འདྲེ་རིག་ལྡན།
ཚིག་གཅིག་གིས་བཤད་ན་སྤྱི་ཚོགས་འཕྲོད་བསྟེན་སློབ་གསོ་ནི་”སྔོན་འགོག་”སློབ་གསོ་ཡིན། སྔོན་འགོག་བྱ་བར་དམིགས་སྒོ་གཏད་པ་གཅིག་བུས་ཀྱང་། འཕྲོད་བསྟེན་སློབ་གསོས་མི་སྒེར་དང་སྤྱི་ཚོགས་ཀྱི་འགྲོ་གྲོན་༼རྒྱུ་ནོར་དང་ཚེ་སྲོག་གཉིས་ཀར་༽བསྲི་ཚགས་བྱེད་ཐུབ་པ་མ་ཟད། མི་སྒེར་དང་། ཁྱིམ་ཚང་། སྤྱི་ཚོགས། རྒྱལ་ཁབ་རིམ་པ་བཅས་ཀྱི་སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་དང་བརྟན་བརླིང་སྲུང་སྐྱོབ་བྱེད་ཐུབ།
ཉིང་བསྡུས།
སྤྱི་ཚོགས་འཕྲོད་བསྟེན་སློབ་གསོ་ནི་རྣམ་གཞག་གིས་སྣེ་ཁྲིད་པའི་བརྒྱུད་རིམ་ཞིག་ཡིན་ལ། དེས་སྤྱི་ཚོགས་བྱེ་བྲག་པ་ཞིག་གི་འཕྲོད་བསྟེན་གནས་བབ་ཇེ་ལེགས་དང་། ནད་རིགས་སྔོན་འགོག་བྱེད་ཐབས་ལ་དམིགས་སྒོ་གཏད་ཀྱིན་ཡོད། སྤྱི་ཚོགས་འཕྲོད་བསྟེན་ལ་སློབ་སྦྱོང་བྱེད་མཁན་ཚོས་དམིགས་ཡུལ་གྱི་སྤྱི་ཚོགས་དེའི་འཕྲོད་བསྟེན་གནས་བབ་མཐོར་འདེགས་བྱེད་པའི་ལས་འཆར་དང་། དེ་དག་ཚུལ་ཇི་ལྟར་ལག་ལེན་བསྟར་མིན་ལ་ཉམས་ཞིབ་བྱེད་ཀྱིན་ཡོད།
རྒྱས་བཤད།
ནང་དོན་རྒྱས་པ་གཟིགས་ན་<<བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲ་བར་>>ཕེབས་རོགས། http://www.commuhealtibet.org
ནོར་བཅོས།
སློབ་གསོ་ཡིན། སློབ་གསོ་རེད།
གཅིག་བུས་ཀྱང་། གཅིག་པུས་ཀྱང་།
རིག་ལྡན་ལགས་ཀྱིས་བྱེད་སྒོ་ལེགས་པོ་ཞིག་གནང་འདུག་པས་རྗེས་སུ་ཡི་རང་ཞུ་བ་དང་ཆབས་ཅིག ད་དུང་ཕྱོགས་གཞན་གནས་ཀྱི་མཁས་དབང་རྣམས་ནས་ཀྱང་། ཐུགས་རྒྱ་ཡངས་པོའི་སྒོ་ནས་བརྗོད་གཞི་གསོ་བ་རིག་པའི་གཞུང་གི་དཀའ་གནད་དང་འབྲེལ་བའི་རྩོམ་ཡིག་མང་ཙམ་བསྩལ་རྒྱུའི་རེ་བ་ཞུ། སྤྱིར་བོད་རང་གི་གསོ་བ་རིག་པའི་གནས་ལ་་མཚོན་ན། སྔོན་བྱོན་དྲན་དབང་མང་པོའི་མཁྱེན་རྩལ་དང་། གྲུབ་བརྙེས་རིག་འཛིན་དུ་མའི་མན་ངག་ཟུང་ལ་བརྟེན་ནས་གྲུབ་པའི་གཞུང་ལུགས་ཚད་ལྡན་ཞིག་ཡིན་སྟབས། དེང་གི་ཆར་གོ་ལ་ཧྲིལ་བོ་འདིའི་སྒང་གི་ཤར་ནུབ་ཡུལ་གྱི་ཕྱི་གླིང་བ་མང་པོ་ཞིག་ནས་ཀྱང་རང་རེའི་གསོ་གཞུང་འདིའི་ནང་་དོན་གྱི་སྐོར་ལ་དོ་སྣང་ཤུགས་ཆེར་འགྲོ་བཞིན་ཡོད། ཇི་ལྟར་དཔྱད་ཀྱང་བོད་ལུགས་གསོ་བ་རིག་པའི་ཁྱད་ཆོས་དག་ཇེ་གསལ་དུ་འགྲོ་བ་མ་གཏོགས། གཞུང་འདི་ང་ཚོས་ཉམས་དམས་སུ་མ་བཏང་ཚེ། རིག་གཞུང་འདིས་འུ་ཅག་ངོ་གནོང་བར་མི་བྱེད་ཐག་ཆོག་རེད། ཅེས་སྤོབས་སེམས་མཐོར་འདེགས་ཀྱི་སྒོ་ནས་བཤད་ཕོད། འོན་ཀྱང་། གསོ་བྱ་གསོ་བྱེད་ཇི་ལྟར་གསོ་ཐབས་དང་བཅས་བརྗོད་གཞི་ཆེན་པོ་བཞིར་འདུ་བའི་བོད་ཀྱི་གསོ་བ་རིག་པའི་གཞུང་འདིའི་༼གསོ་བྱེད་ལག་ལེན་༽་གྱི་ཐད་ནས་བལྟས་ཚེ། རྗེས་ལུས་རང་ཡིན་པས་ཤེས་འཇོན་ལྷག་བསམ་ཅན་ཚོས། རང་རེའི་རིག་གཞུང་འདིའི་གསོ་བྱེད་ཆ་ལག་གི་ཕྱོགས་ནས་དེང་རབས་ཚན་རྩལ་དང་མཐུན་པར་ཚད་གཞི་ཇེ་མཐོར་འགྲོ་བར་ཐབས་ཤེས་གང་དྲག་གནང་རྒྱུའི་རེ་བ་ཆེའོ།།