་པ་མཐར་ཕྱིན་བརྒྱབ་ཡ་ལས་ལྷག་ཡོད་མ་རེད་སྙམ་ལགས།
ང་ཕོད་ལ་མི་དགའ། འབའ་ཕུན་ལ་མི་ཞེན། པཎ་ཆེན་ལགས་ཡང་ནོར་འཁྲུལ་བྱུང་ཡོད་རེད་དོ།། །།
ད་ཁྱོད་ཚོས་བཤད་སྟངས་ལ་བལྟས་ན་འཇིག་རྟེན་འདིའི་སྟེང་ལ་ནོར་འཁྲུལ་མེད་པ་གཅིག་ཀྱང་མེད་པ་འདྲ། རང་ལ་བལྟ་བའི་མིག་ཡོད་ན་གཞན་ལ་ལྟ་བའི་མེ་ལོང་དགོས་སོ། ཟེར་བ་རེད་དོ།
ས་སྐྱ་པཎྜི་ཏས། ཝ་ཉིད་ཝ་ཡི་རིགས་ལ་སྡང་། ཞེས་པ་འདི་་་རང་རིགས་ཐོག་ཏུ་གཞན་རིགས་ཀྱི་དམག་ཁྲིད་ནས་འོང་མཁན་དང་རང་རིགས་བསད་མཁན། རང་ཡུལ་དགྲ་ལག་ཏུ་བཞག་མཁན་རྣམས་ལ་ཟེར་ལེ་རེད་མ་གཏོགས་ཅོ་རི་ལ་ཟེར་ལེ་མ་རེད་དོ། ཧཧཧཧ
ཁམས་པས་བྱས་པའི་ནོར་འཁྲུལ་ཡིན་ནའང་འདྲ་་་དབུས་པས་བྱས་པའི་ནོར་འཁྲུལ་ཡིན་ནའང་འདྲ།་་ནོར་འཁྲུལ་ལ་ནོར་འདུག་ཟེར་ནས་ལབ་ཕོད་པའི་དྲང་བདེན་གྱི་སྙིང་སྟོབས་དང་སྤོབས་པ་གཉིས་ཀ་ཡོད། ང་ཕོད་དང་ཕུན་དབང་གཉིས་ལ་ཁྱད་པ་ཅང་མེད། སྔོན་མ་ང་ཕོད་ཤི་དུས་ཀྱང་ད་ལན་དང་གཅིག་པ་བཤད་པ་ཡིན་ནོ།
འདས་པོ་འབའ་ཕུན་ལགས་ཀྱིས། རེ་གཏོད་བྱགས་མའོ་ཙེ་ཏུང་ཁོས་ནི། སྤྱི་ལོ་༡༩༥༠འི་བར། གསར་བརྗེ་དྲང་པོ་བྱས་པ་བརྩིས་ཆོག དེ་ནས་༥༠ ནས་ རེ་ལྔའི་བར། སྨྱོ་མཆོང་དམར་གསོད་ཀྱི་ལས་ཀ་རྐྱང་རྐྱང་གིས། མིི་མང་སྡུག་ཤི་ཐེབས་པར་བཟོས་ཡོད། དེ་ནས་རེ་ལྔ་ ༦༥ ནས། སྡུག་ཤི་མ་ཐེབས་པར། རང་གི་རུལ་སུངས་རྐུབ་བཀྱག་ལ། ཤི་འཐམ་རོ་འཐམ་བྱས་ནས་ཤི་བ་རེད། ཁོའི་རོ་ཁོག་དེ་ག་དུས་སྲེག་ཐུབ་བམ། ལགས།
ཀརྡོ་ལགས། མའོ་མི་རེད་མ་གཏོགས་ལྷ་མ་རེད། ལྷ་ལྟར་བཀུར་དང་བསྟོད་གླུ་ལེན་ན་མི་འགྲིག་ཅེས་སྲིད་འཛིན་ཞིས་ཆིང་ཕིང་གིས་བཤད་སོང་། ད་རིང་ཡང་་་མའོ་གུན་ཁྲན་རིང་ལུགས་པའི་གསར་བརྗེའི་ལས་འགུལ་སྤེལ་སྐབས་མི་སེར་ཉེས་མེད་མང་པོ་དམར་གསོད་དང་དཀའ་ངལ་བཟོས་ཡོད་ཅེས་བཤད་ཀྱི་འདུག གནས་ཚུལ་འདི་དག་བལྟས་ན་མགྱོགས་པོ་མའོ་ཡི་རོ་རོ་ཁང་ནས་བཏོན་དེ་མེ་སྲོག་གཏོང་ས་རེད་བསམ་བསམ་འདྲ་ཞིག་འདུག་ག་་་་་བསམ་ཚུལ་ཙམ་ཡིན།
༧ གོང་ས་མཆོག་གིས་མཚམས་འཕྲིན་ནང་ཕུན་དབང་གིས་རྒྱ་མིའི་ལས་བྱེད་ཁྲིད་ནས་ལྷ་སར་ཡོང་སྐབས་ཞེས་གསུངས་མི་འདུག་གམ། སྐབས་དེ་དུས་ཀྱི་རྒྱའི་ལས་བྱེད་བོད་ལ་དྲག་པོའི་དཔུང་འཇུག་ཏུ་ཡོང་བའི་རྒྱ་དམག་མིན་ན་སུ་རེད།
རྒྱ་དམག་བོད་དུ་ཁྲིད་ཡོང་བ་རེད་ཟེར་བ་དེ་ནི་ཕྱོགས་ལྷུང་གི་སྐད་ཆ་ཞིག་རེད། དུད་འགྲོ་ནང་བཞིན་མི་གང་འདྲ་བྱས་ནས་ཁྲིད་ཡོང་དགོས་རེད་དམ། སྔོན་ཚུད་ནས་བོད་འདི་ཉིད་རྒྱ་ནག་པོས་ཀྱང་བཙན་འཕྲོག་བྱེད་རྩིས་བྱས་པ་རེད་ལ། རྒྱ་དམར་པོས་སྲིད་གཞུང་ཚུགས་པ་དང་བོད་ལ་ལུང་པར་དམག་དྲངས་པ་རེད་དོ།
ཡུལ་སྐོར་སྣེ་ཤན་པ་ཚོས་ཡུལ་སྐོར་བ་ཚོ་དུར་འགྲོ་ཁྲིད་ཁྲིད་བྱས་ནས་འགྲོ་གི་མ་རེད། ལམ་འགག་མ་ཤེས་ན་ལམ་སྟོན་དང་། སྐད་མ་ཤེས་ན་སྐད་སྒྱུར། ལྟོ་མ་རེག་ན་ལྟོ་འཚོལ་རོགས་སོགས་བྱེད་ཀྱི་རེད། དེ་ལ་ཡུལ་སྐོར་བ་ཚོ་ཁྲིད་མཁན་ལབ་ཀྱི་རེད།
དེ་བཞིན་རྒྱ་དམག་བོད་ལ་བསླེབས་དུས་སྐད་སྒྱུར་དང་ལམ་སྟོན་བྱས་མཁན་མི་ལ་རྒྱ་དམག་ཁྲིད་འོང་མཁན་རེད་ཅེས་ལབ་ཀྱི་ཡོད་་་མ་གཏོགས་དུར་འགྲོ་ཁྲིད་ཁྲིད་བྱས་ནས་བསླེབས་པ་རེད་ཅེས་བཤད་མཁན་མི་འདུག་ག
ཆབ་མདོ་ངག་ཕུན་ཁོ། ཅོ་རི་ཉི་མས་གྲགས་གྲགས་གྲགས་གྲགས་མེད་སེ་བཏང་སོང་ཡ། ཧ་ཧ་ཧ།
ཅོ་རིས་བཤད་པ་བདེན། བདེན།
རྒྱ་མི་གུང་ཁྲན་ལོང་བ་མ་རེད། དུད་འགྲོ་ཁྲིད་པ་ནང་བཞིན་བྱེད་དགོས་མ་རེད། སྐད་བསྒྱུར་བ་ཙམ་གྱིས་རྒྱ་མི་ཁྲིད་པ་མཚོན་ཐུབ་ཀྱི་རེད་དམ། འགའ་ཤས་ཀྱིས་ཕུན་དབང་མཆོག་རྒྱལ་ཚོང་པ་རེད་ཟེར། བཤད་སྟངས་དེ་ནི་སྨྱོ་གཏམ་རང་ལས་གཞན་མ་འདས་སོ། ཁོང་ནི་བོད་རིགས་ཡོངས་ཀྱི་དཔའ་བོ་ཁོ་ནའོ། དཔེར་ན་རྒྱལ་ཁབ་ཀྱི་གོ་གནས་ཡོད་མཁན་ཞིག་གི་རྒྱལ་ཁབ་ཀྱི་མིང་འཁུར་ནས་རྒྱལ་ཁབ་ལ་གནོད་གཞི་ཅན་གྱི་ལས་དོན་ངན་པ་ཞིག་བྱས་ན་དེར་རྒྱལ་ཚོང་པ་ཞེས་ཟེར་དགོས་མ་གཏོགས་མི་སེར་ཀྱུས་མ་ཞིག་གི་རྒྱ་མི་མཉམ་དུ་སྐད་བསྒྱུར་བྱས་ནས་ཡོང་བ་ཙམ་གྱིས་རྒྱལ་ཚོང་པ་ཞེས་བརྗོད་ན་བཤད་སྟངས་དེ་ཡང་དག་ཞིག་མ་རེད་འདོད་དོ། གང་ལྟར་མདོ་བསྡུས་ནས་བཤད་ན་ཁོང་ནི་བོད་རིགས་ཀྱི་དཔའ་རྒོད་ཡང་དག་པའོ། དེང་རབས་ཀྱི་གནམ་དཔྱོད་ཡངས་པས་མཁས་པའི་དབང་པོ་ཞིག་ཀྱང་ཡིན་ནོ།
༼ཕུན་དབང་ནི་བོད་རིགས་དཔའ་རྒོད་ངོ་གནོང་མི་དགོས་པ་ཞིག་དང་། རྒྱ་ནག་དམར་གཞུང་འོག་ཏུ་མགོ་བོ་སྒུར་མྱོང་མེད་པའི་རླབས་ཆེན་ཞིག་ཀྱང་ཡིན།༽ ཕུན་དབང་མཆོག་ནི་བོད་རིགས་བདེན་དོན་ཆེད་དུ་ལངས་ཕྱོགས་གཏན་པོ་བཟུང་མཁན་གྱི་རྒྱལ་གཅེས་པ་ཞིག་དང་། དངོས་སྟོབས་རིག་པར་བརྟེན་ནས་ལྐོག་འགྱུར་གྱི་གནས་ཚུལ་མང་པོ་རྟོགས་པའི་མཁས་དབང་ཞིག་ཀྱང་ཡིན། གལ་ཆེ་མི་སྣ་དེ་འདྲ་སྐུ་གཤེགས་པ་བོད་མི་རིགས་ལ་གྱོང་གུད་ཆེན་པོ་ཞིག་ཀྱང་ལོས་ཡིན། ཕུན་དབང་མཆོག་ནི་མཉའ་གནོན་མནར་གཅོད་ཁོ་ན་འོག་ཏུ་འཚར་ལོངས་བྱུང་ཞིང་། དེ་ཡང་ཆུང་དུས་འབའ་ཐང་ལ་གོང་མིན་ཏང་གི་མཉའ་གནོན་དང་མཐོང་ཆུང་འོག་ལ་བོད་མི་རྣམས་བཙན་གནོན་འོག་ཏུ་སྡོད་དགོས་ཀྱི་ཡོད་ཅིང་། དེ་དག་མཐོང་སྐབས་ཕུན་དབང་གི་སེམས་ནང་བཟོད་དཀའ་བའི་ཁོང་ཁྲོ་ལངས་ཀྱི་ཡོད་ཅིང་། བོད་མི་རྣམས་གཞན་གྱི་མནའ་གནོན་འོག་ནས་ཐར་བ་བྱེད་དགོས་སྙམ་པའི་སེམས་ཚོར་ཆེན་པོ་སྐྱེས་ཏེ་རྒྱ་ནག་ལ་སློབ་སྦྱོང་ཕྱིན་པའི་སྐབས་ཀྱང་དམར་ཤོག་དང་འབྲེལ་ཡོད་རབས་བརྗོད་ཕྱིར་འཕུད་བཏང་སྟེ་ཉེན་ཡོལ་ལ་འགྲོ་དགོས་བྱུང་། བོད་དུ་ཡོང་ནས་ཆབ་སྲིད་ལམ་ལུགས་སོགས་ལ་འགྱུར་བ་གཏོང་དགོས་མཐོང་ཡང་རྒྱབ་སྐྱོར་བྱེད་མཁན་མ་རགས་ཙམ་དུ་མ་ཟད་ཕྱིར་འཕུད་བཏང་བ་རེད། རྒྱ་དམག་བོད་ལ་ཐོག་མ་ཡོང་སྐབས་ཀྱང་མཉམ་དུ་ཡོད་ཅིང་བོད་ལ་བཅོས་བསྒྱུར་ཡག་པོ་ཞིག་ཡོང་ན་བསམ་ནས་ཡོང་བ་རེད་ལ། དོན་ཚན་བཅུ་བདུན་འཇོག་སྐབས་ཀྱང་བོད་རྒྱ་གཉིས་ཀའི་མི་སྣ་གལ་ཆེ་ཞིག་ལ་རྩིས་འཇོག་བྱས་ཡོད། ཁོང་གིས་རང་ནུས་ལ་དཔག་པའི་ལས་དོན་ཁག་བསྒྲུབ་ཡོད། འོན་ཀྱང་1957ལོར་རྒྱ་ནག་འགོ་ཁྲིད་འགའ་ཤས་ཀྱིས་ཕུན་དབང་ལ་ནག་ཉེས་འཛུགས་ཏེ། མཐར་བཙོན་དུ་བཅུགས་ནས་མི་ལོ་བཅོ་བརྒྱད་རིང་ལ་མཉའ་གནོན་འོག་ཏུ་སྡོད་དགོས་བྱུང་ཡོད། དེ་ནས་དཀར་འདོན་བྱུང་ནས་བཙོན་གྲོལ་ཐུབ་པ་དང་། རྒྱ་གཞུང་གོ་གནས་ཆེན་པོ་འགའ་སྤྲད་པ་དང་། གྲངས་ཉུང་མི་རིགས་ཁག་གི་མི་རིགས་འདྲ་མཉམ་གྱི་ཐོབ་ཐང་རྩོད་ལེན་བྱས་པའི་དབང་གིས་ཉེས་ཁག་ཕོགས། དེ་ཡང་བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་དབྱིན་ཧྥ་ཐང་སོགས་ཀྱིས་༼བོད་ལྗོངས་ཀྱི་འཐུས་ཚབ་མི་སྣ་གསུམ་༽ལ་སྐྱོན་བརྗོད་དང་འཐབ་རྩོད་དགོས་སྐོར་བརྗོད་ཅིང་། དེ་དག་ནི་ཕྱི་རྒྱལ་ཡོད་པ་ཏཱ་ལའི་དང་། ཏང་གི་ཕྱི་རུ་ཡོད་པའི་པཎ་ཆེན། ཏང་ནང་གི་ཕུན་དབང་གསུམ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད། མཐའ་དོན་ཁོང་དམག་དཔུང་མཉམ་དུ་ཡོང་སྐབས་དང་། གྲོས་མཐུན། བཙོན་ཁང་། བཙོན་གྲོལ་ཐོབ་སྟེ་སྒོ་དབྱེ་ཟེར་བ་སོགས་ཀྱི་སྐབས་བོད་མི་རིགས་ལ་མི་རིགས་འདྲ་མཉམ་གྱི་ཐོབ་ཐང་དགོས་པ་སོགས་ལངས་ཕྱོགས་དེ་འདོར་མེད་པ་དེ་རེད། ལྷག་དོན་ཕྱི་རྒྱལ་མི་སྣས་ཕུན་དབང་ལྟ་སྟངས་ནི། བོད་མི་གསར་བརྗེ་བ་ཞིག་ཅེས་པའི་དེབ་ནང་། ཇོན་ཨ་ཀར་ལའི་ནས། བོད་ནང་དུ་ཕྱི་ལོ་༡༩༣༠ནང་ནས་གནས་ཚུལ་ག་རེ་བྱུང་མིན་ཤེས་པར་མཁོ་གནད་ཆེ་བ་ཞིག་རེད། བློ་ངར་སྐྱེ་བའི་བོད་མིའི་ལོ་རྒྱུས་འདི་ལྟ་བུ་དེ་སྔོན་གཏན་ནས་བྱུང་མྱོང་མེད་ཅེས་དང་། ལོ་ཙཱ་བ་ཆུང་ཚེ་ལགས་ནས། བསྡོམ་ཚིག་འགོད་དོན་ལས། ང་ཚོའི་དཔའ་རྒོད་འདིའི་སྙིང་སྟོབས་ལྕགས་ལས་གྲུབ་ཅིང་། རྣམ་དཔྱོད་མཁའ་ལྟར་ཡངས་པས་ཕམ་ཁའི་ཁྲོད་ནས་རྒྱལ་ཁ་བླངས་ཤིང་། མུན་ནག་ཁྲོད་ནས་འཛམ་གླིང་ལ་གྲགས་པའི་ལྟ་གྲུབ་གསར་པའི་སྒྲོན་མེ་བཙལ་བ་འདི་ཚོ་ཡ་མཚན་དངོས་བྱུང་མིན་ན་གཞན་ཅི་ཡིན། ཞེས་དང་། ཡང་ཁོང་གིས་ཕུན་དབང་ནི་ངོ་གནོང་མི་དགོས་པའི་གངས་ལྗོངས་ཀྱི་དཔའ་རྒོད་ཅིག་དང་། མིང་དོན་མཚུངས་པའི་མར་ལེ་རིང་ལུགས་པ་ཞིག། རྣམ་དཔྱོད་མཆོག་ཏུ་ཡངས་པའི་མཁས་པའི་དབང་པོ་ཡིན་པར་བསྙོན་དུ་མེད་པས། བོད་གངས་ཅན་པའི་ཁྲོད་དུ་སྐྱེ་བོ་འདི་འདྲ་ཞིག་བྱོན་པ་ནི། རང་རེའི་སྤོབས་པ་དང་རྒྱན་རེད། ཅེས་དང་། ལྷག་པར་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལས། དངོས་གནས་དྲང་གནས་མི་རིགས་ཀྱི་དཔའ་བོ་རེད། ཁོང་ལྟ་གྲུབ་ཐོག་ནས་མར་ཁེ་སེའི་ལྟ་གྲུབ་འཛིན་མཁན་རེད། དེ་དང་ཆབས་ཅིག་བོད་མི་རིགས་ཀྱི་རིག་གཞུང་དང་ལར་ཞེན་ཧ་ལས་པ་རེད། བོད་མི་རིགས་ཀྱི་ལར་ཞེན་ཆེ་དྲག་པའི་རྐྱེན་གྱིས་ཕྱིས་སུ་བཙོན་ཁང་དུ་འགྲོ་དགོས་བྱུང་ཡོད་སོགས་ཀྱིས་ཐུགས་སྨོན་མཛད། དེ་བཞིན་བོད་པའི་གསར་ཤོག་ཐོག་མ་འདོན་མཁན་གྱི་རྩོམ་སྒྲིག་པས་ཀ་སྦུག་ཏུ་གསར་ཤོག་མེ་ལོང་ནང་བཀོད་དོན་ལས། བོད་རང་རང་བཙན་ཆེད།། རྒྱ་གཞུང་གསར་རྙིང་དག་ལ།། ངོ་རྒོལ་དྲག་པོ་བྱེད་རྒྱུའི།། མི་རྒན་ང་ཡིད་དུ།། མ་བརྗེད་དེང་བར་དྲན་ནོ། སོགས་ཀྱི་ཡི་རངས་བརྗོད་པ་ལས་རྒྱལ་ཚོང་པ་ཞེསགནད་ཡོད་མི་སྣ་ཁག་གི་གཏན་ནས་བརྗོད་མེད་དོ། དེ་དག་ནི་གསར་འགྱུར་ཁག་ཏུ་ཐོན་པའི་དངོས་ཡོད་གནས་ཚུལ་དང་ལོ་རྒྱུས་ཁག་གཞི་རྩར་གཙོ་བོ་བཟུང་ནས་བྲིས་ཡོད་དོ། ོ
ད་དེ་ཙམ་གྱིས་འགྲིགས་པ་བྱས། ད་དུང་བཤད་དགོས་ན་རྫོགས་རྒྱུ་མེད་ལེ་རེད་ཀོ།
སྐད་སྒྱུར་ཙམ་གྱི་ཅང་ཨེ་ཚོད་ན་་་་་༡༩༥༠ལོར་ཁོང་བོད་བསྐྱོད་ལྷོ་ལམ་དམག་དཔུང་གི་ཏང་ཨུད་ཧྲུའུ་ཅི་གཞོན་པ་དང་དམངས་འདྲེན་པུའི་པུའུ་ཀྲང་གོ་འགན་བཞེས་པ་མ་རེད་པེ། ཕྱོགས་ཞེན་གྱིས་སྐད་ཆ་ཅི་ཙམ་བཤད་ཀྱང་བྱས་ཟིན་པའི་ལས་ཀ་གཙང་མ་ཆགས་འོང་གི་མ་རེད། དངོས་ཡོད་བདེན་པ་ཟེར་བ་འདི་ལ་རྒྱུ་ཆེ་ཆུང་དང་དབང་ཆེ་ཆུང་གིས་མེད་པ་བཟོ་ཐུབ་ལེ་མ་རེད། ་་་་ཧཧཧ ཤོད་ཤོད་་་་ཕ་བསད་བུ་ལ་ཡང་མང་པོ་བཤད་ཀྱི་ཡོད་རེད།
་་་་་་་་་་ དེ་དག་ནི་ཕྱི་རྒྱལ་ཡོད་པ་ཏཱ་ལའི་དང་། ཏང་གི་ཕྱི་རུ་ཡོད་པའི་པཎ་ཆེན། ཏང་ནང་གི་ཕུན་དབང་གསུམ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད། ་་་་་་་་་་
གཙང་མ་ཆགས་མ་ཆགས་ཟེར་བ་སྐབས་དེ་དུས་ཀྱི་དངོས་ཡོད་ལོ་རྒྱུས་ལ་ལྟོས་དང་ཤེས་ཡོང་གི་རེད། རྒྱ་མིས་གོ་མིང་ག་ཚད་བཏང་ཡང་དབང་ཚད་ག་ཚོད་ཡོད་པ་ཤེས་གསལ་རེད་པ། རྒྱ་མིས་གོ་མིང་བཏགས་པ་ཚང་མར་རྒྱལ་ཚོང་པ་ཟེར་རྒྱུ་ཡིན་ནམ། ལེགས་བཤད་ལས། བཟང་ངན་མི་ཤེས་དྲིན་བྱས་བརྗེད།། ངོ་མཚར་གཏམ་ལ་མཚར་མི་འཛིན།། མངོན་སུམ་མཐོང་བ་སླར་ཡང་འདྲི།། ཞུམ་ཞིང་རྗེས་འབྲང་བླུན་པོའི་རྟགས།། ཞེས་པ་ལས་མ་འདས་སོ།
དྲོད་ཆུང་ཁ་ཡིས་དགྲ་བོ་འདུལ།། རྒྱང་ནས་མཐོང་ན་ཅ་ཅོ་འབྱིན།། འཐབ་སར་ཕྲད་ན་ཐལ་མོར་སྦྱོར།། རང་ཁྱིམ་སླེབས་ན་ང་རྒྱལ་སྨྲ།། ཞེས་པ་ལྟར་རེད།
གཙང་མ་ཆགས་མ་ཆགས་ཟེར་བ་སྐབས་དེ་དུས་ཀྱི་དངོས་ཡོད་ལོ་རྒྱུས་ལ་ལྟོས་དང་ཤེས་ཡོང་གི་རེད། རྒྱ་མིས་གོ་མིང་ག་ཚད་བཏང་ཡང་དབང་ཚད་ག་ཚོད་ཡོད་པ་ཤེས་གསལ་རེད་པ། རྒྱ་མིས་གོ་མིང་བཏགས་པ་ཚང་མར་རྒྱལ་ཚོང་པ་ཟེར་རྒྱུ་ཡིན་ནམ། ལེགས་བཤད་ལས། བཟང་ངན་མི་ཤེས་དྲིན་བྱས་བརྗེད།། ངོ་མཚར་གཏམ་ལ་མཚར་མི་འཛིན།། མངོན་སུམ་མཐོང་བ་སླར་ཡང་འདྲི།། ཞུམ་ཞིང་རྗེས་འབྲང་བླུན་པོའི་རྟགས།། ཞེས་པ་ལས་མ་འདས་སོ།
དྲོད་ཆུང་ཁ་ཡིས་དགྲ་བོ་འདུལ།། རྒྱང་ནས་མཐོང་ན་ཅ་ཅོ་འབྱིན།། འཐབ་སར་ཕྲད་ན་ཐལ་མོར་སྦྱོར།། རང་ཁྱིམ་སླེབས་ན་ང་རྒྱལ་སྨྲ།། ཞེས་པ་ལྟར་རེད། ཧཧཧཧཧཧ།
༡༽བོད་ལ་བཀའ་དྲིན་ཆེ་བའི་པཎ་ཆེན་རིན་པོ་སྐུ་ཕྲེང་བཅུ་པ་མཆོག དགུང་གྲངས་ལྔ་བཅུ་ཙམ་ལས་བཞུགས་མ་ཐུབ་པར་སྐུ་སྲོག་དུག་གིས་བཀྲོངས། ༢༽བོད་རིགས་གུང་བྲན་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས། དགུང་གྲངས་གོ་གཉིས་ཙམ་བསྡད།
༣༽ བོད་དབུས་གཙང་གི་སྐུ་དྲག་ལས་བྱེད་དཔའ་མེད་རྡར་མ་ང་ཕོད་ངག་དབང་འཇིགས་མེད་དམ། འཇིགས་ཡོད་ཁོང་། བོད་རིགས་ཚང་མ་སྡུག་བསྔལ་མྱངསདུས་སུ་ཁོ་རང་། མི་ཚེ་ལོ་བརྒྱ་ཙམ་བར། སྐྱིད་པོ་བཏང་ནས་ཤི་བ་འདིས་ཀྱང་། ག་རེ་མཚོན་ཐུབ་བམ། དྲ་གྲོགས་ཚོ། ལགས།
ཡག་གི་དེ་ག་རང་རེད་དཱ།
གོང་ལ་དྲ་གྲོགས་འགས། ཕུན་དབང་གིས་རྒྱ་དམར་བོད་དུ་ཁྲིད་ཡོང་བ་རེད་ཟེར། ཁྲིད་ཡོང་བ་རེད་ཟེར་བ་དང་། མཉམ་དུ་ཡོང་བ་རེད་ཟེར་བས་ཚིག་དེ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པས་མཁྱེན་པར་མཛོད་ཅིག།
རྒྱ་ནག་དང་ཉི་ཧོང་དམག་འཁྲུག་སྐབས་ཉི་ཧོང་པའི་སྐད་བསྒྱུར་རྒྱ་རིགས་ལ་ནང་རུལ་པ་汉奸ཟེར་གྱི་ཡོད། དེ་རྒྱུ་མཚན་གང་ཡིན་ཨེ་ཤེས། རང་གི་རྒྱལ་ཁབ་ལ་གཞན་གྱིས་བཙན་འཛུལ་བྱེད་སྐབས་དགྲ་བོ་ལ་ལ་སྐད་དང་ཟས། ལམ་སྟོན་སོགས་ཕྱི་ནང་གི་མཐུན་འགྱུར་སྦྱོར་མི་ལ་རྒྱལ་ཚོང་བ་དང་ནང་རུལ་བ་ཟེར་གྱི་ཡོད་པ་ཤེས་པར་གྱིས། དེ་ལ་སྐད་བསྒྱུར་ཙམ་ཟེར་བ་ནི་གནད་གང་ཡང་མ་ཤེས་པ་རེད།
རྒྱ་ནག་དང་ཉི་ཧོང་དམག་འཁྲུག་སྐབས་ཉི་ཧོང་པའི་སྐད་བསྒྱུར་རྒྱ་རིགས་ལ་ནང་རུལ་པ་汉奸ཟེར་གྱི་ཡོད། དེ་རྒྱུ་མཚན་གང་ཡིན་ཨེ་ཤེས། རང་གི་རྒྱལ་ཁབ་ལ་གཞན་གྱིས་བཙན་འཛུལ་བྱེད་སྐབས་དགྲ་བོ་ལ་ལ་སྐད་དང་ཟས། ལམ་སྟོན་སོགས་ཕྱི་ནང་གི་མཐུན་འགྱུར་སྦྱོར་མི་ལ་རྒྱལ་ཚོང་བ་དང་ནང་རུལ་བ་ཟེར་གྱི་ཡོད་པ་ཤེས་པར་གྱིས། དེ་ལ་སྐད་བསྒྱུར་ཙམ་ཟེར་བ་ནི་གནད་གང་ཡང་མ་ཤེས་པ་རེད། དེས་ན་ཙམ་སྒྲ་བྲིས་དང་མ་བྲིས་མེད།
ཅོ་རིས་བཤད་པ་བདེན། བདེན།
རྒྱ་དམར་གྱི་གང་བཤད་པ་ཤེས་ཀྱི་ཡོད། རྒྱ་དམར་གྱིས་ད་ལྟ་བར་དུ་རང་གི་འདོད་ཕྱོགས་རྐྱང་ངོ་ཚ་ཁྲེལ་གཞུང་མེད་པ་བཤད་བསྡད་པ་ཤེས་ཀྱི་ཡོད། དེ་དག་ཚང་མ་ཁྱོད་ཀྱི་དྲང་བདེན་བཤད་པར་ངོས་འཛིན་བྱེད་ཀྱི་ཡོད་དམ། ད་ཡིན་ན་ཁྱད་མཚར་བཤད་ཡོང་གི་འདུག ཧཧཧཧཧ།
ནང་རུལ་དང་རྒྱལ་ཚོང་ཞེས་པའི་ཚིག་ལ་ཁྱད་པར་ག་ཚོད་གཅིག་ཡོད་དམ། ཧཧཧ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བས་ཆེ་བསྟོད་ཀྱི་སྒྲུང་འདི་འདྲ་སྤེལ་འདུག
ད་དངོས་ནས་གངས་སྐྱིད་ཀྱི་སྔོན་མའི་བྲོ་བ་དེ་ཉམས་ཀྱི་འདུག དེ་སྔ་ཡིན་ན་ཚིག་རེར་དོན་རེ་ནག་འདེད་བྱས་ཀྱང་གནད་འགག་རྐྱང་ཡོད་པ་རེད།
དམ་པ་ཁོང་གཞོན་དུས་སྐབས་ནས་སྤྱི་ཚོགས་རིང་ལུགས་པ་ཞིག་ཆགས་རྗེས་གུང་ཁྲན་རིང་ལུགས་ཀྱི་འཛིན་སྐྱོང་གཅིག་གི་འོག་ཆོལ་གསུམ་གོང་བུ་གཅིག་བསྒྱུར་ཞིག་ཡོང་ཐུབ་ཚེ་བོད་འདི་འདྲ་མཉམ་གྱི་སྤྱི་ཚོགས་ཤིག་ཏུ་བསྐྲུན་ཐུབ་རྒྱུར་ངེས་པ་གཏིང་གཟབ་བརྙེད་ནས་ངལ་བ་ཁྱད་བསད་ཀྱིས་འབད་བརྩོན་ཧ་ཅང་གནང་ཡོད་ཀྱང་ཕྱི་ལོ་ ༡༩༦༠ ལོར་རྒྱ་ནག་གཞུང་གིས་ཁོང་ལ་བོད་རིགས་ཀྱི་རྒྱལ་ཞེན་གོང་འཕེལ་གཏོང་རྒྱུར་བརྒྱུད་སྐུལ་བྱས་པར་བསྙེད་དེ་ལོ་ ༡༨ བཙོན་འཇུག་བྱས་ཡོད། དཀའ་ངལ་དེ་ལྟར་མྱངས་རྗེས་སུའང་འབའ་པ་ཕུན་དབང་གིས་རྒྱ་ནག་གུན་ཁྲན་ཏང་གི་སྲིད་གཞུང་ལ་དགག་པ་རྒྱག་མཁན་གཙོ་བོ་ཞིག་ཡིན་པ་མ་ཟད། རྒྱ་ནག་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དེར་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་ཞིག་ཀྱང་ཡིན། ཕྱིས་སུ་ཏེང་ཞའོ་ཕིང་གིས་སྲིད་བྱུས་གུ་ཡངས་སྐབས་དམ་པ་ཁོང་བཙོན་ནས་གློད་བཀྲོལ་བཏང་སྟེ་གུན་ཁྲན་ཏང་གི་གོ་གནས་ཀྱང་ཕྱིར་ལོག་བྱས་ཡོད།
ཨོ་ད་ངས་ཅང་མི་ཤེས། དྲི་བ་ཡོད་ན་འདྲ། དགག་པ་ཡོད་ན་འདྲ། ཟམ་གདོང་སྤྲུལ་སྐུ་དང་རྒཱལ་བ་རིན་པོ་ཆོ་གཉིས་ལ་ཤོད། ང་ལ་སྡུག་ཡུས་བཤད་ནས་ཅང་ཕན་ལེ་མ་རེད།