ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
དཀའ་ལས་མ་བརྒྱབ་འཚོ་བ་སྐྱེལ་མཁན་མང་།།
ཁ་དམག་བརྒྱབ་ནས་སྤྱི་ཚོགས་སྐྱོང་མཁན་མང་།།
གང་བྱུང་བཤད་ནས་སྤྱི་ཚོགས་དཀྲུགས་མཁན་མང་།།
ང་རྒྱལ་རློམ་བཞིན་གཞན་སྐྱོན་གླེང་མཁན་མང་།།
བཅའ་སྒྲིག་རྡོག་རོལ་མང་གཙོའི་ལམ་ལུགས་མིན།།
ཆོལ་ཁ་རྒྱབ་ཁྱེར་བཅའ་སྒྲིག་དགོངས་དོན་མིན།།
ཇུས་མེད་འགན་འཁུར་ཡ་རབས་བཟང་སྤྱོད་མིན།།
ཉེ་རིང་ཕྱོགས་གཏོགས་མང་གཙོའི་ལམ་ལུགས་མིན།།
བསྟོད་ནས་དགའ་རྒྱུ་སྨད་ནས་སྡུག་རྒྱུ་མེད།།
ཐམས་ཅད་ཉོན་མོངས་སྡུག་བསྔལ་རྫོགས་རྒྱུ་མེད།།
དུས་ངན་ཤར་ནས་མི་ངན་རྫོགས་རྒྱུ་མེད།།
ནོར་འཁྲུལ་ངོས་ལེན་ཐུབ་པའི་གདེང་སྤོབས་མེད།།
དཔོན་ལ་སྤྲེལ་ལད་ཤོད་མཁན་གྲངས་ལས་འགལ།།
ཕ་བཟང་བུ་རབས་མཐོ་འབྱར་དམའ་སྡང་འགལ།།
བོང་བ་གསེར་གཟིགས་མིན་པའི་བརྟག་དཔྱད་འགལ།།
མང་གཙོའི་ལམ་ལུགས་དམངས་གཙོ་ཐ་སྙད་འགལ།
རྩ་ཁྲིམས་བཅའ་ཁྲིམས་དོན་གཅིག་གང་ནས་ཡིན།།
ཚོགས་པ་ཐམས་ཅད་གཞུང་འབྲེལ་གང་ནས་ཡིན།།
འཛུགས་སྐྲུན་ཐམས་ཅད་ཡོང་འབབ་གང་ནས་ཡིན།།
ཝ་ཞྭ་གྱོན་རྣམས་སོག་རིགས་གང་ནས་ཡིན།།
གཞུང་ལུགས་བསྟན་བཅོས་ཉམས་ལེན་དཀོན་པའི་དུས།།
བཟང་སྤྱོད་ཡ་རབས་སྲོལ་རྙིང་ཉམས་པའི་དུས།།
འ་འུར་བརྒྱབ་ནས་གསར་བརྗེར་མོས་པའི་དུས།།
ཡོང་འབབ་ལས་གཞིའི་འཛུགས་སྐྲུན་དཀོན་པའི་དུས།།
རང་ཁ་རང་གསོའི་དཔོན་གྱི་གདམས་ངག་མང་།།
ལབ་སྟོང་ལུང་སྟོང་བཤད་མཁན་གྲངས་ལས་མང་།།
ཤེས་བྱའི་གནས་ལུགས་འགྲེལ་མཁན་བླུན་པོ་མང་།།
ས་གནས་མི་རིགས་རང་སྐྱོང་དབུ་མ་མང་།།
ཧམ་བཤད་སྟོང་བཤད་དུས་ཚོད་སྐྱེལ་མཁན་མང་།།
ཨ་གསར་ཅན་གྱི་མི་འབོར་གྲངས་ལས་མང་།།
གཞུང་པ་ངར་ནས་སླེབས་བྱུང། །
ཀ་བཤད་རྐང་ཆག་སྤེལ་བྱུང། །
ལྷག་བསམ་ལ་རྒྱ་ཡོད་མདོག །
འཐེན་འཁྱེར་དར་ཆ་འཕྱར་སོང། །
དཀའ་ལས་མ་བརྒྱབ་འཚོ་བ་སྐྱེལ་སུ་ཡིན་།།
བློ་སེང་རེད་།།
ཁ་དམག་བརྒྱབ་ནས་སྤྱི་ཚོགས་སྐྱོང་མཁན་སུ་ཡིན་།།
བློ་སེང་རེད་།།
གང་བྱུང་བཤད་ནས་སྤྱི་ཚོགས་དཀྲུགས་སུ་ཡིན་།།
བློ་སེང་རེད་།།
ང་རྒྱལ་རློམ་བཞིན་གཞན་སྐྱོན་གླེང་སུ་ཡིན་།།
བློ་སེང་དང་གཞུང་པ་ཚེ་བསོད་རེད་།།
དུས་ངན་ཤར་བའི་མི་ངན་སུ་རེད།།
བློ་སངས་རེད།
བཅའ་སྒྲིག་རྡོག་རོལ་གཏོང་མཁན་སུ་རེད།།
བློ་སངས་རེད།
ཉེ་རིང་ཕྱོགས་གཏོགས་བྱེད་མཁན་སུ་རེད།།
བློ་སངས་རེད།
ཝ་ཞྭ་གྱོན་ནས་སོག་རིགས་ཡིན་མདོག་སྟོན་མཁན་སུ་རེད།།
བློ་སངས་རེད།