ཡོང་ཁུངས། བོད་ཀྱི་དུས་བབ།
དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཏེ། ཟླ་སྔོན་མའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལྡི་ལི་རྒྱ་ནག་གཞུང་ཚབ་བརྒྱུད་རྒྱ་ནག་སྲིད་འཛིན་ཞི་ཆིན་ཕིན་གྱི་མིང་ཐོག་ཡི་གེ་ཞིག་བཏང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་སེལ་ཆད་བོད་རྒྱ་འབྲེལ་མོལ་གྱི་སྒོ་ཆེན་བསྐྱར་དུ་ཕྱེ་དགོས་པ་དང་། ལས་དོན་དེ་དག་འགྲུབ་ཆེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཟིགས་སྐོར་ཚོགས་ཆུང་ཞིག་བོད་ནང་བསྐྱོད་ཆོག་པའི་ཆོག་མཆན་ཞུས་པར་ད་བར་བརྡ་ལན་གང་ཡང་མ་བྱུང་སྟབས། དེ་རིང་བསྐྱར་དུ་ཡོངས་བསྒྲགས་ཐོག་འབོད་སྐུལ་གནང་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ་ནང་འཁོད་དོན། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་ནས་བཟུང་ དབང་འཛིན་རིམ་པས་བོད་ཐོག་འཛིན་པའི་དམ་དྲག་ཅན་གྱི་སྲིད་བྱུས་ལ་འགྱུར་བ་གང་ཡང་མ་བཏང་བར་མུ་མཐུད་གནས་མུས་ལ་བརྟེན། གཞིས་བཞུགས་བོད་མི་རྣམས་ཀྱིས་རང་དབང་རྩོད་ལེན་ཆེད་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་དང་། རྔམ་སྟོན་ཁྲོམ་སྐོར་སོགས་རྒྱུན་མ་ཆད་པ་གནང་དང་གནང་བཞིན་པར་བསམ་ཤེས་ཡེ་ནས་མེད་ཁར་དྲག་གནོན་གྱིས་འཛིན་བཟུང་བཙོན་འཇུག་དང་། སྡུག་སྦྱོང་མནར་གཅོད་སོགས་བཏང་དང་གཏོང་བཞིན་པ་དང་། དམིགས་བསལ་ཕྱི་ལོ་༢༠༠༨ ལོའི་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་སུ་ཁྱབ་པའི་ཞི་རྒོལ་ཆེན་མོ་དང་། ༢༠༠༩ ལོ་ནས་བཟུང་༢༠༡༤ ཟླ་༤ ཚེས་༡༥ བར་བོད་མི་ ༡༣༠ ཙམ་གྱིས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་གནང་བཞིན་པ་རྣམས་ཀྱི་དགོས་འདུན་ལ་བདག་སྤྲོད་ཙམ་ཡང་མེད་པར་སྔར་བས་དམ་དྲག་ཆེ་རུ་བཏང་སྟེ། བོད་མི་རྣམས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་དུ་དྲོ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད་སྐོར་སོགས་བསྒྲགས་དང་སྒྲོག་བཞིན་པ་རྣམས་ཀྱི་དངོས་ཡོད་གནས་སྟངས་མཁྱེན་རྟོགས་ཆེད། རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་པ་བོད་ནང་དུ་གཏོང་བཅུག་དགོས་ སྐོར་རྒྱལ་སྤྱི་དང་རྒྱ་ནག་བཅས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་རིམ་པ་དང་། རང་ལུས་མེར་བསྲེགས་དང་འབྲེལ་བའི་གསར་འགོད་བསྒྲགས་གཏམ་ཁག རྒྱ་གར་གཙོས་པའི་འཛམ་གླིང་ཡུལ་གྲུ་མང་པོར་བོད་དོན་ཞུ་གཏུག་བྱས་པའི་བརྒྱུད་ལམ་བཅས་དངོས་ཤུགས་ཅི་རིགས་ཀྱི་ལམ་ནས་རེ་སྐུལ་རིམ་པ་ཞུས་ཀྱང་དོན་ཕན་མ་བྱུང་བར་བརྟེན།
ཕྱི་ལོ་༢༠༡༤ ཟླ་༣ ཚེས་༢༠ ཉིན་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བསྟུན་པའི་མ་འོངས་ལས་འགུལ་སྤེལ་ཕྱོགས་སྐོར་སྤྱི་འཐུས་ནང་ཁུལ་ལྷན་ཚོགས་སྐབས་ཀྱི་དགོངས་འཆར་གཞིར་བཟུང་ ༢༠༡༤ ཟླ་༤ ཚེས་༡༧ དང་། ༢༠༡༤ ཟླ་༦ ཚེས་༥ བཅས་སུ་སྤྱི་འཐུས་རྒྱུན་ལས་ནང་གོ་བསྡུར་ཐག་གཅོད་ཀྱིས་༢༠༡༤ ཟླ་༦ ཚེས་༡༧ འཁོད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ལྡི་ལིར་བཅའ་བཞུགས་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་âརྒྱ་ནག་གི་འགོ་འཁྲིད་གསར་པ་ཚོས་རྣམ་དཔྱོད་དང་བློ་སྤོབས་ཆེན་པོའི་ཐོག་ནས་བོད་རྒྱ་འབྲེལ་མོལ་གྱི་སྒོ་ཆེན་བསྐྱར་དུ་ཕྱེ་ནས། དངོས་ཐོག་བདེན་འཚོལ་གྱི་ལམ་ནས་བོད་ཀྱི་དཀའ་ངལ་གནད་དོན་གཙང་སེལ་ཐུབ་པ་བཟོ་རྒྱུའི་གོམ་པ་ཞིག་སྤོ་ཐུབ་པའི་རེ་བ་རྒྱག་གི་ཡོད་ལ། ལས་དོན་དེ་དག་འགྲུབ་ཆེད་བོད་ནང་གི་དངོས་ཡོད་གནས་ཚུལ་རྟོག་ཞིབ་སླད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་འགྲོ་བསྐྱོད་ཆོག་པའི་སྲིད་འཛིན་ཞི་ཅིང་ཕིང་མཆོག་ལ་སྙན་གསན་ཞུ་བརྒྱུད་དང་འབྲེལ་འདི་གར་ལན་གསལ་ཞིག་ཀྱང་གནང་སྐྱོང་ཡོང་བ་âཞེས་པའི་ཞུ་སྙན་ཕུལ་བ་༢༠༡༤ ཟླ་༦ ཚེས་༡༩ ཉིན་ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་དུ་འཕྲོད་འབྱོར་བྱུང་ཡོད་ཀྱང་། ད་བར་ལན་གསལ་གང་ཡང་མ་བྱུང་བས་དེ་རིང་བརྒྱུད་ལམ་འདི་ནས་ཕྱིར་བསྒྲགས་དང་བཅས་ལྡི་ལིའི་བཅའ་བཞུགས་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་བསྐྱར་སྐུལ་ནན་ཏན་ཞུ་རྒྱུ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ནས་ཀྱང་གོང་ཞུས་ཀྱི་རེ་དོན་ཁག་འགྲུབ་ཆེད་ཕྱོགས་ཡོངས་ནས་རྒྱབ་སྐྱོར་དང་མཐུན་གྲོགས་གང་ལེགས་གནང་སྐྱོང་ཡོང་བ་ཞུ། ཞེས་འཁོད་འདུག
ཡག་པོ་རེད། ཤུགས་བརྒྱོབ་ཐུགས་རྗེ་ཆེ་ཞུ། བོད་མི་དམངས་ཀྱི་སྤྱི་འཐུས་ཤིག་ཡིན་པས་ཆ་ནས་རང་འདུག་མ་གནང་རོགས་་་་་
ད་ཡོང་རྒྱུ་མེད་པའི་རེ་སྟོང་དེ་འདྲ་བཟུང་ནས་ཅི་བྱེད། ཨོ་ལེམ་ཕིག་ལུས་རྩལ་འགྲན་ཚོགས་མ་བསྡུས་སྔོན་དུ་ཆབ་ཀྱི་དགོས་དབང་གིས་སྐུ་ཚབ་ཚོགས་པ་ཐེངས་ཁ་ཤས་འབོད་ཁུལ་བྱས་པ་རེད། ལུས་རྩལ་འགྲན་ཚོགས་མཇུག་བསྡུས་པ་ནས་བཟུང་སྐུ་ཚབ་རྣམས་ལ་བཀའ་བཀྱོན་ཚ་ཐག་ཆོད་ཅིག་བཏང་ནས་ཡོང་ས་མེད་པ་བཟོས་སོང་བ་དེ་མིག་མཐོང་ལག་ཟིན་རེད། སྔོན་མ་ཟམ་གདོང་གི་སྐབས་སུ་ཡང་བོད་ལ་མཆོད་འབུལ་ཆེད་ཡོང་འཇུག་རོགས་ཟེར་ནས་ཡི་གེ་ཞིག་གཏོང་ཁུལ་བྱས་སོང་། ཡིན་ན་ཡང་ཡིག་ལན་རྒྱ་མཚོའི་རྡོ་རེད། ད་ཉམས་མྱོང་ཡིན་ནའང་འདྲ་རྒྱུས་མངའ་ཡིན་ནའང་འདྲ་གང་ལ་གང་འཚམས་ཡོད་བཞིན་དུ་བོད་རེ་བའི་ཕུངས་པའི་ལོ་རྒྱུས་ཏེ་བསྐྱར་འཁྲབ་མ་གནང་རོགས། སྐུ་མཁྱེན། གནོན་ཤུགས་ཞིག་གི་འོག་ནས་ཁས་ལེན་ན་མ་གཏོགས་རེ་བསྐུལ་ཞིག་གིས་ང་ཚོའི་དོན་དེ་མི་འགྲུབ་ཁོ་ཐག་རེད།
སྟག་པ་སེར་པོས་དོན་ངོ་མ་སུ་ཤིག་ནག་པོ་བཟོ་འདོད་ཡོད་དམ།
སྐྱག་རྫུན་མིན་ན་རྒྱ་རི་ཚེ་བཙོན་རེད། བདེན་པ་མེད་ན་སྟག་སེར་དུར་དུ་སྦོས།
རྒྱ་རིས་སྒོར་མོ་ཟས་པའི་སྐད་ཆ་འདི་བདེན་པ་རེད་དམ། དེང་སང་དྲ་རྒྱ་གང་སར་ཁྱབ་འགྲོ་གི་འདུག བདེན་པ་ཡིན་ན་ཁུང་ལུང་ཡག་པོ་ཞིག་བཤད་དགོས་པ་རེད། བདེན་པ་མིན་ན་སྟག་པ་སེར་པོ་ཟེར་བ་ཁྱེད་རང་གཟབ་ཙམ་གནང་ན་མ་གཏོགས་འདི་རྩེད་མོ་མ་རེད་ད། འདི་ནི་རྒྱ་རི་བློ་གྲོས་ལ་ཧ་ཅང་གི་ཉེས་པ་ཆེན་པོ་ཞིག་བཀལ་བཞག་པ་རེད། དྲ་ཐོག་ལ་མིང་རྫུན་འོག་ནས་ག་རེ་བཤད་ཀྱང་སུས་ཧ་གོ་ཡི་མ་རེད་བསམ་ན་ལྐུགས་པ་རེད། རྗེས་མ་དཀའ་ངལ་ཆེན་པོ་འཕྲད་མི་སྲིད་པ་མ་རེད།
སྟག་པ་སེར་པོ་ལགས། རྫུན་མ་བཤད། བུ་ཆུང་ཚེ་རིང་ལགས་ནི་ཨ་རིར་ཡོད་པའི་རྒྱལ་སྤྱིས་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་ཡིན་པས། ནོར་ཝེའི་ནང་གོང་ས་མཆོག་གི་ཆིབ་ཞབས་སུ་གཅར་དོན་མེད་པ་རེད་ལ་གཅར་ཡང་མི་འདུག ད་དུང་ངའ་གོང་ས་མཆོག་ནོར་ཝེ་ནང་ཕེབས་སྐབས་ཀྱི་གསར་འགྱུར་ཆ་ཚང་ཉན་པ་ཡིན་ཏེ། གོང་ས་མཆོག་ནོར་ཝེའི་སྲིད་འཛིན་ཟུར་པ་གཉིས་གྲུའི་ནང་ལ་མཉམ་དུ་ཕེབས་པའི་འགྱུར་ཞིག་གཏན་ནས་གོ་མ་སོང་། དངོས་གནས་གོང་ས་མཆོག་གི་དམིགས་གསལ་སྐུ་ཚབ་དང་བོད་མིའི་དབུ་ཁྲིད་རྒན་གྲས་ཤིག་འདི་ལྟར་གཞི་མེད་སྐྱོན་འཛུག་བྱེད་པ་ནི་ཧ་ཅང་ཐབས་སྡུག་གི་ལས་ཀ་ཞིག་རེད། དེས་ན་ཁྱེད་རང་དངུལ་དངོས་ཀྱི་ཁེ་ཕན་ཡོད་མཁན་ཞིག་མིན་ན་ངེས་པར་དུ་རང་རྒྱུད་ལ་ཞུ་དག་ཡག་པོ་ཞིག་བཏང་དགོས་ས་རེད།
ནོར་བཅོས། སྟག་པ་སེར་པོ་ལགས། རྫུན་མ་བཤད། བུ་ཆུང་ཚེ་རིང་ལགས་ནི་ཨ་རིར་ཡོད་པའི་རྒྱལ་སྤྱིས་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་ཡིན་པས། ནོར་ཝེའི་ནང་གོང་ས་མཆོག་གི་ཆིབ་ཞབས་སུ་གཅར་དོན་མེད་པ་རེད་ལ་གཅར་ཡང་མི་འདུག ད་དུང་ངས་གོང་ས་མཆོག་ནོར་ཝེ་ནང་ཕེབས་སྐབས་ཀྱི་གསར་འགྱུར་ཆ་ཚང་ཉན་པ་ཡིན་ཏེ། གོང་ས་མཆོག་དང་ནོར་ཝེའི་སྲིད་འཛིན་ཟུར་པ་གཉིས་གྲུའི་ནང་ལ་མཉམ་དུ་ཕེབས་པའི་གསར་འགྱུར་ཞིག་གཏན་ནས་གོ་མ་སོང་། དངོས་གནས་གོང་ས་མཆོག་གི་དམིགས་གསལ་སྐུ་ཚབ་དང་བོད་མིའི་དབུ་ཁྲིད་རྒན་གྲས་ཤིག་འདི་ལྟར་གཞི་མེད་སྐྱོན་འཛུག་བྱེད་པ་ནི་ཧ་ཅང་ཐབས་སྡུག་གི་ལས་ཀ་ཞིག་རེད། དེས་ན་ཁྱེད་རང་དངུལ་དངོས་ཀྱི་ཁེ་ཕན་ཡོད་མཁན་ཞིག་མིན་ན་ངེས་པར་དུ་རང་རྒྱུད་ལ་ཞུ་དག་ཡག་པོ་ཞིག་བཏང་དགོས་ས་རེད།
སྟག་པ་སེར་པོའི་སྐད་ཆ་གང་དུ་འདུག གང་བཤད་ཀྱི་ཡོད་པ་རེད།