ལྷ་སྲས་ཐ་ཆུང་།
བྷྱོ། ས་ཆེན་འཛམ་བུ་གླིང་ནང་ན།།
ཨ་རི་ཕོ་བྲང་དཀར་པོ་ཞེས།།
མིང་དུ་གྲགས་པའི་ཕོ་བྲང་ན།།
འགྲོ་ལ་ཨ་སྒོར་བསྩོལ་མཛད་པའི།།
འཛམ་གླིང་རྒྱལ་བོ་ཨོ་བྷ་མ།།
སྤྱན་འདྲེན་གངས་ཅན་གནས་འདིར་བྱོན།།
སྲིད་འཛིན་ཨོ་བྷ་མ་དེ་ཡིས།།
དྲག་ཆས་དམག་གི་དཔུང་དང་བཅས།།
གངས་ཅན་ཡུལ་དུ་གཤེགས་སུ་གསོལ།།
རྒྱ་དམར་ཀླ་ཀློའི་དཔུང་གི་ཚོགས།།
སྐད་ཅིག་ཉིད་ལ་ཐལ་བར་རློགས།།
ཕ་ཡུལ་སྐྱིད་པའི་གངས་ལྗོངས་ལ།།
རང་དབང་ཉི་མ་མྱུར་དུ་སྩོལ།།
ཨ་རི་ཡུལ་དུ་བཞུགས་ཙ་ན།།
ཨ་རིའི་སྲིད་འཛིན་ཨོ་བྷ་མ།།
ཨ་སྒོར་སྔོན་པོ་གཡང་དང་བཅས།།
སྤྱན་འདྲེན་གངས་ཅན་གནས་འདིར་བྱོན།།
དངུལ་གྱིས་ཕོངས་པའི་བོད་འབངས་ལ།།
ཨ་སྒོར་ཆར་བ་དབབ་ཏུ་སྩོལ།།
སྤྲོ་སྐྱིད་ལྡན་པའི་འཚོ་བ་ལ།།
རང་དབང་ངང་དུ་རོལ་བར་སྩོལ།།
གངས་ཅན་བོད་ཀྱི་རིགས་གཞུང་དེ། །ཨ་སྒོར་མཛོད་དུ་འཐེན་པ་ན། །
བརྡ་ས་བོད་མིའི་སྒྲིགས་འཛུགས་དེས། །བོད་མི་བསྲེགས་ནས་ཨ་སྒོར་འཚོལ། །
གངས་ཅན་བོད་ཀྱི་མཛེས་ལྗོངས་སུ།
རྡོ་སྣུམ་་རྒྱ་མཚོ་འཁྱིལ་ནས་ཡོད།
རིན་ཆེན་གཏེར་གྱི་བང་མཛོད་ཡོད།
མྱུར་མར་མྱུར་བར་མ་བཤེགས་ན།
རྒྱ་མིས་ཁྱེར་ནས་རྫོགས་ལ་ཉེ།
གཉིས་པ་བཞུགས་སུ་གསོལ་བ་ནི། ཧྲི། ཧུ་ཅིན་ཐོ་ཡི་རོ་ཐོག་ཏུ།། འུན་ཅ་པོ་དང་ཞི་ཅིན་པིན།། མགོ་བོ་སྒྱེད་པུ་བརྩེགས་པའི་སྟེང་།། ཨོ་རྦ་ལ་སོགས་ཆེ་རྒུ་ཀུན།། རྔམས་བརྗིད་ཚུལ་དུ་བཞུགས་སུ་གསོལ།། ས་མ་ཡ་ཏི་ཏྲ་ལྷན།།
ཨོཾ་ཨཿཧཱུྃ། འཛམ་བུ་གླིང་དང་གླིང་ཕྲན་ཀུན། །མ་རུང་མི་མཐུན་ཡས་ཀྱི་རྫས། །སྨྱོས་བྱེད་དུག་ཆུ་མཐའ་དག་སོགས། ཧུ་གཅིན་ཐོ་ཡི་སྙིང་ལ་བླུགས། །ཞི་གཅིན་ཕེས་ཡི་ཁ་རུ་བླུགས།
འོན་སྐྱག་པོ་ཡི་མཇེ་ལ་བླུགས། །བླུགས་ནས་ཁེངས་པར་གྱུར་པའི་ཚེ། །ལུས་ཕུང་དུམ་བུ་སྟོང་དུ་གས། །ཡོངས་གྱུར་སྡིག་པ་ར་ཙར་གྱུར།
བཞི་པ་བསྟོད་པ་ནི། ཀྱེ། རྒྱ་ནག་སྲིད་འཛིན་ཧུ་གཅིན་འཐུང་། །བཅོས་མའི་འཛུམ་མདངས་གདོང་ལ་མཛེས། །ཞེ་ནག་སྡིག་པ་སེམས་ལ་མཛེས། །འཛམ་གླིང་སྡུག་གི་མུན་པར་སྦྱར། །བོད་མའི་སྲོག་དབུགས་ཧུབ་ཀྱིས་འཐུང་། །མི་ཤ་སྲེག་དང་རློན་པར་རོལ། །ཆོས་ལ་སྡང་ཞིང་སྡིག་ལ་དགའ། །དམྱལ་གནས་མེ་དཔུང་འབར་བའི་ཁྲོད། །རིངས་པར་གཤེགས་པའི་ལས་ལ་བྲེལ། །ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ། ཧུ་མཇེ་ཕཊ་མ་ར་ཡ།
ལྔ་པ་བསྙེན་པ།
བདག་ཉིད་སྤྱན་རས་གཟིགས་དབང་གི།
ཐུགས་སྲོག་ཧྲཱི་ལས་འོད་འཕྲོས་པས། །
ཡར་མཆོད་མར་འཕྲོས་རྒྱ་ནག་གི །
དཔོན་རིགས་ཀུན་ལ་ཕོག་མ་ཐག།
བ་མོས་ཉི་ཟེར་བཅོམ་པ་བཞིན། །
སྐམ་རུལ་འཐོར་ཞིག་རླུང་གིས་འཁྱེར། །
ལྷག་མེད་མིང་ཙམ་མེད་པར་མཛོད། །
རྒྱ་དམར་་ཞིག་ཞིག་ཤིག་ཤིག་ཉོག་ཉོག་ཕཊ་ཕཊ་ཕཊ
ཞེས་དྲག་ཏུ་བཟླས།
དྲུག་པ་མཆོད་པ་ནི། སྐྱག་པ་སྐམ་པོའི་ཞལ་ཟས་འདིས། ཧུའུ་ཅིན་ཐོ་ཡི་ཐུགས་དམ་བསྐང་། གཅིན་པ་འཁྱིལ་བའི་མཆོད་ཡོན་འདིས། འུན་ཅ་པོ་ཡི་ཐུགས་དམ་བསྐང་། བོད་མི་བསད་པའི་ཤ་ཁྲག་འདིས། ཞི་ཅིན་ཕིན་གྱི་ཐུགས་དམ་བསྐང་། མེ་བསྲེགས་བཏང་བའི་ཐལ་བ་འདིས། རྒྱ་དཔོན་ཡོང་ཀྱི་ཐུགས་དམ་བསྐང་། ཨརྒམ་ནས་ཤཔྟའི་བར་སྦྱར།
རང་གིས་འེ་འཇོན་མིན་ལྟ་བར། །
གཞན་ལ་སྐྱབས་བཅོལ་ཞུ་རྐྱང་བ། །
བོད་མི་ཁྱེད་ཚོའི་གོམས་གཤིས་ལ། །
འདྲེ་ངའི་འཁོར་ཚོགས་གད་མོ་ཤོར། །
ཁོང་དགོད་ཤོར་ན་ཁྱོད་ལ་ཤོར།།
རེ་བའི་ཕུག་འདུན་མ་འགྲུབ་པས།།
ད་ལྟ་འདྲེ་ཡི་ལུས་སུ་སྐྱེས།།
ཡང་ན་འདྲེ་ཡི་འབག་མགོ་གྱོན།།
བདུན་པ་བསྒྲལ་བ་ནི།
ཧུ་ཕཊ་མཇེ།
ཤར་ཕྱོགས་སོག་པོའི་དཔུང་ཚོགས་ཀྱིས།།
ལག་ནས་མེ་མདའ་འུ་རུ་རུ།།
ཁ་ནས་ཀི་སྒྲ་ཤ་ར་ཤ་ར།།
ཧུ་སོགས་དམར་པོའི་མགོ་བོ་ལ།།
མྱུར་དུ་རྒྱོབ་ལ་མ་ར་ཡ།།
ལྷོ་ཕྱོགས་རྒྱ་གར་དཔུང་ཚོགས་ཀྱིས།།
ལག་ན་རྒྱུག་པ་ཐོགས་སེ་ཐོག །
ཁ་ནས་རྦེ་འཇོ་ལྷངས་སེ་ལྷང་།།
ཨུན་སོགས་དམར་པོ་སྙིང་རྩ་ལ།།
མྱུར་དུ་རྒྱོབ་ལ་ས་མ་ཡ།།
ནུབ་ཕྱོགས་ཡུ་རོབ་མཐུན་ཚོགས་ཀྱིས།།
ལག་ན་འབར་རྫས་ཡོམས་སེ་ཡོམ།།
ཁ་ནས་སོད་སོད་རྒྱོབས་སེ་རྒྱོབ།།
ཞི་སོགས་དམར་པོའི་རྐང་ལག་ལ།།
མྱུར་དུ་རྒྱོབ་ལ་ཀི་ལ་ཡ།།
བྱང་ཕྱོགས་ཨ་རིའི་དཔུང་ཚོགས་ཀྱིས།།
ལག་ན་རྡུལ་མཚོན་མེ་རེ་རེ།།
ཁ་ནས་ཤེ་ཊི་དི་རི་རི།།
ཐུན་མོང་དམར་པོའི་རྩ་ཆེན་ལ།།
མྱུར་དུ་རྒྱོབ་ལ་ཏི་ར་བམ།།
ཞལ་བཏབ།
བསྒྲལ་བའི་ཞིང་བཅུ་རྒྱ་དམར་གྱི། །དཔོན་རིགས་མཐའ་དག་ལྷུ་གཟུགས་ཀུན། །བཏུག་ཤིག་ཉོག་ཤིག་མ་ར་ཡ།
བཏུན་ཤིག་ཐོ་བས་བརྡུང་བྱས་ཏེ། །མཆོད་ཡུལ་གོང་མ་སྤྱན་རས་གཟིགས། །ཞལ་ཏུ་བཞེས་ཤིག་ཁ་རམ་ཁ ཧི།
ཡང་གཅིག་ཞལ་དུ་གསོལ་བ་ནི། །སྲིད་བློན་བློ་སེང་དྲག་པོའི་ཞལ། །རྒྱ་དམར་བསྟན་དགྲ་དམ་སྲི་ཀུན། །ཧུབ་ཅིག་མིད་ཅིག་བཞེས་ཤིག་རོལ། །བློ་སེང་གཟི་དཔལ་རྒྱས་གྱུར་ཅིག། །
ས་བཅུའི་སེམས་དཔའ་མན་ཆད་ཀྱི།
ན་རག་དམྱལ་བའིབདར་སོའི་ཡན།
ཐམས་ཅད་བསྒྲལ་བའི་ཞིང་གྱུར་པས།
བྱམས་སྡང་གཉིས་སུ་དབྱེ་བ་མེད།
དེ་ལྟའི་རྟོགས་པ་མི་ལྡན་ཞིང།
སྒྲོལ་བྱེད་བསྒྲལ་བྱ་གཉིས་འཛིན་པས།
གནམ་ས་འགེངས་པའི་བསྒྲལ་བའི་སྒྲ།
སྒྲོགས་པར་གྱུར་ཀྱང་བྲག་ཆའི་སྒྲ།
སྒྲོལ་བྱེད་ངར་འཛིན་འཇིགས་རུང་གིས།
ཡོངས་སུ་འཆིངས་ཏེ་བསྒྲལ་བའི་ཞིང།
སྒྲོལ་ཞེས་འབྲུག་སྟོང་ལྡིར་བའི་སྒྲ།
བསྒྲགས་ཀྱང་རང་ཉིད་སྲིན་པོའི་རྒྱུ།
བསྒྲལ་བྱ་སྒྲོལ་བྱེད་མེད་པར་བདེན་མེད་དུ།
རྟོགས་པ་མེད་པ་སྒྲུབ་པའི་གང་ཟག་གིས།
ཁ་ཕོ་ཆེས་ཆེར་སྒྲོགས་ཀྱང་རང་ཉིད་ནི།
ཆེར་དྲེགས་སྲིན་པོའི་སྒྲུབ་བྱེད་ཉིད་དུ་ཟད།
རང་རྒྱུད་མ་ཁྲོལ་སྤྱོད་པ་ཐོ་ཆོ་ཆེ།
འདྲེ་སྨྱོན་འཁྲུལ་པ་རི་ལ་ཤོར་བ་འདྲ།
གསང་སྔགས་མི་ཤེས་བསྒྲུབ་པ་རྔ་བོ་ཆེ།
སྤྲང་པོར་མཐོ་ལ་སློང་མོ་བྱེད་པ་འདྲ།
རང་རྔེ་བཀང་ནས་བོས་ཀྱང་འོང་མི་འགྱུར།
རྒྱུད་སྡེ་མི་ཤེས་ཚོགས་འཁོར་ཁ་བོ་ཆེ།
མཐའ་འཁོབ་རབ་ཆད་ཕྱུག་པོ་ཤི་ཁ་འདྲ།
མང་པོར་སྤུངས་ཡང་གཏད་སོ་མེད་པར་འགྱུར།
ཚང་མས་སྙིང་རྗེ་མོ་ཞེ་དྲག་བྲིས་ཤག་ལོ་་་་་་་་འབྲི་སྟངས་འགྲོ་སྟངས་བྱེད་སྟངས་དེ་ག་རང་རེད་ལོ་་་་་་་མུ་མཐུད་ཅིག་ལོ་་་་་་་
ཡག་པོ་བྲིས་ཞག་་་་་་་་་་་་་་་་་་དངོས་གནས་ཐུགས་རྗེ་ཆེ་་་་་་་་་
Hi