ལྷ་སྡེ་གནམ་ལོ་ཡག
བོད་བཙན་པོའི་རྒྱལ་རབས་བགྲོ་གླེང་མཇུག་ཏུ་མཆན་ཞིག་བྲིས་པ་ཡིན་མོད། རིང་དྲགས་ནས་འགོད་ཐུབ་མ་སོང་བས། ཐད་ཀར་རྩོམ་སྒྲིག་པར་སྐྱབས་འཇུག་ཞུ་དགོས་ཐུག་པ་རེད། ཚང་མས་འདི་ལྟར་ཆ་ཤས་བླངས་ཡོང་ན་གཞི་ནས་ལོ་རྒྱུས་ངོ་མ་དེ་བརྙེད་ཀྱི་རེད། རེ་བ་ཡིན་ན་སྤོབས་པ་ལགས་ཀྱིས་བཙན་པོའི་སྐབས་ཀྱི་སངས་རྒྱས་ཆོས་ལུགས་པའི་སྐོར་ལ་དཔྱད་རྩོམ་ཞིག་འབྲི་གནང་ཡོད་པ་ཞུ།
དེ་མིན་བོན་གྱི་སྐོར་ནས་སླར་ཡང་ངས་ཀློག་མྱོང་བའི་ལོ་རྒྱུས་ཁག་རོབ་ཙམ་ཞུ་གི་ཡིན། ལྷན་རྒྱས་ནས་དག་སེལ་དང་ལམ་སྟོན་གནང་རོགས། བོན་ནི་བརྡ་རྙིང་སྟེ། བཟླ་ཞེས་པའི་དོན་རེད། ག་རེ་བཟླ་བཞིན་ཡོད་དམ་ཞེ་ན། མཆོད་འབུལ་གནང་སྐབས་བསྔོ་བ་སྨོན་ལམ་མམ་སྔགས་དེ་འདྲ་བགྲངས་ཀྱིན་པས་རེད། ཡང་ཅིག་བཤད་ན། བོན་ཆོས་ནི་བོད་ཀྱི་ཆོས་ལུགས་ལོ་རྒྱུས་ཀྱི་བྱེ་བྲག་ཅིག་ཡིན་པར་མ་ཟད། རིག་གཞུང་ལོ་རྒྱུས་ཀྱི་རྩ་བའང་རེད། བོན་ནི་གདོལ་བོན་དང་འཁྱར་བོན། གཡུང་དྲུང་བོན་བཅས་རིམ་པ་གསུམ་གྱི་འཕེལ་འགྱུར་བརྒྱུད་ཡོད་པ་ཞིག་རེད་ལ། གདོད་མའི་མི་རྣམས་ཀྱིས་རང་བྱུང་ཁམས་ལ་དད་པའམ། སྐྱིད་སྡུག་མཐའ་དག་རང་བྱུང་ཁམས་ཀྱིས་བསྐྲུན་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་པའི་རྨང་གཞིའི་སྟེང་ནས་གདོལ་བོན་གྲུབ་པ་ཞིག་རེད། དེ་ལ་འཁྱར་བོན་ཏེ། ཕྱི་འོངས་ཀྱི་རིགས་འདྲ་བའི་ཆོས་ལུགས་ཤིག་གི་ཤུགས་རྐྱེན་ཡང་ཐེབས་མྱོང་སྟེ། ༼གནམ་རྒན་མ༽ཞེས་པར་སྐྱབས་སུ་འགྲོ་བའི་ལྟ་སྟངས་འདིའི་འབྱུང་ཁུངས་དང་ཧ་ལམ་དམར་མཆོད་ཀྱང་སྐབས་དེ་ཤེད་ནས་བྱུང་ཡོད་པ་འདྲ། གང་ལྟར་སྐབས་དེ་ནས་བརྒྱུད་འོངས་པའི་གཏམ་དཔེ་ཞིག་སྟེ། ༼མགོ་ནག་སྐྱིད་སྡུག་གནམ་གྱི་ལག ཉལ་ས་དྲོན་པོ་རང་གི་ལག༽ཅེས་པ་འདི་རེད་ལ། ལྟ་སྟངས་འདི་ཧ་ལམ་ཡི་ཤུའི་ཆོས་ལུགས་སུ་གཙོ་བོར་བཟུང་བའི་༼དཀོན་མཆོག༽གི་བྱུང་བར་འབྲེལ་བ་ཆགས་ཡོད་པ་འདྲ། ཡིན་ནའང་། མུ་མཐུད་ནས་དཔྱད་དགོས།
གང་ལྟར་སྟོན་གཤེན་རབ་བྱོན་པ་ནས་བོན་ལ་བསྒྱུར་བཅོས་ཆེན་པོ་ཞིག་གནང་ཡོད་དེ། གཅིག་ནས་དམར་མཆོད་ཀྱི་ཚབ་ཏུ་གཏོར་མཆོད་གནང་ཡོད་པ་དང་། གཉིས་ནས་བོན་ཆོས་སྒོ་བཞི་མཛོད་ལྔ་ནང་བསྡུས་ནས་གཞུང་ལུགས་ཅན་དུ་བསྐྲུན་ཡོད་པས། གཡུང་དྲུང་བོན་ཞེས་སྔར་གྱི་འདས་མཆོད་ལ་བསྔོ་སྨོན་བཟླ་བ་དང་གཤེད་འདུལ་བ། ལྷ་འབེབས་པ་དང་མོ་རྒྱག་པ། སྨན་སྤྲད་པའི་རིམ་པ་ནས་ཆེས་ཆེར་འཕེལ་ཡོད། ལྷ་ས་ནས་ཐོན་པའི་ཆུ་ཀོང་རིག་དངོས་ནང་དུ་སྔར་ལོ་ངོ་བཞི་སྟོང་ནས་ལྔ་སྟོང་ཡར་སྔོན་བཀོལ་བའི་འདས་མཆོད་ཀྱི་རྡོ་སྟེགས་དྲུག་ལྷག་བརྙེད་ཡོད། འདི་དག་ནི་བོན་ལ་ཞིབ་འཇུག་བྱེད་པའི་རིག་དངོས་ཀྱི་གྲས་ཡིན།
གཡུང་དྲུང་བོན་གྱི་བསྒྱུར་བཅོས་གཉིས་པ་ནི་དུས་རབས་བཅུ་བའི་ནང་གཤེན་ཆེན་ཀླུ་དགའ་ནས་གནང་ཡོད་ཅིང་། གཡུང་དྲུང་བོན་གྱི་བསྟན་པ་འཆད་རྩོད་རྩོམ་ཅན་དུ་བསྒྱུར་ཡོད་པས། སངས་རྒྱས་ཆོས་ལུགས་ལས་ཆ་བ་ཆོས་ཀྱི་སེང་གེ་ཡིས་བསྡུས་གྲྭའི་སྲོལ་བཏོད་པ་དང་ཧ་ལམ་དུས་མཉམ་རེད། དེ་མཚུངས་སུ་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་བཀའ་བསྟན་ནི་དུས་རབས་བརྒྱད་པའི་འགྱུར་གྱི་རྨང་གཞིའི་ཐོག་དུས་རབས་བཅུ་གསུམ་ནང་རིམ་པས་རྩོམ་སྒྲིག་གནང་བ་ཞིག་དང་། བོན་གྱི་བཀའ་བསྟན་ནི་དུས་རབས་བཅོ་བརྒྱད་པ་ནས་རིམ་པས་གྲུབ་པ་ཞིག་རེད། ཕན་ཚུན་བར་འབྲེལ་བ་ཅི་ཡོད་ཞིབ་འཇུག་བྱེད་མྱོང་མེད།
གཡུང་དྲུང་བོན་དུས་རིམ་གསུམ་ལ་བརྒྱུད་ཡོད་ཚུལ་ལོ་རྒྱུས་ཁག་ཏུ་གསལ་འདུག སྟོན་པ་གཤེན་རབ་མཆོག་ནས་གྲི་གུམ་བཙན་པོའི་བར་དུ་བསྟན་པ་སྔ་དར་དང་། པུ་དེ་གོང་རྒྱལ་ནས་ཁྲི་སྲོང་སྡེ་བཙན་བར་དུ་བསྟན་པ་བར་དར། དུས་རབས་བཅུ་བ་ནས་བསྟན་པ་ཕྱི་དར་འབོད། ཡིན་ནའང་། བོད་རང་ས་ལ་གཞིགས་ན། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་ནས་བསྟན་པ་ཡང་དར་ཞེས་ཁ་སྣོན་བྱེད་ཆོག་པར་སྣང་།
གང་ལྟར་དུས་རིམ་རེ་རེ་ནི་ཆག་འཇིག་བརྒལ་བའི་ལོ་རྒྱུས་ཀྱི་ཤོག་ལྷེ་རེ་རེ་ཡིན་པའང་གསལ་བོ་རེད། གྲི་གུམ་བཙན་པོས་གཤེན་བླ་ཚོས་སྲིད་ལ་ཐེབས་ཀྱིན་པའི་དབང་ཤུགས་ལ་འགྱུར་བཏང་ཡོད་པས། རང་བཞིན་གྱིས་ཕོ་བྲང་ནང་གི་གཡུང་དྲུང་བོན་ཆོས་ཀྱང་འཇིག་ཉེན་ལ་འཕྲད་པས། ཆོས་དཔེ་དང་མཆོད་ཆ་གཏེར་དུ་སྦས་པའི་སྲོལ་ཕྱེ་འདུག དེ་བས། སྔ་འགྱུར་རྙིང་མ་བས་ཀྱང་སྲོལ་འདི་བརྒྱུད་འཛིན་གནང་བ་ཞིག་རེད། ཁྲི་སྲོང་ལྡེ་བཙན་གྱིས་བན་བོན་རྩོད་པ་བརྒྱུད་ནས་གདམ་ག་གནང་བའི་སྲིད་བྱུས་ལག་བསྟར་གནང་བས། མཐར་བོན་ཕམ་བན་རྒྱལ་གྱི་ལམ་ནས་བོན་ཆོས་བསྣུབས་འགོ་ཚུགས་པ་ཞིག་རེད། ད་དུང་དགའ་ལྡན་ཕོ་བྲང་གིས་མདོ་ཁམས་ཕྱོགས་སུ་དམག་དྲངས་སྐབས། ཁམས་བེ་རི་རྒྱལ་པོ་རྩ་མེད་བཏང་ཡོད། བེ་རི་རྒྱལ་པོ་ནི་མདོ་ཁམས་ཕྱོགས་ནས་བོན་ལ་དད་མཁན་གྱི་སྟོབས་ཤུགས་ཆེ་ཤོས་གྲས་ཡིན། ད་དུང་གཡུང་དྲུང་ལྷ་སྟེང་དགོན་བཅོམ་ཚུལ་ཡང་དགའ་ལྡན་ཕོ་བྲང་ལ་བརྒྱུད་འབྲེལ་བྱུང་ཡོད།
ད་བོན་དགོན་ཐད་ནས་བཤད་ན། དགོན་ཆེན་ཙམ་མ་ཟད། མཚམས་ཁང་ལྟ་བུ་ཆུང་ཆུང་སོགས་ལའང་དགོན་པ་ཟེར་གྱི་འདུག དགོན་ཆེན་མང་ཆེ་བ་རིམ་པས་ས་དགེ་ཀར་རྙིང་དགེ་ལུགས་སོགས་ལ་བསྒྱུར་ཡོད་པས། བོན་དགོན་རྦད་དེ་སངས་རྒྱས་ཆོས་ལུགས་ཀྱི་དགོན་པར་གྱུར་འདུག ཡིན་ནའང་། མཐའ་མཚམས་ཡུལ་ལུང་ཁག་ཏུ་མུ་མཐུད་ནས་དར་སྤེལ་བཏང་ཡོད་པའང་གསལ་བོ་རེད། དཔེར་ན། ཕྱི་ལོ ༡༩༥༩ལོའི་ཡར་སྔོན་དུ་བོད་ཁམས་ཡོངས་སུ་བོན་དགོན་ཧ་ལམ ༡༧༠ལྷག་དང་གྲྭ་བ ༨༦༠༠འདུག དེའི་ཁྲོད་དུ་ད་ལྟའི་བོད་རང་སྐྱོང་ལྗོངས་སུ་བོན་དགོན ༢༠དང་གྲྭ་བ ༢༥༠༠ མཚོ་སྔོན་དུ་བོན་དགོན ༡༥དང་གྲྭ་བ ༣༤༠ ཀན་ལྷོ་སོགས་སུ་ནང་བོན་དགོན ༧དང་གྲྭ་བ ༡༢༠ རྔ་བའི་ནང་བོན་དགོན ༦༢དང་གྲྭ་བ ༢༨༠༠ དཀར་མཛེས་ནང་བོན་དགོན་༦༤དང་གྲྭ་བ ༢༦༧༡ ཡུན་ནན་བདེ་ཆེན་སོགས་སུ་བོན་དགོན་ ༥དང་གྲྭ་བ ༧༠ ད་དུང་མུ་ལེ་ནང་གྲྭ་བ ༤༠འདུག་ཅེས་སྡེ་རོང་ཚེ་རིང་དོན་གྲུབ་ཀྱི་ལོ་རྒྱུས་བརྩམས་ཆོས་ནང་བཀོད་འདུག
གྲགས་ཆེ་བའི་བོན་དགོན་འགའ་དྲངས་ན་འདི་ལྟ་སྟེ། མཛོད་དགེ་རྒུད་སྐྱོང་དགོན། ནག་ཆུ་གཡུང་དྲུང་གླིང་། ཆུ་ཆེན་གཡུང་དྲུང་ལྷ་སྟེང་དགོན། སྡེ་དགེ་སྟེང་ཆེན་དགོན། གཞིས་རྩེ་རུ་ལག་གཡུང་དྲུང་གླིང་། ཀོང་པོ་འཇམ་དབྱངས་གངས་ཆོས། གཞིས་རྩེ་སྨན་རི་གླིང་། ཆབ་མདོ་བརྩོན་འགྲུས་དགོན་སོགས་གྲགས་ཆེ་བའི་གྲས་རེད། དེང་ཕྱིན་བོད་ནང་འགྲོ་ཐུབ་མཁན་ཡོད་ན་དངོས་སུ་ས་གནས་རེ་རེའམ། བྱེ་བྲག་རེ་རེར་བསྐྱོད་ནས་རྒྱུས་ལོན་འོས་པ་ཞིག་རེད།
འབྲི་མཚམས་འདིར་སླེབས་སྐབས། དོན་དག་གསར་བ་ཞིག་གསལ་ཡོང་གི་འདུག རྒྱའི་ཡིག་ཚང་ནང་བོད་སིལ་བུར་འཐོར་སྐབས་ཀྱི་འབངས་གྱེན་ལངས་འབྲི་སྐབས། འབངས་གྱེན་ལངས་ཀྱི་གྲུབ་ཆའི་ནང་དུ་གཡུང་མི་མང་ཚུལ་དང་། གཡུང་མི་ནི་གཡོག་པོའི་གྲས་ཡིན་ཚུལ་བཀོད་འདུག ད་ལྟ་འདི་ལྟར་ལྟ་སྐབས། གཡུང་དྲུང་བོན་ལ་དད་མཁན་ཚོར་གཡུང་མི་ཞེས་མིང་བཏགས་ཡོད་པ་འདྲ། དེའང་རྒྱ་ནག་གི་ལོ་རྒྱུས་འབྲི་མཁན་ཚོས་ཚུར་བཏགས་པའི་མིང་ཞིག་ཡིན་སྲིད།
ད་ཚང་མས་ཁ་སྣོན་དང་དག་སེལ་གནང་རོགས། ངས་ལོ་རྒྱུས་ངོ་མ་ཞིག་བརྙེད་སླད་འབྲི་གི་ཡོད་མ་གཏོགས་ཆོས་ལུགས་ཀྱི་འགལ་བ་སོགས་སློང་ཆེད་འབྲི་གི་མེད།
ལྷ་གནམ་གྱིས་སྤོབས་མཐར་དྲི་བ་ཁག་ནང་དུ་ཁ་ཤས་ཞིག་ལ་གསལ་བཤད་བྱེད་འདོད་བྱུང།
མ་གཞི་ནས་ལོ་རྒྱུས་ལ་འབྲི་རྩོམ་བྱེད་དུས་ལོ་རྒྱུས་དེ་གང་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་རྣམ་ཐར་ཆོས་འབྱུང་སོགས་ལ་ཞིབ་བལྟ་དང་དོ་སྣང་གཞི་རྩར་བཟུང་དགོས་པ་ལས། ལོ་རྒྱུས་དེར་སྐྱོན་འགེལ་བྱེད་པའི་ལོ་རྒྱུས་ལས་སོགས་ཕ་རོལ་དེ་ལ་དགག་ཡིག་གི་ལོ་རྒྱུས་ཆོས་འབྱུང་སོགས་ལ་གཞི་བཅོལ་ན་དེ་ནི་འདྲེ་ཤར་སྒོར་བཞག་གླུད་ནུབ་སྒོར་བཏང་བའི་ངང་ཚུལ་ལས་མ་འདས། དེས་ན་ཁྱེད་རང་གིས་བོན་དང་འབྲེལ་བའི་ལོ་རྒྱུས་འབྲི་དགོས་ཚེ་བོན་དང་འབྲེལ་བའི་ལོ་རྒྱུས་དང་ཆོས་འབྱུང་ལ་ཐོག་མར་ཞིབ་བལྟ་བྱས་དེ་ནས་རང་ཕྱོགས་ཀྱི་ལོ་རྒྱུས་དང་གཞན་ཕྱོགས་ཀྱི་ལོ་རྒྱུས་གཉིས་ཀྱི་དབར་བཤད་ཚུལ་དང་གང་བདེན་གང་རྫུན་གྱི་དཔྱད་པ་གནང་ཐུབ་ན་ཞིབ་འཇུག་དང་ཞིབ་འཇུག་གི་འབྲས་བུ་གཡུར་དུ་སྨིན་པ་ཞིག་ཡོང་སྲིད།
དཔེར་ན།
གདོན་བོན་དང་འཁྱར་བོན་སྒྱུར་བོན་སོགས་བོན་གྱི་ལོ་རྒྱུས་དང་ཆོས་འབྱུང་སོགས་གང་ནས་བཤད་འདུག དེ་བན་དེས་བོན་ལ་ངན་བཤད་བྱས་པ་རེད་དམ། ཡང་ན་བོན་རང་གི་གཞུང་ལུགས་ནང་ནས་གསལ་འདུག དེ་ཁུངས་བསྐྱེལ་གསལ་པོ་དགོས་པ་རེད།
གཞན་ཡང་གཤེན་ཆེན་ཀླུ་དགས་བོན་ལ་བཟོ་བཅོས་བྱས་རབས་བཤད་སོང། དེ་ཡི་གཞི་རྩ་དང་དཔྱད་གཞི་ཁུངས་བསྐྱེལ་ག་འདྲ་འདུག་ལྟ་དགོས། གཤེན་ཆེན་ཀླུ་དགའ་ནི་བསྟན་པ་ཕྱི་དར་སྐབས་སུ་བྱོན་ཅིང་གཏེར་བཏོན་བརྒྱ་རྩའི་གཙོ་བོ་ཞིག་ཡིན་པར་མ་ཟད་ཁོང་གིས་གཏེར་ལས་བཏོན་པའི་གཞུང་ལུགས་རྣམས་སྦྱངས་བའི་མཁས་པ་མང་དུ་བྱོན་པ་ལ་བརྟེན་ནས་ཁོང་གི་མཚན་སྙན་དེ་བོན་ཕྱོགས་སུ་གྲགས་པ་ཆེན་པོ་ཆགས་ཡོད། དེ་མིན་ཁོང་གི་ལོ་རྒྱུས་རྣམ་ཐར་དང་བོན་གྱི་ལོ་རྒྱུས་གང་ནས་ལྟས་ཀྱང་ཁོང་གིས་ཐོས་བསམ་གྱིས་ཕྱུག་པ་ཡིན་རབས་དང་མཁས་པ་ཡིན་རབས་ཀྱི་ལོ་རྒྱུས་སྣེ་གཅིག་ཀྱང་མཐོང་རྒྱུ་མེད། མ་ཟད་ཁོང་གིས་གཏེར་ལས་དྲངས་དུས་ཁོང་ནི་ལུག་རྫི་ཞིག་ཡིན་རབས་བཤད་ཡོད། གཞན་ཡང་ཁོང་གིས་བརྩམས་པའི་གཞུང་ལུགས་ལས་སོགས་གདམས་པ་གཅིག་ཀྱང་མཐོང་རྒྱུ་མེད་དུས། ཁོང་གིས་བོན་ལ་བསྒྱུར་བཅོས་ཇི་ལྟར་བྱེད་དེ་གཏོང་ཐུབ་བམ།་ཡིན་ནའང་ཁྱེད་རང་གིས་བཤད་དུས་ཅུང་འཇམ་པོས་བཤད་ཚུལ་འདི་ལ་རྗེས་སུ་ཡི་རངས་ཡོད། དེ་མིན་སྤོབས་པ་ཆེ་མདོག་གིས་ང་ཡི་ཁ་དང་ཁྱོད་ཀྱི་སྣ་ཞེས་རྩོད་ན་དུས་ཚོད་ཁྲོག་རླག་ལས་རང་གཞན་གཉིས་ཀ་ལ་ཕན་ཐོགས་ཅུང་ཙམ་ཀྱང་མེད།
བཀུར་འོས་ལྷ་སྡེ་གནམ་ཡག་ལགས་སུ་ཆེད་ཞུ། ཁྱེད་ཀྱིས་སྤོབས་པ་མཐས་ཡས་ལགས་ལ་དོགས་འདྲིའི་ཚུལ་དུ་རྩོམ་ཐུང་ཞིག་སྤེལ་བར་སྤྲོ་བ་བརྟས། འོན་ཀྱང་བོན་པོའི་ལོ་རྒྱུས་ལ་ཞིབ་འཇུག་གནང་འདོད་ན་བོན་པོའི་ལོ་རྒྱུས་རང་ལ་ཞིབ་གཟིགས་གནང་ནས་བོན་པོའི་སྐོར་གྱི་དཔྱད་རྩོམ་བྲིས་ན་ཁྱེད་ཀྱི་དཔྱད་རྩོམ་དེ་སྤུན་དག་ཅིག་ཡོང་བ་ནི་གདོན་མི་ཟ། དེ་མིན་བན་དྷེའི་དཔེ་ཆའི་ནང་ནས་བོན་པོའི་ལོ་རྒྱུས་ཆ་ཤས་ཙམ་ལས་ཁུངས་དག་པ་ཞིག་དང་གཙང་མ་ཞིག་ཕལ་ཆེར་རྙེད་པ་དཀོན། དེ་བཞིན་བན་དྷེའི་ལོ་རྒྱུས་ལ་ཞིབ་འཇུག་དགོས་ན་བན་དྷེ་རང་གི་ལོ་རྒྱུས་ལ་གཞི་བཟུང་ན་མ་གཏོགས་བོན་པོའི་ནང་ཆ་ཚང་བ་ཞིག་རྙེད་ཐབས་མེད། གང་ཞེ་ན། བན་དྷེའི་ནང་ལ་བོན་པོ་ལ་སྨད་ར་དང་ཟུར་ཟ། བོན་པོའི་ནང་ལ་བན་དྷེ་ལ་སྨད་ར་དང་ཟུར་ཟ་བྱས་བཞག་པ་ང་ཚོས་མཐོང་ཆོས་རེད། དེས་ན་འདིར་གཤམ་དུ་དྲ་ཐག་ཅིག་ཕུལ་ཡོད། དེ་ནི་ཁོ་བོས་སྤྱི་ལོ་2013/3/31ཉིན་ཁ་བརྡར་སྤེལ་བའི་གཤེན་ཆེན་ཀླུ་དགའི་ལོ་རྒྱུས་ལས་འཕྲོས་པའི་དཔྱད་རྩོམ་ཞིག་ཡིན་ཁུལ་ཡིན། དེ་ལ་ཁྱེད་ཀྱིས་ཞིབ་གཟིགས་གནང་ན་གཤེན་ཆེན་པོ་དེ་བླ་མ་ག་འདྲའི་ཡོད་པ་ཏོག་ཙམ་མཁྱེན་ངེས་རེད། སྤྱིར་བཏང་རྡོལ་འཆར་བསྒྱུར་གསུམ་ཟེར་བ་དེ་བོན་པོའི་ལོ་རྒྱུས་ནང་ལ་རྩ་བ་ནས་མཐོང་རྒྱུ་མེད་པ་ཞིག་རེད། དེའི་སྐོར་ཁྱེད་ཀྱིས་ཀྱང་ཁུངས་དག་ཅིག་སྨྲ་རྒྱུ་ཕལ་ཆེར་ཡོད་ཀྱི་མ་རེད། དེ་འདྲ་ཡིན་དུས་བོན་པོའི་ལོ་རྒྱུས་བཤད་འདོད་ཡོད་ན་ཚུལ་དང་མཐུན་པ་ཞིག་གཟིགས་སྐྱོང་ཡོང་བར་མཁྱེན།
http://www.khabdha.org/?p=47611
སྤོབས་པ་མཐའ་ཡས་ཟེར་བ།
སྔོན་ཆད་ཁྱེད་ཀྱི་བྲིས་རྩོམ་དང་བཏགས་མཆན་འགའ་ལ་གུས་པས་ཀྱང་ཡིད་སྨོན་དང་ཡི་རངས་བྱེད་མྱོང་། འོན་ཀྱང་བར་ལམ་ཞིག་ནས་ཁྱེད་ཀྱི་ལྟ་སྤྱོད་གཉི་ཀར་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་བཞིན་པའི་ཚོར་སྣང་སྦྱིན་སོང་། གང་ལྟར། ཁྱོད་རང་གི་ཤ་ཁྲག་རུས་གསུམ་བོད་ཡིན་པས་བོད་ཀྱི་བདེན་དོན་དང་ཕུགས་འདུན་ལ་མནོ་བསམ་གཏང་རྒྱུ་གལ་ཆེ།
བཀུར་འོས་ལྷ་ལྡེ་གནམ་ལོ་ཡག་ལགས།
ཁྱེད་ཀྱི་བོན་ཕྱོགས་སྐོར་གྱི་ཉམས་ཞིབ་འདི་མུ་མཐུད་སྒོ་གང་ནས་ཡར་རྒྱས་ཡོང་བའི་རེ་བ་ཡོད། སྤྱིར་གཞི་གང་ཞིག་ལ་ཉམས་ཞིབ་གནང་དགོས་ཚེ་དེ་དང་འབྲེལ་བའི་ཡུལ་ནས་འཚོལ་ཞིབ་གནང་དགོས་པ་ནི་གོང་གི་མཆན་པ་དག་གིས་གསུངས་ཟིན།
ཁྱེད་ཀྱིས་ད་ལན་ཞིབ་འཇུག་གི་ཐོག་མར་བོན་དགོན་ཁག་གི་བྱུང་རིམ་ཐད་དགའ་སྐྱོ་གཉིས་འབྲེལ་གྱི་གསུང་བཤད་ཅིག་གནང་འདུག དགའ་འོས་པ་ནི་སྐབས་དེེར་ཆོས་ལུགས་གཞན་གྱི་དབང་ཤུགས་ལ་བརྟེན་ནས་བོན་དགོན་ཇི་སྙེད་ཅིག་དགེ་རྙིང་སོགས་ལ་བསྒྱུར་བའི་བསྟན་རབ་པའི་མདོ་སྨད་ཆོས་བྱུང་དང་ལྕང་སྐྱའི་རྣམ་ཐར་སོགས་ནང་གང་བྲིས་པ་དེ་དྲང་མོར་བཤད་འདུག་པ་དེ་དག་རེད། སྐྱོ་དགོས་པ་ནི་གྲགས་ཆེ་བའི་བོན་དགོན་ཁག་ནང་ནམ་རྒྱུན་གོ་ཐོས་ཆེར་མེད་པའི་དགོན་མིང་ཁག་ཅིག་བགྲངས་འདུག་པས་རེད། དེ་ཕྱིར་ངས་ཁྱེད་ལ་བོན་དགོན་གཙོ་གྲས་ཁག་གི་སྐོར་དྲ་ཐག་ཅིག་འདིར་ལ་ཕུལ་ཡོད། http://old.himalayabon.com/article/monastery/mountains/20100808290.html
དེ་མིན་གཤེན་ཀླུ་དགའ་དང་བོན་བསྟན་ཕྱི་དར་གྱི་སྐོར་ཁྱེད་ལ་ད་ལྟའི་ཆར་མཁྱེན་རྟོགས་རྩ་བ་གཉིས་ནས་མི་འདུག་ཞུ་ཆོག་གི་འདུག་པས་མུ་མཐུད་ཉམས་ཞིབ་གནང་རོགས།
གལ་སྲིད་དོན་དངོས་ཐོག་སྐུ་ཉིད་ཀྱིས་བོན་གྱི་སྐོར་ཉམས་ཞིབ་གནང་འདོད་འདུག་ན། རྒྱ་གར་༧སྨན་རི་དགོན་དང་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེ་སོགས་ལ་ཕེབས་གནང་དང་དགོན་གྱི་ལས་སྣེ་དང་དཔེ་མཛོད་དོ་དམ་པ་སོགས་ཀྱིས་སྐུ་ཉིད་ལ་སྣེ་ལེན་ཞབས་ཞུ་གང་དགོས་ཞུ་ངེས་རེད་ལ། སྐབས་དེར་ཁྱེད་ཀྱིས་ཉམས་ཞིབ་ཀྱི་རྒྱུ་ཆ་མི་ཉུང་བ་ཞིག་ཀྱང་འཐོབ་རྒྱུ་རེད་དྲན་པས་དེ་ལུགས་ཐུགས་ལ་འཇག་རོགས་ཞུ།།
༼བོན་ནི་གདོལ་བོན་དང་འཁྱར་བོན། གཡུང་དྲུང་བོན་བཅས་རིམ་པ་གསུམ་གྱི་འཕེལ་འགྱུར་བརྒྱུད་ཡོད་པ་ཞིག་རེད་ལ།༽ གསུངས་པ་དེར་རང་གི་བསམ་ཚུལ་འགའ་ཞུ་བར་སྤྲོ། སྤྱིར་བོན་ལ་དབྱེ་བ་མི་འདྲ་ག་ཚོད་ཕྱེས་ནའང་ཆོག་པ་ཞིག་རེད། དེ་སོ་སོའི་ལྟ་སྣང་མཐོང་ཚུལ་གྱི་ཐོག་ནས་དབྱེ་ལོས་ཆོག ཡིན་ནའང་གདོལ་བོན་དང་འཁྱར་བོན་ཟེར་བའི་བོན་ལུགས་འདི་ཚོའི་ལྟ་སྒོམ་སྤྱོད་གསུམ་ག་འདྲ་ཞིག་ཡོད་དམ་ཟེར་ནས་དྲིས་ན་ལན་འདོན་དཀའ་མོ་ཡིན་འགྲོ། ཉིན་མ་དེ་རིང་གི་བར་གདོལ་བོན་དང་འཁྱར་བོན་གྱི་གཞུང་ལུགས་སམ་ཡང་ན་ཆོག་གའི་རིམ་པ་ཟེར་བ་སོགས་གང་ཡང་བོན་ལུགས་སུ་མ་མཐོང་། འདི་ཕལ་ཆེར་བན་དེའི་མངའ་ཁམས་སུ་ཚོད་བགམ་བྱས་ནས་བོན་ལུགས་ལ་བཏགས་བཞག་པའི་མིང་ཞིག་ཡིན་པར་ངེས། དཔེར་ན་བོན་དཀར་དང་བོན་ནག་ཟེར་བ་ལྟ་བུ་རེད། ཡིན་ནའང་མིང་འདི་ལྟར་བཏགས་པ་ལ་དགོས་པ་དང་རྒྱུ་མཚན་རྩ་བ་ནས་མེད་པ་རེད་དམ་ཟེར་ན། དེ་ནི་ཡིན་གྱི་མ་རེད། ཡང་བན་དེ་ཁོང་རང་ཚོ་ལ་སྐབས་སུ་བབ་པའི་དགོས་པ་དང་རྒྱུ་མཚན་ཞིག་ཏན་ཏན་ཡོད་ཀྱི་རེད། དེ་ནི་དཔེར་ན་དམུས་ལོང་མི་བཞི་ཡིས་གླང་ཆེན་ཇི་འདྲ་ཞིག་ཡོད་པ་ངོས་འཛིན་བྱས་པ་ལྟ་བུ་ཡིན་པར་སེམས། རང་ཉིད་བོན་ལུགས་སུ་བཞུགས་ནས་ཐོག་ཐ་བར་གསུམ་དུ་བརྟག་དཔྱད་ལེགས་པར་བྱས་པའི་མིང་བྱང་ཞིག་ནི་ཡིན་ས་མ་རེད། འདི་ནི་རང་ཉིད་བོན་ལུགས་ལ་རྣམ་རྟོག་ཆེན་པོ་ཞིག་བཟས་ནས་ཐག་རིང་ཞིག་ཏུ་བསྡད་དེ་ཚོད་བགམ་རྐྱང་རྐྱང་བྱས་ནས་བཏགས་པའི་མིང་ཚིག་ཅིག་ནི་ཏན་ཏན་ཡིན་ས་རེད། དེ་ནི་ཁྱེད་རང་གི་ད་ལྟའི་འདུ་ཤེས་ལ་བསམ་བློ་ཡག་པོ་གཏོང་དང་འགྲིག་ས་རེད་བ། ཆེན་པོ་ཤོད་དགོས་ས་མི་འདུག ད་གང་ལྟར་ཁྱེད་རང་ཚོ་བོན་ལུགས་ལ་སློབ་པར་འདོད་ན། བོན་ཐེག་པ་རིག་དགུ་དང་། སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ། བོན་ཤེས་པ་ཅན་བཅུ་གཉིས། ལྷ་བོན་སྒོ་བཞི། རྒྱུ་བོན་བཟང་མ། རྒྱུ་ཐེག་བཞི། རྩི་ཤིང་བན་བུན་གྱི་ལྷ་གསོལ་བ། འདྲེ་བཀར་བ། ཡུག་ཕུད་པ། གྲོང་གི་འདུར་བོན། ཤོས་ཀྱི་ལྷ་བོན། ཡང་དག་པའི་སེམས་བོན། རྣམ་རྟོག་ཁ་སེལ་གྱི་ཆོ་ག། བོན་འབྲེལ་གྱི་སྨན་རྩིས། འདི་ཚོ་ག་འདྲ་བྱས་ནས་ཐོག་མར་བོད་ཡུལ་དུ་བྱུང་འདུག་ཞིབ་འཇུག་དང་སློབ་སྦྱོང་ཚད་ལྡན་བྱས་ན་བབ་འོས་ཡོད་པ་ཞིག་ནི་ལོས་ཡིན།
་་་་་་ ད་གང་ལྟར་ཁྱེད་རང་ཚོ་བོན་ལུགས་ལ་སློབ་པར་འདོད་ན། བོན་ཐེག་པ་རིག་དགུ་དང་། སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ། བོན་ཤེས་པ་ཅན་བཅུ་གཉིས། ལྷ་བོན་སྒོ་བཞི། རྒྱུ་བོན་བཟང་མ། རྒྱུ་ཐེག་བཞི། རྩི་ཤིང་བན་བུན་གྱི་ལྷ་གསོལ་བ། འདྲེ་བཀར་བ། ཡུག་ཕུད་པ། གྲོང་གི་འདུར་བོན། ཤོས་ཀྱི་ལྷ་བོན། ཡང་དག་པའི་སེམས་བོན། རྣམ་རྟོག་ཁ་སེལ་གྱི་ཆོ་ག། བོན་འབྲེལ་གྱི་སྨན་རྩིས། འདི་ཚོ་ག་འདྲ་བྱས་ནས་ཐོག་མར་བོད་ཡུལ་དུ་བྱུང་འདུག་ཞིབ་འཇུག་དང་སློབ་སྦྱོང་ཚད་ལྡན་བྱས་ན་བབ་འོས་ཡོད་པ་ཞིག་ནི་ལོས་ཡིན། ་་་་་་
སྤོབས་པ་མཐའ་ཡས་ལགས་ཀྱི་
བོན་སྐོར་ཉམས་ཞིབ་གནང་བ་ཐུགས་རྗེ་ཆེ། ཡིན་ཡང་ཁྱེ་ཀྱི་ཚིག་ཐག་བཅད་ནས་གསུང་པ་དེ་ཚོའི་ནང་ལ་ནོར་འཁྲུལ་ཆེ་པོ་འདྲ་འདུག། གདོལ་བོན་འཁྱལ་བོན་
གཤེན་ཀླུ་དགའི་སྐོར་སོགས་གོང་ནས་གསུང་ཚར་འདུག་བསྐྱར་ཟློས་མི་དགོས་པར། གནའ་བོའི་བོན་གྱི་དམར་མཆོད་ཟེར་བ་ཞིག་འདུག། དེ་གནའ་བོན་གྱི་དམར་
ཐབས་ཟེར་བ་བདེན་ཡང། གནའ་བོའི་བན་དེའི་དམར་ཐབས་འདིར་བརྗོད་མི་འདུག། གནའ་བོའི་བན་དེ་ནི་ཧིན་དྷི་རེད། གནའ་བོའི་བོན་པོ་དག་ལ་སྟོན་པ་གཤེན་
རབ་མི་བོའི་གཡུང་དྲུང་བོན་ཞེས་པར་སྟོན། དེ་ལ་རྒྱུ་དང་འབྲས་བུའི་བོན་གཉིས་ཡོད། གནའ་བའི་བན་དེ་དག་ལ་ཤཀྱས་དེ་དང་དེ་བཞིན་ནོ། ཁྱེད་ཀྱི་བོད་རང་སྐྱོང་
ལྗོངས་ཁུར་དུ་བོན་དགོན་༢༠་ཙམ་ཡོད་ལབ་འདུག། དེའི་མི་ཚད་ཁྱུང་ཡུལ་ལ་ཡང་བོན་དགོན་༣༠་ཙམ་ཡོད། ༡་རྩེ་དྲུག་དགོན། ༢་ལྗོང་ཕུ་བོན་དགོན། ༣་གཡུང་དྲུང་དཔལ་རི།
༤་ནག་རུ་དགོན། ༥་ཀོ་རྒྱལ་དགོན། ༦་རི་ཁྲོད་མཐོང་གྲོལ་དགོན། ༧་བསྟན་རྒྱས་གླིང། ༨་སྨན་རྒྱུད་དགོན། ༩་བཀའ་ལེགས་དགོན། ༡༠་རྒྱལ་སྒོ་དགོན། ༡༡་བེལ་སྒོ་དགོན།
༡༢་གནམ་གཏིང་དགོན། ༡༣་བྱ་ཟེ་དགོན། ༡༤་ཚ་ནེ་དགོན། ༡༥་སྒར་དཀོན་དགོན། ༡༦་གཡུ་ཁྲ་ལྷ་གཏིང་དགོན། ༡༨་མར་རྫོང་དགོན། ༡༩་དར་རྒྱས་དགོན། ༢༠་ཕུག་
དམར་དགོན། ༢༡་ཟམ་ཞིག་དགོན། ༢༢་ཁ་ཧོམ་དགོན། ༢༣་ཀྱང་རི་དགོན། ༢༤་ག་ཤེལ་དགོན། ༢༥་གཡུ་མཚོ་དགོན། ༢༦་དཔའ་ཟླ་ཞུ་ཚང་དགོན། ༢༧་རི་དམར་དགོན།
༢༨་རྨི་ལྷ་ལུང་དགོན། གཡམ་བྱ་ཆེན་དགོན། ༢༩་འབོ་ཐ་དགོན། ༣༠་རུ་ཐ་དགོན། དེའི་ནང་དུ་ཁ་ཤས་དགོན་མིང་མ་དྲན་པ་དང། དག་ཆ་ནོར་བ་ཡང་ཡོད་ཀྱི་རེད། ཡིན་
ཡང་ང་ཚོའི་ལུང་པ་གཅིག་པུར་བོན་དགོན་འདི་ཙམ་ཡོད། དི་དག་གི་ནང་གྲ་པ་མང་ཤོས་ལྔ་བརྒྱ་དང་དྲུག་བརྒྱ། ཉུང་ཤོས་ལ་ཉི་ཤུ་སུམ་བཅུ་བར་ཡོད།
དེའི་མི་ཚད་ཁྱུང་ཡུལ་ལ་ཡང་བོན་དགོན་༣༠་ཙམ་ཡོད།
༡་རྩེ་དྲུག་དགོན།
༢་ལྗོང་ཕུ་བོན་དགོན།
༣་གཡུང་དྲུང་དཔལ་རི།
༤་ནག་རུ་དགོན།
༥་ཀོ་རྒྱལ་དགོན།
༦་རི་ཁྲོད་མཐོང་གྲོལ་དགོན།
༧་བསྟན་རྒྱས་གླིང།
༨་སྨན་རྒྱུད་དགོན།
༩་བཀའ་ལེགས་དགོན།
༡༠་རྒྱལ་སྒོ་དགོན།
༡༡་བེལ་སྒོ་དགོན།
༡༢་གནམ་གཏིང་དགོན།
༡༣་བྱ་ཟེ་དགོན།
༡༤་ཚ་ནེ་དགོན།
༡༥་སྒར་དཀོན་དགོན།
༡༦་གཡུ་ཁྲ་ལྷ་གཏིང་དགོན།
༡༧་མར་རྫོང་དགོན།
༡༨་དར་རྒྱས་དགོན།
༡༩་ཕུག་དམར་དགོན།
༢༠་ཟམ་ཞིག་དགོན།
༢༡་ཁ་ཧོམ་དགོན།
༢༢་ཀྱང་རི་དགོན།
༢༣་ག་ཤེལ་དགོན།
༢༤་གཡུ་མཚོ་དགོན།
༢༥་དཔའ་ཟླ་ཞུ་ཚང་དགོན།
༢༦་རི་དམར་དགོན།
༢༧་རྨི་ལྷ་ལུང་དགོན།
༢༨་གཡམ་བྱ་ཆེན་དགོན།
༢༩་འབོ་ཐ་དགོན།
༣༠་རུ་ཐ་དགོན།
དེའི་ནང་དུ་ཁ་ཤས་དགོན་མིང་མ་དྲན་པ་དང། དག་ཆ་ནོར་བ་ཡང་ཡོད་ཀྱི་རེད། ཡིན་ཡང་ང་ཚོའི་ལུང་པ་གཅིག་པུར་བོན་དགོན་འདི་ཙམ་ཡོད། དི་དག་གི་ནང་གྲ་པ་མང་ཤོས་ལྔ་བརྒྱ་དང་དྲུག་བརྒྱ། ཉུང་ཤོས་ལ་ཉི་ཤུ་སུམ་བཅུ་བར་ཡོད།
ད་དུང་བྱུང་ན་་་བྱང་ནག་ཆུ་ཁ་་་ལ་བོན་དགོན་ག་ཚོད་ཡོད་དྲན་ཚོད་ཅིག་འབྲི་རོགས་གནོངས།
ཁ་བའི་ཡུལ་གྱར་ལགས་ཀྱིས་བྲིས་གནང་བའི་ཁྱུང་ཡུལ་གྱི་དགོན་ཐོ་དེར། མཚམས་ཁང་དང་སྒྲུབ་ཕུག་བླ་བྲང་སོགས་བསྡུས་ཡོད་ས་མི་འདུག།
སྨོན་རྒྱལ་དགོན། ཆད་སོང་བ་ཡིན་པ་འདྲ། འདི་ཁ་བསབ་བྱེད་དགོས་པར་སེམས། དགོན་པ་ཡག་པོ་ཞིག་འདུག །
འོ་ལགས་སོ་ཐུགས་ཆེ་གནང་།
བོན་གྱི་དགོན་པ་ཁག་གི་ལོ་རྒྱུས་དེབ་ཐེར་རྒྱས་པ་ཞིག་འབྲེལ་ཐག་འདི་ན་བཙོང་རྒྱུ་འདུག སྐབས་རེར་ངས་དེབ་འདི་ཀློག་གིན་ཡོད། http://books.google.fr/books/about/A_survey_of_Bonpo_monasteries_and_temple.html?id=yYIkAQAAIAAJ&redir_esc=yདེབ་དེ་ཉི་ཧོང་ནས་པར་སྐྲུན་བྱས་འདུག དེབ་དེའི་གླེང་བརྗོད་འདི་རེད། གླེང་གཞི་འདི་ན་ཡོད། http://www.thlib.org/places/monasteries/publications/bon-book.php#!book=/bonpo-monasteries/wb/b1/ གླེང་གཞི་འདི་ན་ཡོད།http://www.thlib.org/places/monasteries/publications/bon-book.php#!book=/bonpo-monasteries/wb/b2/
ངའི་མཆན་ལྔ་པ་དེར། དེ་ནི་དཔེར་ན་དམུས་ལོང་མི་བཞི་ཡིས་གླང་ཆེན་ཇི་འདྲ་ཞིག་ཡོད་པ་ངོས་འཛིན་བྱས་པ་ལྟ་བུ་ཡིན་པར་སེམས། ཟེར་ནས་བྲིས་པ་དེ་རྫོགས་ཆེན་ནང་དུ་ཐེག་པ་འོག་མ་བཞི་པོས་གནས་ལུགས་གཞལ་ཚུལ་ཀྱི་དཔེ་ཞིག་ཡོད་པ་དེ་འདིར་དྲངས་བ་ཡིན་མ་གཏོགས། གཞན་པའི་བསམ་ཚུལ་གང་ཡང་མེད་དོ། འདི་གསལ་བཤད་ཙམ་ཡིན། །
༼བོན་གྱི་བཀའ་བསྟན་ནི་དུས་རབས་བཅོ་བརྒྱད་པ་ནས་རིམ་པས་གྲུབ་པ་ཞིག་རེད།༽ གསུངས་པ་དེར་གསལ་བཤད་ཅིག་དགོས་ས་རེད། འདི་ཕལ་ཆེར་ཁྱེད་ཀྱིས་བོན་གྱི་བཀའ་འགྱུར་ལ་གསུངས་ཀྱི་ཡོད་པ་འདྲ། སྤྱིར་བོན་གྱི་བཀའ་འགྱུར་ནི་བོད་ཡུལ་དུ་བོད་རྒྱལ་གཉའ་ཁྲི་བཙན་པོ་དང་མུ་ཁྲི་བཙན་པོའི་དུས་ནས་བྱུང་བ་ཞིག་ཡིན་པར་འདོད། དེ་ནས་དར་གུད་རིམ་པར་བརྒྱུད་ནས་ད་ལྟའི་བར་གནས་ཐུབ་པ་བྱུང་བར་ཁས་ལེན་པར་བྱེད། གང་ལྟར་དུས་རབས་བཅུ་གཉིས་པའི་ནང་མདོ་སྨད་ཨ་མདོའི་མངའ་ཁུལ་དུ་སྣང་ཞིག་དོ་འཕགས་ཆེན་པོས་རྟེན་བཞེངས་བྱས་པའི་གསེར་དངུལ་གྱིས་བྲིས་པའི་་བཀའ་འགྱུར་ཞིག་ཡོད་ཀྱང་སྣང་ཞིག་བླ་རབས་སོ་བཞི་པ་བློ་གྲོས་ཐོགས་མེད་ཀྱི་སྐུ་རིང་ཉི་རྒྱབ་མེ་སྐྱོན་ཤོར་བའི་ལྷན་དུ་བཀའ་འགྱུར་དེ་ཞུགས་ལ་་ཤོར་བས་དེའི་ནང་ནས་གསེར་གྱིས་བྲིས་པའི་བསྐལ་བཟང་པོད་གཅིག་དེང་སང་སྣང་དགོན་དུ་བཞུགས་པར་གསུངས། དེ་རྗེས་དུས་རབས་བཅུ་བཞིའི་ནང་བསྟན་སྦྱིན་ཆེན་པོ་མི་དབང་ཆུ་ཆེན་རབ་བརྟན་རྒྱལ་པོས་བོན་གྱི་བླ་མ་དམུ་གཤེན་ཉི་མ་རྒྱལ་མཚན་མཆོག་རྒྱལ་རོང་ཡུལ་དུ་གདན་འདྲེན་ཞུ་་སྐབས་ཡུལ་དེར་བོན་གྱི་བཀའ་འགྱུར་ཡོད་པའི་སྐད་ཆ་ཡོད་པ་རེད། ད་དུང་ཆུ་ཆེན་རབ་བརྟན་རྒྱལ་པོས་བོན་གྱི་བཀའ་འགྱུར་ཆ་ཚང་གི་དཔར་གཞི་ཁྲོ་ལྕགས་ལས་བྱས་པའི་འཕྲུལ་པར་དུ་བཞེངས་ཡོད་པ་བོན་གྱི་ཡུལ་ཕྱོགས་ཀུན་ཏུ་རྒན་རབས་རྣམ་པས་ཤོད་སྲོལ་ཡོད། དེ་རྗེས་ཆུ་ཆེན་རབ་བརྟན་རྒྱལ་པོ་དང་རྒྱ་ནག་གོང་མ་གཉིས་མི་ལོ་བཅུ་ཡི་རིང་དུ་འཁྲུགས་པས། མཐར་རྒྱ་ནག་གོང་མས་ཆུ་ཆེན་རབ་བརྟན་རྒྱལ་པོའི་བསྟན་སྲིད་གཤིག་གཏོར་བཏང་བས་བློ་ཕམ་གྱི་གནས་སུ་གྱུར། དེ་དུས་བཀའ་འགྱུར་གྱི་དཔར་ཤིང་ཕལ་ཆེར་རྒྱལ་རོང་ཁྲོ་ཆེན་རྒྱལ་པོས་གདན་འདྲེན་ཞུས་པ་རེད། སྐབས་དེར་སྔར་ཆུ་ཆེན་རབ་བརྟན་རྒྱལ་པོའི་ཕྱག་ཏུ་མ་སོན་པའི་བཀའ་དུ་མ་ཞིག་དང་། གཏོར་བཤིག་སྐབས་སུ་ཐོར་སྐྱོན་སོང་རྣམས་ཁ་བསྐང་བའི་ཆེད་དུ་རྒྱལ་རོང་ཁྲོ་ཆེན་རྒྱལ་པོ་ཀུན་དགའ་བསྟན་འཛིན་གྱིས་དེར་བཞུགས་བཀའ་འགྱུར་ཆ་ཚང་ཤིང་དཔར་དུ་བཞེངས་པ་རེད། བཀའ་འགྱུར་དེ་ཀུན་གྲོལ་འཇའ་ཚོན་སྙིང་པོས་ཞུ་དག་མཛད་ནས་ཁོང་གིས་བོན་གྱི་བཀའ་འགྱུར་གྱི་དཀར་ཆག་ཟབ་ཅིང་རྒྱ་ཆེ་གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་དཀར་ཆག་ཉི་མ་འབུམ་གྱི་འོར་ཟེར་ཞེས་པ་དེ་མཛད་པ་རེད། དེ་དུས་ཀུན་གྲོལ་འཇའ་ཚོན་སྙིང་པོ་མཆོག་གིས་མཁས་གྲུབ་གོང་མས་བཀོད་པའི་དཀར་ཆག་དག་གི་ཕྱི་མོ་བྱས་གསུངས་འདུག དེ་འདྲ་ཡིན་དུས་ཁོང་གི་སྔོན་ནས་བོན་གྱི་བཀའ་འགྱུར་ཕྱོགས་བསྒྲིགས་བྱས་ཡོད་བསྟན་པ་རེད་དོ། །
ངས་དོ་སྣང་བྱུང་ས་དེ་རིག་གནས་གསར་བརྗེའི་རྗེས་སུ་བྱུང་བའི་ཉག་རོང་ཁོག་ནས་ཐོན་པའི་ཡིག་ཚོགས་ཆེན་པོ་ཁྲིན་ཏུར་གློག་པར་དུ་བཏབ་པ་དེ་རེད། དེའི་སྔོན་དུ་བོན་གྱི་ཡིག་ཆ་ཕྱོགས་བསྒྲིགས་བྱས་པ་ཡོད་ན་ཡང་། ཉག་རོང་ནས་ཐོན་པ་དེ་ལས་ཧ་ཅང་ཉུང་བ་རེད། ཉག་རོང་ནས་ཐོན་པ་དེ་ལ་བོན་རང་གི་བླ་གྲྭ་ཚོར་ལྟ་སྟངས་ག་འདྲ་ཡོད་ན། བཀའ་བསྟན་ངོ་མ་ཞིག་ཏུ་ཁས་ལེན་ནམ་ལྷད་ཞུགས་པ་ཞིག་ཏུ་ཁས་ལེན།
༼གཡུང་དྲུང་བོན་གྱི་བསྒྱུར་བཅོས་གཉིས་པ་ནི་དུས་རབས་བཅུ་བའི་ནང་གཤེན་ཆེན་ཀླུ་དགའ་ནས་གནང་ཡོད་ཅིང་། གཡུང་དྲུང་བོན་གྱི་བསྟན་པ་འཆད་རྩོད་རྩོམ་ཅན་དུ་བསྒྱུར་ཡོད་པས། སངས་རྒྱས་ཆོས་ལུགས་ལས་ཆ་བ་ཆོས་ཀྱི་སེང་གེ་ཡིས་བསྡུས་གྲྭའི་སྲོལ་བཏོད་པ་དང་ཧ་ལམ་དུས་མཉམ་རེད།༽
གཤེན་ཆེན་ཀླུ་དགའ་མཆོག་ནི་ཕྱི་ལོ་༩༩༦་ལོར་སྐུ་འཁྲུངས་ནས་ཕྱི་ལོ་༡༠༣༥་ལོར་དགོངས་པ་བོན་དབྱིངས་སུ་འཐིམ་པར་གསུངས། དེ་འདྲ་ཡིན་དུས་དགུང་ལོ་༣༩་མ་གཏོགས་མི་ཡུལ་འདིར་བཞུགས་ཐུབ་མི་འདུག །
ཆ་བ་ཆོས་ཀྱི་སེང་གེ་མཆོག་ལ་འཁྲུངས་ལོ་མི་འདྲ་བ་གཉིས་འདུག ཕྱི་ལོ་༡༠༩༩་དང་༡༡༠༩་ལ་འཁྲུངས་ནས་ཕྱི་ལོ་༡༡༦༩་ལ་སྐུ་མྱ་ངན་ལས་འདས་པར་གསུངས། དེ་འདྲ་ཡིན་དུས་དགུང་ལོ་༦༠་ནས་༧༠་བར་མི་ཡུལ་འདིར་བཞུགས་པ་རེད།
གཤེན་ཆེན་ཀླུ་དགའ་མཆོག་སྐུ་མྱ་ངན་ལས་འདས་རྗེས་མི་ལོ་༦༤་དང་ཡང་ན་མི་ལོ་༧༤རྗེས་སུ་གཞི་ནས་ཆ་བ་ཆོས་ཀྱི་སེང་གེ་མཆོག་སྐུ་འཁྲུངས་པ་རེད། ཧ་ལམ་དུས་མཉམ་ཟེར་ནའང་ཧ་ཅང་རང་གི་དུས་མཉམ་རེད་མི་འདུག་གོ །
༼དཔེར་ན། ཕྱི་ལོ ༡༩༥༩ལོའི་ཡར་སྔོན་དུ་བོད་ཁམས་ཡོངས་སུ་བོན་དགོན་ཧ་ལམ ༡༧༠ལྷག་དང༽ གསུངས་པ་དེ་དོན་དངོས་དང་རྩ་བ་ནས་མི་མཐུན། ཅིས་ན་བོད་ཁམས་ཡོངས་སུ་གསུངས་འདུག་པས་བོད་ཁམས་ཡོངས་ལ་བོན་པོའི་དགོན་པ་༡༧༠་ཙམ་མ་གཏོགས་མེད་སོང་ན་ཧ་ཅང་རང་གི་ཉུང་སོང་བ་རེད། འདི་བདེན་པ་རྩ་བ་ནས་མ་རེད་དོ། སྤྱིར་བོད་ཁམས་ཡོངས་ལ་ད་ཡོད་བོན་པོའི་དགོན་པ་ག་ཚོད་འདུག་ཞིབ་གཤེར་ཡག་པོ་ཞིག་བྱེད་ཐུབ་ན་སྐལ་པ་བཟང་པོ་ལོས་ཡིན་དེ་ཡང་ང་ཚོའི་བོད་ཀྱི་ལོ་རྒྱུས་ཅིག་གི་བྱས་རྗེས་བཞག་པ་རེད། །
༼དགོན་ཆེན་མང་ཆེ་བ་རིམ་པས་ས་དགེ་ཀར་རྙིང་དགེ་ལུགས་སོགས་ལ་བསྒྱུར་ཡོད་པས། བོན་དགོན་རྦད་དེ་སངས་རྒྱས་ཆོས་ལུགས་ཀྱི་དགོན་པར་གྱུར་འདུག༽ གསུངས་པ་འདི་ནི་ཤིན་ཏུ་ནས་ཐུགས་བདེན། ཁྱེད་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། བྱུང་ན་སྔོན་ནས་ད་བར་བོན་པོའི་དགོན་པ་ཆེ་འབྲིང་ཆུང་གསུམ་ག་ཚོད་ཅིག བན་དེས་སངས་རྒྱས་ཆོས་ལུགས་ཀྱི་དགོན་པར་བསྒྱུར་ཚུལ་ལོ་རྒྱུས་དང་བཅས་པའི་མིང་ཐོ་ཞིབ་ཚགས་ཅིག་འབྲི་ཐུབ་ན་དངོས་གནས་སྐལ་པ་བཟང་པོ་ལོས་ཡིན། དེ་ཡང་ང་ཚོའི་བོད་ཀྱི་ལོ་རྒྱུས་ཅིག་གི་བྱས་རྗེས་བཞག་པ་རེད་དོ། །
འོ་རེད་རེད། དེ་རྨ་ལྷོ་སོག་རྫོང་གི་ཉིན་མཐའ་ཟེར་བའི་གུང་ཧྲེ་དེ་རེད། དེ་ན་ཀན་སུའུ་རྨ་ཆུ་རྫོང་ནས་ཡར་བཞུར་ཡོང་བའི་རྨ་ཆུ་ཡོད་ནི་རེད། རྨ་ཆུའི་ཕར་ཁ་ཚུར་ཁ་ན་དེ་འདྲའི་བྲག་ཕུག་འགའ་རེ་ཡོད་ཅེས་ས་གནས་འབྲོག་པས་བཤད་གི ངས་མཐོང་བ་དེ་ནི་ཉིན་མཐའི་རྨ་ཆུ་ཁ་རེད། དེ་༡༩༩༨དམ་༩༩གང་རུང་ཞིག་རེད། འབྲོག་པ་འགའ་བྲག་ཕུག་ནང་འཛུལ་ནས་ཐང་ཀ་སོགས་དངོས་པོ་བཙལ་སྐབས་གླེགས་བམ་རྣམས་མར་བྲག་ནང་དུ་འཕངས་བ་རེད་ཟེར། ་དེ་དུས་རྨ་ཆུའི་དར་ད་དུང་ལྷུང་མེད་པས་ང་ཚོས་མཐོང་དུས་དར་ཐོག་ན་ཡོད་གི རྗེས་སུ་དར་ལྷུང་བས་དར་ཐོག་ན་ཡོད་ཚད་རཉམ་ཆུའི་ནང་ཁུར་སོང་ནི་རེད། ་ང་ལ་བག་ཆགས་ཡོད་པ་ཞིག་ནི་བརྒྱད་སྟོང་བ་དང་འདྲ་བ་ཞིག་ཡོད་གི གླེགས་བམ་རྣམས་གཏོར་ནས་བསྒྲིགས་ཁ་དཀའ་གི ཡིན་ཡང་སྟོན་པའི་ཚབ་ཏུ་གཤེན་རབ་བརྗེས་པ། ་ཆོས་ཀྱི་ཚབ་ཏུ་བོན་བཞག་པ་དེ་འདྲ་རེད། རབ་འབྱོར་ནི་མིང་མ་བརྗེས་པར་ཡོད་གི མདོ་ཁ་ཚང་ཞིག་བདག་གིས་མཐོང་། ཤོག་བུ་ཅུང་མཐུག་པ་སེར་ཤ་འདྲེས་མ་ཞིག་གི་སྟེང་དུ་བྲིས་འདུག བཤད་ཚོད་ལ་བོན་པོའི་བཀའ་འགྱུར་རེད་ཟེར་གི བྲག་ཕུག་ནང་ན་རྒན་གཞོན་གཉིས་ཀྱི་བེམ་པོ་བྱེ་མས་མནན་འདུག་ཅེས་གཞན་གྱི་ཁ་ནས་གོ བྲག་ཕུག་བྱ་སྐྱིབས་ཅན། ་ཁ་རྨ་ཆུ་ལ་འཁོར་ཡོད་པ། བྲག་ཁ་ནས་མར་ཐག་པས་བསྣར་ན་མ་གཏོགས་ནང་དུ་མི་ཐར་བ་དེ་འདྲ་ཞིག་རེད་ཟེར་གི གླེགས་བམ་ཚང་མ་གསེར་བྲིས་དང་དངུལ་བྲིས་རྐྱང་རེད། ་མདོ་དེ་མ་གཏོགས།
གླེགས་བམ་དེ་དག་མཐིང་ཤོག་གི་སྟེང་བྲིས་ནས་ཡོད་པས་ཤོག་བུ་ཞེང་དང་སྲིད་ཆེ་བ་དེ་འདྲ་རེད། ཧ་ཅང་གིས་མང་པོ་འདུག ཡིན་ཡང་བྲག་ཕུག་ནང་ན་ད་དུང་ཡོད་ཚོད་འདུག མང་ཉུང་གསལ་ཁ་མ་བྱུང
གོང་ནས་ངའི་མིང་ནོར་འདུག གང་ལྟར་བོན་པོ་ཚོས་གོང་གི་ས་གནས་ན་ཡོད་པ་དག་བདག་པོ་རྒྱག་ཐུབ་ན་ཡག་ས་རེད།
གཤེན་ཀླུ་དགའི་འཁྲུངས་འདས་ཀྱི་ལོ་ཚིགས་ཡིག་ཐོག་ལ་འཁོད་པའི་ཡིག་ཆ་སྔ་ཤོས་གང་ཡིན་ནམ།
འོ་རེད་རེད། དེ་རྨ་ལྷོ་སོག་རྫོང་གི་ཉིན་མཐའ་ཟེར་བའི་གུང་ཧྲེ་དེ་རེད། དེ་ན་ཀན་སུའུ་རྨ་ཆུ་རྫོང་ནས་ཡར་བཞུར་ཡོང་བའི་རྨ་ཆུ་ཡོད་ནི་རེད། རྨ་ཆུའི་ཕར་ཁ་ཚུར་ཁ་ན་དེ་འདྲའི་བྲག་ཕུག་འགའ་རེ་ཡོད་ཅེས་ས་གནས་འབྲོག་པས་བཤད་གི ངས་མཐོང་བ་དེ་ནི་ཉིན་མཐའི་རྨ་ཆུ་ཁ་རེད། དེ་༡༩༩༨དམ་༩༩གང་རུང་ཞིག་རེད། འབྲོག་པ་འགའ་བྲག་ཕུག་ནང་འཛུལ་ནས་ཐང་ཀ་སོགས་དངོས་པོ་བཙལ་སྐབས་གླེགས་བམ་རྣམས་མར་བྲག་ནང་དུ་འཕངས་བ་རེད་ཟེར། ་དེ་དུས་རྨ་ཆུའི་དར་ད་དུང་ལྷུང་མེད་པས་ང་ཚོས་མཐོང་དུས་དར་ཐོག་ན་ཡོད་གི རྗེས་སུ་དར་ལྷུང་བས་དར་ཐོག་ན་ཡོད་ཚད་རཉམ་ཆུའི་ནང་ཁུར་སོང་ནི་རེད། ་ང་ལ་བག་ཆགས་ཡོད་པ་ཞིག་ནི་བརྒྱད་སྟོང་བ་དང་འདྲ་བ་ཞིག་ཡོད་གི གླེགས་བམ་རྣམས་གཏོར་ནས་བསྒྲིགས་ཁ་དཀའ་གི ཡིན་ཡང་སྟོན་པའི་ཚབ་ཏུ་གཤེན་རབ་བརྗེས་པ། ་ཆོས་ཀྱི་ཚབ་ཏུ་བོན་བཞག་པ་དེ་འདྲ་རེད། རབ་འབྱོར་ནི་མིང་མ་བརྗེས་པར་ཡོད་གི མདོ་ཁ་ཚང་ཞིག་བདག་གིས་མཐོང་། ཤོག་བུ་ཅུང་མཐུག་པ་སེར་ཤ་འདྲེས་མ་ཞིག་གི་སྟེང་དུ་བྲིས་འདུག བཤད་ཚོད་ལ་བོན་པོའི་བཀའ་འགྱུར་རེད་ཟེར་གི
བྲག་ཕུག་ནང་ན་རྒན་གཞོན་གཉིས་ཀྱི་བེམ་པོ་བྱེ་མས་མནན་འདུག་ཅེས་གཞན་གྱི་ཁ་ནས་གོ བྲག་ཕུག་བྱ་སྐྱིབས་ཅན། ་ཁ་རྨ་ཆུ་ལ་འཁོར་ཡོད་པ། བྲག་ཁ་ནས་མར་ཐག་པས་བསྣར་ན་མ་གཏོགས་ནང་དུ་མི་ཐར་བ་དེ་འདྲ་ཞིག་རེད་ཟེར་གི གླེགས་བམ་ཚང་མ་གསེར་བྲིས་དང་དངུལ་བྲིས་རྐྱང་རེད། ་མདོ་དེ་མ་གཏོགས།
གླེགས་བམ་དེ་དག་མཐིང་ཤོག་གི་སྟེང་བྲིས་ནས་ཡོད་པས་ཤོག་བུ་ཞེང་དང་སྲིད་ཆེ་བ་དེ་འདྲ་རེད། ཧ་ཅང་གིས་མང་པོ་འདུག ཡིན་ཡང་བྲག་ཕུག་ནང་ན་ད་དུང་ཡོད་ཚོད་འདུག མང་ཉུང་གསལ་ཁ་མ་བྱུང་།
གཞོན་ནུ་ཟླ་མེད་ལགས་ག་ལེར་ག་ལེར་བོན་པོའི་གཏེར་སྟོན་ཆེན་པོ་ཞིག་ལ་འགྱུར་འགྲོ་ས་རེད། མཚན་ལ་ག་རེ་ཞུ་དགོས་པ་ཡིན་ན་ད་ལྟ་ནས་བོན་པོ་ཚོས་བསམ་བློ་བཏང་ན་ཡག་བར་སེམས།
ཡ་མཚན་གོང་གི་ཡི་གེ་གཉིས་མགོ་སྟིང་སློག་བསྡད་ཡོད་ཀི
སྤོབས་པ་མཐའ་ཡས་ལགས་ཀྱིས། གཤེན་ཀླུ་དགའི་འཁྲུངས་འདས་ཀྱི་ལོ་ཚིགས་ཡིག་ཐོག་ལ་འཁོད་པའི་ཡིག་ཆ་སྔ་ཤོས་གང་ཡིན་ནམ། ཞེས་ཡང་ཡང་དྲིས་གནང་སོང་། གཤེན་ཀླུ་དགའི་འཁྲུངས་འདས་ཀྱི་ལོ་ཚིགས་ཡིག་ཐོག་ལ་འཁོད་པའི་ཡིག་ཆ་སྔ་ཤོས་འཚོལ་རྒྱུ་དེ་འདྲ་དཀའ་མོ་ཞིག་ཡིན་གྱི་མ་རེད། བླ་མ་འདིའི་སྐོར་བོན་པོའི་ལོ་རྒྱུས་དང་བསྟན་རྩིས་མང་ཆེ་བའི་ནང་གསལ་ཡོད་པ་ཞིག་རེད། ཡིག་ཆ་འདི་རེད་ཟེར་ནས་ད་ལྟ་ལམ་སེང་ཞུ་མི་ཐུབ་ཀྱང་། གཏན་གཏན་རྙེད་ཐག་ཆོད་རེད། གཤེན་ཆེན་ཀླུ་དགའ་མཆོག་གི་གཏེར་སློབ་་་བྲུ་རྗེ་གཡུང་དྲུང་བླ་མ་་་ཞུ་བ་ཞིག་དང་་་སྤ་སྟོན་དཔལ་མཆོག་བཟང་པོ་་་ཞུ་བ་ཞིག་དང་་་ཞུ་ཡས་ལེགས་པོ་་་ཞུ་བའི་བླ་མ་དེ་ཚོ་བྱུང་བ་རེད། ཁོང་རྣམ་པས་མཛད་པའི་ཕྱག་དཔེ་ཡང་གང་མཚམས་ཡོད་པས་ཞིབ་འཇུག་བྱེད་སའི་གཞི་ཡོད་པ་རེད་དོ། །
གཤེན་ཆེན་ཀླུ་དགའ་འདི་ད་ར་རྫི་སྐར་རྒྱལ་ཡིན་ཁ་ཟིག་རེད།
གཞོན་ནུ་ཟླ་མེད་ཀྱི་བརྡ་ལན་སྐྱེལ་གནང་བ་ཐུགས་རྗེ་ཆེ་ཞུ།
སྤོབས་པ་མཐའ་ཡས་ལགས། ཉག་རུང་ཨ་གཡུང་བླ་མས་ཐུགས་འཁུར་བཞེས་ཏེ་གཡུང་དྲུང་བོན་གྱི་བཀའ་འགྱུར་པར་སྐྲུན་དང་བོ་བྱས་པ་དེ། བོན་གྱི་བཀའ་འགྱུར་སླད་མེད་པ་ཞིག་ཡིན་པ་རེད། ཉིད་ཀྱིས་བཤད་སྟངས་ལ་དཔག་ན་དེ་སྔོན་བོན་གྱི་བཀའ་འགྱུར་ལ་དེ་ཙམ་ཡོད་ཚོད་མི་འདུག་ཟེར་བ་དེ། ཤིན་ཏུ་ནས་བླུན་པོ་ཞིག་མཁས་པར་རློམ་པའི་གཏམ་དུ་ཟད་དོ། ཉིད་ཀྱིས་བཤད་པ་ལྟར་ན་ཨ་གཡུང་བླ་མས་ཆོས་དཔེ་མང་བོ་ཞིག་བོན་ལ་བསྒྱུར་བ་རེད་དམ། སྐྱུག་བྲོ་བའི་གཏམ་འདི་འདྲ་ཡིད་ལ་ཤར་རུང་སྨྲ་ཕོད་དམ། ལོ་ངོ་སྟོང་ཕྲག་གི་གོང་དུ་བོན་ཆོས་ལ་བསྒྱུར་བ་ཡིན་ནམ། ཆོས་བོན་ལ་བསྒྱུར་བ་ཡིན་སུ་ཞིག་གིས་ཁ་ཚོན་གཅོད་དཀའ། འོན་ཀྱང་ཨ་གཡུང་བླ་མས་བོན་གྱི་བཀའ་འགྱུར་ལ་བསླད་བཅུགས་མེད་པ་ངས་ཁ་ཚོན་བཅད་ནས་བཤད་ཐུབ། ད་རེས་དེ་ཙམ་ཡིན། །
འདིར་བཙན་པོའི་རྒྱལ་རབས་དང་དར་རྒུད་ལ་ཞིབ་འཇུག་དང་ཐུགས་འཁུར་གནང་བ་རྣམས་ལ་ཐུགས་རྗེ་ཞུ།
སྤྱིར་ངས་རྒྱལ་རབས་ལོ་རྒྱུ་ཅང་མི་ཤེས་མཆན་ཚིག་དག་ལ་བརྡར་ནས་དཔྱད་ན།བོད་ལ་བན་བོན་དར་དུས་བཙན་པོ་ཁྲི་སྲོང་སྐབས་ལ་རེད་འདུག བོད་ལ་ བོན་འགོ་དཡུང་དྲུང་བོན་ནས་ཚུགས་ཤིང་དེ་ཡང་བོན་སྟོན་དཤེན་རབ་ནས་ཡིན་པ་དཔྱད་པས་ཤེས།བན་གྱི་
སློབ་དཔོན་ཐོག་མ་མཁན་ཆེན་ཞི་བ་མཚོ་ནས་ཡིན། དེ་སྔོན་བཙན་པོ་ཉ་ཁྲི་སྐབས་གནམ་ལ་སྐྱབས་བཅོལ་བའི་ཆོས་ཤིག་ཡོད་པ་དེ་ནི་བསྡོད་མའི་ལྷན་སྐྱེས་ཀྱི་ཆོས་ཤིག་ཡིན་པ་ལས་འདྲ་པའི་ཆ་ཅུང་ཞིག་ལ་རྟེན་ནས་བོན་ཆོས་དར་ཞེས་བརྗོད་མ་ནུས། དེང་དུས་ནགས་ཚལ་དུ་སུ་ལ་ཡང་མ་རྟེན་པར་འཚོ་བ་རོལ་བཞིན་པའི་གློ་བ་རྣམས་ཀྱི་ཆོས་ནི་ལྷན་སྐྱེས་ཞིག་ལས་གཞན་ཞིག་ནས་ཆོས་དཔོན་ཞིག་གདན་དྲངས་པའི་སྲོལ་སྲིད་ན་དཀོན། བན་ཆོས་ཀྱང་ཉ་ཁྲི་བཙན་པོ་ནས་ས་ར་སུ་རུ་ཞིག་དང་སྲོང་བཙན་སྐམ་པོ་ནས་ལྷ་ཆོས་གཙང་མ་བཅུ་ཞེས་རྒྱལ་ཁྲིམས་ཀྱི་ཁོངས་སུ་གཏོགས་པ་ལས་དེ་ལ་འགྲེལ་བཤད་གནང་ནས་ཆོས་པ་ཞིག་ཁྲི་སྲོང་པར་བྱུང་མེད།
མི་མང་བོ་ཞིག་གིས་ཆ་ཤས་བླངས་ཡོད་པར་བཀའ་དྲིན་ཆེ། ཡིན་ནའང་། འདིར་དྲ་ལམ་སྟབས་བདེ་ཆེར་མེད་པས། དྲིས་ལན་ཁག་ཅིག་ཐེངས་རྗེས་མར་འཇོག་པ་ལས་ཐབས་ཤེས་མི་འདུག ཚང་མས་མུ་མཐུད་དུ་བགྲོ་གླེང་གནང་བར་རེ་བ་ཡོད།
མཆན་ཁ་ཚང་རོབ་ཀློག་ཅིག་བྱས་པ་ཡིན། ཧ་ལམ་གཤམ་གྱི་དྲི་བ་ཁག་གཙོ་བོ་ཡིན་པ་འདྲ།
༡ གཤེན་ཆེན་ཀླུ་དགའ་མཁས་པ་ཡིན་མིན་ལ་རྩོད་པ་བྱེད་མི་དགོས་པར་འདོད། ཁོང་ཧ་ལམ་དགུང་ལོ༣༩ཙམ་ལ་མ་གཏོགས་བཞུགས་མེད་ནའང་། བོན་ཆོས་ཁག་ཅིག་གཏེར་ནས་འདོན་མཁན་ཐོག་མ་དེ་ཆགས་ཡོད་པར་མ་ཟད། སྟོན་པ་གཤེན་རབ་ནས་བརྒྱུད་པའི་གཞུང་དག་ལ་དཀར་ཆག་བསྒྲིགས་མཁན་ཡང་ཐོག་མ་རེད་ལ། དེ་ཕྱིས་སུ་བྱུང་བའི་གཡུང་དྲུང་བོན་གྱི་བཀའ་བསྟན་གྱི་རྨང་གཞིར་གྱུར་ཡོད། ད་དུང་ཁོང་གིས་སྔགས་བླ་མེད་དང་སྙིང་ཐིག་སྐོར་ལའང་ཞིབ་འཇུག་གནང་འདུག དེ་བས། བོན་གཞུང་དང་སངས་རྒྱས་ཆོས་གཞུང་འདྲ་བཤུས་བརྒྱབ་འདུག་ཅེས་པའི་བཤད་སྟངས་ཀྱང་སྐབས་དེ་ཤེད་ནས་སླེབས་འདུག ལུག་རྫི་ཞིག་ལ་དེ་འདྲའི་ནུས་པ་ཡོད་མེད་ལུག་རྫི་ནས་ཡོང་མཁན་ཚོས་ཤེས་ངེས་ཡིན།
༢ བོན་གྱི་བཀའ་བསྟན་གྱི་སྐོར་ནས་བཤད་ན། བཀའ་དང་བསྟན་བཅོས་སྔོན་ནས་མི་འདུག་ལབ་ཀྱི་ཡོད་པ་མ་རེད། དེ་དག་ལེའུ་དང་ཁྱབ་ཁོངས་མ་འདྲ་བར་དབྱེ་ནས་ཕྱོགས་བསྒྲིགས་གནང་དུས་བཤད་ཀྱི་ཡོད་པས། རྒྱལ་བ་ལྔ་བ་དང་ཟླ་བ་ལྔ་བ་མ་ནོར་བ་གནང་རོགས་ཞུ་རྩིས་ཡིན།
༣ བོན་དགོན་གྱི་གྲངས་འབོར་དེ་བཞིན་དུས་རབས་ཉི་ཤུ་བའི་དུས་དཀྱིལ་ལམ། ཕྱི་ལོ ༡༩༥༩ལོའི་ཡར་སྔོན་གྱི་གྲངས་འབོར་ཡིན་པའི་ཁར། བོད་ཁམས་སྤྱི་ལ་ཁྱབ་པའི་ཞིབ་བཤེར་ཞིག་རེད། དེའང་རྒྱ་དམར་གཞུང་གིས་ཆབ་སྲིད་ཀྱི་དམིགས་ཡུལ་ངེས་ཅན་ཞིག་གི་འོག་ཞིབ་བཤེར་བྱས་པ་ཡིན་པས། གྲངས་ཀ་དེ་ཧ་ལམ་ཡིད་ཆེས་ཆོག་པ་འདྲ། དེ་མ་ཡིན་པའི་གྲངས་འབོར་བརྙེད་ཐུབ་ཀྱི་ཡོད་ན། དེ་དུས་གཤིབས་བསྡུར་བྱེད་ཆོག་གི་རེད་ལ། དོན་དག་ངོ་མ་དེར་ངོས་ལེན་བྱེད་ཆོག་གི་རེད།
ད་དུང་ཁ་མ་གསལ་བ་ཡོད་ཚེ་བསྐྱར་དུ་གསལ་བཤད་བྱས་ཆོག
གཤེན་ཆེན་ཀླུ་དགས་དཀར་ཆགས་བསྒྲིགས་པ་དེ་འདྲ་མཐོང་མ་མྱོང། ཁོང་མཁས་པ་ཡིན་མིན་ང་ལ་རྒྱུས་ཅུང་ཙམ་ཡོད། མཁས་པ་ཡིན་པའི་བསྒྲུབ་བྱེད་གང་ཡང་མ་མཐོང། གཤེན་ཆེན་ཀླུ་དགའི་གོང་དུ་བོན་གྱི་བཀའ་བརྟེན་མེད་པ་དེ་འདྲ་མ་རེད་ཁོང་གིས་བོན་གྱི་ཙཀའ་བརྟེན་སྐོར་ལ་ཉམས་ལེན་བྱས་རབས་འདུག བོན་དགོན་སྐོར་ལ་བོན་དགོན་སྐོར་གྱི་དརབ་ཞིག་ཉི་ཧོང་ནས་དཔར་བསྐྲུན་བྱས་འདུག་པས་དེ་དག་ནི་ཚན་རིག་ཞིབ་འཇུག་པ་ས་གནས་ས་ཐོག་ཏུ་ཕྱིན་ནས་པར་རྒྱབ་ལོ་རྒྱུས་སུ་བཀོད་པ་ཞིག་ལ་མུན་ནག་མདའ་འཕེན་དེ་འདྲ་རེད་མི་འདུག བོན་དཔེ་ཆོས་དཔེ་ལས་བཤུས་དང་མ་བཤུས་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་གནང་ན་མ་གཏོགས་འོལ་འོལ་ཚོད་ཚོད་ཀྱི་གཏམ་གྱིས་གནས་ལུགས་ཐག་གཅོད་བྱེད་མི་ཐུབ་པས་ཁྱེད་ནས་མང་ཙམ་ཞིབ་འཇུག་གནོང་དང་ངེས་ཤེས་བརྙེད་ངེས་རེད། ཞིབ་འཇུག་དྲན་བདེན་ཁུངས་བསྐྱེལ་ར་སྤྲོད་ཀྱི་གནས་ལུགས་བཤད་ན་མི་སུ་ཡིན་ནའང་དེ་ལ་དགག་པ་དང་མི་དགའ་དགོས་པའི་རྒྱུ་མཚན་མེད། རང་གི་མདུན་ལྕོག་གི་སྟེང་དང་རང་ཉིད་ཀྱིས་བསྟེན་པའི་དགེ་རྒན་ཙམ་གྱི་ངག་སྒྲོས་ལས་མེད་ན་དེ་ཙམ་རེད།
གནམ་ལོ་ཡག་ལ་ཞུ་རྒྱུ། ཉིད་སངས་རྒྱས་བསད་པ་ཞེས་པའི་དེབ་དེ་འབྲི་མཁན་ཡིན་ན་བསམ་འཆར་ཆ་ཤས་ཞུ་དགོས་འདུག ཉིད་ཀྱིས་བརྩམས་པའི་པཎ་ཆེན་རིན་པོ་ཆེའི་་སྐོར་གྱི་དེབ་དེ་འབད་པ་བརྒྱ་ཕྲག་གིས་བཙལ་ནས་རྙེད་སོང། ལྡེབ་གྲངས་༣༡༩་པོ་ཡིག་འབྲུགཅིག་ཀྱང་་མ་ལུས་པར་ནུབ་གཅིག་ལ་བལྟས་ཟིན། ཁྱོད་དང་པཎ་ཆེན་རིན་པོ་ཆེར་དད་ཞེན་གཅིག་མཚུངས་རེད། འོན་ཀྱང་ཉིད་ཀྱིས་ལག་ལེན་ལ་བཏབ་ནས་༧ཁོང་མྱ་ངན་ལས་དས་སྐོར་ལ་ཞིབ་འཇུག་གནང་པ་དང་། དེ་སྐོར་ལ་གླེང་བརྗོད་གནང་པ་དང་ཕྲན་ནི་སྤོབས་པ་ཅི་ཡང་མེད་པར་མྱ་ངན་བྱེད་མཁན་ཞིག་ཡིན། བདག་ལ་ཆེས་འབྱོར་བའི་ཚིག་གཅིག་ནི་ལྡེབ་༨་པའི། Martin Niemoller,སློབ་གསོ་དེ་རེད། དེབ་འདིའི་སྤྱི་དོན་ལ་བསམ་ན༎ ཁྱོད་གཉིས་ཀྱིས་མི་རིགས་ཀྱི་འདུ་ཤེས་དང་། རྩད་གཅོད་ཀྱི་ཆོད་སེམས་བརྟན་པོ་ལ་དོགས་པ་མི་དགོས་ཀྱང་། ཚང་མ་ཚོད་དཔག་དང་བཤད་སྒྲོས་ཙམ་ལས་བདེན་དཔང་གི་ཡིག་ཆ་གཏན་ནས་མེད་པས་ས་ཆོད་དེ་ཙམ་མེད་པར་སྣང་། ལྷག་པར་པོའུ་ཤི་ལེའི་སྲོག་ཆད་ཀྱི་སྐོར་ནི་ཕྲན་གྱིས་གོ་བ་དང་གཏན་ནས་ཐ་དད་རེད། ཕྲན་སུའུ་་ཀྲུ་སུ་ཡོད་སྐབས་ཁོ་སྲོག་ཆད་ལས་ཡོལ་བའི་གནས་ཚུལ་མཐོ་རིམ་མི་སྣའི་ཁྲོད་དུ་ཡོངས་གྲགས་དང་། རྒྱུ་མཚན་ཡང་གཞན་ཞིག་རེད། པཎ་ཆེན་རིན་པོ་ཆེའི་གསང་བ་སྲུང་དགོས་ན་ཁོ་གསོད་དགོས་པ་ལས་ཉེས་ཡང་གཏོང་མི་རུང་པ་རིགས་པས་གཞལ་ཀྱང་ཤེས། ཡང་དེབ་དེའི་རྒྱབ་ཤོག་སུ་པཎ་ཆེན་རིན་པོ་ཆེའི་སྤྱན་གཉིས་ལ་འཛེར་མ་བཙུག་པ་དེ་མཐོང་མ་ཐག་མིག་ཆུ་འཐོར་ཞིང་སྙིང་ན་བ་ཞིག་བཟོས་སོང་། རྒྱུ་མཚན་བཀོད་པ་མཐོང་དུས་དེ་ཡང་ཚོང་དུས་ཀྱི་འཆལ་གཏམ་ལྟ་བུ་ཞིག་ལས་བདེན་པ་མངོན་གྱུར་ཡང་མེད་པས་དེ་ཙམ་དགའ་མ་སོང་། གཞན་གྱིས་དེ་ལྟར་བྱས་ཡོད་སྲིད་མོད་རང་ཉིད་ཀྱིས་དེའི་རྗེས་སུ་ཞུགས་ནས་སྐུ་པར་ལ་མཐོང་ཆུང་བྱེད་ག་ལ་རུང་། སྤྱིར་བརྙས་སེམས་མེད་ངེས་ཀྱང་བོད་པ་གུས་ཞབས་ཅན་ཞིག་གིས་བྱེད་ཕོད་པའི་ལས་ཞིག་མ་རེད། འདི་ནི་དེབ་ཀློགས་པའི་ཚོར་མ་སྟེ་་ཉིད་ནི་སྙིང་སྟོབས་ཅན་ཞིག་རེད། ང་ནི་སྤོབས་པ་དང་བྲལ་བ་ཞིག་རེད། ནོར་འཁྲུལ་གང་ཡོད་ལ་དགོངས་དག་ཞུ། །
ལྔ་བཅུ་ལྔ་དགུའི་སྔོན་གྱི་བོན་དགོན་གྱི་རྣམ་གྲངས་ཡིན་རུང་ཆོས་སྒོ་ཕྱེས་པ་ནས་བཟུང་བོད་ཀྱི་དགོན་པ་རྣམས་ཉམས་གསོ་བྱེད་རྒྱུའི་ཆོག་མཆན་ཐོབ་ཡོད། དེ་ཡང་སྔར་ཡོད་དགོན་སའི་ཤུལ་ལས་སྔར་མེད་ཀྱི་ས་ཆར་བོན་དགོན་མ་ཟད་ས་དགེ་བཀའ་རྙིང་སུ་ཡིན་ནའང་དེར་དགོན་པ་འདེབ་ཆོག་པའི་ཆོག་མཆན་མི་སྤྲད་པ་ཁྱེད་ཀྱིས་ལོས་དགོངས།
ལུག་རྫི་གཞུང་ལུགས་ལ་མཁས་པ་ཡིན་མིན་ང་ལ་རྒྱུས་མངའ་ཅུང་ཙམ་ཡོད་ང་ཡང་ལུག་རྫིར་མི་ཚེ་གང་འཚམས་ཞིག་བསྐྱལ་ཟིན།
གཤེན་ཆེན་ཀླུ་དགའ་བོན་གྱི་གཏེར་བཏོན་ཐོག་མ་དེ་མ་རེད་ཞུ།
དང་པོ། དྲི་མེད་ལྷག་བསམ་ལགས། རྩོམ་ཡིག་འདི་པཎ་ཆེན་རིན་པོ་ཆེ་ཡི་སྐོར་མ་རེད། རབ་ཡིན་ན་ཁྱེད་ཀྱིས་ཀློག་བྱང་ཞིག་ཕྲིས་དང་། དེ་དུས་བགྲོ་གླེང་བྱེད་ཆོག མ་གཞི་དེབ་དེ་ཐོན་པ་དང་ངེད་གཉིས་ཀྱིས་ཁྲིམས་ཐོག་ནས་ར་སྤྲོད་བྱེད་ངེས་པའི་བསྒྲགས་གཏམ་མཉམ་སྤེལ་ཡིན་པས། ཁྲིམས་ཐོག་ལ་ཕུད་མཁན་མ་རེག་པའི་དཀའ་ངལ་འདུག་མ་གཏོགས་ཡོད་ན་ཞེད་སྣང་ཡོང་གི་མེད།
གཉིས་པ། བན་དེ་བ་ལགས། ངས་ཀློག་མྱོང་བའི་གཤེན་ཆེན་ཀླུ་དགའི་སྐོར་འདི་འདྲ་ཞིག་རེད། ད་རེས་ཁྱེད་ཀྱིས་མཐོང་ཐོས་མྱོང་གསུམ་ཚང་མར་མཉམ་རོལ་བྱེད་རན་ལ་སླེབས་ཡོད་པ་མ་རེད་དམ།
ལྷ་སྡེ་ལགས་དེ་ག་རང་རེད། མ་གཞི་ནས་ངས་ཅིག་བཤད་ཁུལ་བྱས་རུང་མི་ཚོས་དེ་ནི་རང་ཕྱོགས་ཀྱི་ལྟ་བ་མཁྲེགས་བཟུང་གི་ལྟ་སྟངས་ལས་ཡིད་ཆེས་བྱེད་མཁན་ཨ་ཡོད་ན་བསམ། མ་གཞི་ནས་ཁྱེད་རང་ལ་ཐུགས་སྣང་དེ་འདྲ་ཡོད་ན་བགྲོས་མོལ་ཞུ་ཆོག དུས་ཚོད་ད་སྨིན་འདུག་དེ་ད་དུང་ང་ཚོའི་མི་རིགས་འདི་རྨོངས་གཉིད་ལས་ཅུང་ལྡང་ཐུབ་མི་འདུག་བསམ། ལྷག་པར་དུ་བོད་རིགས་ཚན་རིག་གི་ལམ་ནས་རྟོག་དཔྱོད་བྱེད་མཁན་དེ་བས་ཉིན་སྐར་ཙམ་རེད་བསམ། སྔ་ཕྱི་མ་གཏོགས་ང་ཚོའི་མི་རིགས་འདི་རྨོངས་གཉིད་ལས་སད་ནས་སྐྱ་རེངས་གསར་པ་ཞིག་ཤར་ངེས་རེད།
བན་དེ་བ་ལགས། ང་ཚོར་གོ་རྟོགས་མ་སད་པ་ནི་དོན་དག་ཆེ་མ་ཆུང་གསུམ་མི་མང་གི་མདུན་ལ་བཞག་ནས་བགྲོ་གླེང་མ་བྱས་པ་ནི་གནད་འགག་ཆེ་ཤོས་དེ་རེད་འདོད། དེ་མིན་ང་ཚོ་རང་ངོས་ནས་ཀྱང་ཐེ་ཚོམ་དང་ཞེད་སྣང་། རང་སྲུང་སླད་སྐད་ཆ་དྲང་མོར་བཤད་མ་ཐུབ་པའང་སད་དུ་མི་འཇུག་པའི་ལྕགས་སྒྲོག་རེད། དེ་བས། ད་ལྟའམ། སྒོས་སུ་དྲ་བའི་དུས་རབས་བེད་སྤྱད་ནས་བསམ་ཚད་བཤད། བགྲོ་གླེང་བྱས། ནོར་འཁྲུལ་ལ་ཡོ་བསྲངས་ཀྱིས་བཤད་ཕོད་པ་དང་ཉན་མཁས་པ་ཞིག་བྱེད་ཐུབ་ཚེ། ཚང་མ་ཚད་ངེས་ཅན་ཞིག་ལ་སླེབས་མི་སྲིད་པར་ག་ལ་སྲིད། གོང་གི་བགྲོ་གླེང་ཐ་དག་མཉམ་རུབ་ཞིབ་འཇུག་ཅིག་མ་རེད་དམ།
གཞོན་ནུ་ཟླ་མེད་ལགས་ཀྱིས་མཆན་#21་པ་དེ་ཧ་ལས་པའི་ཡག་པོ་གསུངས་འདུག བཀའ་དྲིན་ཆེ་ཞུ་བ་ཡིན། ད་དུང་གནས་ཚུལ་འདི་འདྲ་མཐོང་ཐོས་རེག་གསུམ་ག་རེ་བྱུང་བ་ཡིན་ནའང་གསུངས་རོགས་གནོངས། ངས་ཀྱང་ལོ་བཅུ་གྲངས་སྔོན་ཨ་མདོ་ཕྱོགས་ཀྱི་བྲག་ཕུག་ཕུག་རོན་སྡོད་བྱེད་ས་ཞིག་ནས་བོན་དཔེ་རྙིང་པ་མང་པོ་ཐོན་ནས་རྗེས་སུ་བན་དེའི་བླ་གྲྭ་ཚོས་མེ་ལ་བརྒྱབ་པ་རེད་ཟེར་ནས་ཐོས་བྱུང་། གནས་ཚུལ་དེ་ཚོ་བདེན་པ་ཡིན་ན་ཧ་ཅང་སེམས་པ་ཕམ་པོ་རེད། ཡིད་རྨུག་ག་ཆད་ཟེར་བ་དེ་རེད། བན་དེ་ཁྱེད་རང་ཚོའི་ལག་པས་ཐུག་འདོད་མེད་པ་ཡིན་ན་ལས། བོན་པོ་ཡིན་མཁན་དེ་ཚོ་ལ་ས་ཆ་འདིར་དཔེ་ཆ་དང་དངོས་རྫས་འདི་འདྲ་འདུག་ཟེར་ནས་ལབ་རོགས་བྱས་ན། བོན་པོ་ཚོས་བདག་པོ་རྒྱག་གི་རེད།
ཆོས་དཔེ་བྲག་ཕུག་སོགས་སུ་སྦས་སྲོལ་འདི་བོད་ཁམས་ཡོངས་ལ་ཁྱབ་ཡོད་པར་སྣང་། རྒྱ་གར་དང་བོད་ཀྱི་ས་མཚམས་ཁག་ཅིག་གི་བྲག་ཕུག་ལས་ཀྱང་ཆོས་དཔེ་མང་བོ་ཐོན་འདུག ཡིན་ནའང་། བོན་དཔེའམ་བན་དཔེ་གང་ཡིན་ཧ་གོ་མ་སོང་།
གཞོན་ནུ་ཟླ་མེད་གསུངས་པ་དེ་བདེན་ཤས་ཆེ། བན་དེ་བ་དག་གིས་བོན་དཔེ་མེར་བསྲེག་ཆུར་བསྐྱུར་མཆོད་རྟེན་འོག་ཏུ་བསྐུངས་པ་སོགས་ཧ་ཅང་མང། ཁྱེད་རྣམ་དཔྱོད་ཅན་དག་གིས་ཀྱང་དེ་དག་ལ་ཞིབ་འཇུག་དཔྱད་ལོང་མེད་པར་ཆོས་ཀྱི་ཚབ་ཏུ་བོན་དང་སྟོན་པའི་ཚབ་དུ་གཤེན་རབ་རབ་འབྱོར་གྱི་ཚིག་མ་བརྗེས་པར་བཞག་འདུག་ཟེར་སྟངས་འདི་གཅིག་པོས་རང་ཕྱོགས་ཀྱི་ལྟ་བ་མཁྲེག་འཛིན་དེས་བཅིངས་འདུག་ ངོ་མ་བྱས་ན་དེ་དག་བརྗེས་ཚུལ་དང་བཤུས་ཚུལ་ཁུངས་བསྐྱེལ་ར་སྤྲོད་ཀྱི་ཆེད་དུ་བོན་དཔེ་དེ་དག་མེར་མ་བསྲ྄ེག་ཆུར་མ་བསྐྱུར་བ་གཅེས་གཉེར་གྱིས་ཞིབ་འཇུག་མཐིལ་ཕྱིན་ཞིག་བྱེད་ཐུབ་ན་གཞི་ནས་བོན་དཔེ་ཆོས་དཔེ་ལས་བཤུས་དང་མ་བཤུས་ཀྱིས་ཐག་ཆོད་ཡང་དག་གཅིག་བྱེད་ཐུབ། བཤུས་པ་ཡིན་ན་བཤུས་ཚུལ་གྱི་ངོ་སྤྲོད་གནང་ཐུབ་ན་བོན་པོ་ཚོས་ཆོས་དཔེ་བརྐུ་བའི་རྐུན་མ་ཟེར་ན་ལོས་ཆོག་་་དེ་མིན་དཔྱད་ལོང་ལྟ་ལོང་མེད་པར་ཡིན་ཤག་བྱེད་པ་དེ་ལ་ངས་་་་ད་དུང་བོད་མི་རིགས་འདི་རྨོངས་གཉིད་ལས་སད་མི་འདུག་ཅེས་པའི་གོ་དོན་དེ་ཡིན། གཞན་ཡང་རྒྱུ་ལ་མི་དགའ་མཁན་མི་མེད་པས་་་དེ་དག་ནུབ་ཕྱོགས་ཞིབ་འཇུག་པར་བཙོང་ན་རིན་འགོང་བརྗོད་མི་ཤེས་པའི་དངུལ་ཐོབ་ངེས་དང་རང་གིས་ཞིབ་འཇུག་བྱས་པ་ཡིན་ན་ཞིབ་འཇུག་བྱས་པའི་དཔྱད་རྩོམ་དེར་གདེང་འཇོག་ཆེན་པོ་ཐོབ་ངེས་མ་ཟད་མཚན་སྙན་གྲགས་ངེས་རེད། དཔེར་ན་སྔོན་ལོར་ཨ་མདོ་ཕྱོགས་ནས་དུས་རབས་བཞི་པ་དང་ལྔ་པའི་སྐབས་སུ་བྲིས་པ་རེད་ཟེར་ནས་དེབ་གསུམ་ཅུ་ལྷག་པར་དུ་བསྐྲུན་ནས་ད་ལྟ་ཉོ་དུས་དེ་ཡོངས་རྫོགས་ལ་ཀྲུང་སྒོར་སྟོང་ཕྲག་གསུམ་ཅུ་བྱས་ནས་བཙོང་གི་འདུག་་་་་དངུལ་འབོར་ཆེན་བསགས་དང་གསོག་བཞིན་པ་རེད། ཁྱེད་ལ་དུས་ཁོམས་དང་གོ་སྐབས་བྱུང་ན་ལྷག་ལུས་ཡོད་རིགས་ལ་ཐུགས་སྣང་བྱས་ཏེ་ཞིབ་འཇུག་དང་ཡང་ན་ཤོག་ལྷེ་གཅིག་ཡན་ཆད་རྙེད་སོན་བྱུང་ན་ང་ལ་གནང་ཐུབ་ན་གནང་རོགས་ཡང་ན་ངས་དངུལ་ག་ཚོད་དགོས་ཟེར་ནའང་ཐབས་ཤེས་བྱེད་ཐུབ།
སྤྱིར་ན་མཁྱེན་ལྡན་གནམ་ལོ་ཡག་མཆོག་གིས་རྩོམ་ཡིག་འདི་ང་ལ་དམིགས་ནས་བྲིས་པ་རེད་འདུག་མོད་འདིར་འབྲེལ་མེད་དོན་གཞན་མང་པོ་གླེང་ནས་ངའི་གླེང་མོལ་གྱི་གོ་སྐབས་འཕྲོག་སོང་།
གོང་དུ་དྲ་གྲོགས་བན་དེ་ལགས་ཀྱིས་བཀའ་བཀྱོན་འདྲ་བོ་དེ་ལ་ལན་ཞིག་འབྲི་འདོད་བྱུང་། ཁྱེད་ཀྱི་མཆན་རིང་པོ་དེའི་དོན་ཚན་གཅིག་ནི་ནང་པ་སངས་རྒྱས་པའི་ཆོས་པ་ཚོས་བོན་པོའི་དཔེ་ཆ་མེར་བསྲེགས་ཆུར་བསྐྱུར་བྱས་ཚུལ་དེ་རེད། དེ་ལ་ཁུངས་སྐྱེལ་དཔང་རྟགས་དགོས་རེད། དེ་མེད་པར་གཏམ་འཆལ་ཙམ་ལ་བརྟེན་ནས་ཆོས་ལུགས་ཚོགས་སྡེ་འདི་དང་འདིས་འདི་བྱས་སོང་ཟེར་ནས་དབྱེ་འབྱེད་མེད་པར་མགོ་ལ་རེ་ལྡེ་ནག་པོ་འགེབས་རྐྱང་བྱས་ན་ཁྱེད་རང་ལ་ཡང་ཉེས་པ་ཆེན་པོ་རེད། བདེན་པའི་ས་བོན་མེད་པར་ཆོས་ལུགས་བར་ལ་འཁོན་འཛིན་དང་ཞེ་སྡང་སློང་བའི་སྐད་ཆ་དེ་རིགས་སྤེལ་ན་ཕན་ཐོགས་གང་ཡང་མེད། སངས་རྒྱས་ཆོས་ལུགས་པས་བོན་པོའི་དཔེ་ཆ་མེར་སྲེག་པ་ཡོད་ན་ཡུལ་དུས་གང་ཟག་གི་མིང་ནས་བཟུང་སྟེ་དངོས་ཡོད་ཀྱི་དཔང་རྟགས་ར་སྦྲགས་ཏེ་བྱེད་ཐེར་འདོན་དགོས་ངེས་རེད།
དེ་ནས་དུས་རབས་བཞི་པ་ལྔ་པའི་དཔེ་རྙིང་པར་བསྐྲུན་བྱས་ཚུལ་དེ་རེད། དཔེ་ཆ་དེ་དག་གི་མ་དཔེ་གང་དུ་ཉར་ཡོད་པ་རེད། དཔེ་རྙིང་དེ་འདྲ་ཡིན་པའི་དཔང་རྟགས་གང་ལ་བརྟེན་པ་རེད། སུས་ཞིབ་འཇུག་བྱས་ནས་ར་འཕྲོད་པ་རེད། དེ་འདྲའི་དཔེ་རྙིང་ངོ་མ་ཡོད་ན་གནའ་རྫས་རིན་ཐང་ཅན་དཔེ་མེད་པ་རེད། ངེས་པར་དུ་ཡང་གཞུང་གཉེར་གྱི་འགྲེམ་སྟོན་ཁང་ངམ་དཔེ་མཛོད་ཁང་སོགས་ལ་ཉར་ཡོད་པར་ཐག་ཆོད་པས་གང་དུ་ཡོད། ཁྱེད་ཀྱིས་དེ་ངོ་མ་དཔེ་རྙིང་དེ་འདྲ་ཡིན་པར་ཞིབ་འཇུག་བྱས་ཡོད་ན་མ་དཔེ་གང་ན་ཉར་ཡོད་གསལ་པོར་བཤད་རོགས། དེ་མིན་པར་དཔེ་བསྐྲུན་ཁང་དེ་ཚོས་ཚོང་གི་ཁེ་སྤོགས་ལེན་ཆེད་དུ་རྫུན་འུད་སྒྲོགས་བྱས་པ་ཡང་ཡིན་སྲིད་པས་དེའི་མ་དཔེ་གང་ན་ཡོད་རྩད་ཞིབ་མེད་པར་གཏམ་དེ་རིགས་བརྒྱུད་བསྒྲགས་བྱས་ན་ཉིན་ཞིག་རྐུབ་བུད་དུས་ཅི་བྱེད་འདི་བྱེད་མེད་པ་ཡོང་གི་རེད།
མཆན་བུ་འདི་གཞོན་ནུ་ཟླ་མེད་ལགས་ཀྱིས་བྲིས་གནང་བ་རེད། ཁོང་ལ་བཀའ་དྲིན་ལན་བརྒྱར་ཞུ། ༼འབྲོག་པ་འགའ་བྲག་ཕུག་ནང་འཛུལ་ནས་ཐང་ཀ་སོགས་དངོས་པོ་བཙལ་སྐབས་གླེགས་བམ་རྣམས་མར་བྲག་ནང་དུ་འཕངས་བ་རེད་ཟེར། དེ་དུས་རྨ་ཆུའི་དར་ད་དུང་ལྷུང་མེད་པས་ང་ཚོས་མཐོང་དུས་དར་ཐོག་ན་ཡོད་གི རྗེས་སུ་དར་ལྷུང་བས་དར་ཐོག་ན་ཡོད་ཚད་རྨ་ཆུའི་ནང་ཁུར་སོང་ནི་རེད།༽ མི་བསམ་ཡོད་ཅིག་ཡིན་ན་ཚིག་ལ་བསམ་བློ་ཡག་པོ་ཐོངས་དང་། །
དེ་ཡང་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་བདག་གཞན་མཉམ་བརྗེའི་སེམས་བསྐྱེད་དེ་ལ་ཉམས་ལེན་ཏོག་ཙམ་བྱས་ནས་བསམ་བློ་ཞིག་ཐོངས་དང་། མང་པོ་ཤོད་དགོས་ས་མི་འདུག། ཟུར་ནས་བལྟས་ན་ལེབ་མཐོང་ཟེར་བའི་དཔེ་ལྟ་རེད་མི་འདུག་གམ། །
ཁྱོད་ཚོས་བོད་ཡིག་ཡག་པོ་ཞི་ག་ཀློག་ཤེས་གི་ཡོད་དམ་མ་ཤེས་མདོག་བྱེད་གི་ཡོད། བོན་པོའི་ཡིག་ཆ་འཕངས་མེད་པར་ཉར་ནས་བསྡད་ཡོད་པ་དེ་གཞོན་ནུ་ཟླ་མེད་རང་གིས་བཀླགས་ཚུལ་འདུག མར་འཕངས་བཞག་པ་དེ་འབྲོག་པ་ཚོས་འཕངས་པ་རེད། དེ་བོན་པོའི་ཡིན་དང་བན་དེའི་ཡིན་གསལ་ཁ་ཞིག་མི་འདུག དགོས་ན་ད་སོང་དང་ད་དུང་བྲག་ཕུག་ནང་ན་འདུག་ཟེར་ནས་བྲིས་འདུག ད་དུང་དགོས་ན་མི་རོ་གཉིས་ཀྱང་འདུག་ཟེར་ནས་བྲིས་འདུག གླེགས་བམ་མར་འཕངས་སོང་ཟེར་བ་མ་གཏོགས་བོན་པོའི་གླེགས་བམ་འཕངས་སོང་ཟེར་ནས་བྲིས་མི་འདུག ཁོ་རང་གིས་བརྒྱད་སྟོང་པ་འདྲ་ཞིག་མཐོང་སོང་ཟེར་བ་དེ་མ་འཕངས་པར་ཉར་བསྡད་ཡོད་འདུག སྐད་ཆ་ཡག་པོ་མ་གོ་གོང་ནས་འཁོན་འཛིན་ཞེ་སྡང་གིས་འདུག་་མི་བཟོད་པ་འདི་ཅིག་འགྲིགས་མེད་པ་འདྲ།
བན་རྒན་འུ་ནག་པོ་ཐུགས་དུས་སྐད་ཆ་འདི་འདྲ་ཤོད་ལེ་རེད། སྡིག་པ་བཤགས། བགད་མོ་སླངས་མ་ཡོང་།
བོད་ཡིག་ཀློག་ཤེས་ན་ཞིབ་མོར་ཀློག་དང་། འབྲོག་པས་འཕངས་སོང་ཟེར་བ་མ་གཏོགས་བན་དེ་བོན་པ་སུས་འཕངས་ཤིག་བཤད་ཀྱང་མི་འདུག གླེགས་བམ་འཕངས་སོང་ཟེར་བ་གཏོགས་བན་བོན་སུའི་དཔེ་འཕངས་ཚུལ་ཡིན་བྲིས་མི་འདུག ཁྱེད་ཚོས་བཤད་སྟངས་བྱས་ན་བོན་པོ་འབྲོག་པ་ཁ་ཤས་ཀྱིས་བན་དེའི་དཔེ་ཆ་ཆུ་ནང་དུ་འཕངས་པར་འགྲེལ་ན་ཡང་འགྲིགས་ས་རེད། ཧཧཧཧཧཧཧ
༼དེ་དུས་རྨ་ཆུའི་དར་ད་དུང་ལྷུང་མེད་པས་་་་་ང་ཚོས་མཐོང་་་་དུས་དར་ཐོག་ན་ཡོད་གི རྗེས་སུ་དར་ལྷུང་བས་དར་ཐོག་ན་ཡོད་ཚད་རྨ་ཆུའི་ནང་ཁུར་སོང་ནི་རེད༽ ཚིག་འདི་ལ་་་གཞོན་ནུ་ཟླ་མེད་ལགས་དང་སྤོབས་པ་མཐའ་ལགས་རྣམ་པ་གཉིས་ཀྱི་དབར་དུ་གསལ་བཤད་ཡོད་པ་ཞུ། ང་ཚོས་མང་པོ་ལབ་ན་ཁྱེད་ཚོ་འབྱུང་གཞི་འཁྲུགས་འགྲོ་ས་རེད། །
དྲ་གྲོགས་སྤོབས་མཐའ་ལགས་ཁྱེད་ཀྱི་ཁེངས་སྤོབས་ལ་མཐའ་ཞིག་རྩ་བ་ཉིད་ནས་མི་འདུག མེད་ཤག་བྱས་ནས་རྫིག་རྫིག་ངར་ངར་བྱས་ཏེ་ད་ཁྱེར་ཤོག་སྟོན་ཤོག་ཟེར། བོན་པོ་ཚོར་སྟོན་ས་མ་རེག་བཤད་ས་མ་རེག་ནས་བསྡད་ཡོད་པ་མ་གཏོགས་ཤོད་རྒྱུ་སྟོན་རྒྱུས་ཕངས་པ་ཞིག་མེད།
སྤྱི་ལོ་༢༠༡༠ ་ལོ་ཡི་ཟླ་བ་དྲུག་པར་་་ལན་ཀྲོའུ་སློབ་ཆེན་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་ཀྱི་སློབ་དཔོན་ཆེན་མོ་འབྲུག་ཐར་ལགས་ཀྱིས་འགོ་ཁྲིད་གནང་སྟེ། ལན་ཀྲོའིུ་སློབ་ཆེན་མི་རིགས་རིག་པའི་ཞིབ་འཇུག་སློབ་མ་དང། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གི་ཞུ་ཆེན་པ་དང། སྒྲ་ཕབ་བརྙན་ལེན་པ་བཅས་ལས་གྲུབ་པའི་ཀན་སུའུ་དམངས་དོན་བོད་ཀྱི་གནའ་དཔེ་དཀར་ཆག་དག་སྒྲིག་རྟོག་དཔྱོད་ཚོགས་པ་ཉིད་མདའ་ཚང་དུ་ཕྱིན་ནས། མདའ་ཚང་རྫོང་མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་གི་འགོ་གཙོ་ལིས་ཀྲང་ཚེ་དང། སྲིད་གྲོས་མི་རིགས་ཆོས་ལུགས་ཨུ་ཡོན་ཚོགས་པའི་ཀྲུའུ་རིན་གཞོན་པ་མོ་ཏི་མེན་གཉིས་ཀྱི་ལྷག་བསམ་རྣམ་པར་དག་པའི་སྣེ་ཁྲིད་འོག ཉིན་བཅུ་ལྷག་རིང་ས་དེ་གའི་བོད་ཁྱིམ་དུ་ཉར་བའི་བོན་པོའི་དཔེ་རྙིང་འགངས་ཆེན་དག་ལ་རྟོག་དཔྱོད་ཞིབ་འཇུག་དང་བཅར་འདྲི་པར་རྒྱག་པ་བཅས་བྱ་བ་ལྷུར་བླངས་བ་མ་ཟད། དགུང་ལོ་བདུན་ཅུ་དོན་དགུར་ཕེབས་པའི་བགྲེས་པོ་ཆོ་རིང་ལུན་གྱིས་གྱེར་བའི་བོན་གྱི་འདོན་རྟ་དཀོན་པོ་མང་པོ་ཞིག་ཀྱང་སྒྲ་ཕབ་མཛད། ཅེས་དང།
ནང་བསྟན་ཆོས་ལུགས་དེ་བོད་ལ་དར་ནས་ད་བར་མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལས་མེད། ཅེས་དང། བོད་ཀྱི་ལོ་རྒྱུས་སྤྱི་དང། སྒོས་སུ་དུས་རབས་བདུན་པའི་ཡར་སྔོན་གྱི་བོད་ཀྱི་ལོ་རྒྱུས་དང་། རིག་གཞུང། སྤྱི་ཚོགས་སོགས་ལ་བརྟག་ཞིབ་བྱེད་དགོས་ན། བོན་པོའི་རིག་གནས་ནི་འཇུག་པའི་སྒོ་དང། ལྡེ་མིག་ལྟ་བུར་གྱུར་། ཅེས་དང། ནང་དོན་དང་ཡི་གེ་སོགས་ཀྱི་ཐོག་ནས་དབྱེ་ཞིབ་བྱས་མཐར། བོན་གྱི་དཔེ་རྙིང་འདི་དག་ནི་དུས་རབས་ལྔ་པ་ནས་དྲུག་པའི་བར་གྱི་དཔེ་རྙིང་ཡིན་པར་ཐག་ཆོད་བྱུང་ཞིང། ལྷག་པར་དུ་དཔེ་རྙིང་འདི་དག་ནི་དུས་རབས་ལྔ་པ་ནས་དྲུག་པའི་ཡར་སྔོན་གྱི་བོད་མིའི་བསམ་བློ་དང། མཚན་ཉིད་རིག་པ། ཆོས་ལུགས་དང། ཚན་རིག་ལག་རྩལ་སྐོར་སོགས་ཀྱི་སྟོང་ཆ་བསབ་པའི་ཡིག་ཆ་འགངས་ཆེན་ཞིག་ཡིན་པར་ངེས། ཕ་མེས་རྒྱུད་ཀྱི་རིན་ཆེན་གཅེས་ནོར་འདི་དག་མདའ་ཚང་ཡུལ་གྱི་བོད་མི་ཚོས། དུས་ད་ལྟའི་བར་དུ་བདག་འཛིན་བྱས་ཏེ་མི་རབས་ཉི་ཤུ་ལྷག་འདས་ཤིང། རིག་གནས་གསར་བརྗེའི་སྐབས་སུ། སྫེ་མི་ཡོངས་ཀྱིས་མནའ་ཚིག་དམ་པོར་བསྒྲགས་ཏེ། རི་ལ་གཏེར་དུ་སྦས་པར་བཤད།
ཅེས་དེབ་ཀྱི་གླེང་བརྗོད་དུ་་་བན་དེ་བ་ཡིན་པ་ཞིག་འཇུག་པ་འབྲུག་ཐར་གྱིས་བྲིས་འདུག
གླེང་བརྗོད་གཅིག་པོར་ཤོག་གྲངས་བཅུ་ལྷག་བྲིས་པ་དང་དེ་ཡང་རྒྱ་བོད་གཉིས་ཀའི་ཡིག་རིགས་ཀྱི་ཐོག་ཏུ་བཀོད་འདུག མ་ཟད་དེབ་ཀྱི་འཇུག་ཏུ་ཡི་གེ་རྙེད་སྟངས་དང་ཡི་གེ་འདོན་སྟངས་ལས་སོགས་ཁུངས་བསྐྱེལ་གྱི་cD གློག་བརྙན་ཀྱང་ཡོད་འདུག དེབ་ཆེན་སུམ་ཅུ་ཙམ་དུ་པར་བཏབ་འདུག་ད་ལྟར་རྒྱ་བོད་ནུབ་ཕྱོགས་ཡོངས་ལ་ཁྱབ་ཟིན་པ་རེད་འདུག
ད་ཁྱེད་ལ་ཁུངས་བསྐྱེལ་བྱུང་སོང་ངམ།
བོན་དཔེ་མེར་བསྲེག་ལས་སོགས་མེད་པར་བྱེད་མཁན་བན་དེ་བ་ཡིན་རབས་བདེན་པ་ཤོད་རྒྱུ་ལོས་ཡོད། ཉེ་ཆར་རང་ཁམས་ནང་ཆེན་ཕྱོགས་སུ་བྲག་ཕུག་ཞིག་ཏུ་ཉིན་མཚན་བསྟུད་མར་དུ་བ་འཕྱུར་བ་དང་དེ་ཡི་ཡུལ་མི་ཞིག་གིས་བོན་དཔེ་མེར་བསྲེག་གཏོང་གི་ཡོད་རེད་ཟེར་ནས་་་བོན་གྱི་དགེ་བཤེས་ཞིག་ལ་ལོན་སྤྲད་པ་དང་ཁོང་དང་རོགས་བཅས་གབ་པའི་ཚུལ་གྱིས་ཕྱིན་དུས་ཕལ་ཆེར་བསྲེག་ཟིན་འདུག འོན་ཀྱང་བོན་དཔེ་ཁམས་ཆེན་གསེར་བྲིས་མ་ལོ་ཏི་རེ་ཟུངས་ཞིག་ལྷག་པ་དེ་ད་ལྟ་དེའི་སྐོར་ལ་ཞིག་འཇུག་དང་མེར་བསྲེག་འཕྲོ་དེ་ཡི་པར་སོགས་ཝི་ཆཌ་སོགས་ལ་མཐོང་རྒྱུ་འདུག དེ་བཞིན་ཉེ་ཆར་རང་ཨ་མདོ་ཨ་མཆོག་དགོན་གྱི་གྲྭ་བ་འགས་དེར་ཕྱོགས་སུ་ཡོད་པའི་བོན་དཔེ་རྙིང་པ་མང་རབས་ཤིག་མེར་རྒྱབ་པ་དངོས་ཡོད་གནས་ཚུལ་ཡིན། ད་དུང་དགོས་ན་ངས་ཞུ་ཆོག་མི་ཡི་མིང་བཅས་པ་ཞུ་ཆོག་ཀྱང་ཕལ་མོ་ཆེ་ནི་མི་ཆེན་བླ་ཆེན་དེ་ཚོ་ཡིན་པས་ཆོས་ལུགས་ནང་ཁུལ་གྱི་མཐུན་ལམ་གཏོར་བཤིག་དང་༧ གོང་ས་མཆོག་གི་ཐུགས་ཕམ་སྲིད་ོར་དྭོགས་ནས་འབྲི་མ་ཕོད་པ་མ་གཏོགས་བཤད་རྒྱུ་མེད་པ་གང་ནས་ཡིན། ད་དུང་མང་ཙམ་དགོས་ན་ལྷ་བླ་མ་ཡེ་ཤེས་དང་་མངའ་རིས་རྒྱལ་རབས་ཟེར་བའི་ལོ་རྒྱུས་ཀྱི་དེབ་དེ་ཚོར་གཟིགས་དང་་་་ཨ་ཁ་ཁ་སྐྱི་འཇིག་ཤ་ཚ་གཡང་ཟ་བ་དེ་འདྲ་འདུག འདི་དག་ནི་འཚེ་མེད་ཞི་བ་དང་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པར་ཤོག ལྟ་བ་མཐའ་བྲལ་རྟེན་འབྱུང་མར་གྱུར་འགྲོ་དྲུག་སེམས་ཅན་རྣམས་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་ཅེས་ཉིན་མཚན་དུས་དྲུག་ཏུ་ཁ་ན་ན་སྐྱོར་མཁན་དེ་རིགས་རེད་ཞུ་ཡིན་།་
ལོ་རྒྱུས་ལྷ་སྒྲུང་འདྲ་བ་དེ་ཚོའི་ནང་ན་གང་ཡོད་ཀྱིས་ནག་ཉེས་འགེལ་རེས་བྱས་བསྡད་ན་མ་གཞི་གཤེན་རབ་ཟེར་བའི་མིང་ཡན་ཆོད་བསད་བསད་གཏུབ་གཏུབ་མ་གཏོགས་མི་འཇུག་ཚུལ་འདྲ་བོ་ཞིག་འདུག དེ་ལ་བལྟས་ན་མངའ་རིས་རྒྱལ་རབས་ཀྱི་དེའི་ནང་ན་ཅིག་ཡོད་པ་དེ་ད་ཅི་གང་ཡང་མ་རེད། བོན་པོས་མཐུ་བཏང་ནས་གནོད་པ་བྱས་ཚུལ་དེ་ཚོ་བཤད་བསྡད་ན་རྩིས་རྩིས་གྲངས་ཀས་ཐེབས་གི་མ་རེད། བོད་མི་མང་ཆེ་བ་བོན་པོ་ཟེར་དུས་སྐྲག་ནས་འདར་འགྲོ་གི་རེད། ཡིན་ན་ཡང་། ཡིག་ཐོག་ངག་ཐོག་གི་གཏམ་རྒྱུད་བཤད་ཡམ་ལྟ་བུ་ཙམ་ལ་ཡིད་ཆེས་བྱེད་པ་དེས་ཁུངས་འཁྱོལ་གི་མ་རེད།
དཔེ་རྙིང་པར་བསྐྲུན་དེའི་ཐད་ནས། ངས་ཁུངས་སྐྱེལ་ཤོག་ལབ་པ་ཡིན། དཔེ་རྙིང་དེ་འདྲ་འབོར་ཆེན་ཞིག་ལ་ཞིབ་འཇུག་བྱས་ནས་ལས་སླ་པོ་དེ་འདྲ་ཐག་གཅོད་ནུས་པ་དེ་བདེན་དུ་རློམ་ཐུབ་པ་ཞིག་མ་རེད། ཏུང་ཧོང་གི་ཡིག་ཧྲུལ་དེ་འདྲ་ཉུང་ཉུང་ཞིག་རྒྱལ་ཁབ་དེ་འདྲ་མང་པོའི་ཆེད་མཁས་པས་ད་བར་དུ་ཞིབ་འཇུག་བྱས་ན་ཡང་ད་དུང་མང་པོ་ཞིག་ཐག་གཅོད་མ་ནུས་པར་བསྡད་འདུག ངས་མ་དཔེ་གང་ན་ཡོད་པ་རེད། ཞིབ་འཇུག་གི་ཐབས་ལམ་ག་འདྲ་ཞིག་བརྒྱུད་པ་རེད་ཟེར་ནས་དྲིས་ཡོད། ཤོག་བུ་དང་། སྣག་ཚ། ཡིག་གཟུགས། སྐད་བརྡ་གང་ཅིའི་ཐད་ནས་ཞིབ་འཇུག་ལོ་མང་པོའི་རིང་ལ་འགྲོ་དགོས་པ་ཞིག་རེད། ཅིག་ཅིག་མིག་མིག་གིས་ཅིག་བཤད་འདུག་ཟེར་བ་ཙམ་དང་ཡི་གེར་བཀོད་འདུག ཟེར་བ་ཙམ་ལས་རྒྱུ་མཚན་འགྲེལ་བརྗོད་གཅིག་ཀྱང་མི་འདུག ཐ་ན་མ་དཔེ་ད་ལྟ་གང་ན་སུས་ཉར་ཡོད་པ་དེ་ཡང་བཤད་མི་འདུག
དཔེ་ཆ་མེར་བསྲེགས་ཚུལ་དེ་ཡང་དེ་མཚུངས་རེད། ནང་ཆེན་གྱི་བྲག་ཕུག་ཅིག་གི་ནང་ན་ཟེར་བ་ཙམ་གྱིས་ཁུངས་འཁྱོལ་གྱི་མ་རེད། ས་མིང་དང་། སྲེག་མཁན་གྱི་མིའི་མིང་། དེ་མཐོང་མཁན་གྱི་མིང་། སྲེག་མཁན་དེ་ཡིན་པའི་ཁུངས་སྐྱེལ་མེད་ན་གཏམ་འཆལ་བཀྲམས་པ་ཙམ་རེད། མིའི་མིང་ནས་སྨྲོས་ནས་མི་སྒེར་དེ་ལ་ནག་ཉེས་འཛུགས་ཐུབ་ན་ཆོས་ལུགས་ཀྱི་དཀྲུགས་ཤིང་ལ་འགྲོ་དོགས་མེད། དེ་མིན་སངས་རྒྱས་ཆོས་ལུགས་པས་འདི་བྱས་སོང་དང་དེ་བྱས་སོང་ཟེར་ནས་ནག་ཉེས་བཙུགས་བསྡད་ན་ད་ངོ་མ་ཆོས་ལུགས་བར་གྱི་གནད་དོན་དུ་བསམ་བཞིན་དུ་བསྒྱུར་བ་ཡིན་པས་ཚབ་ཆེན་རེད།
ཁྱོད་ཚོའི་འདོད་སྟངས་ལྟར་ན་ཡི་གེ་དེ་ཚོ་ཞང་ཞུང་སྨར་ཡིག་གི་ཐོག་ལ་བྲིས་ལོས་ཡོད། ཕྱི་རྒྱལ་དུ་ལོ་སྟོང་གི་སྔོན་གྱི་གནའ་དཔེ་ཤོག་ལྡེབ་རེ་ལ་ཞིབ་འཇུག་ལོ་ནས་ལོ་མཐུད་དེ་མ་བྱས་པར་ཐག་གཅོད་ཐུབ་གི་མི་འདུག དེ་ནས་ད་ཁོང་ཚོས་ལོ་ཆིག་སྟོང་དྲུག་བརྒྱའི་སྔོན་གྱི་པོད་ཆེན་སུམ་ཅུ་ཉིན་བཅུའི་རིང་ལ་རྟོག་དཔྱོད། ཞིབ་འཇུག པར་རྒྱག་པ་ཚང་མ་གྲུབ་པ་དེ་ཡང་རྫུ་འཕྲུལ་ཟེར་བ་དེ་བསྟན་པ་ཡིན་ནམ།
ཨ་མཆོག་དགོན་པའི་གྲྭ་བ་སུ་དང་སུས་བྱས་ཡོད་ན་དེ་ཚོ་འདེད་དགོས་ཀྱི་རེད། ཁུངས་སྐྱེལ་ངེས་ཤེས་འདྲོངས་པ་མེད་ན་རང་མདོག་ཕྱིར་བསྟན་པ་ཙམ་ལས་མེད་པས་ཁ་བཙུམས་ནས་བསྡད་ན་ཡག་ཤོས་རེད། དེ་མིན་སངས་རྒྱས་ཆོས་ལུགས་པའི་གྲྭ་བ་ཚོས་འདི་བྱས་སོང་ཟེར་ནས་རྒྱ་ཆུང་ས་ཞིག་རྒྱ་ཆེ་ས་ཞིག་ལ་བསྒྱུར་བསྡད་ན་བྱེད་གཏེ་ཚོར་གང་ཡང་གནོད་ཀྱི་མ་རེད། ཕོག་མི་དགོས་ས་གོང་ས་མཆོག་མན་ཆད་ལ་ཕོག་འགྲོ་གི་རེད། མ་གཞི་ནས་དཔེ་ཆ་ཞིག་མེ་ལ་བསྲེགས་པ་ཙམ་གྱིས་དེ་བོན་པོ་ལ་མ་དགའ་བ་ཡིན་མིན་མི་ཤེས། བོད་ཀྱི་གྲྭ་བ་ཚོས་དཔེ་ཆ་ཉེ་བར་མི་མཁོ་བ་ཚང་མ་མེ་ལ་བསྲེགས་སྲོལ་ཞིག་འདུག འགོམ་ཡུག་ཡིན་ནམ་ཞིག་མི་འགྲོ་བའི་ཆེད་ཡིན་ཟེར་ནས་འཇོག་ས་མ་རྙེད་དུས་མེ་ལ་བསྲེགས་གི་འདུག དེ་ལ་བན་བོན་གྱི་ཁྱད་པར་ཞིག་ཅང་མི་འདུག
སྤོབས་པ་མཐའ་ཡས་ལེགས་སོ། བན་དེ་བས་མིང་ཁུར་བའི་བོན་པོ་འདི་ཚོ་ནི་ལས་འབྲས་བདེན་པ་མེད་པའི་རྫུན་རྐྱང་རྐྱང་བཤད་ཀི་འདུག དེ་ཚོ་སུ་ཞིག་ཡ་བྱེད་ཡ། ངས་བསམ་ན་དོལ་ཚོགས་ལས་རྒྱལ་བསྟན་བཤིག་པ་ལ་བོན་པོ་འདི་དག་ལ་ཁྱད་པར་ཅི་མི་འདུག
སྤོབས་པ་མཐའ་ཡས་ལེགས་སོ། བན་དེ་བས་མིང་ཁུར་བའི་བོན་པོ་འདི་ཚོ་ནི་ལས་འབྲས་དང་བདེན་པ་མེད་པའི་རྫུན་རྐྱང་རྐྱང་བཤད་ཀི་འདུག དེ་ཚོ་སུ་ཞིག་ཡ་བྱེད་ཡ། ངས་བསམ་ན་དོལ་ཚོགས་ལས་རྒྱལ་བསྟན་བཤིག་པ་ལ་བོན་པོ་འདི་དག་ལ་ཁྱད་པར་ཅི་མི་འདུག
འོ་ཡ་ངས་སྔོན་ཚུད་ནས་བཤད་ཡིན་་་བོང་བུའི་རྣ་བར་གསེར་རྡོ་ཅི་བླུགས་ཀྱང་ཀྲོག་ཀྲོག་བྱེད་ཀྱི་རེད། ངས་ད་ནས་སྤོབས་མཐའ་ཟེར་མཁན་དང་འདྲེ་མོ་དེ་རིགས་ལ་ཅང་བཤད་འདོད་མེད། དེ་ག་རང་རེད། དེ་ལས་ཁྱོད་རང་འཇིག་བྱེད་མ་ཧེ་རུ་བསྒྲུབ་བསྡད་ན་ལེགས་ཤོས་རེད།
ཚང་མས་བགྲོ་གླེང་གནང་འདུག རྩོད་པའང་ཤོར་འདུག ཡིན་ནའང་། ཕན་ཚུན་བར་ཚིག་མཚོན་མི་འདེབས་པར་སྐྱབས་འཇུག་ཞུ་གི་ཡིན། བན་བོན་སུ་ཡིན་ནའང་འདྲ། གནས་ལུགས་ཀྱི་རྗེས་སུ་འབྲངས་པ་ལས་ཨུ་ཚུགས་ལ་འཇུག་རུང་གི་མ་རེད་ལ། ཞེ་སྡང་གི་དབང་དུ་དེ་བས་ཀྱང་འགྲོ་ག་ལ་རུང་། དེ་ནི་སོ་སོས་སོ་སོར་བསྙོན་འབྱིན་བྱས་པ་ལས་མ་འདས།
བོན་པོའི་དཔེ་ཆ་རྙིང་པ་དེ་ཚོ། བན་དེ་ཚང་གིས་མེ་ལ་བརྒྱབ་ཆུ་ལ་གཡུག་རླུང་ལ་བསྐུར་བྱེད་པ་ནི་རང་མི་རིགས་ཀྱི་ལོ་རྒྱུས་རྩ་མེད་གཟོ་གི་ཡོད་པ་རེད། བོན་པོའི་དཔེ་ཆ་དེ་ཚོའི་ནང་ནས་བོད་ཀྱི་ལོ་རྒྱུས་མང་པོ་ཞིག་རྒྱུས་ལོན་བྱེད་ཐུབ་ཀྱི་ཡོད་པ་རེད། བོན་པོའི་དཔེ་རྙིང་དེ་ཚོའི་ནང་དུ་བན་དེ་ཁྱེད་རང་ཚོའི་ལོ་རྒྱུས་རིན་ཐང་ཅན་དེ་འདྲ་ཡང་ཏན་ཏན་ཡོད་ངེས་པ་རེད། བན་བོན་ཀུན་གྱི་མཁས་པའི་གསུངས་རྩོམ་མང་ཆེ་བའི་ནང་བརྗོད་གཞི་དེ་གཅིག་པུ་མ་ཡིན་པར་གཡས་གཡོན་ནས་གནས་ཚུལ་མང་པོ་ཞེ་དྲགས་རྒྱུས་ལོན་བྱ་རྒྱུ་ཡོད་པ་ཞིག་རེད། དེ་ནི་དཔེར་ན་མི་ཞིག་གི་ཟིན་ཐོ་བཀླགས་པ་ཇི་བཞིན་ནོ། ཆོས་དེ་གཅིག་པུ་མ་ཡིན་པར་དེ་དུས་ཀྱི་མི་རིགས་གཅིག་གི་སྐྱིད་སྡུག་གནས་སྟངས་མང་པོ་ཞིག་དཔེ་ཆ་རྙིང་པ་དེ་ཚོའི་ནང་དུ་བྲིས་ཡོད་པ་རེད། དེ་ཚོ་རིན་ཐང་དང་བྲལ་བ་རེད་ལ་སྲིད་ན་རྙེད་པར་དཀའ་བ་ཡིན་པ་ཡང་ཤེས་དགོས། ཁྱེད་ཚོས་ཁ་ནས་བོན་པོས་བན་དེའི་དཔེ་ཆ་བརྐུས་པ་རེད་ཟེར་ནས་མང་པོ་ཞིག་ཤོད་ཀྱི་འདུག་མོད། དངོས་གནས་བརྐུས་ཡོད་པ་ཡིན་ན་བརྐུས་སྟངས་དེ་ཚོ་དཔེ་ཆ་རྙིང་པ་དེ་ཚོའི་ནང་དུ་ཏན་ཏན་ཡོད་ཀྱི་རེད། དཔེ་རྙིང་དེ་ཚོ་རྩ་བ་ནས་མེད་པར་བཟོས་བཞག་ན་བརྐུས་སྟངས་ཞིབ་འཇུག་བྱེད་སའི་གཞི་མེད་པར་བཟོས་བཞག་པ་མ་རེད་དམ། ཁྱེད་ཚོ་དངོས་གནས་སྤྱང་པོ་ད་རེད་འདུག་བ། ད་ནས་བཟུང་བན་བོན་གང་གི་དཔེ་རྙིང་རྩ་མེད་བཟོ་མཁན་གྱི་མི་བུ་དེ་ཚོ་ཉེས་ཅན་དང་ནག་ཅན་མི་སྣར་བརྩི་དགོས་ལ་སྐབས་བབས་ཀྱི་ཁྲིམས་གཅོད་ནན་མོ་ཡང་ཏན་ཏན་ཕོགས་ངེས་པ་རེད། །
་་་་་ ནང་དོན་དང་ཡི་གེ་སོགས་ཀྱི་ཐོག་ནས་དབྱེ་ཞིབ་བྱས་མཐར། བོན་གྱི་དཔེ་རྙིང་འདི་དག་ནི་དུས་རབས་ལྔ་པ་ནས་དྲུག་པའི་བར་གྱི་དཔེ་རྙིང་ཡིན་པར་ཐག་ཆོད་བྱུང་ཞིང། ལྷག་པར་དུ་དཔེ་རྙིང་འདི་དག་ནི་དུས་རབས་ལྔ་པ་ནས་དྲུག་པའི་ཡར་སྔོན་གྱི་བོད་མིའི་བསམ་བློ་དང། མཚན་ཉིད་རིག་པ། ཆོས་ལུགས་དང། ཚན་རིག་ལག་རྩལ་སྐོར་སོགས་ཀྱི་སྟོང་ཆ་བསབ་པའི་ཡིག་ཆ་འགངས་ཆེན་ཞིག་ཡིན་པར་ངེས།
ཕ་མེས་རྒྱུད་ཀྱི་རིན་ཆེན་གཅེས་ནོར་འདི་དག་མདའ་ཚང་ཡུལ་གྱི་བོད་མི་ཚོས། དུས་ད་ལྟའི་བར་དུ་བདག་འཛིན་བྱས་ཏེ་མི་རབས་ཉི་ཤུ་ལྷག་འདས་ཤིང། རིག་གནས་གསར་བརྗེའི་སྐབས་སུ། སྫེ་མི་ཡོངས་ཀྱིས་མནའ་ཚིག་དམ་པོར་བསྒྲགས་ཏེ། རི་ལ་གཏེར་དུ་སྦས་པར་བཤད། ་་་་་
ང་བོད་པ་ཡིན་ཟེར་ནས་བོན་པོའི་དཔེ་ཆ་དང་ཆོས་ལུགས་ལ་དགྲ་མཐོང་མཐོང་བྱས་ན་མི་དེ་ལ་རིགས་ཞེན་རྩ་བ་ཉིད་ནས་མེད་པ་རེད། དེ་དག་ནི་བོད་
མི་རིགས་གི་རིག་གཞུང་ངོ་མ་དེ་རེད། དེ་ལ་བཅོས་ལྷད་མེད་པའི་ཐོགས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་དེ་བོད་མིས་འོས་འགན་རེད་བསམ། བོད་
རིགས་ཟེར་བ་འདི་འཛམ་གླིང་ཐོག་ཆེད་དུ་འཕགས་པའི་རང་བཙན་རྒྱལ་ཁབ་དུས་ཡུན་རིང་པོར་གནས་པ་ཞིག་དང། ཡང་ན་ཅི་ཡང་མི་ཤིས་མཁན་ཀླ་ཀློ་
རི་དག་ལྟར་བདག་མེད་དུ་གནས་པ་ཞིག་ཡིན་མིན་གནའ་བོའི་ལོ་རྒྱུས་དང་གནའ་རྫས་ལ་བརྟག་དགོས། སྔོན་བན་ཕྱོགས་ནས་བན་རྒན་འགའ་ཞིག་གི་
ལོ་རྒྱུས་ནང་བོད་ཡུལ་ཀླ་ཀློའི་ཡུལ་ཞིག་ཏུ་རྒྱུར་གང་ཐུབ་བྱས་ཡོད། དེ་ནི་ཧ་ཅང་གི་ནོར་འཁྲུལ་རེད། ཆོས་ཕྱོགས་ནས་རང་གི་དད་པ་ག་རེ་ཆེ་ན་ཡང་བོད་
རང་ཉིད་ཀྱི་ལོ་རྒྱུས་ནག་གསོབ་གཏོང་བ་བོད་རང་བཙན་རང་གི་མེད་པར་བཟོ་བའི་སྔ་ལྟས་ཞིག་རེད། གང་ཡིན་ཟེར་ན་ད་སྐབས་རྒྱ་ནག་གི་བོད་འདི་༡༩༥༩་སྔོན་
དུ་ཐ་ན་མུ་ཟི་ཞིག་ཡང་བཟོ་མི་ཤིས་པའི་མ་ཚད་བྱོལ་སང་གི་ཤ་ཁྲག་དང་སྤག་རིགས་ལ་ལོངས་སུ་སྤྱོད་ནས་ཀླ་ཀློ་ལྟར་གནས་པའི་བོད་ཡུལ་དེ་བཅིང་བཀྲོལ་དམག་གི་
བཅིང་བཀྲོལ་གཏོང་བ་ཡིན་ཞེས་ལོ་རྒྱུས་དང་དཔར་རིས་འདྲ་མིན་འཛམ་གླིང་ཐོག་ཁྱབ་སྤེལ་གང་མང་བྱེད་ཀྱི་ཡོད། བོད་རང་ཉིད་ནས་ཆོས་ལུགས་ཞེན་ཁོག་དབང་གི་
གནའ་བོའི་རིག་གཞུང་ལོ་རྒྱུས་ལ་འཁྱོག་བརྗོད་བྱས་ན་དེ་དང་གཅིག་མཚུང་རེད། བོད་རང་ཉིད་རང་བཙན་ཡིད་པར་འདོད་ན་མི་རིགས་དེའི་ལོ་རྒྱུས་ཀྱི་བདེན་པ་
ར་སྤྲོད་བྱེད་དགོས། དེ་ཡིན་དུས་ཆོས་ལུགས་གང་ཡིན་ཡང་གནའ་བོའི་ལོ་རྒྱུས་དང་གནའ་རྫས་དག་འཁྱོག་བརྗོད་དང་རྩ་མེད་མི་བཟོ་པར་བདག་པོ་བྱེད་དགོས།
རྒྱ་ནག་ལ་ཡང་ཏའོ་ཅོ་དང་བན་དེ་གཉིས་ཆོས་ལུགས་ཀྱི་འཐེར་འཁྱེར་དབང་གི་ནང་འཁྲུག་གང་མང་བྱས་ཡོད་ཀྱང། བོད་ལྟར་རྒྱལ་ཁབ་རང་ཉིད་ཀྱི་ལོ་རྒྱུས་
ལ་འཁྱོག་བརྗོད་དང་གནའ་རྫས་དག་གཏོར་གཅོམ་བྱས་མེད། དེ་དག་ནི་རྒྱལ་ཁབ་ཀྱི་མ་འོང་པའི་གཟི་བརྗིད་དང་དར་རྒུད་ལ་ཐུག་ཡོད།
ཁ་བའི་ཡུལ་གྱར་བའི་སྐད་ཆ་ནི་ཤིན་ཏུ་བདེན། ཁ་བའི་མི་རིགས་ཀྱི་གནད་དོན་ལ་ཐུགས་བསམ་གཏིང་ནས་དཀར་བ་ཞིག་རེད་འདུག ང་ཚོས་འདས་པ་ནི་འདས་པ་རེད། འོན་ཀྱང་ད་ལྟའང་སྔར་ཞེན་གྱི་བག་ཆགས་ཀྱི་དབང་གིས་སྡོད་ས་པྲལ་བར་བསྡད་ནས་མིག་ལ་ཐལ་བ་བཏབ་དང་འདེབས་བཞིན་འདུག རྒྱ་ནག་གིས་བོད་དབང་བསྒྱུར་བྱས་པ་ནས་བཟུང་བོད་ཀྱི་རིག་གནས་ལ་དོ་སྣང་དང་ལྷག་པར་དུ་བོད་གནའ་བོའི་རིག་གནས་ལ་བདག་གཅེས་ཀྱི་ཉི་འོད་ཅུང་ཙམ་ཞིག་འཕྲོ་ཡོད། དེ་ཚོར་དགོངས་པ་བཞེས་དགོས་པའི་དུས་ལ་བབས་ཡོད་འདུག་བསམ། འགའ་ཞིག་གིས་བལྟ་ལོང་དཔྱད་ལོང་མེད་པར་དེ་ནི་བཤུས་པ་དང་རྐུས་པ་རེད་ཟེར་ནས་ལབ་བརྡོལ་རྐྱང་ཤོད་པ་ནི་གཉིད་ཀྱི་ནང་གི་གཉིད་ལབ་རང་རེད། དེ་ཚོར་ནུས་པ་གང་ཡང་ཐོན་གྱི་མ་རེད་། བཤུས་ན་བཤུས་ཚུལ་དང་རྐུས་ན་རྐུས་ཚུལ་གྱི་ངོ་སྤྲོད་འཛམ་གླིང་མི་དམང་གི་མདུན་སར་དག་བསྐྱེལ་བྱེད་དགོས་པ་ལས་བྱུང་གྱལ་གྱི་གཏམ་ལ་བདེན་ཆ་མི་འཇོག ད་ལྟ་ནི་ཁ་ཕྱིར་ཕྱོགས་ནས་མདུང་རྩེ་གཏོད་དགོས་པ་ལས་མདུང་རྩེ་ནང་ལ་བཏོན་པའི་དུས་ཞིག་མ་རེད།
རེད་ལགས། འདས་ཟིན་པ་མེ་ལོང་དུ་བཟུང་ནས་ད་ལྟར་ཞིབ་བལྟ་དང་ཡོ་བསྲིངས། མ་འོངས་པར་རྨང་གདན་འགོད་པ་ནི་མི་རིགས་ཤིག་འགྱེལ་སར་ལངས་ཐུབ་པའི་གྲོགས་དན་རེད་ཟེར། བདེན་ཤེད་ཤིན་ཏུ་ནས་ཆེ་སྙམ།
ལོ་སྔོན་མ་ཞིག་ལ་བོན་པའི་བརྡ་སྤྲོད་ཀྱི་གཞུང་་་སུམ་རྟགས་འདྲ་བོ་ཞིག་་་དེབ་ཀྱི་རྒྱབ་ཤ་ལྗང་ཁུ་ཅན་ཞིག་མཐོང་མྱོང་། ནང་ལ་བལྟས་པར་བརྡ་ཆད་ལོག་ཁ་རེད་མ་གཏོགས་་་ཡོངས་གྲགས་ཐོན་མི་སམ་བྷོ་ཊས་བརྩམས་པའི་སུམ་རྟགས་རྩ་བའི་འགྲེལ་བ་དག་དང་མ་འདྲ་བ་གང་ཡང་མི་འདུག བོན་པོའི་བཞེད་སྲོལ་དུ་དེ་རྩོམ་མཁན་སུ་རེད།
ངོ་མ་ལོ་རྒྱུས་བདེན་དཔུང་དང་དྲང་བདེན་ཞིག་ཡིན་ནམ་བོན་དགེ་བཤེས་མིང་འཛིན་ཚོ་དྲ་འབིའི་ལུས་ལེན་དགོས་དོན་འདུག་གམ མཁས་དབང་ཆེན་པོ་འབྲི་གུང་སྐྱབས་མགོན་ཆེ་ཚང་དང་། ཨ་ལགས་དོར་ཞི་དང་གཟན་དཀར་། སྒོ་ཡོན་ཏན་རྒྱ་མཚོ། སྒོ་ཤེར།མཁན་ཆེན་ཨ་པན་དང་ཀླུ་ལྡིང་མཁན་ཆེན། སྤྲུལ་སྐུ་ཨོ་རྒྱན་ཉི་མ་དང་ཚུལ་ཁྲིམས་བློ་གྲོས་དང་མཁན་པོ་བསོ་དར་རྒྱས་སོགས་ཚད་ལྡན་མཁས་གྲུབ་ཕལ་ཆེ་བས་མགྲིན་གཅིག་ཏུ་གསར་བཟོ་ཡིན་པར་སྔོན་བོན་གཞུན་མེད་པར་གསལ་ཐང་ཐང་གསུངས་ཟིན་ན་ཡང་ཨུ་ཚུགས་ཀྱིས་གདོན་གཟུགས་ལ་བསྟན་པ་ཡང་དག་ཏུ་སྒྲུབ་དགོས་དོན་གང་ཡིན་ནམ། དེ་བས་རྒྱ་བལ་གྱི་དམར་སྲོལ་ནང་བཞིན་གདོད་མའི་བོན་སྲོལ་དང་སྔ་མོ་སྲོལ་རྒྱུན་བཟུང་ན་ཕ་མེས་བྱེད་སྲོལ་མ་རེད་སུ་ཞིག་གི་ལབ་ཐུབ། བསྟན་པའི་ཆོམ་རྐུན་འདི་རིགས་ལ་རྒྱ་ནག་གི་དངོས་ཤུགས་རྒྱུད་ནས་རོགས་པ་བྱེད་ད་བྱེད།
བོན་པོའི་མི་ཡིས་བཟོས་ཡི་གེ་ཡིན་ན་བོན་པོའི་ཡི་གེ་དགོས་པའི་དབང་དུ་བཏང། ཤཀྱའི་ཆོས་ལུགས་པས་བཟོས་ཡི་གེ་ཡིན་ན་ཁྱོད་རང་ཚོ་ཡི་གེ་ཡིན་པའི་དབང་དུ་བཏང་ན་་་་ཐོན་མི་སམ་བྷ་ཊ་བོན་པོ་ཡིན་པར་གསལ་པོ་རེད། བོན་པོ་སམ་བྷོ་ཊས་བཟོས་པའི་བོད་ཡིག་འདིར་བེད་སྤྱོད་བཏང་མཁན་ཚོས་ངོས་ནས་བོན་པོ་ལ་གུས་བཀུར་ཞུ་མ་ཐུབ་ནའང་་་སྡང་སེམས་བྱེད་དགོས་དོན་ཅང་མི་འདུག་བསམས།
གཉིས་པ། བཀའ་བསྟན་འགྱུར་པོ་ཏི་མང་པོ་དེ་ཚོ་རྒྱ་གར་བའི་ལེགས་སྦྱར་སྐད་ཡིག་ནས་ཚུར་བོད་བསྒྱུར་བྱས་པ་རེད་ཟེར་་་་་ལེགས་སྦྱར་གྱི་སྐད་ཡིག་ཏུ་བཀའ་བསྟན་འགྱུར་པོ་ཏི་མང་པོ་འདྲ་ཡོད་པར་མཇལ་མྱངས་མཁན་འདྲ་སུ་ཡོད་དམ།་ལེགས་སྦྱར་སྐད་ཡིག་ཐོག་ཏུ་བྲིས་ཡོད་པའི་བཀའ་བསྟན་དེ་དག་དེང་སང་དཔེ་མཛོད་གང་གི་ནང་ཡོད་དམ། འོན་ན་་་་ལྷ་ཁང་ནང་དུ་ཡོད་པ་རེད་དམ། དྲི་བ་ཡིན། སུ་ཡིས་ཤེས་ན་ལན་རེ་གནང་རོགས་བྱོས།
ངས་བསམ་ཚུལ་བྱས་ན་ལེགས་སྦྱར་སྐད་ཡིག་ཐོག་ཏུ་བཀའ་བསྟན་པོ་ཏི་མང་པོ་དེ་འདྲ་ཅང་ཨེ་ཡོད་ན་བསམས་ཀྱི་འདུག
བོན་པོའི་མི་ཡིས་བཟོས་པའི་ཡི་གེ་ཡིན་ན་བོན་པོའི་ཡི་གེ་ཡིན་དགོས་པའི་དབང་དུ་བཏང།ཞེས་བཅོས་རོགས་བྱོས།
ངས་སྔོན་མ་སེང་རྡོར་དྲ་ཐོག་ཏུ་མཆན་པ་བ་ཞིག་གི་སྐད་ཆ་ཞིག་མཐོང་བྱུང་། མཆན་བུ་དེའི་ནང་དུ་བོན་པོ་ཚོས་ང་ཚོའི་བོད་ཡིག་བེད་སྤྱོད་མ་བྱེད་ཡོང་ཨ་ཟེར་ནས་་་ངར་ངར་འདྲ་ཞིག་བཤད་བསྡད་ཀྱི་ཡོད་པར་མཐོང་བྱུང་། ང་ནི་ཧང་སང་བྱུང་། ཐོན་མི་སམ་བྷོ་ཊ་ནི་བོད་པོ་རེད། བོན་པོའི་མི་ཡིས་བཟོས་པའི་ཡི་གེ་འདི་བོན་པོས་བེད་སྤྱོད་གཏོང་མི་ཆོག་མདོག་མདོག་གི་ཧམ་པ་བཤད་བསྡད་ཀྱི་ཡོད་པ་མཐོང་བྱུང་།
གནད་དོན་་་འདི་དག་འཇིག་རྟེན་གྱི་གཏམ་དཔེར།་་་་་་གཏམ་ཨ་ཕའི་བཤད་ཀྱི་དེར་མནའ་མས་བཤད། གཡག་བདག་པོའི་བཤའ་གྱི་དེར་རྐུ་མས་བཤའ་ཟེར་བའི་གཏམ་དཔེ་འདི་དང་གཅིག་པ་གཅིག་ཀྱང་རེད།
དེ་རིང་སྐད་ཆ་འདི་བཤད་དགོས་པའི་རྒྱུ་མཚན་དེ་འདྲ་ཡིན། དཔལ་དོན་ལགས་ཀྱི་མཆན་བུ་དེས་རྐྱེན་བྱས་བྱུང་།
ལོ་རྒྱུས་ལྟར་ན། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོན་ཆོས་དམ་དྲག་གནང་དོན་ནི་བན་དེ་འགས་བོན་པོ་ཚོས་བསམ་ཡས་ནས་དམར་མཆོད་བྱས་སོང་ཟེར་བར་རྐྱེན་བྱས་ཏེ། བཙན་པོ་དབུ་བཞུགས་བན་བོན་བར་རྩོད་པ་བྱེད་དུ་བཅུག་ཡོད་ཅིང་། བོན་ཕམ་བན་རྒྱལ་གྱིས་མཇུག་བསྡུས་པའང་སྔོན་ནས་འཆར་གཞི་ཡོད་པ་ཞིག་ཡིན་འདུག གང་ལྟར་སྐབས་དེར་བཙན་པོས་བོན་པོ་ཚོར་ལམ་ཁ་གསུམ་གདམ་ག་བྱེད་དུ་བཅུག་པ་ནི། ༡ བོན་ནས་བན་དེ་བསྒྱུར་བ། དཔེར་ན། དྲན་པ་ནམ་མཁའ་ནི་སྔར་བོན་གྱི་མཁས་པ་ཆེན་པོ་ཞིག་དང་དེ་ནས་བན་དུ་འགྱུར་བ། ༢ བོན་དོར་ནས་མང་ཚོགས་དཀྱུས་མར་འགྱུར་བ། ༣ ངོས་ལེན་མི་བྱེད་མཁན་ཚང་མ་མཐའ་མཚམས་ཡུལ་ལུང་དུ་རྒྱང་འཕུད་གཏོང་བ་སོགས་རེད། དེང་སྐབས་བོན་བསྟན་ཤུགས་ཆེ་ཡུལ་ཚང་མ་བོད་ཀྱི་མཐའ་མཚམས་ཡུལ་ལུང་ཡིན་པའང་གནད་འདིར་ཐུག་ཡོད་པ་འདྲ།
ད་དུང་དོན་དག་ཆེ་ཤོས་ནི་སྐབས་དེར་བོན་དཔེ་མཐའ་དག་བསྡུས་ནས་མེད་པར་གཏོང་བ་དང་། གཞན་བསམ་ཡས་ནས་མཆོད་རྟེན་ནག་པོ་ཞིག་གི་ཞབས་ལ་མནན་ཚུལ་འདུག དེ་བས། བོན་དཔེ་མང་ཆེ་བ་བན་དཔེ་འབྲེལ་བ་མེད་པར་སྣང་། དེ་ལས་ལྡོག་ནས་རྙིང་མ་བའི་གྲོང་ཆོག་སོགས་མི་ཉུང་བ་ཞིག་བོན་ལས་བརྒྱུད་འགྱུར་བྱས་ཡོད་པའང་གསལ་བོ་རེད། ད་དུང་སྲུང་སྐྱོབ་ཀྱི་ཆེད་དུ་བོན་དཔེ་གང་འཚམས་བན་དཔེ་འགྱུར་ཡོད་སྲིད་པ་ཞིག་རེད། ཐུགས་འདུན་ཡོད་མི་ཚོས་རྙིང་མ་བའི་ཆོས་དང་ཆོ་ག་ཕྱག་ལེན་དང་བཅས་པ་བོན་ལ་གཤིབས་བསྡུར་ཞིབ་འཇུག་ཅིག་བྱེད་ཐུབ་པ་ཡིན་ན། ད་གཟོད་གསལ་བོ་ཆགས་ངེས་རེད།
དེང་སྐབས་བན་བོན་གཉིས་ཀ་རྒྱ་ནག་ནང་དར་ཁྱབ་བྱུང་བཞིན་འདུག་ལ། བོན་གྱི་བཀའ་བསྟན་རྒྱ་ཡིག་ནང་ལའང་བསྒྱུར་བཞིན་པར་ཐོས། གང་ལྟར་བན་བོན་གཉིས་ཀར་སྐད་བསྒྱུར་གནང་བཞིན་པའི་ལོ་ཙཱ་བ་ཞིག་ལ་ངས་བན་བོན་གཉིས་ཀར་འདྲ་ས་ག་ཚད་འདུག་ཅེས་སྐད་ཆ་དྲིས་པ་ཡིན། ཁོང་གད་མོ་བགོད་ཞོར་མི་འདྲ་ས་མང་གི དེའི་ཁྲོད་དུ་འདྲ་ས་གཅིག་འདུག དེ་ནི་ནོར་ལྷའི་གསོལ་འདེབས་རེད་ལ། སྔགས་ཀྱང་གཅིག་པ་རེད། སུས་སུ་ནས་བླངས་པ་བཤད་ཚོད་མི་ཐུག་ལབ་སོང་།
སྤྱིར་སྟངས་ཆོས་ལུགས་གསར་པ་ཞིག་ལ་དད་པ་གསར་པ་ཞིག་བྱེད་འགོ་ཚུགས་ཡོང་དུས། རང་གི་གནའ་བོའི་་ཆོས་ལུགས་རྙིང་པ་དེ་ལ་དོ་ཕོགས་ཏན་ཏན་བཏང་ཡོད་ཀྱི་རེད། ཡིན་ནའང་བསམ་གཞིགས་ཡག་པོ་བྱས་ན། དུས་རབས་༡༧དང་༡༨་ཡས་མས་སུ་བོད་ཁམས་ཡོངས་ལ་བོན་པོ་རྒྱ་ཆེན་པོ་རེད་འདུག མ་ཚད་དབུས་གཙང་གི་ནང་དུའང་བོན་པོ་རྒྱ་ཆེན་པོ་རེད། འདིའི་རྒྱ་ཆེ་དང་མི་ཆེ་ཟེར་བ་ནི་མི་འབོར་དང་དགོན་པ་ལ་གོ་བ་ཡིན། དེ་ནས་དུས་རབས་༡༧་དང་༡༨་ཡས་མས་ལ་བོན་པོ་ལ་ཉམས་ཆག་ཧ་ཅང་ཆེན་པོ་ཕྱིན་འདུག། ཕྱོགས་གཙིག་ནས་བསམ་ན་ཕལ་ཆེར་ཁྲི་སྲོང་གི་དུས་སྐབས་ལས་ཀྱང་ཉན་ཁ་ཚ་བ་ཡིན་ས་རེད། ཁྲི་སྲོང་གི་སྐུ་ཚེའི་མཇུག་མར་ཁོང་བོན་པོ་བྱས་པའི་སྐོར་ཤོད་རྒྱུ་ཡོད་པ་རེད། དེ་ཕལ་ཆེར་བདེན་པ་ཡིན་པར་སེམས། ཅིས་ན་བན་རྒན་དེ་ཚོ་འགའ་ཤས་ཤར་ལ་ཕུད་། འགའ་ཤས་ནུབ་ལ་བཏང་བའི་དངོས་ཡོད་གནས་ཚུལ་དེ་ཚོ་ལོ་རྒྱུས་ནང་གསལ་ཡོད་པ་རེད་དོ། །
ཅོ་རི་ཉི་མ་ལགས་ཀྱིས་ཐོན་མི་བོན་པོ་རེད་གསུངས་པ་དེ་ཡང་མི་བདེན་རྒྱུ་ཞིག་མི་འདུག སྐྱབས་རྗེ་འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག་གིས་ཀྱང་སྲོང་བཙན་སྒམ་པོ་བོན་པོ་ཡིན་པ་ཕལ་ཆེར་གསུངས་འདུག་བསམ་སོང་།
༡ བོན་ནས་བན་དེ་བསྒྱུར་བ། དཔེར་ན། དྲན་པ་ནམ་མཁའ་ནི་སྔར་བོན་གྱི་མཁས་པ་ཆེན་པོ་ཞིག་དང་དེ་ནས་བན་དུ་འགྱུར་བ།༽
དྲན་པ་ནམ་མཁའ་ནན་བན་དུ་བཅུག་གསུངས་ཡོད་པ་རེད། ཁོང་དགའ་བཞིན་སྤྲོ་བཞིན་བན་དེར་འགྱུར་བའི་ལོ་རྒྱུས་ཅང་མ་མཐོང།
༢ བོན་དོར་ནས་མང་ཚོགས་དཀྱུས་མར་འགྱུར་བ།༽ སྐད་ཆ་འདི་ཚོ་མི་ཆེན་དཔོན་ཆེན་འགའ་ཤས་ལ་གོ་བ་ཡིན་འགྲོ། མང་ཚོགས་ཚང་མ་ལ་གོ་བ་མ་རེད་དོ།
༣ ངོས་ལེན་མི་བྱེད་མཁན་ཚང་མ་མཐའ་མཚམས་ཡུལ་ལུང་དུ་རྒྱང་འཕུད་གཏོང་བ་སོགས་རེད༽ འདི་ཡང་བླ་ཆེན་དཔོན་ཆེན་ཁ་ཤས་མ་གཏོགས་བོན་པོ་ཚང་མ་ལ་གོ་བ་མ་རེད་དོ། ཡིན་ནའང་མཐའ་མཚམས་ཡུལ་ལུང་དུ་རྒྱང་འཕུད་བཏང་བའི་བོན་པོ་དེ་ཚོས་བོད་མི་རིགས་ཀྱི་ངོ་བོ་བཟུང་ནས་ཕྱག་ལས་ཧ་ལས་པའི་ཡག་པོ་གནང་འདུག དེས་རྐྱེན་བྱས་ནས་དུས་ཕྱིས་བར་མཐའ་མཚམས་ཚང་མ་བསྲ་ཐག་གེ་བསྡད་པ་རེད། དེ་ནས་ཡང་མི་ངན་དུམ་བུ་འགས་དེ་ཚོའི་ཐོག་ལ་ཆོས་དམག་བརྒྱབ་འདུག་བ། ཀྱེ་མ་ཀྱེ་ཧུད། །
དུས་རབས་བཅུ་བདུན་དང་བཅོ་བརྒྱད་ནང་བོན་ཆོས་ཆག་འཇིག་བྱུང་བ་བདེན་པ་རེད་ལ། བཙན་པོའི་དུས་སྐབས་ལས་ཀྱང་ཛ་དྲག་རེད། འོན་ཀྱང་། ལོ་རྒྱུས་ཞིབ་འཇུག་བྱེད་དོན་ནི་འདས་པར་སྤྱི་བསྡོམས་དང་། ད་ལྟར་ཉམས་མྱོང་བླངས་ནས་མ་འོངས་པར་ཇུས་འགོད་བྱེད་རྒྱུ་དེ་རེད།
ངས་ཨ་ཕྱི་ཟེར་བའི་སྐྱེ་དམན་མིང་ཅན་དེ་ལ་ལེན་འདེབས་ཞིག་ཞུ་དགོས་བྱུང་སོང། ཁྱེད་ཀྱི་བཤད་ན་འབྲི་གུང་བའི་
བླ་མ་མང་པོ་ཞིག་དང། མཁན་ཚུལ་ཁྲིམས་བློ་གྲོས། བཀའ་ལོག་ཨོ་རྒྱན་ཉི་མ་སོགས་ནས་སྔོན་བོན་གཞུང་མེད་ཚུལ་
བཤད་པ་ལུངའདྲེན་བྱས་འདུག། དེས་ནང་ནས་མཁན་ཚུལ་ཁྲིམས་བློ་གྲོས་ཀྱི་བོན་གཞུང་མེད་ཅེས་གསུང་མེད། ཆོས་དཔེ་
ནས་བོན་ལ་སྒྱུར་ཡོད་ཚུལ་གསུང་འདུག། ཡིན་ཡང་རྗེས་སུ་ཁོང་དང་བོན་གྱི་མཁས་པ་དག་ཕན་ཚུན་བགྲོ་གླེང་བྱས་ནས།
སྔོན་བཤད་པ་དག་ནོར་འཁྲུལ་ངོས་ལེན་བྱས་པས་མ་ཚད། སྔོན་གྱི་རྩོམ་ཡིག་ལ་བཟོ་བཅོས་དང་དགོངས་དག་ཚུལ་དུ་ཟེར་
སྡེར་ནང་དུ་གསུང་བཤད་གནང་བ་མང་པོ་མཐོང་རྒྱུ་འདུག། གཞན་དེ་ཚོའི་བོན་པོ་ལ་གཞུང་ལུགས་ཡོད་མ་རེད་ཞེས་བཤད་
ན་དང་པོ་བོན་པའི་རིགས་གཞུང་ལ་ཉམས་ཞིབ་མཐར་ཕྱིན་པ་བྱས་རྗེས། རིགས་གཞུང་མེད་པའི་ལུང་འདྲེན་དཔང་རྟགས་ཚང་
མ་བོན་གཞུང་ནས་ཚུལ་བྱེད་དགོས། དེ་ཡིན་དུས་བོན་ལ་སྔོན་གཞུང་ལུགས་མེད་ཚུལ་ལུང་འདྲེན་བོན་གཞུང་གང་དང་གང་ནས་
བྱས་འདུག། དེ་མེད་ན་བོན་ཕྱོགས་ནས་བན་ཕྱོགས་ལ་སྐྱོན་བརྗོད་མང་དག་ཞིག་བྱས་ཡོད། དེ་དག་ཚང་མ་ཁྱོད་ཀྱི་ཁས་ལེན་གྱི་
ཡིན་ནམ། མ་གཞི་བན་བོན་གཉིས་ལོ་རྒྱུས་ལ་ར་སྤྲོད་བྱས་ན་དང་པོ་བྱེད་ཡུལ་ལ་ཉམས་ཞིབ་མཐར་ཕྱིན་པ་བྱས་རྗེས། དེ་ནས་
སྐད་ཆ་བཤད་དགོས། དཔེར་ན་ནམ་མཁའི་ནོར་བུ་དང་ཚ་བ་མདའ་སྨྱུག་ལྟར། གཞན་བོན་ཕྱོགས་ནས་དམར་མཆོད་བྱེད་
ཀྱི་ཡོད་ཚུལ་བཤད་འདུག་ཨ་ཕྱི་རྒས་མོའི། དེ་འདྲ་ཡིན་ན་བན་ཕྱོགས་ནས་དམར་མཆོད་བྱེད་ཀྱི་མེད་པའི་བདེན་དཔང་ཀྱི་
ཞིག་ཡོད། གོང་ས་མཆོག་གི་རྩོམ་པའི་ནང་ཆོས་སྙིང་བསྡུས་ནང་དུ། རྒྱ་གར་ནས་བན་དེ་ནུབ་དགོས་པའི་རྒྱུ་སྐྱེན་གསུམ་བསྒྲངས་་
འདུག། དེའི་ཁུངས་ལུང་རྒྱ་གར་རྒྱལ་རབ་ལ་ཁུངས་བཅོལ་འདུག། རྩོམ་པ་པོ་་་ཅ་དྷི་སྒ་མངའ་སྡེ་ནང་ནས་མིང་ལ་མཁས་པ་ཇོལ་ཇི་
ཟེར་འདུག། ཁོང་གི་གསུང་དོན་རྒྱུ་སྐྱེན་གསུམ་དེ། བཙུན་པ་དག་གི་བུ་མེད་རོལ་བ་དང། དམར་མཆོད་བྱས་པ། རྒྱུ་ནོར་ལ
རྔམ་སེམས་ཆེ་གྲགས་པ་སོགས་སྐྱེན་བྱས་ཏེ། ཡོན་བདག་དང་ཡུལ་དཔོན་རྣམས་བློ་ལོག་དེ་རིམ་བཞིན་ཕྱི་ཡི་དགྲ་སླེབ་ནས་
ནང་ཁུལ་འཆམས་མཐུན་མེད་པར་བརྟེན་བན་ཆོས་ཉམས་ཉེས་བྱུང་ཚུལ་འཁོད་འདུག། གོང་ས་མཆོག་གི་སྔར་བསམ་ཕྱིར་དྲེན
གྱི་ཕྱིན་སུ་ནང་པ་བ་ཚོའི་གཟབ་གཟབ་བྱེད་དགོས་ཚུལ་གསུང་འདུག། གཞན་ཞིག་ལ་བན་བོན་གཉིས་ཕྱོགས་ཀྱི་གདོད་མའི་
ཆོས་སྐོར་དྲང་མོ་བཤད་ན། དམར་མཆོད་བྱེད་མཁན་ཤར་དག་རེད། བོན་ཕྱོགས་ནས་བཤད་ན་བདུད་བོན་གྱི་དམར་ཐབས་ལ།
གཤེན་རབ་ནི་ཅི་ལ་རྗེས། བདུད་བོན་ནི་ཆམ་ལ་ཕབ། གཤེན་རབ་ཀྱི་འཁོར་དུ་འདུས་གསུང་ཡོད། བན་ཕྱོགས་ནས་བཤད་
ན་ཤཀྱ་ཐུབ་པ་ཐོག་མར་ཧིན་དྷིའི་ཆོས་པ་ཞིག་ཡིན། ཧི་དྷིའི་ཆོས་ལུགས་ལ་མཁས་པར་རྒྱུར་རྗེས། ཧི་དྷིའི་གཞན་འཚེ་ལ་སྟོན་པ་
ཡི་མ་རང་ཏེ་ད་སྐབས་ཀྱི་བན་ཆོས་འདི་ཟུར་དུ་གཏོད་ཡོད། བཟང་ཕྱོགས་ནས་བཤད་ན་བན་བོན་གཉིས་ཀ་ལ་བཟང་ཕྱོགས་
དང། ངན་ཕྱོགས་ནས་བཤད་ན་གཉིས་ཀ་ལ་ངན་ཕྱོགས་ཡོད།
ཨ་ཕྱི་ཆོས་སྒྲོན་ལྷག་གེ་ལྷུག་གེ་མ་ལ་ཕུལ།
འདི་ཡག་པོ་བྱས་ནས་ཀློག ། དེ་ནས་བསམ་བློ་ཡག་པོ་ཐོངས། དབུག་རིང་ཞིག་ཀྱང་ཐེན།
བོན་པོ་དབལ་འབར་ཐར་གྱི་བསྟན་པ་རྒྱས་པར་ཤོག །
Jikten Gonpo Rinchen Pel (‘jig rten mgon po rin chen dpal) was born to an illustrious clan called the Kyura (skyu ra) at a town in Kham called Tsungu (tsu ngu), in 1123. His father was a tantric specialist in Vajrabhairava practices, and even headed a group of five hundred practitioners. His mother had some sympathies with Bon, so after his birth she called a Bonpo for the naming ceremony. His first name was thus a Bon name, Welbar Tar (dbal ‘bar thar). This was later changed to Tsunpa Kyab (btsun pa skyabs), and later on Dorje Pel (rdo rje dpal)
གུས་པས་གོང་དུ་མཆན་བཏབ་པ་དེ་ལ་དྲ་གྲོགས་ཚོས་དཔྱད་པ་ཅུང་ཟད་བཏང་འདུག་པས། གསལ་བཤད་ཐུང་ཐུང་ཞིག་ཞུ་དགོས་བྱུང་སོང་། གོང་གི་གཏམ་འདི་ང་ད་ལོ་ཕ་ཡུལ་ལ་སོང་དུས་ངའི་གྲོགས་པོ་ཡག་པོ་ཞིག་གིས་ང་ལ་ངོ་སྤྲོད་བྱས་པ་རེད། ཁོང་ད་ལྟ་འབྲིང་རིམ་སློབ་གྲྭ་ཞིག་གི་དགེ་རྒན་ཆེན་མོ་རེད། དཔེ་ཆ་དེ་དག་དང་ས་གནས་དེ་མཐོང་མཁན་ཁོ་རེད། ངས་འདིར་བཀོད་དོན་ཡང་ཁོང་གི་རེ་བ་གཞིར་བཞག་ནས་བཀོད་པ་ཡིན། ཁོང་གིས་དེ་དག་ལ་བདག་པོ་རྒྱག་མཁན་ཞིག་ཡོད་ན་བསམ་ནས་འཕངས་སེམས་བྱེད་ཀྱི་འདུག ཁོང་གི་མཐོང་བའི་སྐབས་སུ་ཁོང་སློབ་ཆེན་འགྲིམ་བཞིན་པའི་སློབ་མ་ཞིག་རེད། ནུས་པ་དང་བློ་རྒྱ་ཡང་སློབ་མ་ཞིག་གི་ཚད་ནས་བསམ་དགོས་པ་རེད། ད་ལྟ་ལོ་ན་དང་བསྟུན་ནས་རིག་གཞུང་ལ་ཤ་ཚ་སླེབས་ཡོང་ནས་འདི་དག་ངོ་སྤྲོད་བྱེད་བཞིན་པ་ཞིག་རེད། དེ་ཙམ་ལས་འདིའི་ནང་ན་ཆོས་ལུགས་ཀྱི་ཞེན་ཁོག་དང་དེ་འདྲ་གང་ཡང་ཡོད་པ་མ་རེད། འོན་ཀྱང་བྲག་ཕུག་ནང་དུ་སོང་ནས་ཐང་ཀ་དང་ཅ་དངོས་རྙིང་བ་བཙལ་མཁན་རྣམས་ནི་བན་བོན་སུ་ཡིན་ལ་མ་ལྟོས་བར་སྒོར་མོ་བཙལ་མཁན་དག་རེད། མཐིང་ཀ་དང་ཅ་ལག་རྙིང་བ་བཙོང་ན་རིན་གོང་རེག་གི་ཡོད་པ་རེད། དེ་ཙམ་རེད།
ཞོར་དུ་ཞུ་རྒྱུ་ཞིག་ནི་ང་ཚོ་ཕ་ཡུལ་ན་ཡང་སྔོན་མ་བོན་དགོན་ཞིག་རོ་ཞིག་ཡོད་པ་སྔོན་ཆད་ཁ་བརྡ་ནང་དུ་མཆན་བྲིས་པ་ཡིན། ད་ལོ་སོང་ནས་རྒྱུས་ལོན་བྱེད་དུས་མི་མང་པོས་སྐོ་རྡོ་སློག་བྱས་ནས་ཅ་ལག་ཅུང་ཟད་རྙེད་ཡོད་པ་འདྲ་འདུག མང་ཆེ་ཤོས་བཙོངས་ཟིན་པ་རེད་ཟེར། ས་གནས་ས་ཐོག་ནས་ཁྱིམ་ཚང་གིས་ཉར་ཐུབ་གི་མི་འདུག་ཟེར། ཁྱིམ་ཚང་ནང་ཉར་ན་རྨི་ལམ་ཡ་མཚན་གཏོང་བ་དང་། སྒྲ་ཡ་མཚན་གྲགས་པ་དེ་འདྲ་བྱེད་ཀྱི་འདུག་ཟེར། དེ་བས་མཆོག་ཀོང་དང་མཆོད་ཏིང་དེ་ཚོ་ང་ཚོ་སྤྱི་བའི་མ་ནི་ཁང་ལ་བཞག་འདུག ངའི་ལག་ཏུ་མེ་ལོང་ཞིག་རེག་ཡོད། མེ་ལོང་དེ་སྔོན་ཆད་ངའི་མཐོང་བའི་མེ་ལོང་དང་མ་འདྲ་ས་རྒྱབ་ལོག་ན་སྲོག་ཆགས་ཀྱི་རི་མོ་མ་འདྲ་བ་བཞི་འདུག དེ་མ་གཏོགས་མདུན་ཕྱོགས་ནས་བལྟས་ན་ང་ཚོའི་མེ་ལོང་དང་གཅིག་པ་རེད།
འདྲེ་མོ་འདི་ཡི་རིགས་པ་ལ་གཟིགས་དང། བོན་པོ་ཡང་དག་མིན་ཚུལ་ཨ་ཕ་ཨ་མ་ཕྲུག་གུ་ཚང་མ་རྒྱབ་རྟེན་གཟུ་དཔང་དུ་འཁྲིད་ནས་སླེབས་ཡོང་གི་འདུག
དེ་ལྟར་ན་བོན་པོས་ཀྱང་བོན་གྱི་མཁས་པ་བཅུ་ཕྲག་ཁ་ཤས་འཁྲིད་ཆོག་གི་རེད། དེ་ནས་རྙིང་མ་དཔེ་རྐུན་ཆོས་རྐུན་བསྒྲུབ་ཐུབ་བམ།་བོད་ཀྱི་གཏམ་དཔེར། ཁ་བཙུམ་ན་བསྟན་པ་ལ་ཕན་ཐོགས། ཟེར་བ་ཁྱོད་ལ་གདམས་པ་རེད་འདུག་ག
ད་རེས་ཀྱི་བགྲོ་གླེང་འདི་བརྒྱུད་ནས་ལོ་རྒྱུས་ཀྱི་ཟུར་ངོས་གང་མང་རེག་སོང་བས། ཆ་ཤས་ལེན་མཁན་ཚང་མར་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན། དེ་མིན་སྐབས་ཁ་ཤས་མ་གཏོགས་མང་ཆེ་བར་ཚིག་རྩུབ་དོར་ནས་གནས་ལུགས་ཀྱི་རྗེས་སུ་འབྲངས་ཡོད་པས། དེང་ཕྱིན་རྒྱུན་འཁྱོངས་གནང་བར་རེ་བ་ཡོད།
བན་དེ་བ་ལགས། ཉིད་ཀྱིས་གོང་དུ་བཀོད་པའི་སློབ་དཔོན་ཆེན་མོ་འབྲུག་ཐར་གྱིས་བསྡུ་བསྒྲིགས་བྱས་པའི་བོན་གྱི་བསྟན་བཅོས་དེ་དག་གང་ནས་རེག་གི་འདུག དེ་མིན་མདའ་ཚང་རྫོང་ཞེས་པ་དེ་ས་ཆ་གང་ན་ཡོད་པ་རེད། ལན་ཞིག་ཡོད་པ་ཞུ།
མ་གཞི་ནས་སློབ་དཔོན་འབྲུག་ཐར་སོགས་ཀྱིས་བསྒྲིགས་པའི་བོན་གྱི་དཔེ་རྙིང་ཟེར་བ་དེའི་མ་དཔེའི་སྐོར་ལ་ཞིབ་གླེང་ངེས་ཤེས་འདྲོངས་པ་མེད་དུས་ང་ཚོས་འདི་ནས་བགྲོ་གླེང་ཏག་ཏག་ཅིག་བྱེད་ཤེས་གི་མ་རེད། ཡིན་ན་ཡང་། ལོ་རྒྱུས་ཀྱི་དཔང་རྟགས་དང་རྒྱུ་མཚན་སྤྱི་འགྲོས་ལ་བལྟས་ནས་གླེང་ན་ཤེས་རྒྱུ་གཏན་ནས་མེད་པ་ཡང་ག་ལ་ཡིན།
རེད་ཡ། གཅིག་ནས་ནས་དུས་རབས་ལྔ་པ་དང་དྲུག་པའི་དཔེ་རྙིང་ཞིག་རྙེད་ན་དེ་འཛམ་གླིང་གི་སྟེང་ནས་གསར་རྙེད་ཆེན་པོ་ཞིག་ཡིན་པས་ས་གྲགས་གནམ་གྲགས་ཀྱིས་གླེང་དགོས་ན་ཡང་དེ་བྱུང་མ་སོང་། National Geographic དང་།Discovery Channel དེ་ཚོའི་ནང་ལ་སྟོན་དགོས་ངེས་རེད་མོད་བསྟན་མ་སོང་།
གཉིས་ནས་དུས་རབས་ལྔ་པ་དྲུག་པའི་སྐབས་ཀྱི་ཡིག་ཆ་ཞིག་ཡིན་དུས།་སྐབས་དེའི་སྐད་དེ་ཡང་ག་འདྲ་ཞིག་ཡིན་ནམ། ཏུན་ཧོང་ཡིག་ཆ་དེ་ཚོ་དུས་རབས་བརྒྱད་པ་ནས་བཅུ་གཅིག་པའི་མགོ་བར་གྱི་ཡིག་ཆ་ཡིན་ན་ཡང་། ད་ལྟ་ང་ཚོས་ཤོག་ངོས་གཅིག་གི་སྐད་ཆ་དེ་གོ་དགོས་ན་ཆེད་སྦྱོང་བའི་འགྲེལ་བཤད་མེད་ན་བཀྲལ་མི་ཐུབ་པ་ཞིག་རེད།
དེ་ནས་དཔེ་ཆ་བྲི་གཞི་གང་ཡིན་ནམ། དཔེ་ཆ་དེ་ཚོ་ཀོ་བའི་སྟེང་དུ་བྲིས་ཡོད་དམ། ཤིང་ཤུན་གྱི་ངོས་ལ་བྲིས་ཡོད། དབུས་ཤར་ཨེ་ཤེ་ཡ་དང་དབུས་ཨེ་ཤའིཡའི་ཡུལ་ནས་ཡིག་རྙིང་རྙེད་པ་མང་པོ་ཞིག་ནི་ཀོ་བའི་ངོས་ལ་བྲིས་ཡོད་པར་གཞིག་ན་ང་ཚོ་བོད་ཡུལ་ནས་རྙེད་པ་ཞིག་ཡིད་ན་ཀོ་བའི་ངོས་ལ་བྲིས་ཡོད་དམ།
དཔེ་གཟུགས་དེ་ག་འདྲ་འདུག དཔེ་ཆ་སྣ་རིང་དེ་ནི་ཡིན་ག་ལ་སྲིད། དེ་ནི་རྒྱ་གར་གྱི་ཏ་ལའི་ལོ་མའི་ངོས་སུ་བྲིས་པའི་དཔེ་ཆ་ལ་དཔེ་བལྟས་ནས་བོད་མི་ཚོས་ཤོག་ལྡེབས་སྣ་རིང་འདི་བཟོས་པ་རེད། དེ་ལུགས་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་གཏམ་རྒྱུད་གསེར་ཐང་ན་ཡང་གསལ་པོར་བཤད་ཡོད།
ཡིག་གཟུགས་དེ་ག་འདྲ་ཡིན་ནམ། དུས་ཕྱིས་སུ་སློབ་དཔོན་ཐོན་མིས་རྒྱ་གར་གྱི་གུབྟའི་ཡིག་གཟུགས་ལ་དཔེ་བལྟས་ནས་བཟོས་པ་དེ་ནི་ག་ལ་ཡིན། དེང་རབས་བོན་པོའི་ཞང་ཞུང་སྨར་ཡིག་ཡིན་ནམ་། གནའ་བོའི་བོན་པོའི་སྟག་གཟིགས་སྤུངས་ཡིག་ཡིན་ནམ།
འོ་རེད། གོང་གི་དྲི་བ་དེ་འདྲ་བ་དེ་ཚོས་གཙོས་པའི་དྲི་བ་མང་པོ་ཞིག་ལ་ལན་ཡག་པོ་འདེབས་མཁན་ཞིག་བྱུང་ན་ད་གཟོད་ཅིག་གོ་རྒྱུ་ཡོད་པར་ངེས།
སྟོན་པ་གཤེན་རབ་ཀྱི་གཏམ་རྒྱུད་དེ་ནི་ལྷ་སྒྲུང་ཞིག་རེད། དེ་ཡང་མིང་མི་དྲན་པའི་ནུབ་་ཕྱོགས་པ་ཞིག་གིས་ལྷ་སྒྲུང་ལ་རིགས་གསུམ་དུ་ཕྱེས་ཡོད་པ་དྲན་སོང་། myth དང་། legend དང་། Fairy tale ཟེར་བ་གསུམ་དུ་ཕྱེས་ཡོད་པ་དེའི་ནང་གི་legend ཟེར་བ་དེ་རེད། Legendཟེར་བ་དེ་ནི་ལོ་རྒྱུས་ངོ་མ་ཞིག་ཏུ་འཁྲུལ་ནས་བསྡད་ཡོད་ན་ཡང་། དཔང་རྟགས་གང་ཡང་བསྟན་རྒྱུ་མེད་པའི་རིགས་རེད།
སྟོན་པ་གཤེན་རབ་ཟེར་བ་ཡིག་ཆ་ནང་ན་བཤད་ཡོད་པའི་མི་དེ་དང་དེའི་གཏམ་རྒྱུད་དེ་ལ་དངོས་ཡོད་ཀྱི་དཔང་རྟགས་མི་འདུག དེའི་སྐོར་འཁོད་པའི་ཡིག་ཆ་དེ་དག་ཀྱང་ཁུངས་མི་འཕེར་བ་ཤ་སྟག་རེད། ཕྱོགས་སུ་ལྷུང་བ་དང་། མི་ཤེས་མཁན་གྱིས་བྲིས་པ་དང་། ཁེ་ཕན་གཞན་ཞིག་སྙིང་ལ་བཅངས་ནས་གཏམ་རྒྱུད་དེ་འུད་སྒྲོག་བྱས་པ་སོགས་ཡིན་སྟབས་ཡིད་རྟོན་འོས་པ་མི་འདུག
ངས་གཤེན་རབ་སྐོར་ལ་ཡིག་ཆ་འདྲ་བཀླགས། བསམ་བློ་འདྲ་ཡང་བཏང་། དེའི་སྐོར་ལ་དོ་སྣང་ཅན་གྱི་མི་མང་པོ་ལ་བགྲོ་གླེང་འདྲ་ཡང་བྱས་ནས་ལོ་མང་པོ་སོང་། ཡིན་ན་ཡང་། སྐད་ཆ་དྲང་མོར་བཤད་ན། མིག་གིས་མཐོང་བའི་རྔ་ཆུང་དང་རྣ་བས་ཐོས་པའི་སྦང་སྒྲ་གཉིས་ཆ་མ་མཚུངས་པའི་དཀའ་ངལ་ཞིག་འཕྲད་སོང་།
མ་གཞི་ད་ལྟའི་བོན་ཟེར་བ་དེའི་འབྱུང་ཁུངས་འདྲ་བོ་དེ་ནི་ཏན་ཏན་དུས་རབས་བཅུ་པ་ཙམ་ནས་བོད་དུ་ཆོས་ལུགས་འདྲ་མིན་སྣ་ཚོགས་ཤིག་དར་བ་དེའི་ནང་གི་གཅིག་རེད། དུས་རབས་བཅུ་པ་ཚུན་གྱི་ལོ་རྒྱུས་ནང་དུ་བོན་ཡོད་པའི་ལོ་རྒྱུས་ཅུང་གསལ་པོ་འདུག གནའ་ཤུལ་སོགས་ཀྱི་དཔང་རྟགས་ལ་བལྟས་ན་ཡང་དུས་རབས་བཅུ་པའི་གོང་དུ་བོན་ཟེར་བའི་ཆོས་ལུགས་ཤིག་དང་། ལྷག་པར་ཡང་ད་ལྟ་ང་རང་ཚོའི་སྤྱི་ཚོགས་ནང་གི་བོན་དང་བོན་པོ་ཟེར་བའི་ཆོས་ལུགས་ཚོགས་སྡེ་འདི་དང་ཆ་མཐུན་པའི་ཆོས་ལུགས་ཤིག་མེད་པ་ནི་གསལ་གསལ་ཐིང་ཐིང་རེད།
དུས་རབས་བཅུ་པའི་སྔོན་དུ་བོད་ལ་སྲོལ་རྒྱུན་གྱི་ཆོས་ལུགས་ཤིག་ཡོད་མོད་དེའི་མིང་ལ་བོན་ཞེས་འབོད་ཀྱིན་ཡོད་པའི་དཔང་རྟགས་ཀྱང་ད་བར་དུ་གསལ་པོ་མ་མཐོང་། Oxford སློབ་ཆེན་དུ་རྒད་པོ་ཤིག་གིས་ལི་ཡུལ་དུ་རྙེད་པའི་བོད་བཙན་པོའི་དམག་གི་མཁར་རྫོང་ཞིག་རོའི་ཤུལ་དུ་ལྷ་རྟེན་ཤིང་དུམ་ཞིག་གི་ངོས་སུ་བོན་ཞེས་པའི་ཡིག་འབྲུ་ཞིག་བྲིས་ཡོད་པ་མཐོང་སོང་ཟེར། དེས་ཕལ་ཆེར་དུས་རབས་བཅུ་པའི་གོང་དུ་བོད་ན་བོན་ཟེར་བའི་ཆོས་ལུགས་ཤིག་ཡོད་པའི་དཔང་རྟགས་ཡོང་ངམ་ཟེར་ནས་དྲིས་སོང་། ངས་ཤིང་དུམ་དེ་དངོས་སུ་མཐོང་མེད། ཤིང་དུམ་དེ་མ་མཐོང་ན་བཤད་ཚོད་ཐིག་གི་མི་འདུག མཚམས་མཚམས་སུ་ནུབ་ཕྱོགས་པའི་མཁས་པ་ཚོས་ཀྱང་ང་རང་ཚོའི་ཡུལ་གྱི་ཤེས་རིག་དང་འབྲེལ་བའི་སྐོར་ལ་གོ་བ་ཏག་ཏག་མ་ལོན་པ་ཧ་ཅང་མང་པོ་ཡོང་གིན་འདུག བོད་ཀྱི་སྐད་ཡིག་ལ་ཆ་རྒྱུས་མེད་པས་ཡིག་འབྲུ་རེ་ཟུང་རེ་ཀློག་ཉེས་བྱས་ནས་གོ་དོན་ལོག་པར་བཀྲལ་བ་ཧ་ཅང་མང་པོ་འདུག བོན་ཟེར་བ་དེ་ས་བོན་སོགས་ཀྱི་བོན་ལ་ཡང་འཇུག་པས་ཤིང་དུམ་དེའི་ངོས་ཀྱི་ཚིག་གོང་འོག་བསྒྲིགས་ནས་ལྟ་མ་ཐུབ་ན་བོན་ཟེར་བའི་ཚིག་འབྲུ་དེ་ཙམ་ལ་བརྟེན་ནས་དུས་རབས་བཅུ་པའི་གོང་ལ་བོད་ལ་བོན་ཟེར་བའི་ཆོས་ལུགས་ཡོད་མེད་ཐག་ཆོད་གི་མ་རེད་ལབ་པ་ཡིན།
དེ་བཞན་དུ་མཁར་རྨེའུ་བསམ་གཏན་གྱིས་ཏུན་ཧོང་ཡིག་རྙིང་ནང་དུ་རྙེད་པའི་་འཕགས་པ་ལྗོན་ཤིང་གི་མདོ་ཟེར་བའི་ནང་དུ། མོ་བོན་དག་ལ་སྲིད་མ་ལྟོས། ཟེར་བའི་ཚིག་འདི་ཙམ་ལ་བརྟེན་ནས་བོད་ལ་བོན་ཡོད་པར་བསྒྲུབ་འདུག ཡིན་ན་ཡང་། ཏུན་ཧོང་ཡིག་ཆ་ནི་དུས་རབས་བརྒྱད་པ་ནས་དུས་རབས་བཅུ་གཅིག་པའི་མགོའི་བར་གྱི་ཡིག་ཆ་ཡིན་པས་འཕགས་པ་ལྗོན་ཤིང་གི་མདོ་ཟེར་བའི་ཡིག་ཆ་འདི་དུས་རབས་བཅུ་པའི་གོང་དུ་ཡིན་པའི་ངེས་པ་མི་འདུག ཡིག་གཟུགས་ག་འདྲ་ཡིན་མ་མཐོང་ན་ཡང་། བརྗོད་ཚིག་གི་ཆ་ནས་ཏུན་ཧོང་ཡིག་རྙིང་གྲས་སྐད་གསར་བཅད་དང་ཅུང་མཐུན་ས་མང་བའི་རིགས་ཡིན་པས་ཡིག་ཆ་དེ་དག་གི་ཁྲོད་ནས་གསར་གྲས་ཡིན་པ་ཤེས་ནུས་པ་ཞིག་རེད།
རྒྱའི་ཡིག་ཚང་ཁ་ཤས་ནང་ཞང་ཞུང་གི་ལོ་རྒྱུས་གང་འཚམས་ཡོད་པ་དང་ཆོས་ལུགས་ཆོ་གའི་སྐོར་ཡང་འདུག་ལ། དེ་དག་བོན་ཡིན་པར་ཚང་མས་ཁས་ལེན་གྱིན་འདུག བོད་ཡིག་ལོ་རྒྱུས་ཁག་ལས་བོན་བཀོད་པའི་ཡིག་ཆ༼སྦ་བཞེད༽ཡིན་འོས་པས། ཁྱེད་ལ་སྟབས་བདེ་ན་༼སྦ་བཞེད༽ནང་བན་བོན་སྐོར་ཇི་ལྟར་་བཀོད་ཡོད་མེད་ལ་གཟིགས་རོགས། ང་སྡོད་སར་བོད་ཡིག་གི་དཔེ་ཆ་རེག་ཐབས་མི་འདུག
སྐུ་ཞབས་གནམ་ལོ་ཡག་ལགས། རྒྱའི་ལོ་རྒྱུས་དེ་ཚོ་ནམ་ཞིག་ལ་སུས་བྲིས་པ་རེད། ཁོང་ཚོས་ཁུངས་གང་ལ་བཅོལ་འདུགདབྱིན་སྐད་ལྟར་ན། First hand accountརེད་དམ། Second hand report རེད་འདུག
ཐག་རིང་ས་ནས་སྟོན་པ་ཁག་གི་ལོ་རྒྱུས་དེ་འདྲ་རེད། ཐག་ཉེ་ས་ནས་བོད་ཀྱི་བླ་མ་རྣམ་པའི་སྐུ་ཕྲེང་རིམ་བྱོན་ཡང་ཐག་རིང་བོར་དེད་ཡོད་པས། རིགས་མཐུན་ཚོགས་མོས་འོས་ཀྱང་མི་མཐུན་ཚོགས་དགོད་སྲིད་པའང་གསལ་བོ་རེད། དེའི་མ་ཚད་ཡི་ཤུའི་སྟོན་པའི་ལོ་རྒྱུས་ནང་ཧ་ལམ་ལོ་གཅིག་ལྷག་གང་དུ་སོང་མིན་གསལ་གྱི་མི་འདུག་ཅིང་། ཁ་ཆེ་སྟོན་པའང་ཟླ་ངོ་ཁ་ཤས་བོར་འདུག་པས། ད་ལྟའི་མཁས་པ་ལ་ལས་དེ་དག་ཤམ་བྷ་ལར་ཆས་པ་རེད་ཅེས་བརྗོད་ཀྱིན་འདུག ད་དུང་སྟོན་པ་ཤཀྱཱ་ཐུབ་པའི་འཁྲུངས་ལོའང་གཅིག་གྱུར་བྱུང་ཐུབ་མེད་པའི་ཁར། འཁྲུངས་རབས་སྔ་མ་དག་གི་ལོ་རྒྱུས་ཀྱང་ངག་རྒྱུན་བརྒྱུད་ཡོང་བ་ཤ་སྟག་རེད། དེ་བས། སྟོན་པ་གཤེན་རབ་བོད་ནས་འཁྲུངས་པས། གཅིག་ནས་ལོ་རྒྱུས་ཞིབ་ཆ་ཡོད་པ་མ་རེད། གཉིས་ནས་བསྟོད་པ་ཚད་ལས་བརྒལ་བའམ་སྨད་པ་ཚད་ལས་བརྒལ་བའི་ཐལ་མཐའ་ལྷུང་བ། གསུམ་ནས་བན་བོན་འགྲན་རྩོད་ཁྲོད་དུ་ལོ་རྒྱུས་དངོས་ལ་བསྲེ་བསླད་ཐེབས་པའི་སྐྱོན་ཡོད་སྲིད་པ་ཞིག་རེད། ཡིན་ནའང་། བོད་ནས་བྱུང་བའི་གཙང་བོ་ཁག་བཞུར་ཡུལ་སོ་སོར་དཔལ་ཡོན་བསྐྲུན་ཡོད་པར་མ་ཟད། དེ་གར་མ་ཡུམ་གཙང་བོ་ཞེས་འབོད་ཀྱིན་པས། ཉུང་མཐར་བོད་ནི་འགྲོ་བ་མིའི་རིགས་ཀྱི་འབྱུང་ཁུངས་གྲས་ཀྱི་གཅིག་དང་དཔལ་ཡོན་གྱི་འབྱུང་གཞི་གཙོ་བོ་ཞིག་ཡིན་སྲིད་པ་ཞིག་རེད། དེ་བས། ཚང་མས་ཕྱོགས་ཞེན་སྤང་ནས་་བགྲོ་གླེང་བྱེད་རྒྱུ་ནི་ང་ཚོའི་ལས་འགན་རེད་ལ། སྒྲུབ་ཐུབ་པའི་ཁྱབ་ཁོངས་ཀྱང་རེད།
ལྷ་སྡེ་གནམ་ལོ་ཡག་ལགས། ཁྱེད་ཀྱིས་སྟོན་པ་གཤེན་རབ་བོད་དུ་འཁྲུངས་པར་གསུངས་པ་དེ་དཔང་རྟགས་རྒྱུ་མཚན་ཅི་ཞིག་ལ་བརྟེན་པ་ཡིན།
རྒན་སྤོབས་པ་ལགས། རྒྱའི་ཡིག་ཚང་དེ་དག་དུས་རབས་བདུན་པ་དང་བཅུ་གཅིག་པའི་བར་བྱུང་བརྩམས་པ་རེད། དེ་མིན་རྒྱལ་རོང་ཆུ་ཆེན་ནས་ཞང་ཞུང་གི་ཡི་གེ་བཀོད་པའི་མཁར་རྔ་ཞིག་ཐོན་འདུག གཞན་ཞིན་ཧྭ་གསར་ཁང་གི་གསར་འགྱུར་ལྟར་ན། ཀན་སུ་ཞིང་ཆེན་ནང་དུས་རབས་དགུ་བ་ནས་བཅུ་གཅིག་པའི་བར་བྱུང་བའི་བོན་དཔེ་ལག་བྲིས་མ་ལྔ་བརྒྱ་བརྙེད་ཡོད་པ་དང་། ཚིག་སྦྱོར་བརྡ་རྙིང་དང་མཚོན་དོན་རང་བྱུང་ཁམས་ལ་དད་པའི་སྐོར་ཡིན་ཚུལ་བཀོད་འདུག
སྟོན་པ་གཤེན་རབ་ནི་ཞང་ཞུང་གི་རྒྱལ་སྲས་ཤིག་ཡིན་པ་བོད་རྒྱ་གཉིས་ཀྱི་མཁས་པས་ཞིབ་འཇུག་གནང་བའི་མཐའ་བསྡོམས་རེད། རྒྱའི་ཡིག་ཚང་ལྟར་ན་ཞང་ཞུང་ལ་ཆེ་ཆུང་གཉིས། ཆུང་བ་ནི་ཧ་ལམ་གངས་རིན་པོ་ཆེ་གཙོ་བྱས་པའི་སྟོད་མངའ་རིས་བསྐོར་གསུམ་རེད། ཆེ་བ་ནི་ཧ་ལམ་བོད་ཆོལ་ཁ་གསུམ་ལ་བཤད་ཀྱི་འདུག
སྐུ་ཞབས་གནམ་ལོ་ཡག་ལགས། ཞང་ཞུང་གི་ཡིག་གཟུགས་དེ་ག་འདྲ་ཞིག་འདུག མཁར་རྔ་དེ་དེང་སང་གང་དུ་ཉར་འདུག དུས་ནམ་ཞིག་ལ་བཟོས་པ་རེད། ཡིག་ཆ་དེ་ཚོ་གང་དུ་ཉར་ཡོད་འདུག རྒྱའི་ཡིག་ཚང་ཟེར་བ་དེ་དག་གི་ནང་ལ་ཞང་ཞུང་གི་སྐོར་ག་འདྲ་གླེང་འདུག ས་ཆ་དེར་བོན་དར་ཚུལ་ག་འདྲ་འདུག
སྟོན་པ་གཤེན་རབ་ཞང་ཞུང་གི་རྒཱལ་སྲས་ཤིག་ཡིན་པའི་དཔང་རྟགས་ག་འདྲ་རྙེད་འདུག
ཞང་ཞུང་གི་སྐོར། རྒྱའི་ཡིག་ཚང་《通典》、《册府元龟》和《唐会要》ནང་འདུག མཁར་རྔདེའི་པར་ང་ལ་ཡོད། འོན་ཀྱང་འདིར་འགོད་ཐབས་མི་འདུག ངའི་ཡིག་སྒམ dongsai@gmail.com ཡིན།
སྟོན་པ་གཤེན་རབ་ཞང་ཞུང་གི་རྒྱལ་སྲས་ཡིན་པ་ཞིབ་འཇུག་པ་དག་གིས་བཤད་འདུག ཡིན་ནའང་། བོད་འདི་ཨ་གསར་ཚ་དྲག་ནས་གཉའ་ཁྲི་བཙན་པོ་རྒྱ་གར་ནས་ཡིན་ཚུལ་ལབ་པ་ལྟ་བུའི་མགོ་རྙོག་ཡོད་ཡོད་པ་རེད།
ཞང་ཞུང་གི་ཡི་གེ་ག་འདྲ་འདུག དེང་དུས་མཐོང་དུ་ཡོད་པའི་ཞང་ཞུང་སྨར་ཡིག་དང་འདྲ་བ་འདུག་གམ། རྒྱའི་ཡིག་ཚང་གི་ནང་ན་བོན་གྱི་སྐོར་ལ་འགྲེལ་བཤད་ག་འདྲ་འདུག སྟོན་པ་གཤེན་རབ་གར་སྐྱེ་གར་ཤི་ཙམ་ཤི་ཙམ་ཡང་གོ་མེད་པ་འདྲ་བས་རྒྱལ་པོའི་བུ་དང་སྤྲང་པོའི་བུ་གང་ཡིན་ཚོ་མོ་འདྲ་འདེབས་ན་མ་གཏོགས་ག་འདྲ་བྱས་ནས་ཤེས་པ་ཡིན་ནམ།
རྒྱའི་དཔེ་དེབ་དེ་དག་ག་ལེར་ཀློག་རོགས། དེ་མིན་སྟོན་པ་གཤེན་རབ་ཀྱི་འཁྲུངས་འདས་ལ་བཤད་སྟངས་ཁ་ཤས་འདུག དེ་མིན་ཁོང་ནི་ཞང་ཞུང་གི་རྒྱལ་སྲས་ཡིན་སྟངས་ཐད་སྡེ་རོང་ཚེ་རིང་དོན་གྲུབ་མཆོག་གིས་བོན་དཔེ་འགའ་ལུང་དྲངས་འདུག འོན་ཀྱང་། བོད་ཡིག་ནང་ག་འདྲ་ལབ་ཀྱི་ཡོད་མེད་ད་དུང་བརྙེད་མ་སོང་། དེ་མིན་ངའི་ཡིག་སྒམ་ཚིག་གཅིག་ཐོངས་དང་མཁར་རྔ་གཏོང་ངེས།
སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་བོན་དཔེ་དྲངས་པའི་བོན་དཔེ་དེ་ཚོར་ཡིད་བརྟན་མེད་ཚུལ་ངས་གོང་དུ་ཞུས་ཡོད། མདོ་གཟེར་མིག་དང་། མདོ་དྲི་མེད་གཟི་བརྗིད་ཟེར་བ་དེ་ཚོ་ཡིན་པར་ངེས། དེ་གཉིས་ངས་ཀྱང་བཀླགས་ཡོད།
ཡ་ཡ། དེ་དག་ག་ལེར་བརྩད་གཅོད་ཡག་པོ་བྱེད་ཆོག གཞན་ང་རང་ཡ་མཚན་པ་ཞིག་ལ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་པའི་༼སྔོན་འགྲོ་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ༽དང་རྫ་དཔལ་སྤྲུལ་གྱིས་བརྩམས་པའི་༼ཀུན་བཟང་བླ་མའི་ཞལ་ལུང༽གཉིས་གཅིག་མཚུངས་ཡིན་ཚུལ་ངས་གྲོགས་པོ་ཞིག་གིས་ལབ་སོང་། དེར་ལྟ་ཚུལ་ག་རེ་ཡོད
དམ།
བཀུར་འོས་གནམ་ལོ་ཡག་ལགས། ངས་ཡིག་ཆ་དེ་གཉིས་གཤིབ་བསྡུར་བྱེད་མ་མྱོང་སྟབས་འདི་རེད་དེ་རེད་གསལ་པོར་ཞུ་རྒྱུ་མེད། སུ་སྔོན་ལ་བྱུང་དང་སུ་རྗེས་ལ་ཡིན་གོ་ན་’བཤུ་མཁན་’སུལ་ཡིན་ལས་སླ་པོར་རྩད་ཆོད་གི་རེད་ཨ།
དེ་བརྐུ་བྱས་པ་རེད།ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་པའི་༼སྔོན་འགྲོ་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ༽དང་རྫ་དཔལ་སྤྲུལ་གྱིས་བརྩམས་པའི་༼ཀུན་བཟང་བླ་མའི་ཞལ་ལུང༽གཉིས་གཅིག་མཚུངས་ཡིན་པས་བརྐུ་བྱས་པ་རེད། མ་ཚད་ཁྲིད་ཡིག་དེ་ཡེ་ཤེས་བླ་དང་གཅིག་པར་དཔེ་བྱོས་ཡོད་པ་རེད། དེ་ང་རང་གིས་རིག་པ་ཡིན། དེས་ན་བོན་པོ་ཟེར་ན་བརྐུ་བཤུས་སམ། དཔར་ལོག་རྒྱག་པ་འདྲ་ཞིགཚུལ་ངས་གྲོགས་པོ་ཞིག་ལས་ལྟ་ཚུལ་གཞན་མེད་དོ།།
སྤོབས་པ་མཐའ་ཡས་ཀྱི་#78་པ་དེ་ལ་ལན་ཞིག་འབུལ་བར་སྤྲོ།
ཁྱེད་ཀྱིས་སྟོན་པ་གཤེན་རབ་ཀྱི་གཏམ་རྒྱུད་དེ་ནི་ལྷ་སྒྲུང་ཞིག་རེད་ཟེར་ནས་གསུངས་བཞག འདི་ཕལ་ཆེར་མཐོང་ཆུང་འདྲ་པོ་ཞིག་ཡིན་ས་རེད། སྟོན་པ་གཤེན་རབ་ཀྱི་ལོ་རྒྱུས་ནང་དུ་ལྷ་སྒྲུང་རྩ་བ་ནས་ཡོད་མ་རེད་ཟེར་ནའང་ཧམ་པ་ཆེ་འགྲོ་བར་སེམས། གང་ལྟར་སྟོན་པ་ཤཀྱཱ་ཐུབ་པའི་གཏམ་རྒྱུད་ནང་དུའང་ལྷ་སྒྲུང་ཀླུ་སྒྲུང་མང་པོ་ཞིག་བསྲེས་ཡོད་པ་ཐག་ཆོད། དེ་ཁྱེད་ཀྱིས་ལོས་ཤེས། སྤྱིར་ལྷ་སྒྲུང་གིས་རྒྱན་པར་བྱེད་པ་ནི་སྔོན་དུས་ཀྱི་རྩོམ་འབྲི་སྟངས་ཤིག་ཀྱང་ཡིན་པ་རེད། དེ་ལ་སྐྱོན་ཆེན་པོ་དེ་འདྲ་ཡོད་པར་མི་སེམས དེང་སང་བོད་རིག་པ་བ་ཟེར་བའི་མཁས་པ་སྐད་གྲགས་ཅན་དེ་ཚོས། ཞིབ་འཇུག་བྱེད་སའི་གཞི་མ་དེ་ནི་སྔོན་གྱི་ལྷ་སྒྲུང་དང་ཀླུ་སྒྲུང་དེ་ཚོ་རེད་། ལྷ་སྒྲུང་དེ་ཚོའི་ནང་དུ་དངོས་སྒྲུང་ཡང་མང་པོ་ཞིག་རྙེད་རྒྱུ་ཡོད་པ་དང་། ལྷ་སྒྲུང་འབྲི་མཁས་པ་དེ་ཚོས་སྒྲུང་གཏམ་གྱི་ལམ་ནས་དངོས་དོན་གོ་རྒྱུ་ཡོད་པ་ཧ་ལས་པའི་སྙན་འཇེབ་རོ་བརྒྱ་བཅུད་ལྡན་དེ་འདྲ་ཡང་ཡོད་། དེ་འདྲ་ཡིན་དུས་ལྷ་སྒྲུང་རེད་ཟེར་ནས་ལམ་སེང་མཐོང་ཆུང་དུ་གཏོང་བ་ནི། ལྷ་སྒྲུང་གི་ནང་དོན་གཙོ་བོ་དེ་མ་ཤེས་པའི་ནང་རྟགས་ཕྱིར་བསྟན་པ་ཙམ་ལས། སྔ་རབས་ནས་དར་བའི་བོད་རང་སའི་ལྷ་སྒྲུང་གི་དཔལ་ཡོན་ལ་བརྙས་པར་ག་ལ་ཐུབ། ངས་ནི་ལྷ་སྒྲུང་དང་ཀླུ་སྒྲུང་ལ་གུས་བརྩི་ཆེན་པོ་ཞུ་གི་ཡོད། ཅིས་ན་ང་ཚོ་བོད་གངས་ཅན་པའོ་ལོ་རྒྱུས་སྨྲ་བའི་འགོ་ཚུགས་ས་དེ་ནི་ལྷ་སྒྲུང་དང་ཀླུ་སྒྲུང་གི་ལམ་ནས་བྱུང་བས་སོ། དཔེར་ན་བོད་ཀྱི་ཡབ་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ཇི་ལྟར་ཕེབས་པའི་ཚུལ་བཞིན་ནོ། བོད་རང་སའི་ལྷ་སྒྲུང་དང་ཀླུ་སྒྲུང་འདི་ཚོ་ནི། ཤིན་ཏུ་གལ་ཆེ་བའི་བོད་པ་ཚང་གི་རིག་གནས་ཤིག་ལ་བརྩི་བཀུར་ཞུས་པ་ཡིན་ནའང་མི་ཆོག་པ་མི་འདུག དེ་འདྲ་ཡིན་དུས་བོད་རང་སའི་ལྷ་སྒྲུང་དང་ཀླུ་སྒྲུང་ལ་བསམ་བློ་གསར་པ་ཞིག་བཏང་ནས་ཞིབ་འཇུག་ཡག་མོ་ཞིག་གནོངས་རོགས་ཅེས་འདི་ནས་བསྐུལ་མ་ཞུ་བར་འདོད། །
http://www.youtube.com/watch?v=ANNcLSLfJXc དྲྭ་བརྙན་འདིར 43.21
ཡུལ་རྒྱལ་རོང་གི་གླུ་མ་མཆོག་དུ་གྱུར་བ། །
བསྟན་པ་དབང་མོའི་མགུལ་གྱི་སྙན་དབྱངས་ལས་གྲོལ་བའི་་་རྒྱལ་མོ་ཚ་བ་རོང་པ། སྨུག་པོ་བོད་པའི་རྒྱུད་རེད།
ཅེས་པའི་གླུ་གཞས་འདི་དྲྭ་གྲོགས་ཚོས་གསན་རོགས་གནོང་།
རྒྱལ་རོང་ཆུ་ཆེན་རབ་བརྟན་རྒྱལ་པོའི་སྐོར་མདོར་ཙམ་ཞིག་འདིར་འདུག དྲྭ་གྲོགས་ཚོས་གཟིགས་རོགས་གནོངས། སོག་རྒྱལ་འཇིང་གིར་ཁན་འཛམ་གླིང་ནང་སྐད་གྲགས་ཆེན་པོ་ཞེ་དྲགས་ཆགས་པ་རེད། ཡིན་ནའང་རྒྱལ་རོང་ཆུ་ཆེན་རབ་བརྟན་རྒྱལ་པོ་མཆོག་སྐད་གྲགས་དེ་ཙམ་མེད་དགོས་དོན་གང་ཡིན་ནམ། དམག་འཐབ་བྱས་སྟངས་ལ་བལྟས་ན་་རྒྱལ་རོང་ཆུ་ཆེན་རབ་བརྟན་རྒྱལ་པོ་མཆོག་གྱོང་ལེ་འདྲ་ཞིག་མི་འདུག་གམ། http://ti.kbcmw.com/Html/LiShi/ShiLun/5810.html
གཞོན་ནུ་ཟླ་མེད་ལགས་ཀྱི་མཆན་73་པ་དེ་ཆ་ཚང་བཀླགས་ཡོད། ཁྱེད་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། རྗེས་སུ་བཀའ་མོལ་ཞུ་ཆོག་པ་ཞུ།