(དྲ་རོགས་ཤིག་གི་དྲི་བར་་ལན་དུ་ཕུལ་བ།)
ཁང་གསར་རྡོ་རྗེ།
རང་ཉིད་དཀའ་ངལ་དེའི་འོག་ཡོད་དུས། གཞན་རྣམས་དཀའ་ངལ་དེ་ལས་འདྲེན་པའི་ནུས་པ་མེད་ཟེར་བ་དེ་ཕྱོགས་གཅིག་རེད་ལ། རང་ཉིད་དཀའ་ངལ་དེའི་འོག་ཡོད་ན། གཞན་རྣམས་དཀའ་ངལ་དེ་ལས་ཐར་ཐུབ་པ་བྱེད་ཐུབ་ཟེར་མཁན་ཡང་ཕྱོགས་གཅིག་རེད།
ཕྱོགས་དང་པོ་དེ་ལ་བདེན་པ་ཡོད་དེ། ནུབ་ཕྱོགས་སུ་ཡོད་པའི་བོད་མི་ཕལ་མོ་ཆེ་ནི། ཤེས་ཡོན་དམན་ཞིང་མཐོ་རིམ་ཆེད་ལས་ཀྱི་ལག་རྩལ་ཞན་པས། དུས་རྒྱུན་རང་གི་འཚོ་ཐབས་དེ་ནད་པ་དང་རྒན་རྒོན་ལ་གཡོག་རྒྱུག་པའམ། སྨྱོ་ནད་སྨན་ཁང་སོགས་སུ་དཀའ་ཚེགས་ཧ་ཅང་ཆེ་བའི་ལས་ཀ་བྱས་ཏེ་འགྲིག་ཐབས་བྱེད་བཞིན་ཡོད། གལ་ཏེ་རང་གི་འཚོ་ཐབས་ཀྱང་ངན་ལས་ལ་བརྟེན་ཏེ་བསྐྱལ་དགོས་པའི་མི་དེ་དང་དེ་འདྲ་ཞིག་ང་ཚོའི་སྤྱི་འཐུས་སུ་བདམས་ཏེ་བསྐོས་ན། དེས་རང་ཉིད་ཀྱི་ལས་དབང་ལ་འགྱུར་བ་གཏོང་མི་ཐུབ་སར་ང་ཚོའི་ལས་དབང་ལ་འགྱུར་བ་ཇི་ལྟར་གཏོང་ཐུབ། དེས་རང་ཉིད་ཀྱི་གནས་བབས་དེ་ལེགས་ས་ཞིག་ཏུ་བསྐྱལ་མི་ཐུབ་ན། བོད་མི་རིགས་ཀྱི་གནས་བབས་ལེགས་ས་ཞིག་ཏུ་ཇི་ལྟར་བསྐྱལ་ཐུབ།
ཕྱོགས་གཉིས་པ་དེ་ལའང་བདེན་པ་ཡོད་དེ། རྒྱ་ནག་གི་སྡུག་རྩུབ་སྣ་དགུ་མྱངས་ཏེ་གཞན་ཡུལ་དུ་གྱར། གཞན་ཡུལ་ནས་བཙན་དབང་འོག་ན་ཡོད་པའི་ཕ་མ་སྤུན་ཉེ་དང་གྲོགས་པོ་གྲོགས་མོ་ཚོའི་གནས་སྟངས་དྲན་ཏེ་འབད་པ་དག་ནི། རང་ཉིད་དཀའ་ངལ་དེའི་འོག་ན་ཡོད་པའི་དབང་གིས། དཀའ་ངལ་དེ་ལས་ཐར་འདོད་གཞན་ལས་ཆེ་ལ། དཀའ་ངལ་དེ་ལ་མྱོང་རྒྱུས་གཞས་བས་ཟབ། དེ་འདྲའི་སྐྱེ་བོས། ཟློག་ཏུ་མེད་པའི་ཆོད་སེམས་དང་འགྱུར་བ་མེད་པའི་སྙིང་སྟོབས་ལ་བརྟེན་ནས། འཐབ་རྩོད་ཀྱི་མཇུག་བསྐྱལ་བར་ངེས།
གྲོགས་དག ཕྱོགས་དང་པོ་དང་གཉིས་པ་གཉིས་ཀ་གང་ཟག་ཅིག་ལ་འཛོམས་པའི་འོས་མི་ཞིག་བྱུང་ན། ཁྱོད་ཀྱིས་ཅི་བྱ། བགྲོ་གླེང་བྱོས།
ཧཧཧཧཧ་་་་་་ད་ཡིན་ན་ཁང་གསར་རྡོ་རྗེ་ལས་ལྷག་སྤྱི་འཐུས་ལ་འོས་བབས་མི་འདུག་་་་་་ངོ་མ་ཁྱོད་རང་ཕེབས་ཤོག་ཨ་་་་་་་
ཁང་གསར་ཁྱེད་རང་ཤེས་ཡོན་ནི་ཡོད་པ་རེད།མ་ཟད་དཔལ་འབྱོར་ཕྱོགས་ནས་ཡང་ཡག་པོ་ཡོད་པ་རེད། ཁྱེད་རང་མགོ་ཐོན་པ་མི་ཚད་གཞན་ལ་སློབ་སྟོན་གནང་གི་ཡོད་པ་རེད།ཁྱེད་རང་སྲིད་སྐྱོང་དང་སྤྱི་འཐུས་ལངས་ན་མི་འགྲིག་གམ།
རང་ཉིད་དཀའ་ངལ་གྱི་འོག་ཏུ་ཡོད་པའི་མིས་སྤྱི་ཚོགས་ཀྱི་དཀའ་ངལ་སེལ་མི་ཐུབ་བསམས་པ་དང་གཅིག རང་ཉིད་དཀའ་ངལ་གྱི་འོག་ཏུ་མེད་པའི་མིས་སྤྱི་ཚོགས་ཀྱི་དཀའ་ངལ་སེལ་ཐུབ་བསམས་དང་གཉིས།
རང་ཉིད་རང་མགོ་མ་ཐོན་ན་སྤྱི་ཚོགས་ཀྱི་མགོ་ཁྲིད་བྱེད་ཐུབ་པའི་ནུས་པ་མེད་བསམས་པ་གསུམ། རང་ཉིད་རང་མགོ་ཐོན་པའི་མིས་སྤྱི་ཚོགས་ཀྱི་མགོ་ཁྲིད་བྱེད་ཐུབ་བསམས་པ་དང་བཞི། འདི་དག་ལ་ཏོམ་ཙམ་དཔྱད་ན།
དཔེར་ན། ཇར་གེར་སི་ཁན་ཟེར་ནའང་འདྲ། ཁྲེ་མོ་ཁྲེ་ཟེར་ནའང་རེད། ཁོང་ཡང་རང་མགོ་མི་ཐོན་པའི་ཕ་མེད་དྭ་ཕྲུག་ཞིག་དང་། རང་གི་བཟའ་ཟླ་ཡང་གཞན་གྱི་བཙན་འཕྲོག་བཟོས། ཕྱི་ནས་དགྲ་བོ་སྡང་བ་དང་། ནང་ནས་གཉེན་གྱིས་བསྐྱུར་ནས་སོང་བའི་སྐབས་ཀྱི་ལོ་རྒྱུས་ལ་བལྟས་ན་འཛམ་གླིང་ལ་སྙན་གྲགས་ཅན་གྱི་རྒྱལ་པོ་གྱུར་ཐུབ་ཀྱི་ཕར་ཞོག གྲོང་སྡེ་ཞིག་གི་མགོ་ཁྲིད་བྱེད་ས་རེད་བསམས་བསམས་ཤིག་མེད།
དེ་ནས་རྒྱ་གར་བའི་མ་ཧ་གྷ་དན་རྗེ་རེད། ཁོང་གི་ལོ་རྒྱུས་ལ་བལྟས་ནའང་ཁོང་རང་གི་ནང་མི་བུ་ཕྲུག་ལ་འཚོ་གནས་ཡག་ཙམ་ཡང་བསྐྲུན་ཐུབ་མཁན་ཞིག་མ་རེད། ཁོང་རང་ཡང་བལ་འཁེལ་ནས་འཚོ་བ་སྡུག་ལས་བྱེད་ནས་བསྐྱེལ་མཁན་ཞིག་རེད། གཞན་གྱི་རྩ་ནས་རྡུག་རྡེག་ཟ་མཁན་ཞིག་རེད།
དེ་ནས་འཐབ་རྩོད་པ་སྐད་གྲགས་ཅན་མ་ཏ་ལུང་ད་མཁན་མཆོག་གིས་ཀྱང་ཉེས་རྡུང་ཐེངས་གསུམ་རག་མྱངས་བའི་ལོ་རྒྱུས་འདུག་མ་གཏོགས་ཕར་ཉེས་རྡུང་མཁན་གྱི་དཔའ་བོ་ཞིག་ཡིན་པའི་ལོ་རྒྱུས་མི་འདུག
བཙན་བྱོལ་བོད་ཀྱི་འཐབ་རྩོད་པའི་མགོ་ཁྲིད་ཡིན་ན་ག་འདྲ་ཞིག་ཡིན་དགོས་པ་རེད་དམ། དང་པོར་ནས་དཔའ་བོ་སེང་གེ་འདྲ་བ། ཕྱུག་བདག་སྦིས་ལི་དགས་ཊེ་འདྲ་བ། མཁས་དབང་དགེ་ཆོས་འདྲ་བ། ཐམས་ཅད་མཁྱེན་པ་སྤྲུལ་སྐུ་འདྲ་བ། དེ་འདྲ་ཞིག་ལ་མ་གཏོགས་འཐབ་རྩོད་ཀྱི་མགོ་ཁྲིད་པའི་ནུས་པ་མེད་ཟེར་ན། གོང་གི་མི་སྣ་གསུམ་གྱིས་འཐབ་རྩོད་ཀྱི་མགོ་ཁྲིད་སྐབས་ཆ་རྐྱེན་དེ་འདྲ་ཚང་མེད།
བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་མགོ་ཁྲིད་ཡིན་ན་ཕྱུག་པོ་དགོས་རེད་བསམས་ནས་་བཟོ་གྲྭའི་བདག་པོ་ཕྱུག་བདག་རྒྱ་ནོར་ཚེ་དབང་སྤྱི་འཐུས་ལ་གདམ་མྱངས་བ་རེད། ཅང་བྱས་མ་ཐུབ་པ་རེད། མཁས་པ་དགོས་རེད་བསམས་ནས་མཁས་དབང་མིང་ཅན་བཀའ་སྤྱི་ལ་གདམ་པ་རེད་པ། དམིགས་བསལ་ཅང་བྱས་འོང་གྱི་མི་འདུག ནུབ་ཕྱོགས་པའི་མཐོ་སློབ་ནས་ཐོན་པའི་མི་ཞིག་དགོས་རེད་བསམས་ན་བློ་སེང་གདམ་པ་རེད། ཁོ་ལ་ཡང་དམིགས་བསལ་འཇོན་སྟངས་ཅང་མི་འདུག
འཐབ་རྩོད་པའི་མགོ་ཁྲིད་ཡིན་ན་ཆ་རྐྱེན་ག་རེ་ཚང་དགོས་པ་གཙོ་བོ་རེད་དམ། ཡོན་ཏན་དང་སྒོར་མོ། སྙན་གྲགས་དང་དཔའ་ངར། རྣམ་དཔྱོད་དང་ལྷག་བསམ། གསུང་དང་་་་ག་རེ་ག་རེ་ཚང་དགོས་པ་རེད་དམ། ཨེན་ཡིག་མཁས་དགོས་པ་རེད་དམ། མགོ་བདེ་པོ་དགོས་པ་རེད་དམ། ཡིན་ད་་་དྲ་གྲོགས་ཚོ།
དེང་སྐབས་སྲིད་སྤྱི་གཉིས་ཀྱི་འོས་མི་ཐ་ར་ར་བྱེད་ཀྱིན་འདུག དེའི་ནང་དུ་བྱང་ཐང་གི་འབྲོག་པ་སྲིད་སྐྱོང་དུ་ལངས་པ་དང་། ན་གཞོན་གྱི་སློབ་ཕྲུག་སྤྱི་འཐུས་སུ་ལངས་པ། ད་དུང་གྲྭ་བ་གྲོང་ཆོག་པས་བོད་སྐད་ཡིག་གི་སྟོང་ཆ་ཁ་སྐོང་བྱེད་རྒྱུ་ཡིན་ཟེར་བ་དག་ནི། བཙན་བྱོལ་སྤྱི་ཚོགས་ལ་མི་འདོད་པའི་རྣམ་འགྱུར་སྟོན་པའམ་ངོ་རྒོལ་བྱ་ཐབས་ཤིག་རེད།
དེ་བས་ང་ཚོས། མི་རིགས་ཀྱི་ལས་དབང་བརྗེད་མི་རུང་ལ་། ཕ་མེས་ཀྱི་བརླ་དེ་བས་ཀྱང་གཅོག་མི་ཉན། སོ་སོ་སྐྱིད་སྡུག་གང་འདྲ་ཞིག་གི་འོག་ན་ཡོད་ནའང་། བོད་མི་རིགས་ཀྱི་འདུ་ཤེས་སེམས་སུ་བརྟན་པོར་བཅིངས་ནས་བདེན་པའི་རྒྱལ་ཁ་བརྩོན་ལེན་བྱེད་དགོས། ལྷག་པར་དུ་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་བརྒྱང་དུ་དོར་རོགས། ད་ནས་བཟུང་གྲོས་ཚོགས་ར་བའི་ནང་སྐྱག་པ་མི་གཏོང་རྒྱུ་མཁྱེན་མཁྱེན། ང་ཚོས་ལྟ་མི་བཟོད་གི
སྲིད་སྤྱི་ཚད་ལྡན་དགིས་པ་གལ་ཆེ། ར་ལུག་ཚང་མ་གྲོས་ཚོགས་ར་བ་ནང་དགོས།
ཁང་གསར་གྱི་བཤད་པ་བདེན།
ད་ཡིན་ན་སྤྱི་ཚོགས་ཧ་ཅང་འཁྲུག་པོ་འདུག སུ་བདེན་སུ་མི་བདེན་ཞུ་ཐུབ་ཡག་མི་འདུག་གོ།
བདེན་པ་རེད།