ཨ་ནུ་ཐང་བསོད་ནམས།
༡༽
དཀའ་ངལ་འདི་འཕྲད་མཁན་སྤོབས་མཆོག་མཐའ་ཡས་གཅིག་བུ་མིན་པ་སྤྱི་ཚོགས་ལས་ཐོད་རྒལ་གྱི་བསམ་བློ་འཛིན་མང་པོ་ཞིག་ལ་དེ་ལྟར་དཀའ་ངལ་འཕྲད་བཞིན་ཡོད། ཐ་ན་ཤཱཀྱ་ཐུབ་པ་ལའང་དཀའ་ངལ་དེ་འཕྲད་ཡོད། ཟབ་ཞི་སྤྲོས་བྲལ་འོད་གསལ་འདས་མ་བྱས།། བདུད་རྩི་ལྟ་བུ་ཆོས་ཤིག་ཁོ་བས་རྙེད། སུ་ལ་བསྟན་ཡང་གོ་བར་མི་ནུས་པས།། མི་སྨྲ་ནགས་ཀྱི་ཁྲོད་དུ་གནས་པར་བྱ།། ཚིག་ཇི་བཞིན་ཨེ་ཡིན་མི་ཤེས་མོད་གནད་དོན་དེ་ལྟར་ཡིན། དཀའ་ངལ་འདི་རིགས་འཕྲད་ས་ནི་བཀག་རྒྱ་ཡོད་པའི་སྤྱི་ཚོགས་ཁྲོད་ནས་ཚད་བརྒལ་གྱི་བསམ་བློ་འཛིན་ཀུན་ཡིན། དེ་ལྟར་ཡིན་དགོས་པའང་གོང་དུ་དགེ་རབ་ཀྱིས་གསུངས་པ་བཞིན་རེད།
དེང་སྐབས་ཀྱི་བོད་ཀྱི་སྤྱི་ཚོགས་ལྟ་བུ་ལ་མཚོན་ན་གནའ་བོའི་བོད་ཀྱི་འཇིག་རྟེན་ལྟ་སྟངས་དང་དེང་གི་ཚན་རིག་གི་ལྟ་སྟངས་གཉིས་ཀྱི་དམག་ས་ལྟ་བུ་ཆགས་ཡོད་པས། གནའ་གོམས་ལྟར་སློབ་སྦྱོང་ཁོ་ན་ཐོབ་མཁན་དང་། དེ་ཡི་རྗེས་སུ་གཙོ་བཟུང་གིས་འབྲངས་མཁན། དེ་ལྟར་མི་འགྲོ་བར་བོད་ཀྱི་ཁྱད་ཆོས་ཡོད་པའི་ཐོག་ནས་དུས་མཐུན་གྱི་ཚན་རིག་དང་། བདེན་པ་གཙོ་བཟུང་གིས་འགྲོ་མཁན་གཉིས་ཀྱི་བར་དུ་གོོ་བརྡ་མ་འཕྲོད་པ་དང་། ལྟ་བ་མ་མཐུན་པའི་འགལ་ཟླ་འབྱུང་བཞིན་ཡོད། འགལ་ཟླ་དེ་བྱུང་དགོས་དོན་ནི་གནའ་བོའི་འཇིག་རྟེན་ལྟ་སྟངས་ལས་དམའ་བསང་གསོལ་བཏང་ནས་ཚུད་པའི་མཐོ་ལྷ་དང་བླ་མར་བཀུར་སྟངས། དད་པ་དང་དམ་ཚིག་གིས་འཇིག་རྟེན་སྐྱོང་སྟངས་སོགས་ཀྱི་ཐོག་ཏུ་ལྟ་སྟངས་མི་འདྲ་བ་འབྱུང་བཞིན་ཡོད།
དེང་དུས་ཀྱི་བསམ་བློ་འཛིན་མཁན་དང་བདེན་དོན་རྟོགས་མཁན་མང་པོ་ཞིག་གིས། ད་ལྟ་གནའ་བོའི་བསམ་བློའི་འཛིན་ཕྱོགས་ལྟར་འགྲོ་རུ་མི་འོས་ཞིང་། དེ་ལྟར་ཕྱིན་ན་བདེན་དོན་ལ་རྒྱབ་འགལ་ཙམ་མ་ཟད། བོད་ཀྱི་ཕུགས་རྒྱང་རིང་པོའི་ཁེ་ཕན་དང་མི་མཐུན་པར་འདོད་ནས་སྐྱོན་བརྗོད་བྱེད་ཀྱིན་ཡོད། འོན་ཀྱང་། གནའ་ལྟ་འཛིན་མཁན་ཚོའི་སྲོལ་རྒྱུན་གྱི་གོམས་གཤིས་དང་ལྟ་གྲུབ་ནི། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ནས་བརྒྱུད་དེ་ཡོང་ཕྱིན་དེ་ལ་ལེགས་བཅོས་བྱེད་དགོས་པར་འདོད་ཀྱིན་ཡོད་ཀྱང་། ཁེ་ཕན་དང་བདག་དབང་། ཞེན་འདོད་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ལ་ཐུག་ཚེ། དེ་དག་ལེགས་བཅོས་སམ་བཅོས་སྒྱུར་བྱེད་པ་ལྟ་ཅི། ཐ་ན་དོགས་པ་ཙམ་ཡང་ཟ་རུ་འཇུག་འདོད་མེད།
རྒྱུ་མཚན་ནི། དེ་ནི་ཁོང་ཚོའི་ཁེ་ཕན་དང་མཚན་སྙན། ལྟོ་རྒྱབ་དང་དབང་ཆ་བཅས་ལ་འབྲེལ་བས། ཁེ་ཕན་དེའི་དོ་བདག་མཁན་མང་པོ་ཞིག་གིས་དངོས་ཡོད་མཐོང་གི་ཡོད་ཀྱང་། ངོས་ལེན་བྱེད་འདོད་གཏན་ནས་མེད། དེ་དག་གི་རྗེས་འཇུག་པ་ཁག་ཅིག་གིས་ཞེད་སྣང་དང་ཞེན་འདོད་ཀྱི་དབང་གིས་བདེན་པ་མཐོང་ཡང་ངོས་ལེན་བྱེད་ཀྱིན་མེད། དཔེར་ན། སྤྲུལ་སྐུ་ཚོ་ལྟ་བུ་རེད། ཁོང་ཚོ་མང་པོ་ཞིག་གིས་རང་ཉིད་སྤྲུལ་སྐུ་མིན་པ་གསལ་བོ་རྟོགས་ཀྱིན་ཡོད་ཀྱང་། ལྟོ་རྒྱབ་དང་ཁེ་ཕན། དབང་ཆ་ཡི་ཆེད་དུ་མིང་དེ་བློས་གཏོང་བྱེད་ཐུབ་ཀྱི་མེད། དེ་ལས་ལྡོག་སྟེ་དད་དམ་རྒྱུན་གནས་བྱེད་པར་འབད་ཀྱིན་ཡོད།
གོ་རྟོགས་སད་དང་མ་སད་ཀྱི་གནད་དོན་དེ་ནི་རྟོོགས་མཁན་དང་མི་རྟོགས་མཁན་གཉིས་ཀྱི་ས་མཚམས་ལས་བརྒལ་ཞིང་། ལྟ་གྲུབ་ཀྱི་འགལ་ཟླ་རུ་ཆགས་ཤིང་། ལྟ་གྲུབ་འགལ་ཟླ་ཡི་གནད་དོན་ནི་དོན་གྱིས་ལྷ་དབང་ལམ་ལུགས་པའི་སྲིད་དབང་འཛིན་བྱེད་ཀྱི་ལྟ་གྲུབ་ཀྱི་རྨང་གཞི་དང་ཐུག་པས། ལྟ་གྲུབ་ལ་གནོད་ཚེ་ཁོང་ཚོའི་དབང་ཆ་གནས་པར་འགོག་རྐྱེན་དུ་འགྱུར་བས། ཁྱེད་ཀྱི་དོན་དངོས་བདེན་དོན་ཞིག་རེད་སྙམ་ནས་སྨྲ་བཞིན་ཡོད་ཀྱང་། དོན་གྱིས་ལྷ་དབང་ལམ་ལུགས་པའི་ཆབ་སྲིད་འཛིན་སྐྱོང་གི་ལྟ་གྲུབ་དང་ཐུག་པས། ཁྱེད་ཀྱི་བདེན་དོན་དེ་བདེན་པ་ཡིན་པ་ངོས་ཟིན་ཡང་། ལྷ་དབང་རིང་ལུགས་པ་ཚོས་ནམ་ཡང་ངོས་ལེན་མི་བྱེད། ཁོང་ཚོས་གོ་རྟོགས་མ་སད་མཁན་དང་། གནའ་གོམས་ལྟར་འགྲོ་མཁན་ཚོ་བེད་སྤྱོད་བཏང་ནས་ཁྱེད་དང་ཁྱེད་ལྟར་བདེན་དོན་སྨྲ་མཁན་དང་། གོ་རྟོགས་སད་མཁན་རྣམས་ལ་ཉེས་མིང་སྣ་ཚོགས་བཏགས་ནས་སྐྱོན་ཅན་དུ་བཟོ་ངེས་རེད། དེ་ནི་ཁོང་ཚོའི་རང་སྲུང་གི་སྲིད་ཇུས་རེད། དེར་བརྟེན། བདེན་པ་ཡོད་ཚད་སྨྲ་ཆོག་ཆོག་ཅིག་མ་རེད། བདེན་པ་ཁག་ཅིག་སྲིད་དོན་པའི་འཛིན་སྐྱོང་གི་ལྟ་བ་ལ་གནོད་པས་རེད།
ཁྱེད་ཀྱིས་གནའ་སྲོལ་མང་པོ་ཞིག་དང་། ཆོས་དང་ཆོས་མིན་གྱི་གནད་དོན་མང་པོ་ཞིག སྲུང་མ་དང་སྲུང་མ་མ་ཡིན་པའི་གནད་དོན་མང་པོ་ཞིག བླ་མར་བསྟེན་འོས་དང་མི་འོས་པའི་གནས་སྟངས་མང་པོ་ཞིག་གི་བདེན་དོན་རྟོགས་པས། དད་དམ་དང་བླ་གསུང་གཙོ་བཟུང་གིས་འགྲོ་མཁན་ཚོ་དང་འགལ་བར་འགྱུར་བཞིན་ཡོད། ཁྱེད་ཀྱིས་ཁོང་ཚོ་རྨོངས་འོག་ཏུ་ཚུད་པར་འདོད་ཀྱང་། དེ་དག་དང་དེ་དག་གི་མགོ་གཙོ་ཚོས་ཁྱེད་ནི་སྤྲེའུ་རྨ་ཅན་ཞིག་ཏུ་ངོས་འཛིན་བྱེད་ངེས་རེད།
གཅིག་བྱས་ན་ཁོང་ཚོས་རྒོལ་ལེན་སློག་རྒྱུ་མང་པས་མཚམས་རེ་ཁྱེད་ལ་སེམས་ཁམས་མ་སྐྱིད་པ་བཟོ་ཤས་ཆེ། ཁོང་ཚོ་ལ་ཁག་མི་འདུག ཁོང་ཚོའི་ཁེ་ཕན་དང་ཞེན་ཕྱོགས། དད་དམ་དང་འབྲེལ་བས་རེད། ཁྱེད་ཀྱིས་བདེན་དོན་སྨྲས་པ་དེས་ཀྱང་ཁོང་ཚོར་མི་སྐྱིད་པ་བཟོ་ངེས་རེད། ཡིན་ཏེ། ཁྱེད་ཀྱིས་བདེན་དོན་གྱི་སྐད་ཆ་རེ་རེ་བཤད་པ་དེས་ཁོང་ཚོའི་ཁེ་ཕན་སྲུང་བྱེད་ཀྱི་རྩིག་པ་རེ་རེ་ཞིག་རལ་ཏུ་བཏང་བས། རྩིག་རྡོ་རེ་རེ་ལ་སྲུང་སྐྱོབ་མ་བྱས་ན་ནམ་ཞིག་རྩིག་པ་ཐམས་ཅད་འཐོར་ཚེ། ཁོང་ཚོའི་ད་བར་དུ་སྤྱི་ཚོགས་སྐྱོང་བྱེད་ཀྱི་རྩ་བ་བརླགས་པས། ཚེ་འདིའི་ཁ་རྗེ་དབང་ཐང་དང་། རིན་ཐང་ལ་གནོད་པས་གང་ཐུབ་ཀྱིས་རང་ཉིད་སྲུང་སྐྱོབ་བྱེད་ངེས་རེད།
རྟོགས་མཁན་དང་མ་རྟོགས་མཁན། ལྟ་གྲུབ་མཐུན་མཁན་དང་མི་མཐུན་མཁན་གཉིས་ཀྱི་བར་ལ་བགྲོ་གླེང་དང་རྩོད་པ་ག་ཚོད་་བྱུང་བ་དེས་ཚོད་ཀྱིས་བདེན་དོན་རྟོགས་པའི་གྲོགས་སུ་འགྱུར་ཞིང་། མི་རིགས་ཤིག་ལ་མཚོན་ན་དེ་ནི་དམ་པ་འབྱུང་བྱེད་ཀྱི་གཞི་མ་དང་། གུ་ཡངས་དང་རང་དབང་། བདེན་དོན་གྱི་ཕྱོགས་སུ་ཁྲིད་པའི་ཞབས་འདེགས་ཤིག་རེད། དེས་མི་རིགས་འདི་ཆོས་རྫུན་མཁན་པོ་ཚོའི་ལག་འོག་ཏུ་འགྲོ་རུ་མ་བཅུག་པར་འགྱེད་ས་ནས་ལངས་པར་སྐུལ་མ་བྱེད་པས། ཁྱེད་ཀྱིས་བདེན་དོན་སྨྲས་པ་ནི་མི་རིགས་འདིའི་ཕུགས་རྒྱང་རིང་པོ་ལ་ཕན་ཐོགས་ཡོད་ངེས་རེད།
༢༽
མ་གཞི་ཤེས་ཚད་ཡར་རྒྱས་ཕྱིན་ཅིང་བདེན་དོན་རྟོགས་རྒྱུ་མང་དྲགས་ན་མ་རྟོགས་མཁན་དང་རང་བཞིན་གྱིས་འགལ་བ་ཡོང་ཞིང་། དེ་ནི་ཁྱེད་ཀྱིས་རྟོགས་པ་ཁོང་ཚོའི་མ་རྟོགས་པས་རེད། རྟོགས་པ་དེ་ཁོང་ཚོ་ལ་སྨྲས་ཀྱང་། ཁོང་ཚོའི་དད་འདུན་དང་ཁེ་ཕན་ལ་གནོད་ཚེ་ངོས་ལེན་མི་བྱེད་ཅིང་། ཁག་ཅིག་གིས་ཤེས་བཞིན་དུ་ངོས་ལེན་གཏན་ནས་མི་བྱེད། དེ་ནི་འཇིག་རྟེན་གྱི་མི་ཕལ་ཆེ་བ་ཕྱོགས་ལྷུང་བ་ཡིན་པའི་དབང་གིས་རེད་ལ། ལྷག་པར་དུ་བཀག་རྒྱ་ཅན་གྱི་སྤྱི་ཚོགས་ནང་རང་བཞིན་གྱིས་ཡོང་ངེས་པའི་གནད་དོན་ཞིག་རེད།
གནད་དོན་དེ་ནི་ལྟ་གྲུབ་ཀྱི་འགལ་ཟླ་རེད། ལྟ་གྲུབ་ཀྱི་འགལ་ཟླ་དེ་རང་བཞིན་གྱིས་མིའི་ཀུན་སྤྱོད་དང་འབྲེལ་བ་ཡོད་པས་འཐབ་རྩོད་ཀྱི་ངོ་བོར་འགྱུར་ཞིང་། ཐབས་ལམ་སྣ་ཚོགས་བརྒྱུད་ནས་རང་གིས་རྟོགས་པའི་བདེན་པ་བསྒྲགས་ཤིང་། མ་རྩོད་པ་ཡིན་ན་ནམ་ཡང་མངོན་འགྱུར་བྱེད་མི་ནུས། གསར་དུ་རྟོགས་པའི་བདེན་དོན་དེ་ནི་བདེན་པ་རྐྱང་བ་མིན་པར་བསམ་ཚུལ་གསར་བ་དང་ལྟ་བ་འཛིན་སྟངས་གསར་བ་ཞིག་ཡིན་པས་གློ་བུར་དུ་མི་རྣམས་ཀྱིས་ངོས་ལེན་བྱེད་མི་ཐུབ། ཡིན་ཏེ། གསར་དུ་རྟོགས་པའི་བདེན་དོན་ལས་རྙེད་པའི་བསམ་ཚུལ་གསར་བ་དེ་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ་ཕ་མེས་དང་། དགེ་རྒན་ལས་བརྒྱུད་པའི་ཡིད་ཆེས་བྱེད་སའི་གནད་དོན་དང་འགལ་བ་ཆགས་ཕྱིན། གོམས་སྲོལ་མཁན་དང་གོམས་ཁེ་ཅན། རིག་པ་རྟུལ་བོ་དང་ཤེས་ཡོན་མེད་མཁན་ཚོས་ལས་སླ་བོར་ངོས་ལེན་བྱེད་མི་ཐུབ།
འཇིག་རྟེན་ཐོག་གི་མི་མང་པོ་ཞིག་གིས་རང་གིས་བདེན་དོན་རྟོགས་པའི་གནས་ལུགས་དེ་གཞན་ལ་བཤད་ཅིང་། མངོན་འགྱུར་བྱེད་མ་ཐུབ་པས་ཁྲིམས་ལ་ཐོག་མཁན་དང་། ཚེ་སྲོག་ཤོར་མཁན། རང་སྲོག་བཅད་མཁན་དང་སྤྱི་ཚོགས་ལ་ཞེན་པ་ལོག་མཁན། མགོ་འདོགས་བྱེད་མཁན་སོགས་མང་པོ་བྱུང་དང་འབྱུང་བཞིན་ཡོད་ལ། གཡོ་ཅན་ཁག་གིས་རང་ཉིད་ཀྱིས་རྟོགས་པའི་གནད་དོན་དེ། གཞན་ལ་མི་སྨྲ་བར་དེ་སྦ་གསང་གིས་རང་གི་ཁེ་ཕན་གྱི་ཆེད་དུ་བེད་སྤྱོད་བཏང་ཏེ། རྨོངས་ཅན་དང་གོམས་སྲོལ་མཁན་ཚོའི་ལག་ནས་ཁེ་ཕན་ལེན་བཞིན་ཡོད། དཔེར་ན། མི་ཞིག་གིས་སྤྲུལ་སྐུ་ལམ་ལུགས་དེ་རྫུན་མ་ཡིན་པ་ཤེས་པའི་ཉིན་མོ་ནས་དེ་བེད་སྤྱོད་ཀྱིས་རང་ཉིད་སྤྲུལ་སྐུ་བཟོས་ཤིང་། སྐུ་སྤྲུལ་ལམ་ལུགས་ཡག་ཚུལ་གྱིས་ཁྲོམ་བསྒྲགས་བྱེད་པ་བཞིན་རེད།
གནའ་ནས་ད་བར་དུ་མགོ་བདེ་ཅན་གྱི་བོད་མི་མང་པོ་ཞིག་དང་ཕྱི་རྒྱལ་བ་ཁ་ཤས་ཀྱིས་བོད་ཀྱི་སྤྲུལ་སྐུ་ལམ་ལུགས་འདི་རྫུན་མ་ཡིན་པ་གསལ་བོར་རྟོགས་ཀྱིན་ཡོད་ཀྱང་། མང་ཚོགས་སུ་དེ་དོན་མི་བསྒྲགས་པར་སྤྲུལ་སྐུ་ལམ་ལུགས་ཡག་ཚུལ་དང་སྤྲུལ་སྐུ་བཟང་ཚུལ་གྱིས་རང་ཉིད་དང་། ཁྱིམ་མི། གཉེན་ཉེ་ཀུན་སྤྲུལ་སྐུ་བཟོས་པ་བཞིན་རེད། འོན་ཀྱང་། དྲང་ཚིགས་ཅན་གྱི་སྐྱེ་བོ་ཚོས་ལམ་ལུགས་དེ་རྫུན་མ་ཡིན་པ་ཤེས་ཀྱང་། རང་གི་ཁེ་ཕན་ཆེད་དུ་བེད་སྤྱོད་མ་བཏང་བར་བདེན་དོན་སྤྱི་ཚོགས་ཁྲོད་སྒྲོག་བཞིན་ཡོད། རྒྱ་ནག་གཞུང་གིས་ཀྱང་སྤྲུལ་སྐུ་ལམ་ལུགས་ནི་རྫུན་མ་ཡིན་པར་རྟོགས་པས། སྐྱེ་བ་སྔ་ཕྱི་ཁས་ལེན་མིན་ལ་མ་ལྟོས་པར་རང་གི་ཁེ་ཕན་གྱི་ཆེད་དུ་སྤྲུལ་སྐུ་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་། སྤོབས་མཆོག་མཐའ་ཡས་ཀྱིས་རང་ཉིད་ཀྱི་རྟོགས་པའི་བདེན་དོན་བེད་སྤྱོད་ཀྱིས་མང་ཚོགས་ལ་མགོ་སྐོར་མ་བཏང་བར། གང་ཐུབ་ཀྱིས་བདེན་དོན་མང་ཚོགས་སུ་བརྗོད་པ་འདི་དྲང་ཚིགས་ཅན་ཞིག་ཡིན་པའི་རང་གཤིས་སུ་འཁུམས།
- ལྟ་གྲུབ་ཀྱི་དཀའ་ངལ་ལས་གྲོལ་ཐབས་ཀྱི་བསམ་ཚུལ་ཁག་ཅིག
༡༽ རྔ་བ་རྒྱལ་ཁམས་པས་གསུངས་པ་ལྟར་སྐད་ཆ་བྱེད་ཡུལ་ལ་ཞིབ་འཇུག་ལེགས་པོ་བྱས་ནས་དེ་དང་བསྟུན་ནས་གླེང་མོལ་བྱེད་དགོས། གལ་སྲིད་ཁྱེད་ཉིད་དེ་དག་གི་ཁམས་དང་མོས་པ་ལ་མཐུན་པའི་སྐད་ཆ་བཤད་ཡ་ལ་སུན་སྣང་སྐྱེས་ཚེ། སྐད་ཆ་བཤད་ཡ་ཡི་ཚབ་ཏུ་དྲི་བ་འདྲ་མིན་བཏང་ནས་དེ་དག་གི་མི་གཤིས་ལ་ཞིབ་འཇུག་བྱེད་པའི་སློབ་ཚན་དུ་བསྒྱུར་དགོས། དེ་ལྟར་བསྒྱུར་བ་ཡིན་ན། ཁྱེད་ཉིད་འཕྲད་པའི་མི་དེ་དག་ཁྱེད་ལ་མི་གཤིས་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ལྟ་བུ་འགྱུར་ཞིང་། ཅི་ཙམ་དེ་དག་གི་གཤིས་སྤྱོད་རྟོགས་པ་དེ་ཙམ་གྱིས་མིའི་གཤིས་ལུགས་རྟོགས་པའི་གྲོགས་སུ་འགྱུར་བས། རིམ་བཞིན་ཁྱེད་ཉིད་མི་གཤིས་ཆེད་མཁས་པ་ཞིག་ཏུ་འགྱུར་ངེས་རེད། དེ་ལྟར་གྱུར་ན་མི་གཤིས་རྟོགས་པས། མིར་འགྲོགས་འདྲིས་བྱེད་པར་དཀའ་ངལ་ཉུང་དུ་འགྲོ་བ་མ་ཟད། དེ་དག་དང་འབྲེལ་སྟངས་ཤེས་པས། ལེགས་བཤད་བྱིས་པ་དག་ལས་ཀྱང་ལེན་པའི་དཔེ་ལྟར་འགྱུར་ངེས་རེད། ལྷག་པར་དུ་དེ་དག་གི་སེམས་ཁམས་རྟོགས་པས་དེ་དག་དང་འབྲེལ་བ་བྱེད་ཚུལ་སྔར་ལས་ཤེས་པས། ཁོང་ཚོའི་གཤིས་སྤྱོད་དང་བསྟུན་ནས་རིམ་བཞིན་དེ་དག་ཁྱེད་ཀྱི་གོ་རྟོགས་རྙེད་པའི་བདེན་དོན་གྱི་བསམ་ཆའི་ཕྱོགས་སུ་ཁྲིད་ཐུབ་པར་ཕན་ཐོགས་ཡོད།
༢༽ ཁོང་ཚོས་སྐད་ཆ་ཅི་ཞིག་བཤད་ཀྱང་དེ་ལ་ཁ་ཡ་མ་བྱེད་པར་རང་ཉིད་ཀྱིས་འགྲོ་ལམ་གང་ཡོད་པ་དེ་གདམ་ནས་འགྲོ་དགོས། དེའི་མིང་ལ་ནུབ་ཕྱོགས་པའི་ཁ་རྒྱུན་དུ་ཁ་ནི་ངའི་ལྟ་བའི་སྒང་ནས་འགྲོ་རུང་ངེས་ཤིང་། མི་ཁ་ལ་སྐྱག་པ་ཟོ་ཞེས་པའི་རང་རྒྱལ་གྱི་ལྟ་བའམ། ཡང་ན། མི་ཡིས་སྐད་ཆ་ཅི་ཞིག་བཤད་ཀྱང་ཚིག་གིས་འཇིག་རྟེན་ལ་བཅོས་སྒྱུར་གཏོང་ཐུབ་པའི་མན་ངག་ལ་ཉམས་ལེན་བྱེད་དགོས། འོན་ཀྱང་། དེ་ལྟར་བྱེད་དགོས་པ་ལ་སྔོན་འགྲོའི་ཆ་རྐྱེན་ནི་འཚོ་བ་རང་མགོ་ཐོན་མཁན་དང་། སྤྱི་ཚོགས་ཀྱི་བཀག་རྒྱ་མི་ཆེ་ས། ལྷག་པར་དུ་དགོན་པ། སློབ་གྲྭ་དང་དམིགས་ཡུལ་ངེས་ཅན་ཡོད་པའི་སྒྲིག་འཛུགས་སོགས་ཀྱི་ཁོངས་མི་མིན་མཁན་ཞིག་དགོས། དེ་དག་ཡིན་ན། དཀའ་ངལ་འཕྲད་ངེས་རེད།
༣༽ མིང་རྫུན་འོག་ནས་བག་ལ་ཉལ་ཞིང་རང་གིས་གང་འདོད་གསང་བའི་སྒོ་ནས་རང་གི་བསམ་ཚུལ་སྤེལ་དགོས། དེ་ནི་གཅིག་བྱས་ན་ཉིད་ཀྱིས་དེང་སྐབས་སྒྲུབ་བཞིན་པའི་ལས་དོན་དེ་རེད། ཡིན་ཡང་། མི་ཚེ་གང་བོ་རུ་མིང་རྫུན་འོག་ནས་བསྡད་ནས་རྩོམ་ཡིག་བྲིས་ཤིང་དངོས་མིང་སྨྲ་མ་ཐུབ་ན་དཀའ་ངལ་ཡོད་སྲིད། རང་མིང་ཕྱི་ལོག་ཏུ་ཐོན་པ་ལ་ཞེེད་སྣང་དང་། དུས་རྒྱུན་གསང་བ་བྱེད་དགོས་པས་ཡིན། ཞེད་སྣང་དེ་རྒྱུན་རིང་དུ་སེམས་ལ་ཉར་ནས་འདུག་དགོས་ན་གཅིག་བྱས་ན་སེམས་ཁམས་ལ་ན་ཚ་བཟོ་སྲིད། རྒྱུ་མཚན་ནི། མི་ཞིག་དུས་རྒྱུན་ཞེད་སྣང་དང་འཚེར་སྣང་གི་འོག་ཏུ་འཚོ་ཞིང་། ཞེད་སྣང་དེ་ཉིན་མ་ནས་ཟླ་བ་དེད་ཅིང་། ཟླ་བ་ནས་ལོ་ངོ་དེད་ཚེ་སེམས་ཁམས་མི་བདེ་བའི་ན་ཚ་འབྱུང་སྲིད།
ཡིན་ཏེ། སེམས་ཁམས་ཚན་རིག་པས་བཤད་རྒྱུར། ཉིན་རེ་བཞིན་ཞེད་སྣང་ལངས་པའམ། ལྷག་པར་དུ་ཡང་ཡང་ཞེད་སྣང་ལངས་ཚེ་དེས་རིམ་བཞིན་ཞེད་སྣང་ལངས་སའི་ལུས་ཕུང་གི་ཁྲག་འཁོར་འགྲོ་སའི་བུ་གུ་དང་རྩ་ལམ་ཕྱེ་བས། དེ་ཕྱོགས་སུ་ཁྲག་རླུང་འགྲོ་བར་རམ་འདེགས་བྱེད་པ་མ་ཟད། སེམས་ཁམས་ཀྱི་ཆ་ནས་དེ་ལྟར་གོམས་འདྲིས་སུ་ཕྱིན་ཞིང་། མཐར་ཞེད་སྣང་ལངས་རྒྱུ་ལ་བྱང་བ་ཐོབ་ནས། ཞེད་སྣང་བྱེད་མི་དགོས་པའི་གནད་དོན་ལ་ཞེད་སྣང་། སྡུག་སྣང་ཤར་མི་དགོས་པའི་གནད་དོན་ལ་སྡུག་སྣང་ཤར་བ་བཞིན། མི་གཞན་དང་ལྟ་སྤྱོད་མི་མཐུན་པ་འདོད་ནས་མི་མཐུན་ཕྱོགས་སུ་མང་དུ་བཙལ་ཚེ། མི་མཐུན་པ་མང་དུ་འཕེལ་བས། སྤྱི་ཚོགས་ཧྲིལ་བོས་རང་ཉིད་ལ་ངོ་རྒོལ་བྱེད་པའི་སྣང་བ་འཆར་ངེས་རེད། དེར་བརྟེན། རང་ཉིད་སྡོད་སའི་སྤྱི་ཚོགས་ཀྱི་མི་མཐུན་ཕྱོགས་བཙལ་ཞོར་དུ་མཐུན་ཕྱོགས་ཀྱང་མང་དུ་འཚོལ་དགོས་པ་མ་ཟད། ཕུགས་རྒྱང་རིང་བོའི་ཆེད་དུ་ཐབས་མཁས་དང་བཟོད་སྒོམ་བྱེད་དགོས་པར་འདོད།
༤༽ རང་ཉིད་ཀྱི་ལྟ་མཐུན་གྱི་ཆུང་མ་དང་གྲོགས་པོ་། དགའ་ཉེ་སོགས་འཚོལ་དགོས་ཤིང་། དེ་དག་ཡོད་ན་སུ་ཞིག་གིས་ཁྱེད་ཀྱི་ལངས་ཕྱོགས་ལ་སྨྱོན་པ་དང་། རྩ་མ་ཚང་ཚུལ་སོགས་ཅི་ལྟར་ལབ་ཀྱང་ཁྱེད་ལ་གནོད་ཤུགས་དེ་ཙམ་ཐེབས་མི་སྲིད། རྒྱུ་མཚན་ནི། ཁྱེད་ཀྱི་དུས་ཚོད་རིང་ཤོས་སྐྱེལ་རོགས་གྲོགས་པོ་དང་གཉེན་ཉེ་སོགས་ཡིན་པས། དེ་དག་གིས་ཁྱེད་ཀྱི་བདེན་དོན་རྟོགས་ནས་གུས་བཀུར་བྱེད་པ་དང་ཆེ་མཐོང་སྤྲོད་ངེས་ཤིང་། དེ་དག་ནི་ཁྱེད་ལ་མཚོན་ན་གནད་འགག་གི་སྐབས་སུ་སེམས་གསོ་གཏོང་མཁན་ཡག་ཤོས་དེ་ཡིན། མ་ཟད་ཁྱེད་ལ་དགག་པ་རྒྱག་མཁན་དང་ལྟ་སྤྱོད་མི་མཐུན་མཁན་དེ་ཚོ་དང་ལྷན་དུ་དུས་ཚོད་དེ་ཙམ་སྐྱེལ་མི་དགོས་པས། དེ་དག་གིས་ཁྱེད་ལ་སུན་པོ་དེ་ཙམ་བཟོ་མི་ཐུབ།
༥༽ འཚོ་བ་དང་འཚོ་རྟེན་བཀག་རྒྱ་ཡོད་སའི་སྤྱི་ཚོགས་ལ་མ་བརྟེན་པའི་རང་དབང་ཐོབ་རྒྱུ་དེ་རེད། དེ་ལྟར་ཡིན་ན། བཀག་རྒྱ་ཅན་གྱི་སྤྱི་ཚོགས་དང་དེའི་མི་མང་གིས་ཁྱེད་ལ་དེ་ཙམ་གནོན་ཤུགས་སྤྲོད་མི་ཐུབ། ཚད་མཐོའི་གནོད་ཤུགས་སྤྲོད་པའི་ནུས་ཀྱང་མེད་པས་རེད།
༦༽ ཆོད་སེམས་བརྟན་པོའི་ངང་གོ་རྟོགས་སྤེལ་ཏེ་བཀག་རྒྱ་ཡོད་སའི་སྤྱི་ཚོགས་ཧྲིལ་བོའི་ནང་ལྟ་གྲུབ་དང་ལངས་ཕྱོགས་གང་ཞིག་འཁུར་ཡང་དོན་དམ་གྱི་རང་དབང་དང་། འདྲ་མཉམ་ཡོད་པ་བཟོ་རྒྱུ་དེ་རེད། ཡིན་ཡང་། དེ་ནི་འཐབ་རྩོད་ཅིག་ཡིན་པས་འཐབ་རྩོད་ཀྱི་དཀའ་ངལ་ཁྲོད་དུ་མི་མང་པོ་ཞིག་གིས་དཀའ་ངལ་མ་ཆོད་པར་རང་སྲོག་གཅོད་མཁན་དང་མགོ་འདོགས་ཞུ་མཁན། དབེན་གནས་སུ་འགྲོ་བ་སོགས་ཡོད་པ་ནི་མཐོང་ཆོས་རེད།
༧༽ གནས་སྐབས་རིང་ལ་ལྟ་ཚུལ་སྨྲ་རྒྱུ་དང་རྩོད་རྒྱུ་ལས་ངལ་གསོ་བྱས་ནས། སེམས་ཁམས་སླར་གསོ་བྱུང་མཚམས་ལམ་དུ་ཡང་བསྐྱར་ཞུགས་ན་ལེགས།
༨༽ འཇིག་རྟེན་ཐོག་གི་མི་སུ་ཞིག་ཡིན་ཡང་དགའ་སྡུག་གཉིས་ཀྱི་བྱུང་བ་ཡོད་ཅིང་། དེ་དག་ཡོད་པ་རྒྱུན་ལྡན་ཡིན་པར་སེམས་ཤིང་། བཀག་རྒྱ་ཡོད་ཅིང་ནར་མ་སོན་པའི་སྤྱི་ཚོགས་ཁྲོད་ན། ལས་སླ་བོར་བསམ་ཚུལ་འདོན་ས་མེད་ཅིང་། བཏོན་ཡང་དེ་དག་ལ་དགག་པ་རྒྱག་མཁན་དང་ངོ་རྒོལ་བྱེད་མཁན་ཡོད་པ་རྒྱུན་ལྡན་ཞིག་རེད་སྙམ་ནས་བཏང་སྙོམས་ཡང་ཡང་སྒོམ་པ་ཡིན་ན། དཀའ་ངལ་དེ་ལས་གྲོལ་ཐུབ། གལ་སྲིད་ཡོད་ཚད་ལས་གྲོལ་མ་ཐུབ་ཀྱང་ཉུང་དུ་གཏོང་བར་ཐེ་ཚོམ་མེད།
༩༽ གལ་སྲིད་རང་ཉིད་ལྟ་གྲུབ་དང་མི་མཐུན་མཁན་ཚོའི་མདུན་ནས་ནམ་ཡང་རང་གི་ལྟ་ཚུལ་མི་ཐུབ་པར་ཆོས་བྱེད་དགོས་ན་དཀའ་ངལ་ཡོད་པས། དཀའ་ངལ་དེ་སེལ་ཆེད་དུ་ཚུལ་ཆོས་ཡང་ཡང་བྱེད་དགོས་པའི་མི་དང་གང་ཐུབ་གྱིས་རིང་དུ་བཏང་ན་ལེགས། རབ་བྱུང་ན་ཕན་ཚུན་གོ་བརྡ་འཕྲོད་སླད་དུ་དེ་ཚོ་དང་བགྲོ་གླེང་བྱེད་དགོས་ཤིང་། ཁོང་ཚོས་གྲས་ནས་ཆེད་མངགས་ཀྱིས་སྙོན་འཛུགས་བྱེད་མཁན་དང་། རྒྱུ་མཚན་ལ་རྒོལ་མཁན་མཐོང་མཚམས་དེ་དག་དང་ལྟ་གྲུབ་སྐོར་གླེང་རྒྱུ་སྤངས་ན་ལེགས། དཀའ་ངལ་མེད་ན་མི་དག་དང་འབྲེལ་བ་སྤངས་དགོས་ཤིང་། དེས་ཕན་ཚུན་གཉིས་ལ་སུན་པོ་བཟོ་བྱེད་ལས་ཕན་ཐོགས་མེད་པས་ཡིན།
༡༠༽ འཇིག་རྟེན་ཐོག་གི་ལྟ་གྲུབ་གང་ཞིག་དང་བསམ་ཚུལ་གང་ཞིག་ཡིན་ཡང་ཚང་མས་དགའ་བོ་བྱེད་མཁན་མེད་ཅིང་། ལྷག་པར་དུ་བསམ་ཚུལ་གསར་བ་དང་ལྟ་ཚུལ་གསར་བ་ཞིག་ཡིན་ན། དེ་ལ་དགའ་བོ་བྱེད་མཁན་དང་སྐྱོན་བརྗོད་བྱེད་མཁན་གཉིས་ཀ་འབྱུང་ཞིང་། དེ་ལྟར་འབྱུང་བ་ཆོས་ཉིད་ཅིག་ཏུ་འཁུམས་པ་མ་ཟད། མི་སོ་སོའི་བདེན་དོན་ངོས་འཛིན་བྱེད་པའི་གཙོ་གནད་ཀྱང་མི་འདྲ་བར་ཡང་ཡང་སེམས་ན། ལྟ་གྲུབ་མི་མཐུན་པའི་དཀའ་ངལ་དེ་སེལ་བར་ཕན་་ཐོགས་ཡོད་པར་འདོད།
འབྲེལ་ཡོད་རྩོམ་ཡིག། བསླབ་བྱ་རེ་གནང་རྒྱུ་ཡོད་དམ།
ཁྱེད་ཀྱིས་ངའི་སྐད་ཆ་དེ་ཚོར་དོ་སྣང་གནང་བར་ཐུགས་རྗེ་ཆེ། དེ་རེད། ཁྱེད་ཀྱིས་ལྷ་དང་སྲུང་མའི་སྐོར་དེ་གླེང་སྐབས་ཉེ་ཆར་འབྱུང་བཞིན་པའི་ལྷ་སྲུང་བརྟེན་མི་བརྟེན་གྱི་གནད་དོན་ཞིག་དྲན་བྱུང་། རྒྱལ་བ་རིན་པོ་ཆེ་ནུབ་ཕྱོགས་ཡུལ་ལུང་འགའ་ལ་ཕེབས་སྐབས་དོལ་རྒྱལ་ཤུགས་ལྡན་ལ་རྒྱབ་སྐྱོར་བ་ཡིན་ཟེར་མཁན་སྐོར་ཞིག་དང་མི་བརྟེན་ཟེར་མཁན་སྐོར་ཞིག་ཁ་གཏད་དུ་ལངས་ནས་སྐད་འབོད་བྱེད་རེས་བྱས་སོང་། ངས་འདི་མཐོང་སྐབས། མི་འགའ་རེས་ཁྱི་འཛིངས་དུ་བཅུགས་ནས་ལྟད་མོ་ལྟ་བ་དང་། བྱ་ཕོའི་རྐང་ལག་ལ་སྤུ་གྲི་བཅིངས་ནས་འཛིངས་པ་ལྟད་མོ་ལྟ་སྲོལ་ཡོད་པ་དེ་མིག་ལ་ཤར་ཡོང་བ་ཞིག་རེད། འཛིམ་གླིང་རྒྱལ་སྤྱིའི་གསར་འགོད་པ་མང་ས། ཁྲོམ་ཆེ་ས། མི་སྣ་མང་ས་དེ་ལ་ཐོན་ནས་བོད་མི་དང་བོད་བརྒྱུད་ནང་བསྟན་པ་ཡིན་ཟེར་མཁན་འགའ་ཞིག་གིས་རྒྱལ་བ་རིན་པོ་ཆེ་དབུས་ལ་བཞག་ནས་ནང་འཛིངས་བྱེད་འདུག་གི་ཡོད་པ་རེད། འདི་ལ་སྨྱོན་པ་མི་ཟེར་ན་སུ་ལ་སྨྱོན་པ་ཟེར། ད་དུང་བོད་མི་འགའ་ཞིག་གིས་ནང་འཛིངས་དེའི་ནང་དུ་མ་ཞུགས་མཁན་ལ་སྨྱོན་པ་རེད་ཟེར་ནས་འདུག་འཇུག་གི་མི་འདུག
རང་ཡུལ་དགྲ་བོས་ཕྲོགས། རང་མྱི་དམར་གསོད་བྱས། ཉེས་མེད་བཙོན་དུ་བཅུགས། བོད་གངས་ཅན་པའི་ཡུལ་དུ་ཕུ་ནུ་མང་པོས་རང་ཉིདགསོན་པོ་མེར་སྲེག་བྱས། དམྱལ་བ་ཚ་དམྱལ་བོད་ཡུལ་དུ་བསླེབས་པ་མིན་ནམ་བསམས་པའི་དུས་སྐབས་སུ་་་བྱ་འཛིངས་ཕྱོགས་ཁག་གཉིས་ཀྱིས་ཁྲོམ་གཞུང་དུ་རྔ་རྡུངས། གར་འཆམ། དགའ་བ་ལ་དང་སྐྱིད་པ་ལ་ཟེར་ནས་གླུ་ལེན།
བྱ་འཛིངས་བ་ཚོས་ཁྱི་འབོད་དང་སྐྱག་འབོད། འདྲེ་འབོད་འཐེན་རེས་བྱས། བོད་མི་རིགས་ནང་ཁུལ་གྱི་འགལ་ཟླ་གཉིས་ཕན་གྱི་ལམ་ནས་སེལ་དགོས་བསམས་པའི་འདུ་ཤེས་རྩ་བ་ནས་མེད་པའི་སྐྱེ་བོ་དེ་དག་སྨྱོན་པ་མིན་ན་འཛམ་གླིང་ཐོག་ཏུ་སྨྱོན་པ་ཟེར་བ་ཞིག་རྙེད་ཁག་པོ་རེད།
སྤོབས་པ་མཐའ་ཡས་དངཅོ་རི་ཉི་མ་གཉིས་ནི་རང་ཉིད་སྨྱོན་པ་ཡིན་པ་ལ་མི་གཞན་སྨྱོན་པ་ལྟར་མཐོང་གི་ཡོད་དེ་ནི་འཁྲི་ནད་ཅན་གྱི་དུང་དཀར་སེར་པོར་མཐོང་བ་ལྟར་རེད་
ད་ཤེས་བྱུང་དངོས་ནས་ཤེས་བྱུང། སེམས་ནད་དངོས་ནས་དེ་སྤོབས་མཐའ་ཡས་ཟེར་བ་འདི་ལ་ཕོག་འདུག། ད་རུང་ཅིག་བཤད་མ་དོལ་་རྒྱལ་གྱི་རྗེས་འབྲིང་བ་ཅིག་ཡིན་ས་རེད། སྙིང་རྗེ་སློབ་སྦྱོང་ཡོད་མཁན་ཅིག་རེད་བསམ་ཡོད། ཀ་ཁ་ག་ང་ཤེས་བ་དེ་ཧང་སང་རྒྱུ་མི་འདུག། དེ་ནས་ཅོ་རི་སྨྱོན་པ་རེད། མི་འདི་ཆུ་ནང་བཞིན་ཡར་འཁྲིད་ན་ཡར་སྨད་ལ་འཁྲིད་ལ་སྨད། རང་ཙག་ཟེར་བ་ཅིག་མི་འདུག། མི་འདི་དག་ལ་གཟབ་གཟབ་བྱེད་རོགས། ཁའི་ནང་ནས་བོད་རང་བཙན་དེ་དག་ཚང་མ་རྫུན་མ་རེད། དོལ་རྒྱལ་རྗེས་འབྲེང་བ་ཅོ་རི་མཚམས་བཞག་ན་དགའ།
ཐ་ན་དོལ་རྒྱལ་གྱི་དྲ་ཚིགས་ཀྱི་ནང་དུ། ཁོང་ཚོའི་ཚོགས་མི་ནང་འདས་པའི་དུས་སུ་བོད་ཀྱི་བདེན་དོན་ཆེད་འཐབ་རྩོད་བྱས་མྱོང་བའི་རྒན་རབས་མང་པོ་ཡོད་རབས་དང་། ༸གོང་ས་མཆོག་བཙན་བྱོལ་དུ་གདན་འདྲེན་ཞུས་ནས་དཀའ་ལས་རྒྱབ་མྱོང་ཟེར་ནས་བཀོད་འདུག །
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། ཞེས་པའི་ཚིགས་བཅད་དེས་བསྟན་དོན་ལ་ཅུང་ཟད་དཔྱད་ན། བདུད་རྩི་ལྟ་བུའི་ཆོས་ཟབ་པ། ཞི་བ། སྤྲོས་བྲལ་འོད་གསལ་འདུས་མ་བྱས་པའི་རང་བཞིན་དེ་ཐད་ཀར་བཤད་ན་ལས་དང་པོ་པའམ་དབང་པོ་མཐའ་མ་རྣམས་ལ་ཤིན་ཏུ་གོ་དཀའ་བ་དང། ཆོས་དེ་ཧ་ཅང་གི་ཟབ་པོ་འམ་རྩ་ཆེན་པོ་ཡིན་པ་གསལ་བསྟན་བྱས་འདུག། དེ་ཡང་ཇི་སྐད་དུ་མདོ་ལས། དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཞེས་པའི་ཟབ་ཆོས་དེ་འགྲོ་བ་རྣམས་རྟོགས་པའི་ཆེད། སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོས་ཆོས་འཁོར་རིམ་པ་གསུམ་གྱིས་སྒོ་ནས་བསྟན་པར་མཛད་དོ།
སྤོབས་མཐའ་ལ་སོགས་པ་འདི་དག་ནི་བཟང་ངན་མི་ཤེས་པའི་མི་རེད། འདི་ཚོས་བཟང་ངན་གཉིས་གནས་ཅིག་ལ་བཞག་ནས་བཟང་པོ་ལ་རྒྱབ་སྐྱོར་མི་བྱེད་ངན་པ་ལ་ངོ་རྒོལ་མི་བྱེད་ཟེར་གྱི་ཡོད་པ་རེད། མི་འདི་ཚོ་མཉམ་ཉིད་རྟོགས་པའི་གྲུབ་ཐོབ་མིན་ན་བཟང་ངན་མི་ཤེས་པའི་མདོ་མེད་ལང་ཤོར་ལས་ཅི་ཡང་མིན་ནོ།།
བཟང་ངན་དབྱེ་འབྱེད་ཙམ་ཡང་མི་ཤེས་པའི་མི་འདི་ཚོས་རང་ཉིད་ཐོད་རྒལ་གྱི་བསམ་བློ་བ་དང་ཚད་རྒལ་གྱི་མཁས་པ་ཡིན་པར་བརློམ་པ་ནི་གད་མོའི་གནས་ལས་ཅི་ཡང་མིན་ནོ།། མི་ཁྱེད་ཚོས་གཤམ་གྱི་ཚིག་འདི་ལ་སློབ་སྦྱོང་བྱེད་དགོས་པ་འདུག་གོ། བླུན་པོར་སེམས་པའི་བླུན་པོ་ནི། །དེ་ཕྱིར་མཁས་པ་ཉིད་ཀྱང་ཡིན། །བླུན་པོ་མཁས་པའི་ང་རྒྱལ་ཅན། །ངེས་པར་བླུན་པོ་བརྗོད་པ་ཡིན།།
སྤོབས་པ་དང་ཀླུ་སྨྱོན་སོགས་ཀྱིས་རང་ཉིད་མཁས་པའི་དབང་བོ་ཡིན་སྙམ་ཡོད་མོ། དོན་ལ་ལོ་རྒྱུས་ཐར་ཐོར་དང་རིག་གནས་ཀྱི་འགྲོ་སྟངས་ཤེས་པ་ཙམ་ཡིན། གལ་ཏེ་ཁྱོད་ཚོ་མཁས་པའི་ཕ་མཐར་སོན་པ་ཞིག་ཡིན་ན་གང་ཡང་བློ་ཡུལ་དུ་མི་ཤོང་བ་ཞིག་ཡོད་མི་སྲིད་པ་རེད། གནམ་མ་གཏོགས་མིག་གིས་མ་རིག་པ་དང་ཐབ་ཀ་མ་གཏོགས་རྒྱུས་མེད་པ་ཞིག་ཡིན་ན་གང་ཡང་བློ་ཡུལ་དུ་ཤོང་གི་མ་རེད།
གལ་ཏེ་ཁྱོད་ཉིད་མཁས་པའི་དབང་བོ་ཞིག་ཡིན་ན་གང་ཟག་རེ་རེའི་བློ་དང་འཚམ་པར་སྐད་ཆ་བཤད་ཤེས་པར་མ་ཟད་དེ་དང་བསྟུན་ཤེས་པ་རེད། རང་ཉིད་ཤེས་ཚད་ལས་བརྒལ་པ་ཡིན་སྙམ་ན་དེ་ནི་ང་རྒྱལ་ཁོ་ན་ལས་གཞན་མ་འདས། ཧ་གོ་སོང་ངམ། །
རྣམ་དཔྱོད་ཀྱི་རྩལ་རྫོགས་ཤིང་བློ་གྲོས་ཟད་མི་ཤེས་པ་འབྱུང་བའི་གནས་སྐབས་ཀུན་ན་དེ་ཡི་ལྡོག་ཟླར་གནས་ཤིང་བློ་རྒྱ་ཁབ་མིག་ལས་དོགས་པའི་སྤྱི་ཚོགས་དང་སྐྱེ་བོ་དག་ལ་ནི་ནམ་ཡང་མཐུན་དུ་རེ་བ་མེད་ལ། གལ་སྲིད་དེ་ལྟར་རེ་བའི་བསམ་པ་ཞིག་ཞེ་ཕུག་ལ་ཉར་ཞིང་བློའི་རྩ་བར་བག་ལ་ཉལ་བའི་ཚུལ་དུ་གནས་ཡོད་ཚེ། རང་ཉིད་ཀྱིས་རྣམ་པར་དཔྱོད་པའི་བློ་མིག་གཏིང་ནས་རྫོགས་ཡོད་སྙམ་པའི་ཤེས་རབ་དེ་ལ་དོགས་པ་ཟོས་ན་རེད། མ་རེད་དམ། རང་གིས་སོམས།
སེམས་ནད་བྱེད་མི་དགོས་ས་རེ་ས་ལ་སེམས་ཚེགས་ཕུད་ཀི་མ་འདུག། གྲོགས་པོ་ཚོ། སྤོབས་པའི་ལག་ལ་གྲོགས་པོ་རག་ནི་མ་རེད། ཁོ་ངར་ཉིད་ཀྱིས་ཁོ་ལ་གཞན་དང་མ་འདྲ་བའི། སྡོད་ལུགས་འགྲོ་སྟངས། བཤད་ལུགས་གཤོབ་ལུགས་སྟངས་ཡོད་ཟེར་གི་ཡོད་པ་རེད། བྱས་ཙང་། ཁེར་རྐྱང་དུ་རྒྱུག་གི་འཇུག་རྒྱུ་ལས། ཁོ་ལམ་ལ་འཇོག་ཐུབ་གི་མ་རེད། དེ་ལས་གཡུག་བཞག་ན་དགའ་འི་རེད། སྨྱོན་པ་ལ་ཁ་བརྡ་བྱེད་དགོས་ན། དང་པོ་སོ་སོ་ཡང་སྨྱོན་ལ་རྫི་དགོས་པས། དཀའ་ལས་ཆེ་རག་རེད།
སྨྱོན་པ་ཚོ་སྨྱོན་པ་ལ་ཐུག་ན། སྨྱོ་ལ་ལ་དངས་འགྲོ་ནི་རེད། ཅོ་སྨྱོན། སྤོབས་སྨྱོན། དོལ་སྨྱོན། ད་མང་ནི་རེད། གླེང་རིན་ཞིག་མི་འདུག་པས། དེ་རང་དེ་ཙམ་མོ།
བོད་རིགས་དོལ་ཚོགས་མཐོང་དུས་དགྲ་ལྟར་ཞེ་སྡང་ལངས།
རྒྱ་རིགས་སྤུན་ཟླ་མཐོང་དུས་གཉིས་ཕན་བྱམས་པ་སྒོམས།
དགྲ་གཉེན་དབྱེ་བ་འབྱེད་སའི་ས་མཚམས་མི་འདུག་པས།
སྨྱོན་པའི་སྤྱི་ཚོགས་ནང་དུ་མ་སྨྱོན་སྤོབས་པ་མཐོ།།
གྲངས་མང་རྒྱ་དམར་ཐུག་དུས་བརྩེ་བའི་ཝ་རྔ་གཡུགས།
གྲངས་ཉུང་དོལ་ཚོགས་ཐུག་དུས་སེང་གེའི་མཆེ་བ་ངོམ།
བཟང་ངན་དབྱེ་བ་འབྱེད་པའི་བྱ་སྤྱོད་ནོར་འདུག་པས།
སྨྱོན་པའི་སྤྱི་ཚོགས་ནང་དུ་མ་སྨྱོན་སྤོབས་པ་མཐོ།།
ཅོ་རི་ཁྱོས་ཉོན།
དོལ་ཚོགས་འདྲེ་ཚོགས་མཐོང་དུས་དགའ་ལྷང་ལྷང།
བོད་རིགས་སྤུན་ཟླ་མཐོང་དུས་སྐྱོ་ལྷང་ལྷང།
རྒྱ་མའི་སྒོར་མོ་མཐོང་དུས་དགའ་ལྷང་ལྷང།
བཙན་བྱོལ་གཞུང་འདི་མཐོང་དུས་སྐྱོ་ལྷང་ལྷང།
མི་ངན་ཁྱི་ངན་མཐོང་དུས་དགའ་ལྷང་ལྷང།
བདེན་པ་དཔང་ལ་བཞག་དུས་སྐྱོ་ལྷང་ལྷང།
མི་ངན་ཅོ་རི་དངོས་ནས་སྨྱོས་ཚར་འདུག།
ཤཱཀྱ་ཐུབ་པ་རྒྱལ་སྲས་ཡིན་པས་རྒྱབ་རྩ་ཆེ་ཁར་དུས་ཀྱི་ཆ་ནས་ཀྱང་། སྐབས་དེ་དག་ཏུ་གནས་དེའི་གནའ་ཆོས་ཀྱི་གོ་མ་ཆོད་ཅིང་དེ་ལ་དོོགས་འཛིན་བྱེད་མཁན་དང་། དགག་པ་རྒྱག་མཁན། ལེགས་བཅོས་བྱེད་མཁན་སོགས་བྱུང་བཞིན་པའི་བར་བརྒལ་གྱི་དུས་ཆོད་ཅིག་ཡིན་པས། ཤཱ་ཐུབ་ཀྱིས་གོམས་སྲོལ་དང་། གནའ་ཆོས་ལུགས་ཀྱི་ལྟ་གྲུབ་མི་ཉུང་བ་ཞིག་ལ་དགག་པ་དང་བཅོས་སྒྱུར་མཛད་ཡོད། འོན་ཀྱང་། ཡི་སྟོན་ལྟར་སྲོག་ཁྲིམས་ཕོགས་མེད་ལ། འགྲོ་བ་མི་སྤྲེའུ་ལས་བྱུང་བ་འདོད་མཁན་ལྟར་དམར་གསོད་བཏང་མེད།
བདུག་འདྲེ་དོལ་རྒྱལ་ཆེད་དུ་རྩ་བའི་བླ་མའི་དམ་ཚིག་གཡུག།
རྒྱ་དངུལ་དམར་པོའི་ཆེད་དུ་བོད་རིགས་སྤུན་ཟླའི་ལ་རྒྱ་གཡུག།
ཡོད་ཚད་འདྲེ་དང་དངུལ་ལ་བཅོལ་བའི་དོལ་ཚོགས་ལ།།
སྤུན་ཟླ་ཞེས་པའི་ཚད་དང་མཚན་ཉིད་ཡོད་མ་ཡིན།།
ནོར་བཅོས། དམར་གསོད་བྱེད་ཡུལ་ནི་མི་རྣམས་སྤྲེའུ་ལས་བྱུང་མཁན་སྨྲ་མཁན་མིན་པ། སའི་གོ་ལས་ཉི་མ་ལ་སྐོར་བ་བྱེད་མཁན་འདོད་མི་དེ་རེད།
ཡག་པོ་འདུག་རྟོག་སད་པ་ཟེར་ནོ་རེད།