དོན་འགྲུབ་བཀྲ་ཤིས།
དང་པོ།
ང་ཚོས་ཤེས་དགོས་པ་ནི་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་སྲེག་བཏང་བ་དེ་གང་གི་ཆེད་དུ་ཡིན་པ་དང་། རང་སྲེག་གཏོང་དགོས་པ་སུས་བཟོས་པ་དེ་ཡིན། རྒྱ་གཞུང་གིས་དངོས་ཡོད་དང་མི་མཐུན་པའི་བོད་ཐོག་འཛིན་པའི་སྲིས་ཇུས་ལ་ཞི་རྒོལ་གྱི་བརྒྱུད་ལམ་གཞན་ཡོད་ཚད་བཀག་ཡོད་པར་མ་ཟད། མི་སེར་སྤེལ་ཡུལ་གྱི་རིང་ལུགས་ལག་བསྟར་བྱས་ཏེ་རྒྱ་རིགས་འབོར་ཆེན་བོད་དུ་གནས་སྤོ་བྱས་པ་དང་། བོད་མིའི་དད་གནས་ལ་ཚད་ལས་བརྒལ་བའི་དམའ་འབེབས་བྱས་པ་དང་། བོད་ཀྱི་ཆོས་རིག་དར་སྤེལ་བྱེད་པར་ཁ་བྲལ་གྱི་ཉེས་འདོགས་བྱས་པ་སོགས་ལ་བརྟེན་ནས། བོད་ཅེས་པ་འདི་རྒྱུན་གནས་དར་རྒྱས་ཡོང་བའི་ཆ་རྐྱེན་མཐའ་དག་ལ་བརྐྱངས་སྐུམ་བྱེད་སའི་ཁོར་ཡུག་མེད་པར་ཆགས་ཏེ་བོད་ནང་གི་བོད་མིར་ནང་བསམ་བློ་དང་ཕྱི་ཁོར་ཡུག་གཉིས་ཐད་ནས་རེ་བ་བྱ་ཡུལ་ཞིག་རྙེད་རྒྱུ་མེད་པ་བཟོས་ཡོད།
རང་སྲེག་ནི་རྒྱ་གཞུང་གི་བོད་ནང་གི་བྱ་སྤྱོད་ཀྱི་རྐྱེན་པས་བྱུང་བ་ཡིན་སྟབས་མུ་མཐུད་ནས་རང་སྲེག་ཡོང་མིན་ནི་རྒྱ་གཞུང་གི་བྱ་སྤྱོད་ཁོ་ན་ལ་རག་ལས་པ་མ་གཏོགས་སུ་ཞིག་གིས་འབོད་སྐུལ་བྱས་མིན་ལ་རག་ལས་མེད། རྒྱུ་མཚན་ནི། བོད་ཀྱི་གནས་དོན་ནི་བོད་ཀྱི་ཡིན་པ་ལས་གང་ཟག་སྒེར་སུ་ཞིག་གིའང་གནད་དོན་མིན་པའི་རྐྱེན་གྱིས་རེད། དཔེར་ན། ༸གོང་ས་མཆོག་གིས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་སྲེག་གནང་དུས་ནས་འདི་ལྟར་གསུངས་ཡོད།(མེར་སྲེག་བྱས་པ་འདིས་གཞན་ལ་འཚེ་བའི་བྱ་སྤྱོད་ཅིག་མིན་རུང་རང་གི་སྲོག་ལ་འཚེ་བ་ལྟ་བུ་ཆགས་ཡོད་དུས་བྱ་སྤྱོད་འདི་ལ་ངོས་ནས་རྒྱབ་སྐྱོར་མེད།)ཅེས་དང་། ཉེ་སྔོན་གྱི་གསུང་ཞིག་ཏུ་ཡང་། (གཅིག་བྱས་ན་ང་ཚོས་འདི་ནས་རེ་བ་ཡོད་མདོག་གི་སྐད་མང་པོ་ཞིག་བརྒྱབ་པའི་རྐྱེན་གྱིས་བོད་ནང་དུ་དམིགས་བསལ་གྱི་རེ་བ་ཞིག་མཐོང་གིན་མེད་འགྲོ། བོད་ནང་རང་ལུས་མེར་སྲེག་བྱས་པ་དེ་སྙིང་སྟོབས་ཧ་ལས་པ་ཞིག་ཡིན་ནའང་དེ་ལ་དཔགས་པའི་གྲུབ་འབྲས་ཤིག་ཐོན་གྱི་མེད་ན་བསམ་བློ་གཏོང་དགོས་པ་ཆགས་ཡོད།) ཅེས་གསུངས་པ་ལྟ་བུ་རེད།
གསུང་དེ་དག་ཕེབས་པའི་རྗེས་སུའང་རང་ལུས་མེར་སྲེག་གནང་མཁན་ཇི་ཙམ་བྱུང་མིན་ཀུན་གྱིས་ཤེས་གསལ་ལྟར་རེད། དེ་བཞིན་མཚུར་ཕུ་ཀརྨ་པ་དང་ཨ་ཀྱ་སྤྲུལ་སྐུ་སོགས་ཀྱིས་རེ་བསྐུལ་ཇི་ལྟར་བྱས་ཀྱང་ནུས་པ་གང་ཡང་མ་ཐོན་པ་ལྟ་བུ་རེད། མདོར་ན་རང་སྲེག་གི་དོན་རྐྱེན་རྒྱ་གཞུང་གིས་བོད་ནང་གི་གནས་སྟངས་འུ་ཐུག་ཐབས་ཟད་དུ་གྱུར་དགོས་པར་བཟོས་པ་ལ་བརྟེན་ནས་ཡོང་གིན་ཡོད་སྟབས་གནས་སྟངས་དེར་འགྱུར་བ་མ་འགྲོ་བར་དུ་རང་སྲེག་རྒྱུན་ཆད་མི་སྲིད། ༸གོང་ས་མཆོག་ནས་རྒྱ་གཞུང་ལ་རང་སྲེག་གི་འབྱུང་རྐྱེན་ལ་བརྟག་དགོས་པ་ལས་འབྱུང་རྐྱེན་ལ་དོ་སྣང་མ་བྱེད་པར་ངོ་གདོང་གཅིག་པུ་ལ་འགྲིག་མིན་ལྟ་མི་རུང་བར་གསུངས་ཡོད་པས། རང་སྲེག་ཐད་༸གོང་ས་མཆོག་གིས་བཀའ་ཇི་ལྟར་ཕེབས་རྒྱུ་ནི་ད་བར་བོད་མིས་རང་གི་སྲོག་གསོན་པོ་བཏང་ནས་རེ་འབོད་བྱས་པ་ལ་རྒྱ་གཞུང་གིས་རིན་གོང་ཇི་ཙམ་སྤྲད་མིན་ལ་ལྟ་དགོས་པ་ལས་མ་འོངས་པར་རང་སྲེག་མི་འབྱུང་ཆེད་འདས་པའི་བློས་བཏང་ཁག་རྩིས་མེད་ལ་གཏོང་མི་ཐུབ། ཕྱོགས་གཞན་ཞིག་ནས་རང་སྲེག་གི་བྱ་སྤྱོད་དེ་ལས་ཉེས་ཚབས་སྟོང་འགྱུར་གྱིས་ཆེ་བའི་རང་སྲེག་འབྱུང་རྐྱེན་གྱི་གནད་དོན་ཁག་དང་། མི་བྱེ་བྲག་པ་གཅིག་ལས་བོད་རིགས་ཡོངས་རྫོགས་རྩ་མེད་དུ་འགྲོ་བའི་ཉེས་ཚབས་དེ་དག་ལ་བསམ་གཞིགས་མེད་ན་ག་ལ་འགྲིགས།
གཉིས་པ།
བོད་དོན་ནི་༸གོང་ས་མཆོག་ཕྱིར་བོད་དུ་ཕེབས་ཐུབ་མིན་ཁོ་ནར་རག་ལས་ཡོད། ད་ལྟའི་ཆར་བོད་ཀྱི་འཕེལ་རྒྱས་ནི་ཆོས་བྱེད་དགེ་འདུན་གྱི་སྡེར་བརྟེན་ཡོད་ཅིང་མ་འོངས་པར་ཡང་དུས་ཡུན་ངེས་ཅན་ཞིག་ནང་བོད་ཀྱི་འཕེལ་ཕྱོགས་ནི་ནང་ཆོས་ལ་རག་ལས་པར་ངེས། གཅིག་བྱས་ན་དེང་སང་ནང་ཆོས་ཀྱིས་རྒྱལ་སྤྱིར་བཞག་པའི་དགེ་མཚན་འདི་ལ་བལྟས་ན་བོད་ནི་ནམ་ཡང་ནང་ཆོས་དང་ཁ་བྲལ་མི་ཐུབ་པའི་ཡུལ་ལུང་ཞིག་ཏུ་འགྱུར་སྲིད། དེ་ནི་ནང་ཆོས་ལ་རིན་ཐང་ཇི་ཙམ་ཡོད་མེད་ཁོ་ན་ལ་རག་ལས་ཡོད། ངོས་ན་བལྟས་ན་ནང་ཆོས་ངོ་མ་དེ་ནི་ནང་བསམ་བློའི་དག་ཞིང་ཞིག་ཡིན་པས་དེར་བློ་སྦྱོང་བརྡར་གྱི་ངོ་མཚར་ཆེ་བའི་ས་ཁྲ་ཞིག་ཡོད་པར་མ་ཟད་མ་ལག་ཚང་བའི་སྒོམ་གྱི་ཞིབ་འཇུག་གི་བརྒྱུད་རིམ་ནས་སྤྱིར་བཏང་གི་གནས་ཚད་ལས་ཡོངས་སུ་འདས་པའི་འཇིག་རྟེན་གཞན་ཞིག་སྙེག་འདུག་པས་ནང་ཆོས་ནི་འགྲོ་བ་མི་ཡོངས་ཀྱིས་ཆེས་མཐའ་འཇུག་གི་བབ་སྟེགས་དེ་ཡིན་སྲིད།
མ་མཐར་ཡང་མ་འོངས་པའི་མི་རབས་གང་འཚམ་བར་ནང་ཆོས་ཀྱིས་བོད་མིའི་བསམ་བློ་ལ་ཚོད་འཛིན་བྱེད་ངེས་པས་བོད་དོན་ནི་བསྟན་པའི་དོན་དུ་གྱུར་ཡོད། མ་ཟད་༸གོང་ས་མཆོག་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ཀྱིས་བསམ་བློ་བཀན་ས་ཉག་གཅིག་དེ་ཡིན་སྟབས་གལ་ཏེ་༸གོང་ས་མཆོག་བོད་དུ་ཕྱིར་ཕེབས་ཚེ་བོད་ནང་གི་ཆོལ་ཁ་གསུམ་ཀའི་བོད་མི་གནད་ཡོད་ཡོངས་ཀྱི་བསམ་བློ་འདུན་པ་ཕྱོགས་གཅིག་ཏུ་སྤུངས་ཐུབ་པས་དེས་བོད་ཀྱི་མ་འོངས་པར་ཁ་པྱོགས་དང་གསོན་ཤུགས་འགྲན་ཟླ་བྲལ་བ་ཞིག་སྦྱིན་ཐུབ། ༸གོང་ས་མཆོག་ལས་གཞན་སུ་ཞིག་བོད་དུ་ལོག་ནའང་རང་ངམ་རང་དང་འབྲེལ་བའི་ཁུར་ཡུག་ཉེ་ཚེ་བ་ཞིག་ནང་དུས་ཐུང་གི་ཕན་ཆུང་ཙམ་ལས་དོན་དམ་གྱི་བོད་ཆོལ་གསུམ་སྤྱིའི་ཕུགས་རྒྱང་རིང་པོའི་མདུན་ལམ་ཞིག་སྐྲུན་མི་ཐུབ།
གསུམ་པ།
བོད་མིས་བོད་ཀྱི་དཔའ་བོར་དམའ་འབེབས་བྱེད་རུང་ངམ། བོད་ཀྱི་རང་སྲེག་པ་དག་ནི་བོད་ཀྱི་བསྟན་སྲིད་དང་༸གོང་ས་མཆོག་གི་ཆེད་དུ་ཡིན་པ་ཁོ་རྣམ་ཚོའི་ཞལ་ཆེམས་ཡི་གེ་ལས་ཤེས་ཐུབ། འོ་ན་ཁོ་རྣམ་ཚོས་རང་སྲེག་གནང་བ་དེ་མི་འཚམ་པ་ཞིག་དང་། དོན་འབྲས་མེད་པ་ཞིག་ཏུ་རྩིས་དགོས་སམ། གལ་སྲིད་རང་ལུས་མེར་སྲེག་གནང་བ་ལ་དོན་འབྲས་མེད་པ་དང་ངེས་པར་མཚམས་འཇོག་དགོས་པ་ཞིག་ཏུ་རྩིས་ཚེ་སྐུ་ལུས་མེར་སྲེག་གནང་བ་དེ་མི་འཚམ་པ་ཞིག་དང་གནང་རིན་མེད་པ་དང་མ་འགྲིག་པ་ཞིག་ཡིན་པར་ཆགས་པ་རེད། དེ་འདྲ་ཡིན་ན་རང་ལུས་མེར་སྲེག་གནང་མཁན་ཚོས་མི་འགྲིག་པ་དང་མི་འཚམ་པ་ཞིག་བྱེད་པ་ཡིན་པས་མི་ཤེས་བཞིན་དུ་དེ་ལྟར་བྱེད་པ་རེད་ཅེས་སྨྲ་རྒྱུ་ལས་མེད་པས། དེ་ནི་རང་ལུས་མེར་སྲེག་གནང་མཁན་ཚོ་ཆབ་སྲིད་ཀྱི་གནད་དོན་གང་ཡང་མི་ཤེས་མཁན་དང་གཡམ་ལ་རྒྱུག་མཁན་རེད་ཅེས་དམའ་འབེབས་བྱས་པ་ལས་སྡུག་པར་མཐོང་། བོད་དུ་རང་ལུས་མེར་སྲེག་གནང་མཁན་ཚོར་སྤོབས་མཐའ་ཅན་དང་གནམ་ལོ་ཡག་ཅན་ཁྱེད་རྣམ་གཉིས་ལ་ཡོད་པའི་ཆབ་སྲིད་ཀྱི་གོ་རྟོགས་དེ་ཙམ་ཡང་མེད་པ་ཨེ་ཡིན་ནམ།
ངོས་ཀྱི་བསམ་པར་རང་ལུས་སྲེག་གནས་མཁན་ཚོ་ནི་སྤྱིར་བཏང་གི་མི་ཞིག་མིན་པས་ཁོ་རྣམ་ཚོས་བསམ་བློ་ཆ་ཚང་བཏང་ནས་ཐག་བཅད་བྱས་པར་ཡིད་ཆེས་ཡོད། ཆབས་ཅིག་ངོས་ནས་སུ་ཞིག་ཡིན་རུང་ཤི་གསོན་གཉིས་ལས་གསོན་ནས་བོད་ལ་ཕན་ཐོགས་ཆེ་བ་བྱེད་ཐུབ་ཚེ་ངེས་པར་དུ་གསོན་པོར་བཞུགས་ནས་བོད་སྤྱིའི་བསྟན་དོན་ལ་སྐུ་ངལ་བསྐྱོན་དགོས་པར་རེད་སྙམ་གྱིན་ཡོད།
རང་སྲེག་གི་དོོན་རྐྱེན་གྱིས་བོད་ཀྱི་གནད་དོན་ཆེས་ཛ་དྲག་གོ་ངོ་བོར་གནས་ཡོད་པ་དང་། རྒྱ་གཞུང་གི་དབུ་ཁྲིད་ཚོས་བོད་ནང་གནད་དོན་ཡོད་ཚད་ཐག་བཅད་ཟིན་པས་གནས་ཚུལ་གང་ཡང་མེད་པར་བཤད་པ་དེ་ཡོངས་སུ་རྫུན་སྒྲོག་ཡིན་པར་དངོས་ཡོད་ནས་ར་སྤྲོད་གསལ་པོར་བྱས་ཡོད།ལྷག་པར་རྒྱ་གཞུང་གི་དབུ་ཁྲིད་ཚོའི་ཀླད་པར་སྔར་བྱུང་མྱོང་མེད་པའི་བོད་དོན་ཐད་དྲི་རྟགས་རི་འདྲ་བ་ཞིག་ཀྱང་བསླངས་ཡོད།
དོན་གྲུབ་བཀྲ་ཤིས་ལགས་ཀྱིས་དངོས་ཡོད་གནས་ཚུལ་དང་མཐུན་པའི་དཔྱད་རྩོམ་དོན་དང་ལྡན་པ་ཞིག་བྲིས་གནང་འདུག་པར་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། དེ་དང་མཉམ་དུ་དྲན་བསྐུལ་ཞིག་ཞུས་ན། ༡༩༥༩ ལོར་༧གོང་ས་མཆོག་རྒྱ་གར་ས་མཚམས་སུ་བཙན་བྱོལ་དུ་ཕེབས་ཐུབ་མེད་ན་བོད་འདི་ནག་བསུབས་ཕྱིན་ཏེ་ད་ཆ་མན་ཇུ་རི་ཡའི་གནས་སྟངས་དང་གཅིག་པ་ཆགས་ཟིན་པ་རེད། བྱས་ཙང་ང་ཚོ་བོད་མི་ཚོས་༧གོང་ས་ཆེན་པོའི་བཀའ་དྲིན་རྗེས་དྲན་ཞུ་འོས་ལས་ངོ་ཚ་ཞེ་ཁྲེལ་མེད་པའི་སྐད་ཆ་འདྲ་མིན་བཤད་ན་ལས་འབྲས་ལའང་འགྲོ་གི་མ་རེད། ཡང་ལས་འགན་འཁྱེར་ནི་ཤོད་ཀྱི་ཡོད་ན་གནས་ཚུལ་ལོགས་སུ་རེད།
བོད་ནི་བསྟན་པའི་དོན་དུ་གྱུར་ཡོད་ཟེར་བ་དང་། བོད་དོན་ནི་༸གོང་ས་མཆོག་ཕྱིར་བོད་དུ་ཕེབས་ཐུབ་མིན་ཁོ་ནར་རག་ལས་ཡོད་ཟེར་བའི་སྐད་ཆ་འདི་དག་གི་གོ་བ་ག་འདྲ་ལེན་དགོས་པ་རེད་དམ།
བོད་དོན་ཟེར་ན་ག་རེ་རེད་དམ། ༧གོང་ས་མཆོག་བོད་དུ་ཕེབས་ཐུབ་ཆེད་དུ་ཨེ་རེད། ༧གོང་ས་མཆོག་བོད་དུ་ཕེབས་ཐུབ་སོང་ན་བོད་དོན་འགྲུབ་ཚར་བ་ཨེ་རེད། ངོས་ཀྱིས་བསམ་ཚུལ་བྱས་ན་༧གོང་ས་མཆོག་བོད་ལ་ཕེབས་ཐུབ་སོང་ན་མཇུག་འབྲས་འདི་འདྲ་ཞིག་ཡོང་གི་རེད་དྲན་གྱི་ཡོད།
༧གོང་མཆོག་བོད་ལ་ཕེབས་ཐུབ་སོང་ན་ཐེངས་དང་པོར་དུས་དབང་སྐོར་གྱི་རེད། མི་དམངས་མཇལ་ཁ་བཅལ་གྱི་རེད། དད་ལྡན་ཞིང་འབྲོག་མི་དམངས་ཀྱིས་སྒོར་མོ་ཕུལ་གྱི་རེད། སྔོན་མ་པན་ཆེན་རིན་པོ་ཆེན་བོད་ལ་ཕེབས་པར་ལས་ལྷག་ཞིག་བྱེད་ཀྱི་རེད། དད་ལྡན་ཞིང་འབྲོག་དམངས་ཚོགས་ཀྱི་དངུལ་ཁུག་སྟོང་པ་ཆགས་ཀྱི་རེད། སྐུ་སྒེར་གྱི་སྐུ་ངོ་རྣམས་པ་ཕྱུག་པོ་ཆགས་ཀྱི་རེད། མཇུག་འབྲས་གཅིག་རེད།
གཉིས་པ། དོལ་རྒྱལ་བརྟེན་མཁན་རྣམས་ལ་གནོན་ཤུགས་སྤྲོད་ཀྱི་རེད། བོད་ནང་གི་མི་དམངས་མཐུན་སྒྲིལ་མེད་པ་ཆགས་ཀྱི་རེད། བོད་ནང་གི་བོད་མི་ཚོས་གསོད་རེའི་བྱ་ཡི་རེད། ཆིག་སྒྲིལ་གཏོར་གི་རེད། མཇུག་འབྲས་གཉིས་པ་རེད།
གསུམ་པ། རྒྱ་གཞུང་གི་ཉེན་རྟོག་པ་ཚོས་སྐུ་སྲུང་བྱེད་ཀྱི་རེད། འགྲོ་འདུག་གི་རང་དབང་དང་སྐད་ཆ་བཤད་པའི་རང་དབང་ལ་སྟངས་འཛིན་བྱེད་ཀྱི་རེད། གུན་ཁྲན་ཏང་ལ་ཕན་ཐོགས་ན་གསོ་ནས་བཞག་གི་རེད། གུན་ཁྲན་ཏང་ལ་གནོན་སོང་ན་དུག་མི་སྤྲོད་པའི་ངེས་གཏན་ནས་མེད། སྲོག་འགོ་ཐོན་ཁག་པོ་རེད། འཇུག་འབྲས་གསུམ་པ་རེད།
བཞི་པ། སྐྱབས་རྟེན་དང་བསྔོ་རྟེན་གྱི་སྒོར་མོ་ཡིས་དཔལ་འབྱོར་འདུ་འགོད་བྱེད་ཀྱི་རེད། ཏང་གི་སྲིད་ཇུས་གཞིར་བཞག་ནས་བོད་མི་དམངས་སློབ་གསོ་རྒྱབ་དགོས་ཐུག་གི་རེད། དེར་དུས་ཚོང་པ་སྐམ་པོ་ཅེས་འབོད་ཀྱི་རེད། སྔོན་མ་པན་ཆེན་རིན་པོ་ལ་ཚོང་པ་རྒྱགས་པ་ཟེར་ནས་བོས་པ་རེད། འཇུག་འབྲས་བཞི་པ་རེད།
བསམ་ཚུལ་ཙམ་ཡིན།
ངའི་ལྟ་བ་ནི། རང་སྲེག་བྱེད་མིན་བོད་མི་ཚོའི་ཐོབ་ཐང་རེད། རང་སྲེག་ཡོང་རྐྱེན་གཙོ་བོ་དེ་རྒྱ་གཞུང་ལས་གོང་ས་མཆོག་མ་རེད། ཡང་སྐྱར་བཤད་རྒྱུར། རང་སྲེག་གི་རྒྱུ་རྐྱེན་གཙོ་བོ་དེ་རྒྱ་གཞུང་ལས་གོ་ས་མཆོག་མ་རེད།
རང་སྲེག་ནི་གཙོ་བོ་ཆབ་སྲིད་དང་ཆོས་དད་ཀྱི་རང་དབང་དང་འབྲེལ་ཡོད་སྟབས། རྒྱ་གཞུང་གིས་གོམ་པ་སྤོ་དགོས། གོང་ས་མཆོག་གིས་འདི་འཚམས་འཇོག་བྱེད་གསུང་ན། དེའི་ཚབ་ལ་ལམ་ཞིག་བསྟན་དགོས་རུང་དེ་མེད།
རང་སྲེག་གི་ཕན་གནོད་ནི་སྤྱི་ཚོགས་ཀྱི་ལྟ་སྟངས་དང་གནས་སྟངས་ལ་ཐུག ད་ལྟ་རང་སྲེག་ལ་ཕན་པ་ལས་སྐྱོན་མང་བ་འདུག གཅེས་པའི་རང་སྲོག་ཤོར་བ་དང་། ཤུལ་ལུས་ནང་མི་སྡུག་བསྔལ་ཆེ་བ། ཕྱི་ནང་ལ་འབྲས་བུ་མེད་པ་བཅས་ལ་བརྟེན་ནས་འཚམས་འཇོག་བྱེད་རོགས་ཅེས་ཞུ་བ་འཐེན་རྒྱུ་ལས་གཞན་མེད།
རང་སྲེག་དོན་རྐྱེན་འདི་རྒྱ་གཞུང་གིས་བོད་ནང་སྔ་ཕྱི་བར་གསུམ་དུ་གདུག་རྩུབ་རང་བཞིན་གྱིས་སྲིད་ཇུས་ལག་བསྟར་རབ་དང་རིམ་པའི་མཇུག་འབྲས་རེད་ལ། འུ་འཐུག་ཐབས་ཟད་ཀྱི་ལས་འགུལ་ཞིག་ཀྱང་རེད། འོན་ཀྱང་ལས་འགུལ་འདི་རང་སྲོག་དང་ནང་མི་བཅས་པ་བློས་གཏོང་ཆེན་པོས་གཞན་གནོད་དང་བྲལ་བའི་འཚེ་བ་མེད་པའི་ལས་འགུལ་ཞིག་ཀྱང་རེད། གནས་སྐབས་རིང་གྲུབ་འབྲས་ངེས་ཅན་ཞིག་མི་ཐོན་ཡང་ལོ་བསྒྱུས་ཀྱི་དེབ་ཐེར་ནང་འགོད་འོས་པའི་བྱ་བ་ཞིག་རེད། གལ་ཏེ་རང་སྲེག་མུ་མཐུད་འབྱུང་ནས་གྲུབ་འབྲས་མེད་ཁར་བསུན་བཙེར་དང་གདུག་རྩུབ་རང་བཞིན་གྱིས་སྲིད་ཇུས་རྒྱུན་འཁྱོངས་བྱས་ན་ལས་འགུལ་གྱི་ཁ་ཕྱོགས་འགྱུར་མི་སྲིད་པ་མ་རེད་འདོད། གལ་ཏེ་ཁ་ཕྱོགས་གཞན་དུ་འགྱུར་སོང་ན་ཉེན་ཁའི་རང་བཞིན་རེད།
དེ་ནས་བོད་དོན་ནི་༧གོང་ས་མཆོག་ཕྱིར་བོད་དུ་ཕེབས་ཐུབ་མིན་ཁོ་ནར་རག་ལས་ཡོད། སྐད་ཆ་འདི་ཆབ་སྲིད་རིག་པའི་གཞུང་ལུགས་ལ་ཆ་སྒྱུས་ཡ་སྒྱུས་མེད་པའི་སྐད་ཆ་ཞིག་རེད། འོ་ན་༧རྒྱལ་བ་རིན་པོ་ཆེ་བོད་ནང་ཕེབས་ཐུབ་དབང་དུ་བཏང་ན་ཀྲུང་གོས་བོད་མི་རིགས་ལ་རང་དབང་དང་འདྲ་མཉམ་གྱི་སྲིད་ཇུས་ལག་བསྟར་བྱེད་ཀྱི་རེད་དམ། ལྷག་པར་དུ་༧རྒྱལ་བ་རིན་པོ་ཆེ་རང་ཉིད་ལ་ཕེབས་བཞུགས་རང་དབང་དང་གཏམ་བརྗོད་རང་དབང་སྤྲོད་སྲིད་དམ། གཞི་རྩའི་༧རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་རྒྱུ་དེ་ཧུ་ཡཱོ་པཱང་གི་དོན་ཚན་ལྔའི་ཆ་རྐྱེན་དེ་ཁས་ལེན་གནང་ན་དཀའ་ངལ་ཅང་མ་རེད། བྱས་ཙང་༧རྒྱལ་བ་རིན་པོ་ཆེས་བོད་དོན་འདི་ཁོང་སྒེར་གྱི་གནད་དོན་མིན་པར་བོད་རྒྱ་ཆེའི་མི་དམངས་རང་དབང་གི་བདེ་སྐྱིད་དེ་ཡིན་ཞེས་ཡང་ཡང་གསུངས་དང་གསུང་བཞིན་པའི་བཀའ་སློབ་ཟབ་མོ་དེར་དོན་གྲུབ་བཀྲིས་ཀྱིས་ཡང་ཡང་ཉན་དགོས་འདུག་ལ་སློབ་སྦྱོང་ངེས་པར་དུ་བྱེད་དགོས་པ་འདྲ། ལྷག་པར་དུ་བོད་དང་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་ཀྱི་གནད་དོན་འདི་གཅིག་བྱས་ན་༧རྒྱལ་བ་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་གནད་དོན་བསེལ་སྲིད་པ་རེད་ལ་གཅིག་བྱས་ན་ཁོང་སྐུ་འཚོ་མ་བཞུགས་རྗེས་མུ་མཐུད་ནས་གནས་སྲིད་པ་རེད། བྱས་ཙང་འདི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བསམ་བློའི་ནང་གྲ་སྒྲིག་དགོས་ངེས་རེད། དོན་བཀྲ་ལྟར་ན་ཕལ་ཆེར་བསམ་བློ་གཏོང་རྒྱུ་ཞིག་ལྷག་མེད་པ་འདྲ། ལར་ནས་བོད་དང་བོད་མི་རིགས་ཀྱི་གནད་དོན་འཐབ་རྩོད་འདི་ཆོས་ལུགས་གཅིག་གི་གནས་དོན་ལ་བསྒྱུར་ན་ཧ་ཅང་གིས་ཉེན་ཁའི་རང་བཞིན་རེད།
ཨ་མདོ་གཏམ་དཔེ་ཞིག་ཡོད་པ་རེད། བསྟོད་མི་ཤེས་མཁན་ཞིག་གིས་བསྟོད་པ་ལས། སྨད་མི་ཤེས་མཁན་ཞིག་གིས་སྨད་ན་དགའ་ཞེས་པ་ཅིས་མ་བདེན། དྲི་བ་ཁ་ཤས་འདུག
༡ དོན་གྲུབ་བཀྲ་ཤིས་ཟེར་བ་སུ་ཡིན་ནམ། དེང་སྐབས་མིང་རྫུན་མའི་འོག་ཏུ་གཟུགས་མེད་སྡར་མའི་གདོན་མ་གཏོགས་མེད་པས། བགྲོ་གླེང་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་མེད་དོགས་གནས་རེད།
༢ དབུས་གཙང་བ་ཞིག་ཡིན་མདོག་གིས་རྒྱ་དམར་གཞུང་གི་གསང་ཉུལ་བ་ཚོའི་སྐད་ཆ་བེད་སྤྱོད་ཀྱིས་རྩོམ་ཡིག་སྤེལ་དོན་ཅི། དཔེར་ན། ཆོལ་ཁ་དཀྲུགས་བྱེད་ཀྱི་སྐད་ཆ་སྟེ། མཚུར་ཕུ་ཀརྨ་པ་དང་ཨ་ཀྱཱ་སྤྲུལ་སྐུ་ལྟ་བུ། རྒྱ་དམར་གསང་ཉུལ་བའི་སྐད་ཆའམ། བོད་བརྒྱུད་ནང་བསྟན་རྒྱ་ནག་ལ་ཤུགས་རྐྱེན་ཆེ་ཚུལ་ལྟ་བུ།
༣ གལ་སྲིད་མེར་བསྲེག་དངོས་གནས་རྒྱལ་བ་རིན་པོ་ཆེ་ཡི་སླད་ཡིན་ན། རྒྱལ་བ་རིན་པོ་ཆེ་ལ་འགན་ག་རེ་ཡོད་པ་རེད་དམ། ཉུང་མཐར་ཁ་གསལ་བོའི་ལམ་ནས་ག་རེ་འགྲུབ་དང་མི་འགྲུབ་ཐད་གསལ་བཤད་གནང་རན་མེད་དམ།
འདི་དུས་བབ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ཟེར་བ་དེ་མིན་ན་རྡ་ལམ་ས་ལའི་དྲ་འབུ་ཞིག་ཡིན་ནི་རེད་ལ་དྲ་འབུ་བརྒྱ་དང་དངོས་མིང་གཅིག་བསྡུར་ན་དངོས་མིང་གཅིག་དེ་རིན་གོང་ཆེ་ནི་རེད་ལོ་་་་་
གནམ་ལོ་ཅན་ལ་ཞུ་རྒྱུ་ལ། ང་ནི་བོད་མདོ་ཁམས་ཏྲེ་ཧོར་ནས་ཡིན་ལགས། ད་ལྟར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་སློབ་གཉེར་བྱེད་བཞིན་པ་ཡིན། ཁང་ཚན་ཡང་ཏྲེ་ཧོར་ཁང་ཚན་ཡིན། ཁང་ལེན་༢༠༧ ལ་ཡོད། སྔར་ནས་ངོས་རང་གསལ་བཤད་བྱེད་ཡོད། མཚུར་ཕུ་ཀརྨ་དང་ཨ་ཀྱ་སྤྲུལ་སྐུ་གཉིས་ལས་ཀརྨ་པ་ནི་སྔར་ཆུང་དུས་ནས་གོ་མྱོང་བ་ཙམ་ཡིན། ཀརྨ་པ་བརྒྱད་པས་རྗེ་རིན་པོ་ཆེར་དགག་པ་ཡོད་སྟབས་ཤེས་པ་ཡིན། དེ་ལས་གཞན་ཀརྨ་པ་འབྲེལ་བ་གང་ཡང་མེད། ཨ་ཀྱ་སྤྲུལ་སྐུ་ཨ་རི་རླུང་འཕྲིན་ནས་གོ་བ་ཙམ་རྣ་བར་གོ་མྱོང་ཙམ་ཡང་མེད། ༠༩༤༠༢༤༩༢༢༡༦ འདི་ངའི་ཁ་པར་ཨང་གྲངས་ཡིན། རྩོམ་ཡིག་འཆལ་པོ་དེ་འདྲ་དྲིས་འདོད་མེད།
གནམ་ལོ་ཅན་མི་ཁྱོད་ལྟ་བུ་ཧམ་པ་རི་འདྲ་བ་ཞིག་མཐོང་མྱོང་མེད། ཁྱེད་ནས་རང་ལུས་མེར་སྲེག་༸གོང་ས་མཆོག་གི་ཆེད་དུ་ཡིན་ན་དེའི་དོན་འབྲས་གང་སྨིན་མིན་གསལ་བཤད་བྱེད་རིན་པ་རེད་ཅེས་བཤད་པ་འདི་ལ་ཀུན་གྱིས་ལྟོས་དང་། གསལ་བཤད་བྱེད་རིན་པའི་རྒྱུ་མཚན་གང་ཡིན་ནམ། ཕྱོགས་གཅིག་ནས་གསལ་བཤད་བྱེད་ཚར་བ་གོང་གི་༸གོང་ས་མཆོག་གི་གསུངས་ལས་ཤེས་ནུས་པ་དང་། ཕྱོགས་གཉིས་ནས་བློས་གཏོང་མེད་ན་གྲུབ་འབྲས་མེད་པ་དེར་བསམ་བློ་གཏོང་དགོས། སུ་ཞིག་ལ་རང་སྲེག་གི་འབོད་བསྐལུ་བྱེད་མི་རུང་མོད། སུ་ཞིག་གིས་རང་སྲེག་བྱེད་མིན་ཁོ་རང་གིས་གདམས་ཀ་ཞིག་རེད། ང་ཚོས་བྱེད་ཐུབ་པ་ནི་མི་སུ་ཞིག་ཡིན་རུང་ཤི་གསོན་གཉིས་ལས་གསོན་པོར་བསྡད་ནས་བོད་ལ་ཕན་ཐོགས་ཆེ་བ་ཡོད་ན་རྩ་བ་ནས་རང་སྲེག་གནང་མིརུང་ཞེས་འདི་ཙམ་ལས་བཤད་མི་ཐུབ། རྒྱུ་མཚན་ནི། རང་སྲེག་གནང་མཁན་ཚོ་ནི་བསམ་བློ་ཚང་མ་བཏང་ནས་གནང་ཡོད་པ་དང་ཕྱོགས་ཚང་མར་བསམ་བློ་གཏོང་ཐུབ་མཁན་ཞིག་ཡིན་པར་ཡིད་ཆེས་ཡོད། ཁོང་རྣམས་མི་ཕལ་པ་ཞིག་རྩ་བ་ནས་མ་རེད།
་་་་་་་ དཔེར་ན། ༸གོང་ས་མཆོག་གིས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་སྲེག་གནང་དུས་ནས་འདི་ལྟར་གསུངས་ཡོད།(མེར་སྲེག་བྱས་པ་འདིས་གཞན་ལ་འཚེ་བའི་བྱ་སྤྱོད་ཅིག་མིན་རུང་རང་གི་སྲོག་ལ་འཚེ་བ་ལྟ་བུ་ཆགས་ཡོད་དུས་བྱ་སྤྱོད་འདི་ལ་ངོས་ནས་རྒྱབ་སྐྱོར་མེད།)ཅེས་དང་།
ཉེ་སྔོན་གྱི་གསུང་ཞིག་ཏུ་ཡང་། (གཅིག་བྱས་ན་ང་ཚོས་འདི་ནས་རེ་བ་ཡོད་མདོག་གི་སྐད་མང་པོ་ཞིག་བརྒྱབ་པའི་རྐྱེན་གྱིས་བོད་ནང་དུ་དམིགས་བསལ་གྱི་རེ་བ་ཞིག་མཐོང་གིན་མེད་འགྲོ། བོད་ནང་རང་ལུས་མེར་སྲེག་བྱས་པ་དེ་སྙིང་སྟོབས་ཧ་ལས་པ་ཞིག་ཡིན་ནའང་དེ་ལ་དཔགས་པའི་གྲུབ་འབྲས་ཤིག་ཐོན་གྱི་མེད་ན་བསམ་བློ་གཏོང་དགོས་པ་ཆགས་ཡོད།) ཅེས་གསུངས་པ་ལྟ་བུ་རེད། ་་་་་་་་
་་་་་་་་ གསུམ་པ།
བོད་མིས་བོད་ཀྱི་དཔའ་བོར་དམའ་འབེབས་བྱེད་རུང་ངམ། བོད་ཀྱི་རང་སྲེག་པ་དག་ནི་བོད་ཀྱི་བསྟན་སྲིད་དང་༸གོང་ས་མཆོག་གི་ཆེད་དུ་ཡིན་པ་ཁོ་རྣམ་ཚོའི་ཞལ་ཆེམས་ཡི་གེ་ལས་ཤེས་ཐུབ། འོ་ན་ཁོ་རྣམ་ཚོས་རང་སྲེག་གནང་བ་དེ་མི་འཚམ་པ་ཞིག་དང་། དོན་འབྲས་མེད་པ་ཞིག་ཏུ་རྩིས་དགོས་སམ། ་་་་་་་་
་་་་་་་་ བོད་དུ་རང་ལུས་མེར་སྲེག་གནང་མཁན་ཚོར་སྤོབས་མཐའ་ཅན་དང་གནམ་ལོ་ཡག་ཅན་ཁྱེད་རྣམ་གཉིས་ལ་ཡོད་པའི་ཆབ་སྲིད་ཀྱི་གོ་རྟོགས་དེ་ཙམ་ཡང་མེད་པ་ཨེ་ཡིན་ནམ། ་་་་་་་་
མ་གཞི་འདི་འདྲའི་དཔྱད་ཞིབ་ཀྱི་རང་བཞིན་ལྡན་པའི་རྩོམ་ཡིག་བྲིས་བ་ལ་དགའ་བསུ་ཡོད། འདིའི་དགོན་པའི་ནང་གི་གྲྭ་བ་མང་པོ་ཞིག་གི་སེམས་ཁམས་ཀུན་ནས་མཚོན་འདུག དགོན་པའི་ནང་གི་གྲྭ་བ་མང་པོ་དང་སངས་ཆོས་ཀྱིས་སེམས་ཁམས་ལ་ཤུགས་རྐྱེན་རྒྱ་ཆེན་ཡོད་མཁན་གྱི་མི་ཀུན་ལ་གཅིག་མཚུངས་ཀྱི་ལྟ་སྟངས་འདི་འདུག སངས་ཆོས་ནི་ཡོད་ཚད་ཀྱི་ཡོད་ཚད་དང་། འདི་བོད་དང་ནམ་ཡང་ཁ་བྲལ་ཐབས་མེད་ཚུལ་གྱི་ལྟ་བས་གང་སར་ཁྱབ་འདུག སངས་ཆོས་ནི་”སྤྱིར་བཏང་གི་གནས་ཚད་ལས་ཡོངས་སུ་འདས་པའི་འཇིག་རྟེན་གཞན་ཞིག་སྙེག་འདུག་པས་ནང་ཆོས་ནི་འགྲོ་བ་མི་ཡོངས་ཀྱིས་ཆེས་མཐའ་འཇུག་གི་བབ་སྟེགས་དེ་ཡིན་སྲིད།”ཅེས་བ་དང་། གུང་ཁྲན་གྱིས་ཁོ་ཚོའི་ལྟ་བ་ནི་ཆོས་ལུགས་དང་འཇིག་རྟེན། ཚན་རིག་གི་ལྟ་སྟངས་ཀུན་གྱི་ལེགས་ཆ་ཕྱོགས་སྡོམ་རྒྱབ་པས་འདི་ལས་ལྷག་ཅིག་མེད་ཅེས་བརྗོད་པ་ནི་ཅི་འདྲའི་མཐུན་པ་ལ། མི་ཟེར་བ་འདི་དེ་འདྲ་རེད། ཉེན་ཚབས་ཅན་གྱི་ལྟ་གྲུབ་ཅིག་གིས་བསམ་བློ་སྒྱུར་ཚར་ཕྱིན། རང་ལུགས་མཆོག་འཛིན་གྱི་ལྟ་བ་ཡོད་པས་རེད། འདི་ནི་མི་རིགས་ཤིག་ལ་མཚོན་ན་གཅིག་སྒྲིལ་གཏོར་བྱེད་དང་ཡར་རྒྱས་ཀྱི་འགོག་རྐྱེན་གཙོ་བོ་རེད།
གཞན་ཡང་། ༼༸གོང་ས་མཆོག་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ཀྱིས་བསམ་བློ་བཀན་ས་ཉག་གཅིག་དེ་ཡིན་སྟབས་གལ་ཏེ་༸གོང་ས་མཆོག་བོད་དུ་ཕྱིར་ཕེབས་ཚེ་བོད་ནང་གི་ཆོལ་ཁ་གསུམ་ཀའི་བོད་མི་གནད་ཡོད་ཡོངས་ཀྱི་བསམ་བློ་འདུན་པ་ཕྱོགས་གཅིག་ཏུ་སྤུངས་ཐུབ་པས་དེས་བོད་ཀྱི་མ་འོངས་པར་ཁ་པྱོགས་དང་གསོན་ཤུགས་འགྲན་ཟླ་བྲལ་བ་ཞིག་སྦྱིན་ཐུབ། ༸གོང་ས་མཆོག་ལས་གཞན་སུ་ཞིག་བོད་དུ་ལོག་ནའང་རང་ངམ་རང་དང་འབྲེལ་བའི་ཁུར་ཡུག་ཉེ་ཚེ་བ་ཞིག་ནང་དུས་ཐུང་གི་ཕན་ཆུང་ཙམ་ལས་དོན་དམ་གྱི་བོད་ཆོལ་གསུམ་སྤྱིའི་ཕུགས་རྒྱང་རིང་པོའི་མདུན་ལམ་ཞིག་སྐྲུན་མི་ཐུབ།༽འདི་ལ་མོས་མཐུན་བྱེད་དཀའ། བོད་ས་མ་ཤོར་བའི་སྔོན་དུ་གོང་ས་མཆོག་གི་སྐུ་ཕྲེང་རིམ་བྱུང་བོད་དུ་བཞུགས་པ་མ་ཟད། ཆོས་རྒྱུད་ཁག་གི་བླ་ཆེན་ཀུན་ཡོད་ཀྱང་། ཕན་ཚུན་ནང་འཁྲུག་དང་། ལྷག་པར་དུ་རྒྱ་མི་ཡོང་སྐབས་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱ་ནག་གི་མགོ་སྐོར་འོག་ཏུ་ཚུད་མཁན་ཁོ་ན་ལས་བོད་སྐྱོབ་མཁན་སུ་ཞིག་ཀྱང་བྱུང་མེད་པས། མ་འོངས་ཁོང་ཚོས་བོད་པ་སྐྱོབ་རྒྱུའི་རེ་བ་བྱས་བ་ནི་ཧ་ཅང་གི་དོགས་གཞིའི་གནས་རེད། ལྷག་པར་དུ་ལྷག་སྤྲུལ་སྐུའི་ལམ་ལུགས་ཀྱིས་བོད་འདི་སྐྱོབ་པ་འདོད་པ་ནི་རྨི་ལམ་ནང་གི་ལྷ་མོ་ཞིག་ལ་རེ་བ་འཆང་བ་དང་གཉིས་སུ་མེད་ཅིང་། འདིས་དོན་དངོས་ཀྱི་དམིགས་ཡུལ་རྙེད་པར་འགོག་རྐྱེན་ལས་མཐུན་རྐྱེན་བྱེད་པ་ཉུང་། རྒྱུ་མཚན་ནི། སྤྲུལ་སྐུ་རྣམས་ཀྱིས་སོ་སོའི་དགོན་པ་དང་བླ་བྲང་། དེ་དག་གི་མཚན་སྙན་ལ་ཐུགས་བསམ་བཞེས་བ་ལས་བོད་དོན་ལ་བཞེས་མི་སྲིད་ལ། དེ་དག་གི་ཆེད་དུ་དགོས་མཁོ་བྱུང་ན་བོད་དོན་བློས་བཏང་མཛད་ངེས་རེད། དེ་ལྟར་བཏང་བ་སྐུ་ལོ་ཚོའི་བྱ་སྤྱོད་དང་བྱུང་བ་ལས་གསལ་བཤད་བྱས་ཡོད། མི་བདེན་སྙམ་ན། ཞིབ་འཇུག་བྱོས་དང་། རྟོགས་ངེས་རེད། བཙན་བྱོལ་དུ་ཕེབས་ནས་སྤྲུལ་སྐུ་ཚོས་དགོན་པ་བརྒྱགས་སྟངས་ལ་ལྟོོས་དང་། དེ་ལྟར་བོད་དོན་ལ་འབད་པ་ཡིན་ན། ད་ལྟ་བོད་དོན་སེལ་ཚར་ཡོད། བཙན་བྱོལ་བོད་མིའི་གསུམ་ཆ་གཅིག་གྲྭ་བ་བཟོ་རུ་བཅུག་ཡོད། ལོ་ལྔ་བཅུ་ཡི་རྗེས་སུ་བཙན་བྱོལ་བའི་སུམ་ཆ་གཅིག་ཆུ་ནང་དུ་ལྷུང་བ་བཞིན་རིགས་རྒྱུད་མེད་པ། རྩ་མེད་དུ་ཕྱིན་ཟིན། དེ་ནི་མི་རིགས་ཤིག་ལ་མཚོན་ཚབས་ཆེའི་གྱོང་གུད་ཡིན་མ་ཡིན་ནམ།
ཏྲེ་ཧོར་ཁམས་པས་རང་ཉིད་གསལ་བཤད་གནང་བར་དགའ་པོ་བྱུང་། ཁྱོད་རང་ལྷག་བསམ་རྣམ་དག་གི་ཐོག་ནས་བསམ་ཚུལ་བཤད་མཁན་ཞིག་ཡིན་པ་ལས་སྲིད་དོན་ཚོང་པའི་ཤོས་ཁ་མིན་པ་ཤེས་བྱུང་།
སྤྱིའི་ཆ་ནས་ཟམ་གདོང་བླ་མས་གསུངས་པ་ལྟར་སངས་རྒྱས་བསྟན་པ་འདི་ཡུན་གནས་བྱུང་ན་བོད་མི་རིགས་རྩ་མེད་ཕྱིན་ན་ཕྱིན་ཟེར་བ་དང་རང་གི་རྩ་བའི་བླ་མའི་བཀའ་སྒྲུབ་པ་མ་གཏོགས་བོད་རྒྱལ་ཁབ་དང་མི་རིགས་ལ་བསམ་བློ་བཏང་མྱངས་མེད་ཟེར་བའི་སྐད་ཆ་འདི་ཟམ་གདོང་སྒེར་གྱི་ཡིན་ནའང་གྲྭ་པ་མང་ཤོས་ཀྱིས་འདི་འདྲ་བསམ་བཞིན་ཡོད་པ་ནི་དངོས་ཡོད་རེད། ཏྲེ་ཧོར་ཁམས་ཁྱོད་ཡང་དེའི་ནང་གི་གཅིག་རེད།
ལྷག་པ་ཏུ་ཏྲེ་ཧོར་ཁམས་པ་ཟེར་བ་དེ་ནི་གྲྭ་པ་མང་ཤོས་ཡོད་པའི་ལུང་ཚན་ཞིག་རེད། རྨོངས་དད་ཅན་མང་ཤོས་ཡོད་སའི་ཡུལ་ལུང་ཞིག་རེད། བོད་མི་རིགས་ཀྱི་མི་འབོར་སུམ་ཆ་གཅིག་ཟིན་པའི་ཆོས་ལུགས་པའི་སྡེ་ཡི་གོ་རྟོགས་སད་མ་ཐུབ་ན་བོད་མི་རིགས་ཀྱི་འཐབ་རྩོད་ལ་རེ་བ་མེད་ཅེས་ཚིག་ཐག་གཅོད་ནས་བཤད་ཐུབ།
དེར་བརྟེན་ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་གསལ་བཤད་ཡག་པོ་གནང་རོགས་བྱོས། མི་འདི་ལྟ་བུ་རྣམས་ཀྱི་གོ་རྟོགས་སད་ཐུབ་པའི་ཆེད་དུ་གསལ་བཤད་གནང་དགོས་ངེས་ཡིན། ང་ཚོས་རེ་བ་བྱེད་དགོས་ས་ཡང་གྲྭ་ས་གྲྭ་ཚང་ཁག་གི་གྲྭ་པ་གྲྭ་རྐྱང་རྣམས་ཆབ་སྲིད་ཀྱི་གོ་རྟོགས་དང་རྒྱལ་རབས་ལོ་རྒྱུས། བོད་རྒྱལ་ཁབ་ཀྱི་ཕུགས་བསམ་བཅས་ཀྱི་ཐོག་ཏུ་གོ་རྟོགས་མཐོ་རེར་གཏོང་ཐུབ་དགོས།
སྤྱིའི་ཆ་ནས་གནའ་དང་མི་འདྲ་བ་དེང་སང་གྲྭ་ས་ཁག་གི་གྲྭ་དམངས་ལ་ཆབ་སྲིད་གོ་རྟོགས་མཐོ་རེ་ཕྱིན་ཡོད། ཡིན་ནའང་ཆོས་ཞེན་གྱི་འདུ་ཤེས་བཙན་དྲགས་པ་དང་ལམ་རིམ་ཆེན་མོ་ལ་སྦྱོང་པ་མང་སོང་བ། དད་པ་ཆེ་དྲགས་པས་དབང་གིས་བོད་མི་རིགས་ཀྱི་བདེ་སྡུག་ཐམས་ཅད་རྩ་བའི་བླ་མའི་ཕྱག་ཏུ་ཡོད་བསམས་པ་རེད།
ཁྱོད་ཚོས་མང་པོ་གསུངས་ཚར་སོང་། བོད་ཕུང་རྐྱེན་དད་པ་དང་སྤྲུལ་སྐུ་རེད་ཟེར་ནས་ཁ་ན་ན་བཤད་སོང་། ཡིན་ནའང་བོད་ཀྱི་ཆོས་ལུགས་པ་རྣམས་གོ་རྟོགས་སད་ཐུབ་པ་ལ་ཕན་ཐོགས་ག་ཚོད་བྱུང་ཡོད། རྨོངས་དད་ཅན་རྣམས་ཀྱི་གོ་རྟོགས་སད་མ་ཐུབ་ན་ཁྱོད་ཚོའི་སྐད་ཆ་ཕན་མེད་རེད། བླ་སྤྲུལ་ཚོས་དུས་ནམ་ཡང་ཁས་ལེན་གྱི་མ་རེད། ཁོ་རང་ཚོའི་ཁེ་ཕན་དང་འབྲེལ་བ་ཡོད་རེད། སྒེར་གྱི་ཁེ་ཕན་གྱི་ཆེད་དུ་བོད་རྒྱལ་ཁབ་དང་བོད་མི་རིགས་བློས་བཏང་རྐྱང་བྱས་པ་ལོ་རྒྱུས་ལ་ཕྱིར་བལྟས་བྱས་ན་གསལ།
ཁྱི་དཔོན་ཅན་དང་ཨ་ནུ་ཅན་གཉིས་ལ་ཞུ་རྒྱུར། བོད་རྒྱ་ལག་ཏུ་ཤོར་བ་ནི་གནས་ཚུལ་འདི་གཅིག་པུས་མ་འགྲིག་པ་རེད་ཅེས་གནས་ཚུལ་གཅིག་སྒང་ལ་མཛུབ་མོ་འཛུགས་རྐྱང་བྱེད་པ་དེ་ཤིན་ཏུ་ནས་འཐད་དཀའ་བ་རེད། ང་ཚོས་འདི་ལྟར་བཤད་ཆོག ལྔ་བཅུ་ང་དགུའི་སྐབས་བོད་ཀྱི་ཆབ་སྲིད་ཤིན་ཏུ་ནས་སྐྱོ་པོ་ཡིན་རུང་ཆོལ་ཁ་གསུམ་གྱི་ནུས་པ་གང་ལེགས་ཀྱིས་གཅིག་ཏུ་སྒྲིལ་ཐུབ་པ་ནི་བོད་ཀྱི་ཆོས་དང་རིག་གཞུང་གིས་བྱས་ཡོད། ༸གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་ཀྱི་ཆཽས་བྱེད་ཀྱི་སྡེ་འདི་དག་མེད་ན་བོད་མི་རྣམས་ད་ལྟའི་ཆར་རེ་བ་དང་བསམ་བློ་གཅིག་ཏུ་སྤུངས་ས་གང་ཡང་མེད། ཆོས་དང་མ་འབྲེལ་བར་བོད་དོན་གླེང་ན་དེ་ནི་ཤིན་ཏུ་ནས་ནུས་མེད་ཞིག་ཏུ་འགྱུར་བ་ཐེ་ཚོམ་མི་དགོས། དཔེར་ན། ཉིས་སྟོང་བརྒྱད་ལོའི་འཐབ་རྩོད་དགེ་འདུན་པས་སྣེ་འཁྲིད་ནས་སློང་བ་ལྟ་བུ་དང་། གཞན་ཡང་། ཁྱི་དཔོན་ཟེར་བ་ཁྱེད་རང་དང་གནམ་ལོ་ཡག་ཅན་ཁྱེད་གཉིས་ལྟ་བུར་བོད་མི་ག་ཚོད་ཀྱིས་ཡིད་ཆེས་ཐོབ་ཐུབ་བམ། དཔེར་ན་ངོས་ལྟ་བུ་ནས་གནམ་ལོ་ཡག་ཅན་ཟེར་བ་ཅི་ཞིག་ཡིན་མིན་ཡང་ཤེས་ཀྱི་མེད་པར་མ་ཟད་ཕལ་ཆེར་སེ་ར་གླིང་ཡོངས་ཀྱི་དགེ་འདུན་པས་མི་ཤེས་ཟེར་ནའང་རྫུན་དུ་མི་འགྲོ།
ཨ་ནུ་ཐང་བསོད་ཅན་ཁྱེད་ནས་ངེས་དགོས་པ་ནི་འོ་ན་ཁྱེད་ལ་སྐད་ཆ་འདི་འདྲ་ཞིག་འདྲི་ན་ལན་ཇི་ལྟར་འདེབས། འཇིག་རྟེན་འདིར་ལྟ་གྲུབ་ལེགས་ཤོས་གང་ཡིན་ནམ། མི་རྣམས་ཀྱིས་བསམ་བློར་མཐར་ཐུག་གི་མཁོ་ཆེ་བ་གང་ཡིན་ནམ། རིག་པའི་གཞུང་ལུགས་ཀྱི་ངོས་ནས་འཇིག་རྟེན་འདིར་ལྟ་གྲུབ་གང་ཞིག་ལ་རྒྱུ་མཚན་མང་བ་དང་བརྟན་པར་གནས་པའི་རྒྱུ་རྐྱེན་ཅི་ཡིན་སོགས་ལ་འདང་ཞིག་རྒྱག་ཡོད་དམ།
དོན་གྲུབ་བཀྲ་ཤིས་ལགས་ཀྱི་རྩོམ་ཡིག་དོན་ཚན་དང་པོ་དང་འབྲེལབར། བོད་མིའི་རང་སྲེག་ལས་འགུལ་འདི་ལ་རྒྱལ་བ་རིན་པོ་ཐུགས་མི་མཉེས་པ་རེད་ཟེར། སྤྱིར་ན་རྣམ་པ་ག་འདྲ་ཞིག་གིས་སྒོ་ནས་རང་སྲོག་བློས་བཏང་མཁན་དག་ནི་སྤྱི་ཚོགས་དེའི་དཔའ་བོ་ཡིན་ཞེས་འཛམ་གླིང་གི་སྤྱི་ཚོགས་སོ་སོས་རྗེས་དྲན་ཞུས་ཞུ་ཞིང་བསྟོད་གླུ་ལེན་བཞིན་ཡོད་པ་ཡིན་པས་བོད་མི་སྤྱི་ཚོགས་ཆེད་དུ་རང་སྲོག་བློས་གཏོང་མཁན་ལ་རྒྱལ་བ་རིན་པོ་ཆེ་ཐུགས་མི་མཉེས་ཟེར་ན་ཁྱད་མཚར་རེད་བསམ།
དོན་ཚན་གཉསི་པ་དང་འབྲེལ་བ། ནང་པ་སངས་རྒྱས་པའི་ཆོས་ལུགས་བཟང་རབས་དང་དགེ་འདུན་པ་གལ་ཆེ་རབས་བཤད་པ་དེ་སྐབས་དོན་འདི་ལ་འབྲེལ་བ་མི་འདུག མ་འོངས་བོད་ཀྱི་གྲྭ་བཙུན་ཚོའི་ཆེ་མཐོང་གོང་རྒྱུན་གནས་དང་གོང་འཕེལ་དུ་འགྲོ་དང་མི་འགྲོ་ནི་ཁོང་རྣམ་པའི་ཀུན་སྤྱོད་དེ་དུས་རབས་དང་འཚམས་པ་ཞིག་ཡོང་དང་མི་ཡོང་ལ་རག་ལས་པ་རེད་བསམ། རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་ན་བོད་མི་མཐུན་སྒྲིལ་ལ་ཕན་ཐོགས་རབས་སོགས་བཤད་པ་ནི་གོང་དུ་ཨ་ནུ་ཐང་ལགས་ཀྱིས་ལན་བཏབ་ཟིན་པ་དེ་རེད།་རྒྱལ་བ་རིན་པོ་ཆེ་བོད་དུ་བཞུགས་པའི་རིང་ལ་བོད་དུ་མཐུན་སྒྲིལ་མེད་སྟབས་རང་བཙན་ཤོར་བ་རེད། དེ་ལས་ལྡོག་སྟེ་རྒྱལ་བ་རིན་པོ་ཆེ་ས་མཐར་གྱར་བའི་རིང་འདིར་བོད་ནང་གི་མིའི་མཐུན་སྒྲིལ་དང་གཅིག་གྱུར་གྱི་བསམ་བློ་ཅུང་ཡག་ཏུ་ཕྱིན་པ་རེད། རྒྱལ་བ་རིན་པོ་ཆེ་བོད་དུ་ལོག་ན་ཕན་འབྲས་འབྱུང་དང་མི་འབྱུང་དེ་ནི་ངའི་རྩོམ་ཡིག་གི་དྲི་བ་གནད་ཆེན་གཅིག་ཡིན།
དོན་ཚན་གསུམ་པ་དང་འབྲེལ་བ། བོད་སྤྱི་ཚོགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་མཁན་ཚོ་དཔའ་བོ་ཡིན་པར་བསྙོན་དུ་མེད། ཡིན་ན་ཡང་། རྒྱལ་བ་རིན་པོ་བོད་ལ་ལོག་པའི་ཆེད་དུ་རང་སྲོག་བཏང་ན་དཔའ་བོ་ཅི་འདྲ་ཡིན་མིན་ཤེས་ཀྱིན་མི་འདུག རྒྱལ་བ་རིན་པོ་ཆེ་མི་སྒེར་ཞིག་གི་ཆེད་དུ་མི་ཞིག་མེར་སྲེག་ན་དམིགས་ཡུལ་དེ་ཆུང་དྲགས་པ་རེད་བསམ། རྒྱལ་བ་རིན་པོ་ཆེ་ལ་ཆེ་བསྟོད་ཙམ་དུ་ལྷ་མིའི་རྣམ་འདྲེན་དང་ཞི་བདེའི་དེད་དཔོན་སོགས་གང་ཞིག་བརྗོད་རུང་དོན་དངོས་ཡོད་ལ་དུས་ཀྱི་འགྱུར་འགྲོས་དང་མ་འཚམས་པའི་ཆོས་སྲིད་ཟུང་འབྲེལ་གྱི་མངའ་བདག་ཟུར་བ་ཞིག་ལས་མ་འདས་པས་གང་ཟག་ཅིག་གི་ཆེད་དུ་མེད་སྲེག་པ་ཡིན་ན་དེ་ལ་མི་རིགས་ཀྱི་དཔའ་བོ་ཟེར་མ་ཤེས་པ་ཞིག་རེད། ཁ་ནས་རྒྱལ་བ་རིན་པོ་བོད་དུ་ལོག་ཆེད་ཡིན་ན་ཡང་ཁོག་ན་བསམ་བློ་གཞན་ཞིག་ཡོད་ཟེར་ན་བསམ་བློ་གཞན་པ་དེ་ཁ་རུ་འདོན་མ་ཐུབ་པའི་རྒྱུ་རྐྱེན་ཅི་ཡིན་ནམ། དེ་ཚོ་ངའི་དྲི་བ་ཡིན།
་་་་་་ ཁོ་རང་ཚོའི་ཁེ་ཕན་དང་འབྲེལ་བ་ཡོད་རེད། སྒེར་གྱི་ཁེ་ཕན་གྱི་ཆེད་དུ་བོད་རྒྱལ་ཁབ་དང་བོད་མི་རིགས་བློས་བཏང་རྐྱང་བྱས་པ་ལོ་རྒྱུས་ལ་ཕྱིར་བལྟས་བྱས་ན་གསལ། ་་་་་་་
དོན་འགྲུབ་བཀྲ་ཤིས་ལགས། སྐར་མ་ཁ་ཤས་དུས་ཚོད་བཟུང་ནས་ལན་ཐུང་ཞིས་འབྲི་གི་ཡིན། གནམ་ལོ་ཡག་དང་ངོས་གཉིས་ལ་མི་གཞན་གྱིས་ཡིད་ཆེས་བྱེད་དང་མི་བྱེད་ཟེར་བ་འདིའི་སྐོར་དུ་ལན་ཞིག་ཕུལ་འདོད་སྐྱེས།
ངས་དུས་རྟག་ཏུ་འདི་འདྲ་བསམས། བོད་མི་རྣམས་ཀྱིས་མི་གཞན་ཞིག་ལ་ཡིད་ཆེས་མ་བྱེད་ན། མི་གཞན་ཞིག་ལ་རེ་བ་མ་བྱེད་ན། མི་གཞན་ལ་སྐྱབས་སུ་མ་འཛིན་ན་བསམས་ཀྱི་ཡོད། དེར་བརྟེན་བོད་མི་རྣམས་ཀྱིས་ང་ལ་ཡང་ཡིད་ཆེས་མ་བྱེད་ན་དགའ།
རང་ཉིད་རང་གི་མགོན་ཡིན་ཞེས་པ་ལྟར་བོད་མི་རྣམས་ཀྱིས་སོ་སོས་སོ་སོར་ལ་ཡིད་ཆེས་བྱེད། སོ་སོས་སོ་སོར་ལ་རེ་བ་བྱེད། སོ་སོས་སོ་སོར་ལ་སྐྱབས་སུ་འཛིན་ནས་རང་གི་འགན་རང་ཉིད་ཀྱིས་ཁུར་ནས་བོད་དོན་འཐབ་རྩོད་བྱེད་ན་བསམས་ཀྱི་འདུག རང་གིས་རང་ཉིད་ལ་སྤོབས་པ་སྤྲོད། རང་གིས་རང་ཉིད་ལ་རེ་བ་དང་ཡིད་ཆེས་བྱེད་ནས་འགན་ཁུར་ན་དམངས་གཙོ་ཡང་དག་པ་ལ་ལོངས་སྤྱོད་ཐུབ།
དེ་མིན་རང་ཉིད་ཀྱི་སྐྱབས་གནས་ཟེར་བའི་མི་གཞན་ཞིག་ལ་རེ་བ་དང་ཡིད་ཆེས་བྱེད། མི་དེས་བོད་ཀྱི་ཕུགས་བསམ་བསྒྲུབ་ཡོང་བསམས་ནས་སྡོད་ན་ཚར་ཚར་བ་རེད། མི་ལོ་སྟོང་གི་རིང་དུ་དེ་འདྲ་བསམས་ནས་བསྡད་བསྡད་པ་རེད། ཡོང་ཡ་ད་ལྟའི་གནས་སྟངས་འདི་རེད།
ཐུགས་བསམ་ཞིག་བཞེས་དང་། བོད་ལ་ཐམས་ཅད་མཁྱེན་པ་ཟེར་བའི་མི་མང་པོ་ཡོད། རྒྱལ་བ་དང་པན་ཆེན་གཙོ་བོ་བྱས་པའི་བླ་ཆེན་ཚང་མ་ཐམས་ཅད་མཁྱེན་པ་རེད། འདས་མ་ད་གསུམ་མཁྱེན་ཐུབ་མཁན་ཞིག་ལ་ངོས་འཛིན་བྱས། ཁོང་རྣམས་པའི་མཁྱེན་མ་ཐུབ་ནའང་ལྷ་བབ་ཡ་ཡོད། ལྷ་ཡིས་ལུང་བསྟན་ཡོང་གི་རེད། རྒྱལ་ཁབ་གཞན་དག་ལ་དེ་འདྲ་མི་འདུག་ག ང་ཚོའི་སླུ་བ་མེད་པ་དང་ཚད་མའི་སྐྱེ་བོ་ཡིན་ཟེར་མཁན་གྱི་ལྷ་དང་བླ་སྤྲུལ་འདི་དག་གིས་བོད་མི་རིགས་མགོ་གཏོང་ཐུབ་ཙམ་རེད་མ་གཏོགས་གཞན་ཅི་ཡང་མཁྱེན་གྱི་མ་རེད། རྒྱལ་ཁབ་གཞན་དག་ཚོའི་མཁས་པ་རྣམས་ལས་ཐབས་སྐྱོ་གི་རེད། རེད་དམ་མ་རེད།་་ཧཧཧ
བོད་མི་རིགས་ཆིག་སྒྲིལ་བཟོ་མཁན་ཆོས་ལུགས་ཡིན་ཟེར་ན་ཁས་ལེན་གྱི་མིན། རྒྱུ་མཚན་དགོས་ན་གསལ་བཤད་བྱེད་ཆོག ཨ་ནུ་ཐང་ལགས་གསུངས་ཟིན་འདུག་པས་ཡང་བཤད་མི་དགོས་པ་བྱོས།
སྤོབས་པ་མཐའ་ཡས་ལགས་ཀྱི་སྐད་ཆ་བདེན་པ་རེད། རང་ལུས་མེ་སྲེག་གནང་མཁན་ཚོས་༧རྒྱལ་བ་རིན་ཆེན་གྱི་ཆེད་དུ་རང་སྲེག་གནང་གི་ཡོད་པ་ལ་ངོས་འཛིན་བྱས་ན་མི་རིགས་ཀྱི་དཔའ་བོ་ཅེས་འབོད་ས་ཅང་ཡོད་མ་རེད་འདོད། དེ་ལ་རྒྱལ་བ་རིན་ཆེན་ཚང་གི་དཔའ་བོ་འབོད་དགོས་པ་རེད། བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་གནང་མཁན་རྣམས་ལ་མི་རིགས་ཀྱི་དཔའ་བོ་འབོད་དགོས།
(བོད་མིའི་རང་སྲེག་ལས་འགུལ་འདི་ལ་རྒྱལ་བ་རིན་པོ་ཐུགས་མི་མཉེས་པ་རེད་ཟེར།)ཞེས་པ་ངོས་ཀྱིས་བྲིས་པ་དེར་མེད་པར་སྤོབས་མཐའ་ཅན་ནས་ཞིབ་ལྟ་བྱེད་དགོས།
སྤོབས་མཐའ་ཅན་དང་ཨ་ནུ་ཐང་སོགས་དྲ་འབུ་གཅིག་གིས་བཏགས་མིང་དུ་མ་བཟུང་ནས་༸གོང་ས་མཆོག་བོད་དུ་བཞུགས་སྐབས་ཆིག་སྒྲིལ་མེད་པ་དང་རྒྱ་གར་དུ་ཕེབས་རྗེས་བོད་དུ་ཆིག་སྒྲིལ་བྱུང་བ་རེད་ཅེས་བཤད་པ་དེ་གས་ཁྱེད་རྣམ་པས་བཤད་འདོད་པ་དེ་ཟུར་བལྟས་ལེབ་མཐོང་ཆགས་པ་རེད། ཧཧཧ། ཞིབ་འཇུག་པ་དང་བོད་སྤྱི་དོན་ལ་ཤ་ཞེན་ཡོད་མདོག་ཇི་ལྟར་སྟོན་ཡང་མཐའ་མར་རང་མདོག་རྗེན་པར་ཕྱི་རུ་ཐོན་སོང་། དེ་ནི་གཏམ་དྲིས་ནས་མ་བཤད། སྒུག་ནས་བཤད་ཟེར་བའི་དཔེ་ལྟར་གྱུར་པ་རེད། ཁྱེད་རྣམ་པའི་སྤྱན་མིག་དེ་བོད་ཆོལ་གསུམ་ཡོངས་ལ་སྡང་ནས་ལྟོས་དང་། བོད་མི་ཚོས་སུ་ཞིག་ཆེད་དུ་ངུ་འབོད་བྱེད་ཀྱིན་འདུག སུ་ཞིག་གི་ཆེད་དུ་རང་སྲེག་བྱེད་ཀྱི་འདུག སུ་ཞིག་ལ་ཡིད་ཆེས་བྱེད་ཀྱིན་འདུག དེ་ནི་ང་ཚོ་བོད་ཀྱི་བོད་ཀྱི་སྙིང་རྡོག་སྟེ་༸གོང་ས་སྙིང་གི་ནོར་བུའི་ཆེད་དུ་རེད།
འཛམ་གླིང་སྐད་ཀྱིས་ཆོད་པའི་བོད་ནང་གི་རང་ལུས་མེར་སྲེག་དེ་ཁྱེད་ཚོ་བློ་ཡུལ་དུ་མ་གཤོང་བ་ཁག་མེད་པ་རེད། ༸གོང་ས་མཆོག་དང་བོད་ཀྱི་དོན་དུ་ང་ཚོའི་བོད་ཀྱི་དཔའ་བོ་རྣམས་ཀྱིས་སྙིང་སྟོབས་ཞུམ་པ་མེད་པའི་དཔའ་སྐད་མུ་མཐུད་ནས་བསྒྲགས་ངེས་རེད།
༸གོང་ས་མཆོག་འདིའི་སྐབས་བྱུང་བའི་ཆོལ་གསུམ་ཆིག་སྒྲིལ་གྱི་ནུས་པ་འདི་ལྟ་བུ་སྔར་ཆོས་རྒྱལ་ཚོའི་སྐབས་མ་གཏོགས་བྱུང་མྱོང་མེད། སྔར་ཡང་༌གོང་ས་སྐུ་ཕྲེང་བཅུ་གསུམ་པའི་བཀའ་དེ་ཁྱེད་ཚོ་ལྟ་བུ་སྤྱི་དོན་ཁ་ལ་ཁྱེར་ནས་རང་དོན་ཁོག་ཏུ་བཅུག་མཁན་དག་གིས་བཀག་པ་རེད། མཐའ་མར་ཆུ་སྤྲེལ་ཞལ་གདམས་ཀྱི་ཞལ་ཆེམས་བཞག་ཀྱང་དེ་ཡང་མ་སྒྲུབ་པར་ལོག་པར་ལྟ་བས་བཀུར་བ་འདེབས་པ་རེད། དེ་སང་ཡང་༸ཕ བླ་མ་ཡིད་བཞིན་ནོར་བུའི་བཀའ་དབུ་མ་ལམ་གྱི་སྲིད་ཇུས་ཁྱེད་ཚོས་ལོག་འགྲེལ་དང་གྱེན་ལྡོག་བྱས་ཏེ་བོད་ཕུང་ལ་སྦྱར་བར་འདོད་པ་རེད། དངོས་གནས་བོད་ལ་དྲིན་ཆེན་བྱས་དྲིན་མི་གོ་ཞེས་པ་ཅི་བདེན།
དྲིན་བྱས་ཀྱང་དྲིན་དུ་མི་གོ་གསུངས་པ་འདིའི་ཐོག་ཏུ་བཤད་ན་བོད་ཀྱི་བླ་སྤྲུལ་ཚོའི་ཆེད་དུ་བོད་མི་དམངས་དྲིན་ཆེའང། བོད་མི་དམངས་ཀྱི་ཆེད་དུ་བླ་སྤྲུལ་ཚོ་དྲིན་ཆེ་ཞེས་རྒྱུ་འབྲས་དྲང་བདེན་དཔང་དུ་བཞག་ནས་བཤད་ན་བོད་མི་དམངས་དྲིན་ཆེ་བ་ཡོད།
བོད་ཀྱི་བླ་སྤྲུལ་ཚོའི་ཆེད་དུ་བོད་མི་དམངས་ལྟ་བུའི་དྲིན་ཅན་ཞིག་ལྷོ་འཛམ་གླིང་འདི་ན་མེད་ངེས་ཡིན། བོད་མི་དམངས་ཀྱིས་ཡོད་ཚོད་ནས་ཡོད་ཚོད་ཐམས་ཅད་བླ་སྤྲུལ་རྣམས་ལ་ཕུལ་ཡོད། རྒྱུ་ཡིན་ནའང་རེད། གོ་གནས་ཡིན་ནའང་འདྲ། ཕྱོགས་ཡོངས་ནས་བོད་མི་དམངས་ཀྱིས་བོད་ཀྱི་བླ་སྤྲུལ་རྣམས་ལ་ཞབས་ཞུ་ཞུས་ཡོད། མཐའ་ན་གཅན་སྐྱག་ཡན་ཆན་དངོས་གྲུབ་ལ་བརྩིས་ནས་ཟས་ཡོད་ལ་འཐུང་ཡོད། དེ་འདྲ་རྩ་བ་ཆེན་པོ་བྱས་ཡོད།
དྲིན་བྱས་དྲིན་དུ་གོ་དགོས་མཁན་ངོ་མ་བོད་ཀྱི་བླ་སྤྲུལ་རྣམས་ཡིན། བོད་མི་དམངས་དྲིན་ཆེན་དངོས་གནས་ཡིན། དྲིན་ལན་འཇལ་དགོས་ངེས་ཡིན། དེ་ལས་གོ་ལྡོག་ནས་བོད་ཀྱི་བླ་སྤྲུལ་རྣམས་བོད་མི་དམངས་ཀྱི་ཆེད་དུ་དྲིན་ཅན་ཡིན་ཟེར་ན་ཁས་ལེན་གྱི་མིན་ལ་རྒྱུ་འབྲས་ལ་ཡང་རུང་གི་མ་རེད་དོ།
བཀླགས་ཟིན།
རྩོམ་བྲིས་པ་བཟང་གི
བཀྲ་དོན་ལ་རྒྱབ་སྐྱོར་ཡོད།
སྤོབས་མཐའ་དང་གནམ་ལོ་གཉིས་ཚང་མས་ཤེས་གསལ་རེད།
ད་ཚར་ཤག གོང་ས་མཆོག་ལ་བསྟོད་པའི་ཚུལ་གྱིས་མ་བྷིན་བཤད་ཀྱི་འདུག དོན་གྲུབ་བཀྲ་ཤིས་ནི་གྲ་བ་ཞིག་རེད་དམ། གྲ་བ་ཚོ་དྲག་སྤྱོད་ལ་བསྐུལ་བའི་དྲ་གདོན་ཞིག་རེད། གལ་སྲིད་གྲ་བ་ཡིན་ན་སྡོམ་པ་ཤོར་ཚར་འདུག་ལ། ད་སྐབས་ཀྱི་ནང་བའི་གྲ་བ་དག་འདི་འདྲ་ཞིག་ཡིན་ན། མ་གྱུར་སེམས་ཅན་ཡིད་ལ་བརྣག་པའི་ལམ་ཁའི་ནང་ནས་ཕྱི་ལ་ཐོན་ཚར་ཤག དགོན་པ་བཞེངས་མཁན་གྱི་སྦྱིན་བདག་ཡོངས་ལ་དགོངས་དག་ཞུ་ཡ་ལས་ལྷག་མི་འདུག ཐབས་སྐྱོ་བ་ལ། ད་དུང་ཆོས་པ་ཡིན་ལབ་ཀྱི་ཡོད་པ་རེད།
ཁྱི་དཔོན་གྱིས་ཧ་ཅང་གི་ཡག་པོ་གསུངས་འདུག རྒྱབ་སྐྱོར་ཡོད།
བོད་འདི་གཅིག་སྒྲིལ་ཡོང་བ་གོང་ས་མཆོག་དང་སངས་ཆོས་རེད་འདོད་མཁན་ནི་དོན་དངོས་ཀྱི་གནས་ལུགས་མ་རྟོགས་པའི་སྐྱོན་རེད། དེ་ལྟར་མིན་པ་ངས་དེ་སྔོན་ནས་མང་པོ་ཞུས་མྱོང་ལ། གལ་སྲིད་དེ་ལྟར་ཡིན་ན་སྔོན་ཆད་བོད་ལ་རང་དབང་བཙན་ཡོད་སྐབས་སུ་བོད་འདི་གཅིག་སྒྲིལ་ཡང་དག་ཅིག་བཟོ་མ་ཐུབ་པའི་རྒྱུ་མཚན་མེདད། ལྷག་པར་དུ་སྤྲུལ་སྐུ་ཚོས་གཅིག་སྒྲིལ་བཟོ་རྒྱུའི་ཚབ་ཏུ་རང་ཤུགས་གང་དྲན་གྱིས་ངར་ཤུགས་ངོམས་ཤིང་། གཅིག་འོག་ཏུ་གཅིག་འདུ་མ་ཐུབ་པར་ནང་འཁྲུག་བརྒྱབས་པའི་སྐྱོན་གྱིས་རེད།
ད་ལྟ་བོད་མི་རིགས་འདི་གཅིག་སྒྲིལ་བཟོ་མཁན་གཙོ་བོ་ནི་རྒྱ་ནག་རེད། གཅིག་ནག་གིས་སྤྲད་པའི་བཙན་གནོན་གྱིས་རེད། བཙན་གནོན་གྱིས་བོད་མི་རྣམས་ཀྱི་སྡུག་ངལ་གཅིག་པ་ཆགས་ཤིང་། སྡུག་ངལ་གཅིག་པས་ན་ཚ་གཅིག་པ་གྱུར་ཞིང་། ན་ཚ་གཅིག་གིས་བོད་འདི་སྒྲིལ་བཟོ་བཞིན་ཡོད། དེ་ནི་གང་ཟག་ག་གེ་མོ་ཞིག་དང་ལྟ་གྲུབ་ག་གེ་མོ་ཞིག་གི་བྱས་རྗེས་སུ་ཁོ་ན་རུ་བགྲང་ན་ངོས་ལེན་མེེད། གལ་སྲིད་བོད་མི་རྣམས་ལ་ན་ཚ་གཅིག་པ་དང་སྡུག་ངལ་གཅིག་པ་ཞིག་མེད་ན་ཆོས་ལུགས་དང་བླ་མ་ག་གེ་མོ་ཞིག་གིས་གཅིག་སྒྲིལ་བཟོ་ཞེས་བ་འདི་རྒྱུ་མཚན་ཡང་དག་ཅིག་ཏུ་མ་མཐོང་། གོང་ས་མཆོག་གིས་ཀྱང་བོད་འདི་གཅིག་སྒྲིལ་ཡོང་དགོས་དོན་རྒྱ་ནག་གིས་སྡུག་པོ་བཏང་བས་ཡིན་པ་ངོས་ལེན་བྱེད་ཀྱིན་འདུག
མ་གཞི་འཇིག་རྟེན་འདིར་ལྟ་གྲུབ་གང་ཞིག་ཡིན་ཡང་མི་སོ་སོའི་ཁམས་དང་མོས་བ་མ་འདྲ་བས་ཚང་མ་དེ་དང་། དེ་ལྟོས་ཀྱིས་་དགོས་མཁོ་དང་གལ་ཆེན་ཡིན་པ་སྨོས་མེད་རེད། དེ་བརྟེན། འཇིག་རྟེན་ཐོག་གི་ལྟ་གྲུབ་གང་ཞིག་ཡིན་ཡང་འདྲ་མཉམ་དང་རང་དབང་གིས་སྤྱོད་ཡ་ལ་རྒྱབ་སྐྱོར་ཡོད། འོན་ཀྱང་། དེ་དག་ལས་ལེགས་ཤོས་ཤིག་འདེམ་དགོས་བ་ཡིན་ན་གནས་ཚུལ་དང་བདེན་པ་ཁོ་ནའི་རྗེས་སུ་འབྲང་མཁན་གྱི་ལྟ་གྲུབ་ནི་ཡག་ཤོས་རེད། དེ་བརྟེན། ད་ལྟ་ཡོངས་གྲགས་སུ་མི་རྣམས་ཀྱིས་ཚན་རིག་གི་ལྟ་གྲུབ་ཡག་ཤོས་སུ་བརྩི་བཞིན་ཡོད། རྒྱུ་མཚན་ནི། ཞིབ་འཇུག་ལ་ཚད་བཀག་མེད་ཅིང་གནས་ལུགས་དང་བདེན་པ་གང་དུ་ཡོད་ན་ལྟ་གྲུབ་དེ་འགྱུར་བ་བཏང་ཆོག་ཅིང་། བཏང་རྒྱུའི་དབང་ཆ་ཡོད་པས་རེད། ལྟ་གྲུབ་སྡུག་ཤོས་ནི་གྲུབ་མཐའ་དེ་དང་། དེ་སྟོན་མཁན་གྱི་གང་ཟག་དེའི་གསུངས་ཁོ་ན་ལས་གཞན་དུ་བརྒལ་དུ་མི་ཆོག་ཅིང་། གསུངས་དེ་གནས་ལུགས་ཀྱི་མཐའ་ཐུག་པའི་བདེན་པ་དང་ཚད་མ་ཡིན་པས། ངེས་བར་དུ་དེ་ལྟར་ཡིན་དགོས་བ་འདོད་མཁན་དེ་རེད། རྒྱུ་མཚན་ནི། དེའི་རྣམས་ཀྱི་བསམ་བློའི་རང་དབང་དང་རྣམ་དཔྱོད་ལ་ཚོད་འཛིན་བྱེད་ཅིང་། མི་དེ་དག་འཚོ་བའང་གཞན་ཞིག་གི་བསམ་བློའི་ཁྱབ་ཁོངས་འོག་ཏུ་འཚོ་བ་ལས་རང་གི་བསམ་བློའི་ཁྱབ་ཡོངས་འོག་ཏུ་འཚོ་རྒྱུའི་ལམ་ཁ་མེེད་པས་རེད།
གོང་དུ་དྲྭ་གྲོགས་ཚོས་གསུང་པ་ནང་བཞིན་རང་ལུས་མེ་སྲེག་བཏང་མཁན་ཚོས་རང་བཙན་དང་དབུ་མའི་ལམ་གཉིས་ཀ་ཁུང་མ་འཁྱོལ་བའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཟུར་པ་ཞིག་བོད་ནང་ལོགས་ཐུབ་པའི་ཆེད་དུ་རེད་ཟེར་དྲིལ་སྒྲགས་བྱེད་མཁན་བཙན་བྱོལ་བ་དབུ་མའི་ལམ་གྱི་སྒྲིགས་འཛུགས་ཚོགས་པ་རེད། གལ་སྲིད་རང་སྲེག་བཏང་མཁན་དེ་རྣམས་ཏ་ལའི་བླ་མ་བོད་དུ་ལོགས་ཐུབ་པའི་ཆེད་ཁོ་ན་ཡིན་ན་ཏ་ལའི་བླ་མའི་ཁ་གྲགས་དགོས་པ་ལས་གཞན་སུས་ཁ་གྲགས་དགོས་ཀྱི་རེད། རང་བཙན་དང་དབུ་མའི་ལམ་ཁུང་མ་འཁྱོལ་བའི་ཚུལ་འདི་ན་འདུག་གཟིགས་དང་། http://www.youtube.com/watch?v=s2wZh6wbXJI
ཏཱ་ལའི་བླ་མའི་ཁ་གྲགས་དགོས་རེད་ཨེ། རྒྱ་འདྲེ་ཁྱོད་ཚོ། ཁྱོད་ཚོའི་བསམ་ཚུལ་མི་ཤེས་རྒྱུ་ཅི་ཡོད། རྡོག་རྡོག་བཤད་ན་བོད་ནང་གི་ངོ་རྒོལ་རིགས་ཏཱ་ལའི་རུ་ཚོགས་ལ་འབྲེལ་བ་འདུག ཏཱ་ལའི་བླ་མའི་བོད་ནང་གི་ངོ་རྒོལ་མཚམས་འཇོག་བྱེད་དུ་འཇུག་དགོས་ཟེར་བ་འདི་རེད་ལོ། ཧིན། རྒྱ་དམར་གི་བཤད་སྟངས་རང་རེད། ཆུ་ལ་ཆུ་བཞག་ཟེར་བ་འདི་འདྲ་ཡིན་རྒྱུ་རེད།
དམངས་གཙོ་ངོ་མ་དགེ་བཤེས་བསྟན་འཛིན་རྒྱ་མཚོ་ཁོ་ཡིན་བཤད་འདུག
http://www.youtube.com/watch?v=qZP0dGXzJls
ད་དྲི་བ་རེད་ད། ནང་ཆོས་སྦྱངས་པའི་ཕན་ཡོན་གང་རེད་དམ། ཞེ་སྡང་འདུལ་དགོས་སམ། འོ་ན། མ་པིས་རེད་ཟེར་བ་ལྟ་བུ་ཞེ་སྡང་རེད་དམ་མ་རེད།
ཀརྨ་བློ་གསལ་ལགས། བོད་ཡིག་གི་མིང་ཚིག་གིས་མ་འདང་ན་ནི་དེར་ཟད་ལ། དེ་མིན་ར་ལུག་མ་བསྲེས་ན་ལེགས་པར་སྙམ། མ་པིས་ཟེར་བ་དེ་རྒྱ་གར་སྐད་ཡིན་ནམ། གང་ལྟར་ཀྱང་རང་སྐད་ཀྱིས་མ་འདང་ན་མ་གཏོགས་སྐད་རིགས་གཞན་བེད་སྤྱོད་མ་བཏང་ན་ལེགས་པར་འདུག །
སངས་རྒྱས་ཆོས་ལུགས་ལ་བོད་གཅིག་གྱུར་བཟོ་བའི་ནུས་པ་ཡོད་མེད་ལ་བསམ་བློ་བཏང་མེད། སངས་རྒྱས་ཆོས་ལུགས་ཀྱིས་བོད་གཅིག་གྱུར་བྱེད་དང་མི་བྱེད་ཟེར་བ་དེ་ནི་དེ་ཉམས་ལེན་བྱེད་མཁན་ཚོའི་ཀུན་སྤྱོད་དེ་དུས་རབས་ཀྱི་འགྱུར་འགྲོས་དང་མཐུན་པ་ཞིག་ཡོང་མི་ཡོང་དང་། སངས་རྒྱས་ཀྱི་གཞི་རྩའི་བསླབ་བྱ་ཉམས་ལེན་བྱེད་དང་མི་བྱེད་ལ་རག་ལས་ཡོད། ཡིན་ན་ཡང་། དེ་སྐབས་སུ་མ་བབ་པའི་སྐད་ཆ་རེད། རྒྱལ་བ་རིན་པོ་ཆེ་བོད་དུ་ལོག་ཆེད་དུ་རང་སྲེག་ངོ་རྒོལ་བྱས་པ་དང་སངས་རྒྱས་བསྟན་པའི་བར་ན་འབྲེལ་བ་མི་འདུག སངས་རྒྱས་བསྟན་པ་ཆོས་ཡིན་པ་དང་རྒྱལ་བ་རིན་པོ་ཆེ་གང་ཟག་ཅིག་ཡིན་པས་ཆོས་དང་གང་ཟག་སོ་སོར་འབྱེད་དགོས་པ་དེ་སངས་རྒྱས་ཀྱི་བཀའ་སློབ་ཡོད་ན་མེད་ན་ཞིག་རེད། རྟོན་པ་བཞིའི་ཡ་གྱལ་”གང་ཟག་ལ་མ་རྟོན་ཆོས་ལ་རྟོན་”ཞེས་གསུངས་ཡོད། རྒྱལ་བ་རིན་པོ་ཆེ་གནད་འགག་ཆེ་ས་དེ་ཆབ་སྲིད་རེད་མ་གཏོགས་ཆོས་ཕྱོགས་ནས་རྒྱལ་བ་རིན་པོ་ཆེ་ལ་དམིགས་བསལ་གལ་གནད་དེ་འདྲ་གང་ཡང་ཡོད་པ་མ་རེད་འདོད། ཡིན་ན་ཡང་། རྒྱལ་བ་རིན་པོ་ཆེས་སྣེ་ཁྲིད་པའི་ཆབ་སྲིད་ལམ་ལུགས་དེ་རུལ་སུང་ནུས་མེད་དུ་གྱུར་པས་ཁུངས་མ་འཁྱོལ་སྟབས་ཁོང་གིས་དགོངས་ཞུ་བྱས་ཟིན་སྟབས་རྟ་བརྒྱུགས་ནས་རྗེས་དེངས་ཟིན་པ་རེད། ཁོང་རང་ཉིད་ཀྱིས་ཀྱང་། དེང་སང་བླ་མ་ཆོས་ཚོགས་ཀྱིས་སྲིད་གཞུང་གི་སྣེ་ཁྲིད་པའི་དུས་རབས་དེ་ཡོལ་ཟིན་པ་ཡིན་སྟབས་ངས་དགོངས་པ་ཞུ་གི་ཡིན་ཞེས་གསུངས་ཡོད།
དོན་བཀྲའི་རྩོམ་ཡིག་གཞི་རྩའི་ཆ་ནས་ཡག་པོ་བྲིས་འདུག འོན་ཀྱང་སྤོབས་པ་ཅན་དང་གནམ་ལོ་ཅན་སོགས་ཀྱིས་བཤད་པ་ལྟར་སྐབས་རེར་བློ་ཁ་ནང་དུ་བསྐོར་རྒྱུ་མང་དྲགས་པ་འདྲ་བོ་མཐོང་། རྒྱལ་བ་རིན་པོ་ཆེ་ཕྱིར་བོད་དུ་ཕེབས་འཇུག་དགོས་ཞེས་པ་ཞལ་འཆེམ་ནང་ན་གསལ་བ་ལྟར་རྩོད་པ་མེད། རྒྱལ་བ་རིན་པོ་ཆེའི་ཁོ་ན་དམིགས་སུ་བཟུང་ནས་ཞི་རྒོལ་གནང་བར་ངོས་བཟུང་ན་དམིགས་རྒྱ་ཆུང་དྲགས་པ་དང་ཡང་ན་འགྲིག་པའི་བསམ་ཚུལ་གཉིས་བྱུང་བ་ལས་གཉིས་ཀའི་བསམ་བློའི་གཞི་འཛིན་སར་སྙེག་དགོས་པ་ཡིན། འགྲིག་པ་ལྟར་ན་ལོ་རྒྱུས་དང་ཆབ་དཔལ་རིག་གསུམ་གྱིས་མཚོན་པའི་མཚོན་བྱེད་ཀྱི་ཆ་ནས་དང་། ཡང་ན་རྒྱལ་བ་རིན་པོ་ཆེའི་བསམ་བློའི་ཚད་གཞི་ཆ་ནས་ལྟོས་ཏེ་བོད་དུ་ཕྱིར་ཕེབས་རྒྱུ་བྱུང་ཚེ། འུ་ཅག་གི་འགྲོ་ལུགས་ལྟ་བུའི་སྟེང་ནས་ཕེབས་འདོད་ཀྱང་ཕེབས་སྟངས་མེད་པས་རེད། ད་ལྟ་རང་རེའི་ཕྱི་ལོགས་སུ་ཡོད་པ་རྣམས་ལའང་བེ་ཟ་སྤྲོད་ཀྱི་མེད་པའི་གནས་སྟངས་འདིས་རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་ཐུབ་མིན་དང་ཕེབས་ན་འགྲོ་འདུག་གི་སྐོར་སོགས་གང་བཤད་བསམ་མེད་བྱིས་པའི་སྐད་ཆ་ཆགས་ཡོད། དམིགས་རྒྱ་ཆུང་དྲགས་པ་ལྟར་ན་རྒྱལ་བ་རིན་པོ་ཆེ་བོད་མི་དཀྱུས་མ་ཞིག་རེད། བོད་དོན་ཐད་ཕྱག་རྗེས་ཆེས་པས་རྒྱ་ནག་གིས་ཕེབས་མི་འཇུག་པ་མ་གཏོགས། རྒྱ་ནག་པོའི་མདུན་ནས་འཛུམ་སིལ་སིལ་བྱས་ན་ལོ་རེར་ཐེངས་རེ་བོད་དུ་འགྲོ་འདོད་ཀྱང་འཐུས། འོན་ཀྱང་རྒྱལ་བ་རིན་པོ་ཆེས་དེ་གནང་གི་མ་རེད། དེ་གཅིག་བྱས།
དེ་ནས་དགེ་འདུན་པའི་སྡེ་དང་ཆོས་ལུགས་ནི་བོད་དོན་གྱི་སྙིང་བོ་ཡིན་མིན་དེ་རེད། དོན་བཀྲ་ལགས་ཆོས་པ་ཞིག་ཡིན་པའི་ཆ་ནས་དེ་ལྟར་བསམ་ཞིང་བཤད་ན་འགྲིག་གི་རེད། ཆབ་སྲིད་པ་ཚོས་ཀྱང་རང་རང་གི་ཆེད་ལས་སམ་དམིགས་ཡུལ་གང་ཡོད་དེ་གཙོ་བོ་དང་སྙིང་བོ་ཡིན་པར་སྒྲོགས་པ་དང་མཚུངས། ལྟ་བའི་འཛིན་སྟངས་ཡོད་པའི་སྐད་ཆ་རེད། ནོར་ཐལ་ཤོར་སྲིད་ཀྱང་མེད་པ་ལས་དྲགས་སྙམ། དེར་དགག་པ་གནང་མཁན་ཚོ་རེད།་མི་རབས་གསར་བ་རེད།་ལྟ་བ་གསར་བ་རེད། རྙིང་བ་མེད་པར་བཟོ་དགོས་པ་དེ་ཁོང་ཚོའི་ཆེད་ལས་ཆེད་གཉེར་གྱི་ལྟབ་རེད། དཔེར་ན། བོད་ཀྱི་སྐད་ཡིག་ཁྱབ་ཁོངས་ལས་རྙིང་བ་རྣམས་འདོར་དགོས་པ་རེད་ལ། གསར་བ་གང་ཡོད་གསར་དུ་བསྒྲིག་དགོས་པ་དེ་རེད། མ་འོངས་པར་རྒྱ་ནག་གིས་གསར་བསྐྲུན་གསར་བརྗེ་དང་བོད་ཀྱི་དེ་གཉིས་ནང་དོན་གཅིག་པ་ཞིག་ཡོང་ངེས་པ་རེད་ལ། ཡོང་རྒྱུ་འོས་མེད་པ་ཞིག་ཡིན་པས། རྒྱ་བོད་ཀྱི་ཁྱད་པར་ཡང་སྐད་ཆ་མི་འདྲ་དང་ཡི་གེ་མི་འདྲ་བ་ཙམ་ལས་མེད་ཀྱང་དེས་ཆོག་པ་རེད། གང་ཡིན་ཟེར་ན་སྔོན་ཐོན་ཚོགས་ལ་ལྟོས་པས་ཤེས་པ་དེ་རེད། ལྟ་ཚུལ་འདིར་དོན་བཀྲའི་ལྟ་བའི་ངོས་ནས་ལྟོས་ན། འོ་ན་དེ་ཙམ་ཞིག་གི་ཆེད་ལས་མེད་ན་རང་བསྲེགས་གནང་བ་ལ་སོགས་པ་དང་བཙན་བྱོལ་དུ་ཡོང་བའང་དོན་འགོ་ཆུང་བ་སྟེ། བཙན་བྱོལ་དུ་ཡོང་བའི་ཡུལ་དེར་ཡང་སྐད་ཆ་སོགས་མི་འདྲ་བས་སོ་ཟེར་ཆོག་པ་འདུག གང་ལྟར་རྙིང་བ་རྒྱུན་སྐྱོངཔར་འདོད་པ་ཚོས་དེ་ལྟར་མཐའ་འཁྱོངས་བ་གནོང་། གསར་བརྗེ་དང་གསར་བསྐྲུན་པ་ཚོས་ཀྱང་དེ་ལྟར་གནང་གི་ཡོད་པ་རད་ལ། གནང་དགོས་པ་དང་འོས་པ་ཞིག་ཀྱང་ཆགས་འདུག དོན་བཀྲར་མཚོན་ན་ལྟ་བ་དང་ལངས་ཕྱོགས་གསལ་བོ་རེད། ཁ་གཏད་པ་ཚོས་དགག་པ་མ་གཏོགས་བཀག་ནས་གཏན་ལ་འབེབས་པའི་གཞི་ད་དུང་མངོན་དུ་འགྱུར་ཐུབ་མེད་གི
འོ་ན་དེ་ཙམ་ཞིག་གི་ཁྱད་པར་ལས་མེད་ལ། བཅོས།
ངས་འདི་ན་སངས་རྒྱས་ཆོས་ལུགས་ཀྱི་བོད་སྐྱོབ་དང་མི་སྐྱོབ་ཀྱི་བརྗོད་གཞི་དེ་ཁྱེར་ཡོང་མེད། འབྲེལ་མེད་ཀྱི་སྐད་ཆ་མ་བཤད་རོགས། ངས་འདི་ན་རང་སྲེག་བྱེད་མཁན་ཚོ་དང་རྒྱལ་བ་རིན་པོ་ཆེའི་བར་ན་འབྲེལ་བ་ཅི་འདུག་ཟེར་ནས་གླེང་གཞི་ཁྱེར་ཡོང་ཡོད། ངའི་རྩོམ་ཡིག་དེ་ཀློག་དང་དེ་ནས་བརྗོད་གཞི་ངོ་མ་མཐོང་གི་རེད།
ད་གང་ཡོང་། བཤད་འདོད་པའི་སྐད་ཆ་བཀག་སོང་།
ངའི་མཆན་སྒོ་གཏད་ཀྱི་ཡིན་ན་གཏོད་ལ་ཤོག། གཏན་དུ་གཏོད་ལ་ཤོག། ངའི་དུས་ཚོད་ཤོར་བ་དང་ཁ་ཉེས་བསགས་མི་དགོས་བའི་དགེ་བ་ཡོད་ས་རེད། དེ་མིན་གཡས་གཡོན་ལས་མདུན་རྒྱབ་གཏིང་འོག་གི་ཕྱོགས་ནས་སྐད་ཆ་བཤད་ན། གནས་ཚང་མི་གཡར་དོན་ཅི་ཡིན། ཁ་བརྡ་ཚང་གི་ཁ་བདག་མགོ་བདག་ཚོ།
དཁྱེ་སཚོ་ཤདབ་པ་དེ་འསགྲིསག་དུགའ། གང་རལྟ་རནོ་འཁྲུ་ལ་ངཚ་མ་བོད་པའི་རེད། རྒྱ་ངགུ་ནཁྲ་འགྲིགས་འདུག
དོན་འགྲུབ་བཀྲ་ཤིས་ལགས་ལ། སྤྱིར་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་དེའི་ནང་བདེན་པ་དང་ལེགས་པའི་ཆ་མང་ཙམ་འདུག དགའ་བསུ་ཡོད། ཡིན་ཡང་། བསམ་ཚུལ་ཐུང་ཙམ་ཞིག་བཤད་འདོད་བྱུང་། དད་པ་དག་སྣང་དང་ཞེན་ཁོག་ཕྱོགས་རིས་ཟེར་བ་ནི་མི་བུའི་མིག་ཟུང་སྒྲིབ་བྱེད་ཀྱི་ཡོལ་བ་ལྟ་བུ་རེད། དེ་གཉིས་ཀྱིས་དོན་དངོས་མཐོང་བ་ལ་བར་དུ་གཅོད་པར་མ་ཟད་བསམ་བློའི་སྣང་ཚུལ་བསྒྱུར་ཏེ་འཁྲུལ་དུ་ཡང་འཇུག་ངེས། གལ་སྲིད་དོན་དངོས་ལ་འཁྲུལ་ཡོད་པའི་མི་ཞིག་གིས་ནམ་ཡིན་ཡང་རང་ཉིད་འཁྲུལ་ཡོད་པར་ཤེས་དཀའ་ཞིང་ཁས་ལེན་པ་ནི་དེ་བས་ཀྱང་དཀའ། དཔེར་ན་དུང་སེར་བོར་སྣང་མཁན་གྱི་མི་ཞིག་ལ་དུང་དཀར་བོ་མཐོང་བྱེད་ཀྱི་མིག་ཟུང་མེད་པ་དང་གཅིག་མཚུངས་རེད།
དེའི་ཕྱིར་ནང་ཆོས་ཀྱི་གཞུང་ནས་ཀྱང་འགྲོ་བ་མིའི་རྒྱུད་ཀྱི་འཁྲུལ་པའི་སྣང་བ་ཐམས་ཅད་འགོག་ཆེད་རིགས་པ་དང་རྒྱུ་མཚན་གྱི་ལམ་ནས་གནས་ལུགས་ཐག་གཅོད་པའི་གོ་རིམ་མང་དག་ཅིག་བསྟན་ཡོད། དེའང་གནད་འདི་ལ་ཐུག་ཡོད་པར་སེམས།
འདས་པའི་ཉམས་མྱོང་ལ་གཞིགས་ནའང་། ཁས་བླངས་པའི་དམ་ཚིག་དང་སྡོམ་པ་མིག་འབྲས་ལྟར་གཅེས་ཤིང་གཡག་རྔ་བཞིན་སྲུང་བའི་ཞི་དུལ་ཅན་གྱི་དགེ་སློང་མང་བོ་ཞིག་མདའ་གྲི་མདུང་གསུམ་ཐོགས་ཏེ་ནང་འཁྲུགས་ཀྱི་གཡུལ་ལ་ཞུགས་པའི་ལོ་རྒྱུས་མང་དུ་བྱུང་སྐད། དེ་ཚོ་ནི་དད་པ་དང་སྣང་དག་བྱེད་མ་ཤེས་པའི་དཔེ་མཚོན་གཅིག་རེད། དད་པ་དང་དག་སྣང་ནི་མི་ཞིག་གི་འཚོ་བའི་ཆ་ཤས་སུ་ངེས་པར་དུ་ཡོད་དགོས་པ་ཞིག་མིན་ལ་ཡོད་མི་ཆོག་པ་ཞིག་ཀྱང་མ་རེད། འོན་ཀྱང་། ཧ་ཅང་ཐལ་དྲག་ན་ད་གཟོད་མིའི་རྣམ་དཔྱོད་ཀྱི་བློ་གྲོས་རྨེག་མེད་དུ་བཅོམ་སྟེ་མགོ་རྨོངས་པ་ཞིག་ཏུ་འགྱུར་བར་གདོན་མི་ཟ།
༼བདེན་ན་དགྲ་བོའི་ངག་ལའང་ཉན་དགོས།།༽ཞེས་དང་། ༼ ལེགས་བཤད་བླུན་པོའི་ཁ་ནས་ཀྱང་ལེན།།༽ ཞེས་པ་ལྟ་བུའི་མི་རབས་ཡང་བརྒྱུད་ཀྱི་གཟུར་གནས་བློ་མིག་གིས་གནས་ལུགས་འཚོལ་སྟངས་དང་བདེན་པ་བརྡར་སྟངས་གཞི་ལ་སྟེ། གནམ་ལོ་ཡག་དང་སྤོབས་པ་མཐའ་ཡས་གཉིས་ཀྱིས་ཅི་ཞིག་བཤད་ཡོད་མེད་དང་། གང་བཤད་པ་དེ་དོན་ལ་གནས་ཡོད་མེད་བསྲེག་བཅད་བརྡར་གྱིས་བརྟགས་ཏེ་ཚིག་ལ་ཚིག་གི་ལན་སྟེར་རྒྱུ་ལས། བཤད་མཁན་དེ་གཉིས་མི་ག་འདྲ་ཡིན་མིན། དེ་གཉིས་ཀྱི་ཀུན་སློང་ཡག་མིན། ཆབ་སྲིད་ཀྱི་གོ་རྟོགས་ཡོད་མེད་དཔྱོད་པ་ནི་སྐུ་ཉིད་ཀྱི་ལས་མ་རེད། རབ་ཡིན་ན། ཆབ་སྲིད་མགོ་མི་ཚོས་མཁན་ཞིག་གིས་ཆབ་སྲིད་ཀྱི་སྐད་ཆ་མ་བཤད་ན་བཟང་། གལ་སྲིད་ངེས་པར་བཤད་དགོས་པའི་དབང་དུ་བཏང་ན་བཤད་སྟངས་ལ་ཉམས་འཇོག་དང་གཟབ་ནན་བྱས་ན་བཟང་། ༼གཅེས་མ་ཤེས་གཅེས་ཕྲུག་བཅུར་དང་ཐཱ།།༽ཞེས་པའི་དཔེ་རུ་ཡང་མི་འགྱུར་བའི་ངེས་པ་མེད།།
༼གཞི་ལ་བཞག་སྟེ།༽ ༼ བརྡར་གསུམ་གྱིས་༽ བཅོས་