ཁ་བ་བབས་བྱུང་།
རི་ལ་ཐང་མེད་པར་ཁ་བས་བཏུམས་སོང་།
ཆབ་གཙང་བོ་མེད་པར་འཁྱག་པས་བསྡམས་སོང་།
རྩྭ་རྩི་ཤིང་མེད་པར་གསོན་ཤུགས་ཉམས་སོང་།
ཡིན་ན་ཡང་།
ཟླ་བ་སྒོར་སྒོར་ཞིག་དལ་བུར་མཁའ་དབྱིངས་སུ་འཕགས་བྱུང་ལ།
ཟླ་འོད་ཀྱིས་གངས་ཀྱི་འཇིག་རྟེན་འདིར་གསོན་ཤུགས་བླ་ན་མེད་པ་ཞིག་སྤྲད་བྱུང་།
རང་བྱུང་ཁམས་འདི་ཡང་ཟླ་འོད་འོག་ནས་ཚེ་སྲོག་རྒྱས་པར་སྤྲོ་བ་འཕེལ་བཞིན་པའི་སྒང་ཡིན་པ་འདྲ།
ཏག་ཏག་དུས་འདིར།
སྤྱང་ལྟོགས་ཤིག་རི་མཐོའི་བྲག་སྐྱིབས་ཤིག་ཏུ་ཨོང་ཙོག་གིས་བསྡད་དེ།
རང་གི་ཕ་མེས་ནས་བརྒྱུད་པའི་གླུ་དབྱངས་ཏེ།
ཨ་འུ་་་་་་་་་་་་་་ཨ་འུ་་་་་་་་་་་་་་་་་་་་་ཞེས་པའི་དབྱངས་རྟ་སྙན་མོ་ཞིག་གི་ཀློང་དུ་བརྒྱལ་ལ་ཉེ།
ཟླ་བ་སྔར་ལས་སྒོར་དབྱིབས་སུ་མངོན་ཞིང་།
འཇིག་རྟེན་འདི་ཡང་སྔར་ལས་ཞི་འཇགས་ཀྱི་ཀློང་དུ་མནལ།
སྤྱང་ལྟོགས་དེས་ཀྱང་ཁ་བ་བུ་ཡུག་གི་གཡུལ་ས་འདི་ནས།
རང་གི་ཕ་མེས་ལ་ཕྱིར་དྲན་གྱི་སྐྱོ་གཞས་དེ་ད་དུང་བར་མེད་དུ་གྱེར་བཞིན་ཡོད་དམ།
སྙན་ངག་མ་འགོད་རོགས། ངོ་མ་བསུན་གི རང་མོས་སྙན་ངག་ནི་འདི་འདྲ་ཞིག་མ་རེད།
ཁ་བརྡ་ལ་སྙན་ངག་བྲིས་མི་ཆོག་པའི་ཁྲིམས་སུས་བཟོས་པ་རེད། ཁྱོད་ཀྱི་ཀློག་ན་མི་འདོད་ན་མིག་བཙུམ་ནས་བསྡད་ན་འགྲིག་གིས་རེད། མིའི་ལམ་ཁ་མ་འགོག་རོགས། ཁྱོད་དང་ང་གཉིས་མ་ཡིན་པའི་སྙན་ངག་ལ་དགའ་མཁན་མང་བོ་ཡོད་སྲིད་པ་རེད། ཨ་རོ་ཡེ་ཤེས་་་་རང་གི་གོ་ཡ་ཡོད་པ་དེ་འདྲ་མང་པོ་འབྲི་རོགས། ཡག་པོ་འདུག
ངས་ཁྲིམས་ཤིག་བཟོས་ཡོད་མེད་གྱི་སྐོར་བཤད་གི་མེད། ཁྲིམས་འདི་རྒད་པོས་དུ་བ་འཐེན་ས་དང་། རྒད་མོས་ཇ་བསྐོལ་སར་འཁྱེར་མ་ཡོང་། ཨེ་གོ་ཐལ།
སྙན་ངག་སྙན་པོ་འདུག ངས་སྙན་ངག་འབྲི་མི་ཤེས་མོད། འོན་ཀྱང་ཉན་ཤེས་ཀྱི་ཡོད། དེ་བས་མུ་མཐུད་དུ་སྙན་ངག་ཕྲིས། སོ་སོས་འབྲི་མི་ཤེས་པར་མ་ཟད་གཞན་ལ་ཡང་འབྲི་མི་འཇུག་མཁན་འདི་ཚོའི་སྐད་ཆར་ཁྱེད་རང་ཐུགས་མ་ཕམ།
ཁྱེད་རང་གི་གོ་བ་མི་ལོན་པ་རྒྱུ་མཚན་དུ་བྱས་ནས་འགོད་མི་ཆོག་པ་བཤད་པ་ནི་ཧ་ཅང་ཐལ་ཆེ་བ་ཞིག་མ་ཡིན་ནམ།
ངས་རང་མོས་སྙན་ངག་འདི་གོ་མེད་ཚོར་མེད་རེད་ཅེས་བཤད་ཀྱི་མེད། ང་རང་ངོས་མཚོན་ན་སྙན་ངག་འདི་འདྲར་ྐློག་མི་འདོད་གི མ་འགོད་རོགས་ཞེས་བཤད་ཀྱི་ཡོད། མཆན་བུ་ྐློག་ཤེས་པར་གྱིས།
་་རི་ལ་ཐང་མེད་པར་ཁ་བས་འགག་་
སྤྱང་ལྟོགས་ཤིག་གི་འཚོ་གནས་ལ་བར་ཆད་སླེབས
ཁ་ནམ་མཁའི་ཟླ་བར་བསྟན་ནས་ངུ་ངག་ག་ཚོད་བྱས་ཀྱང་།
ཟླ་བ་ནི་གསོན་ཤུགས་མེད་པའི་ནད་པ་ཞིག་བཞིན
ནམ་མཁའ་ན་འདར་ཡོམ་ཡོམ་བྱེད
ས་གཞི་རི་ཆུ་དང་བཅས་པ
ཟླ་བའི་ཕྱི་མིག་གི་འོད་དཀར་འོག
སྤྱང་ལྟོགས་ཀྱི་ངུ་ཟུག་འོག
འཇམ་ཆགས་སེར་གོ་མེད་ཚོར་མེད་ངང་བཞུགས་འདུག
གོང་གི་སྙན་ཐུང་འདི་ནི་འདྲ་པར་ཞིག་ལ་བལྟས་པའི་འཆར་སྣང་ཙམ་ཡིན་ལ། རིགས་རྒྱུད་ཅིག་གི་ད་ལྟའི་གནས་བབ་ཀྱང་ཡིན་ནོ། །
ངོས་གཞན་ཞིག་ནས་སྤྱང་ལྟོགས་ལ་ལྟ་བ།
སྤྱང་ཀི་ལ་སློབ་སྦྱོང་བྱེད་དགོས།
སྙན་ངག་པ་ཞི་བདེ་ཉི་མའི་ཚིག་གཡར་བ།
སྟོན་མཇུག་གི་ཆར་བ་ཟམ་ཟིམ་འབབ་པའི་ཀློང་ནས་ཅི་ཡང་མ་རག་པའི་སྤྱང་ལྟོགས་ཀྱི་ཚོགས།
ཆེས་དཀར་གཙང་གི་ཁ་བའི་ཀློང་ན་ཅི་ཞིག་འཚོལ་བཞིན་པའི་སྤྱང་ལྟོགས་ཀྱི་ཚོགས།
རིགས་རྒྱུད་གཞན་ཞིག་གི་ཤ་ཁྲག་རུས་གསུམ་གྱིས་འཚོ་བའི་སྤྱང་ལྟོགས་ཀྱི་ཚོགས།
ངོས་གཞན་ཞིག་ནས་ལོ་ངོ་ས་ཡ་དུ་མའི་ལོ་རྒྱུས་ཀྱི་གཅོང་རོང་དུ་འགྲིལ་ཡང་སྲིད།
གསེར་མདོག་གི་རི་སྤྱང་ཞེས་པའི་སྙན་ངག་སྦྲུམ་པའི་དབྱངས་གསལ་གྱི་ཡིག་འབྲུ་རེ་རེ།
གནའ་སྔ་མོའི་ཕ་ཁུའི་གཏམ་རྒྱུད་ལས་རིང་དུ་བརྒལ་ཟིན་པའི་བྱང་ཐང་གི་གཡུལ་ས་རེ་རེ།
སྤྱང་ལྟོགས་ཀྱི་ངུ་ཟུག་གིས་དཀྲོགས་པའི་མུན་ནག་གི་རྒྱབ་ལྗོངས་འདིའི་ཚོན་རིས་སྣ་ཚོགས།
ང་ཚོའི་མི་རབས་འདིས་མྱངས་པའི་རིགས་རྒྱུད་ཅིག་གི་ཚེ་སྲོག་འགག་པའི་དུས་སྐར་རེ་རེ་བཞིན།
ཁ་བ་ལེབ་མོ་ནམ་མཁའི་མཐོངས་ནས་ས་གཞིའི་སྒལ་ཚིགས་ལ་འཐོར་དུས།
ལམ་ལ་ཆས་སྔ་བའི་སྤྱང་ལྟོགས་ཀྱི་རུ་དཔུང་ཞིག་གི་འོད་དུ་འཚེར་བའི་ཞབས་རྗེས་ཟབ་མོས།
ཧི་མ་ལ་ཡའི་ལོ་རྒྱུས་དེབ་ཐེར་གྱི་ངོས་གཞན་ཞིག་ཡོངས་སུ་བཀང་ཡོད་ལ།
ཉི་འོད་འཚེར་བའི་གངས་ཐང་གི་སྙན་ངག་ཅིག་ཀྱང་འདི་ནས་མགོ་བརྩམས་ཟིན།
སྤྱང་ལྟོགས་ལྟ་བུའི་འཁྱམ་པོ་རེ་རེ་བཞིན་མི་ཡུལ་གྱི་རི་གྲོང་ནས་རྒས་དུས།
སུ་ཞིག་གིས་བྱང་ཐང་གི་ཁ་བའི་ངོས་སུ་ཁྲག་དམར་གྱི་སྙན་ངག་དང་གཏམ་རྒྱུད་འབྲི་འོས།
སུ་ཞིག་གིས་མཁའ་དབྱིངས་སུ་རང་དབང་གིས་རྒྱུ་བའི་ཟླ་བར་བསྟོད་གླུ་ལེན་འོས།
ནམ་ཞིག་ལ་སྤྱང་ལྟོགས་དང་ཟླ་བའི་གཏམ་རྒྱུད་ལ་མཐའ་མཇུག་གི་བཞི་ཤད་འབྲི་འོས།
དུས་རབས་རེ་རེ་བཞིན་ལོ་ཟླའི་ཆུ་ཕྲན་གྱིས་ཁུར་ཏེ་རྒྱང་རིང་གི་གནམ་མཐར་ཡལ།
མི་རབས་རེ་རེ་བཞིན་དགའ་སྐྱོའི་ཚོར་བ་ཡིས་གདུངས་ཏེ་མི་རྟག་པའི་ཀློང་དུ་ཐིམ།
སྤྱང་ལྟོགས་ཀྱི་རིགས་རྒྱུད་ཀྱང་ཁ་བའི་ཡུལ་ལྗོངས་སུ་སྒྱུ་མའི་འཕྲུལ་བཞིན་ཡལ།
མཐའ་མཇུག་ཟླ་བ་ཁེར་འཁྱར་ཞིག་གི་ཚེ་སྲོག་ལས་འདས་ཟིན་པའི་བྱུང་བ་རེ་རེ་མུན་ནག་གི་ས་གཞིར་འབབ།
སྙན་ངག་ལེགས་པོ་འདི་འདྲ་ཞིག་བྲིས་པར་ཐུགས་རྗེ་ཆེ་ཞེ་ཞུ་རྒྱུ་ཡིན།
འབྱོན་ལེགས།
སྟག་སྨྱོན་འབྱོན་ལེགས།
དྲྭ་གྲོགས་རྣམ་པས་མཁྱེན་གསལ་ལྟར་ཁར་སང་བསྟན་འཛིན་ཟེར་བ་ཞིག་གིས་གུང་ཁྲན་ཏང་གིས་དྲང་པོ་བྱས་ཚུལ་གྱི་རྩོམ་ཞིག་བྲིས་པ་དེར་ངས་ག་ཚོད་ཐུབ་ཐུབ་ཀྱི་དགག་པ་བརྒྱབ་པ་ཡིན། མདངས་དགོང་ཡང་བསམ་བློ་མང་པོ་བཏང་། དགག་ལན་འབྲི་རྒྱུའི་གྲ་སྒྲིག་ཨང་གསར་འདྲ་བྱས་པ་ཡིན་ཡང་དེ་རིང་ཡིན་ན་རྩོམ་ངན་དེ་བསུབས་ཚར་འདུག རྣམ་པ་ཚོས་མཁྱེན་དགོས་པ་ཞིག་ལ་ངས་བསྟན་འཛིན་གྱིས་རྒྱ་མིའི་ཚབ་བྱས་ཏེ་བྲིས་པ་རེད་ལ་ཤུགས་ལྡན་གྱི་ཚབ་བྱས་ཏེ་བྲིས་པ་རེད་ཅེས་གཏན་ནས་ཞུ་བཞིན་མེད། ཁོ་རང་གིས་ནོར་འཁྲུལ་ཐེངས་གཅིག་བྱས་པ་རེད། བསྟན་འཛིན་ཟེར་བ་དེས་ཉེ་སྔོན་ཞིག་ལ་མི་ལ་རས་པའི་རྣམ་མགུར་གྱི་སྐོར་ལ་དོག་འདྲི་ཡག་པོ་ཞིག་བྱས་པ་དེ་ངས་ཧ་ཅང་ལེགས་པོ་མཐོང་སོང་། ཁོང་གིས་མ་འོངས་པར་ཡང་གུང་ཁྲན་ཏང་གིས་དྲང་པོ་བྱས་ཚུལ་ལྟ་བུའི་རྩོམ་ངན་མི་འབྲི་བར་རྩོམ་ཡིག་ཡག་པོ་གང་མང་དྲྭ་ངོས་འདིར་བཀོད་པའི་རེ་བ་ཡོད།
ཨ་ལགས་དོལ་རྡོའི་”ཁུངས་ལུང་མེད་པའི་བོད་རང་བཙན་སོགས”ཁ་བརྡ་རུ་སྐུ་ཟིལ་བ་ཁྲོམ་མེར་བཞུགས་སུ་བཅུག་ནས་བསྟན་འཇིན་གྱི་ཟུར་ཟའི་གཏམ་བཤད་ཐབས་ཆག་དེ་འཆི་ལམ་ལ་འདེད་དོན་གང་ཡིན་ནམ།
དཀོན་མཆོག་གི་བཤད་པ་དེ་བདེན། བསྟན་འཛིན་གྱི་རྩོམ་དེ་བསུབ་དགོས་དོན་མི་འདུག རྒྱ་ནག་གིས་བོད་དོན་གླེང་བའི་རྩོམ་ཚོད་འཛིན་བྱེད་པ་དང་འདི་གཉིས་བྱེད་སྟངས་གཅིག་པ་རེད། ཡེ་ཤེས་ཀྱིས་རང་བཙན་མ་རེད་ཟེར་བ་དེ་བསྟན་འཛིན་གྱི་རྩོམ་ལས་ཀྱང་སྡུག
ཡེ་ཤེས་ཀྱིས་བོད་སིལ་བུར་འཐོར་ནས་བཟུང་བོད་ལ་གཅིག་གྱུར་རང་བཙན་གྱི་ལོ་རྒྱུས་ཤིག་མི་འདུག་ཟེར་བ་དེར་སུ་ཡིས་ལན་གནད་དུ་ཁེལ་བ་ཞིག་བརྒྱབ་འདུག ངས་དེ་འདྲ་མ་མཐོང་།
བསྟན་འཛིན་གྱི་རྩོམ་དེ་ཁོ་རང་གིས་བསུབས་པ་ཡིན་ན།