གཉིས་མེད་སེངྒེ།
དམར་ལྟེམ་མེར་གྲྭ་ཚང་སྐྱོང་སྐད་ཀྱིས།།
ཚོ་སྟུག་གེ་རྒྱ་བོད་སྦྱིན་བདག་ལས།།
ལྗིད་ཡེར་རེ་དངུལ་ལོ་བཤུ་གཞོག་གིས།།
ཟ་མཁས་སེ་བླ་སྤྲུལ་ལས་ཅན་པོ།།
བདེན་ཤགས་སེ་གཏམ་བཤད་རྫིག་པོ་ཡིས།།
འཐོམ་མེར་རེའི་མི་མང་མགོ་བསྐོར་ཏེ།།
སྟོང་སངས་སེ་ལག་ལེན་མེད་ན་ཡང་།།
འཁྲབ་མཁས་སེ་དཔོན་པོ་ལས་ཅན་པོ།།
འདྲ་ཆགས་སེ་ལག་ཁྱེར་རྫུན་མ་ཡིས།།
བརྗིད་ཆགས་སེ་རྐུབ་སྟེགས་ཉོས་ནས་ནི།།
བག་ཡངས་སེ་ཇ་ཆང་རོལ་པའི་ངང་།།
འདུག་མཁས་སེ་གཞུང་ཞབས་ལས་ཅན་པོ།།
སེར་གྱིལ་ལེར་ཆོས་གོས་རྣམ་གསུམ་ནང་།།
དམར་ཧྲེང་ངེར་བུ་མོ་རུམ་ནས་ནི།།
དྭངས་ཟིལ་ལེར་ཆང་རག་འཇོལ་ཉོག་ཏུ།།
སྤྱོད་མཁས་སེ་སྐུ་ཞབས་ལས་ཅན་པོ།།
འཇིགས་ཡེར་རེ་གདོན་བགེགས་འདུལ་ལོ་ཞེས།།
འདར་སིག་གེ་དུད་འགྲོ་མགོན་མེད་ཀྱི།།
དམར་ཙར་རེ་སྙིང་ཁྲག་མཆོད་པ་པོ།།
ངམ་གནག་སེ་སྔགས་འཆང ་ལས་ཅན་པོ།།
སེར་ལམ་མེར་སྟོན་པའི་ན་བཟའི་འོག།།
ནག་འཐོམ་མེར་ཨ་ཕ་ངེས་མེད་ཀྱིི།།
ལྗིད་ཏིག་གེར་ཕྲུ་གུ་སྦྲུམ་ན་ཡང་།།
བཀོག་མཁས་སེ་ཨ་ནེ་ལས་ཅན་མ།།
འཛུམ་དམུལ་ལེར་ཁ་ནས་བསྟོད་ར་འཐེན།།
ནག་རོག་གེར་ཁོག་ནས་ཇུས་ངན་བཤམས།།
ལྷོད་ཤིག་གེར་རྒོལ་བའི་གོ་སྐབས་ལ།།
སྒུག་མཁས་སེ་གྲོགས་པོ་ལས་ཅན་པོ།།
ཁྲ་ཆིལ་ལེར་གྲོང་ཁྱེར་ཆང་ཁང་ནས།།
བཟི་བེར་རེར་མགྲོན་པོའི་དངུལ་ཁུག་ཏུ།།
མིག་ཅེར་རེར་ལྟ་བཞིན་ཆགས་ཉམས་ཀྱིས།།
འགུགས་མཁས་སེ་བུ་མོ་ལས་ཅན་མ།།
ཁུ་སིམ་མེ་རྒྱ་གར་གྲོང་གསེབ་ཀྱི།།
འུར་ཟིང་ངེ་སྤྱི་ཚོགས་སྣང་བརྙན་འགའ།།
གསལ་ལྷང་ངེར་ཡིད་ལ་ཤར་བ་ན།།
ཁ་གསངས་སེ་ཡི་གེར་བཏབ་པའོ།།
སྙིང་རྗེ། འདི་ན་ཡང་སྤྲང་པོ་འཇོན་ཐང་མེད་པས་ཅི་ཡང་མ་ཐོབ་མཁན་ཞིག་གིས་ཕྲག་དོག་གི་དུག་ཁུ་སྐྱུགས་ཀྱིན་འདུག སྐྱེ་བ་རྗེས་མར་ཁྱོད་ལ་ཡང་ཅུང་ཞིག་ཐོབ་པར་ཤོག
ཁུ་སིམ་མེ་རྒྱ་གར་གྲོང་གསེབ་ཀྱི། །
འུར་ཟིང་ངེ་སྤྱི་ཚོགས་སྣང་བརྙན་འགའ། །
གསལ་ལྷང་ངེར་ཡིད་ལ་ཤར་བ་ན། །
ཁ་གསངས་སེ་ཡི་གེར་འབྲིམ་ཁན་ཁྱོད། །
མི་དཀར་པོར་ཞྭ་ནག་བཀོན་མཁན་ཁྱོད།
ཁྱོད་གཅིག་པུར་ཕུང་གསུམ་ལུས་དོན་ཅི། །
གཉིས་མེད་སེངྒེ་ཁྱོས་ད་མྱི་སྐྱོན་ཞིག་འཐེན་དགོས་ན་ཐོགས་པ་ཟིག་མེད་ཀི་ཡ།
རྡ་སའི་སྨོན་ལམ་མི་འདོན་དགུ་འདོན་མ་བཞུགས་སོ།
བཙུན་པ་བཙུན་མ་དབེན་པའི་དགོན་གནས་ན།
མྱིག་རྡོག་ཀླད་ལ་འཁོར་ནས་བཞུགས་པའི་ཚོགས།།
ཁ་ངན་ལྟ་ངན་ལོག་པ་མི་བཤད་པར།།
བདག་གི་ཡིད་ཀྱི་དད་ཕྱག་ཁྱེད་ལ་འབུལ།།
བཙུན་རྒོད་བན་རྒོད་རྒྱ་གྲོང་རི་གྲོང་ན།
ཕམ་པའི་ཁ་ལ་སྨྱོན་པའི་ལྟ་སྤྱོད་ཅན།
ལུས་ལ་སྙིང་རྗེ་ཡིད་ཀྱིས་མ་བཟོད་པར།།
བདག་གིས་ཁྱེད་རྣམས་སྐྱ་སར་ཕེབས་བཞུད་ཞུ།
ང་དང་ང་འདྲའི་འཇིག་རྟེན་སྲིན་པོ་ཚོས།།
བྱུང་ན་ཆོས་ཀྱི་སྦྱིན་པར་འབུལ་བ་དང་།།
མ་བྱུང་རང་ཁ་རང་གསོར་འབད་པ་ལ།།
རྡ་སའི་གཞི་བདག་ཚོགས་ཀྱིས་ལམ་ཞིག་སྩོལ།།
ཁ་འདོན་འདི་ཐེངས་གསུམ་ལ་ཀློག་ན་ཕན་ཡོན་ཤིན་ཏུ་ཆེའོ།
གནམ་གྱིས་མཛད་པའི་ཁ་འདོན་འདི་ཐང་མ་གཅིག་བཀླགས་ཟིནད་པས། ང་ལ་ཡང་འདི་ཀློག་པའི་ཕན་ཡོན་ཡང་ཐོབ་པའི་རེ་བ་ཡོད།
ད་ཡིན་ན་མི་འདི་ཚོས་ཅི་ཞིག་བསམས་གི་ཡོད་ན་།
རང་སྐྱིད་པའི་ཕ་ཡུལ་རྒྱབ་ཏུ་བཞག།
ས་མི་ཡུལ་ལུང་པ་དང་བླང་།
སེམས་བསམ་དོན་མ་་འཁེལ་འགའ་ཞིག་གིས
སྐྱབས་བསླུ་མེད་དགེ་བའི་བཤེས་གཉེན་ལ།
འཁོར་སློབ་མ་སྐྱོང་བའི་མཛད་འཕྲིན་ལ།
ཕྲག་དོག་ཀྱང་མི་དོ་སྔོན་གྱི་ལས།
རང་བསོད་ནམ་རྫོགས་་བྱེད་མ་གཏོག་པར།
ཁོང་རྣམས་ཀྱིས་གསང་གསུམ་འཕྲིན་ལས་ལ།
ཁྱོད་ལྟས་ངན་ངག་གིས་་ག་ལ་ཁོག།
དཔེ་ཉི་མའི་དཀྱིལ་འཁོར་དམ་པ་ལ།
ཁོ་ལྟས་ངན་འུག་པ་སེར་པོ་ཡིས།
སེམས་མ་རུང་ངན་པ་གང་འཆང་ཡང་།
དེས་ཉི་མའི་གཟི་འོད་མི་གནོད་བཞིན།
སེར་ཁྱིལ་ལེ་ངུར་སྨིག་འཛིན་པའི་མཆོག།
གནོད་མི་ནུས་གཤིས་ཀྱི་དགེ་བའི་བབས།
ལས་དྲང་བདེན་འབྱེད་པའི་མགོ་དཔོན་དེས།
སྡུག་སྣ་དགུ་ཚང་བའི་མི་ངན་ལ།
བཀའ་གནང་ལྕགས་ཐོག་ལས་ཚ་བ་ཞིག།
ལྗིད་ལྷང་མེ་ཕབ་དུས་དབང་མེད་པར།
མི་འདོད་ཀྱང་མི་འཁུར་དཀའ་མེད་ལས།
ལས་་རྒྱུ་འབྲས་་གོ་ལྡོག་མི་སྲིད་པས།
མེ་ཚ་པོ་གྲང་མོ་མི་འགྱུར་དང་།
ཆུ་སླན་ཤེར་སྲ་་ཧྲག་མི་འགྱུར་བཞིན་
ཁྱོད་ཁྲོ་ཡང་བྱེད་ཐབས་མ་མཆིས་སོ།
སྐྲ་སོར་གསུམ་བླ་མའི་ཕྱག་ཏུ་ཕུལ།
ལུས་རྣམ་གསུམ་ངུར་སྨིག་བརྒྱན་གྱིས་རྒྱན།
སེམས་ངན་བྱུང་ཐར་ལམ་ལ་འཚོལ་ཞིང།
ལུས་སྐྱེ་གཟུགས་ལེགས་ཤིང་མཚར་བ་ཡི།
ཆོས་རྣམ་དག་བརྩོན་པའི་བཙུན་མ་ལ།
ཁྱོད་ལྟས་ངག་གི་འཚེ་མི་ཐུབ།
བསམ་ཚུལ་འདོན་མཁན་ཚང་མར་དགའ་བསུ་ཞུ། ཁུ་སིམ་མེ་རྒྱ་གར་གྲོང་གསེབ་ཀྱི།། ཞེས་པ་ཁུ་སིམ་མེ་རྒྱ་གར་གྲོང་གསེབ་ནས།། ལ་བཅོས་རོགས།
རྡ་སའི་ཁ་འདོན་གྱི་ནང་ནས་ཚིག་གཅིག་ནོར་འདུག
(ཧམ)་པའི་ཁ་ལ་སྨྱོན་པའི་ལྟ་སྤྱོད་ཅན། ཟེར་དགོས་བ་རེད། ཕམ་པ་ལབ་འདུག་པ་བཅས་རོགས་གནང་།