གཞུང་པ་ཚེ་དབང་བསོད་ནམས།
ཉེ་ལམ་སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསེས་༤ པའི་འོག་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་གསང་བའི་འོས་བསྡུའི་ལམ་ནས་འཕོ་འགྱུར་བཏང་བ་དེ་བཟང་སྤྱོད་དང་ཁྲིམས་མཐུན་ཆགས་ཡོད་མེད་ཐེ་ཚོམ་ནང་ལྷག་པ་ནི། དང་པོ་བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསེས་ ༤ པ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁསང་གི་ཁྲིམས་ཞིབ་ཚོའི་ལོ་དུས་ཡིན་པ་ལས་འཕོ་འགྱུར་གཏོང་རྒྱུའི་དོན་ཚན་དེ་བཅའ་ཁྲིམས་དོན་ཚན་ ༥༤ ནང་གསལ་ཡོད་ན་སྤྱི་འཐུས་ཚོའི་རྒྱལ་བ་ལྔ་པ་དང་ཟླ་བ་ལྔ་པ་ནོར་བ་མ་རེད་དམ། གཉིས་པ་ཆེས་མཐོའི་ཁྲིམས་ཞིབ་ཚོ་འཕོ་འགྱུར་མ་བཏང་གོང་ཁྲིམས་ཞིབ་པ་ཚོར་འབྲེལ་བཤད་རྒྱག་རྒྱུའི་གོ་སྐབས་ཙམ་ཡང་མེད་པར་གསང་བའི་འོས་བསྡུའི་ལམ་ནས་འཕོ་འགྱུར་བཏང་བ་ནི་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་ལ་མཐོང་ཆུང་དང་དམའ་འབེབས་བྱས་པ་ཞིག་མ་རེད་དམ། གསུམ་པ་བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསེས་ ༤ པའི་ནང་ཆེས་མཐོའི་ཁྲིམས་ཞིབ་སུ་རུང་གསལ་བ་ལས་ཁྲིམས་ཞིབ་ཆ་ཚང་གསལ་མི་འདུག་ལ་གསང་བའི་འོས་བསྡུ་སྐོར་ཡང་གསལ་མི་འདུག་ན་སྤྱི་
འཐུས་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཚོར་འབྲེལ་བཤད་རྒྱག་རྒྱུའི་སྒོ་སྐབས་མེད་པར་གསང་བའི་འོས་བསྡུའི་ལམ་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་འཕོ་འགྱུར་གཏོང་རྒྱུ་དེ་གྲལ་རིམ་དམངས་གཙོ་གཅིག་བསྡུད་ཀྱི་ལམ་ལུགས་ལ་ཁ་ཕྱོགས་པ་མ་རེད་དམ། བཞི་པ་ བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་འགན་དབང་འདྲ་མཉམ་དུ་ཡོད་པ་ནས་སྤྱི་འཐུས་གྲོས་ཚོགས་ནས་མང་གཙོའི་ཀ་བ་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་འཕོ་འགྱུར་གཏོང་རྒྱུའི་གྲོས་འཆར་བགྲོ་གླེང་ལ་མང་གཙོའི་ཀ་བ་འཛིན་སྐྱོང་བཀའ་ཤག་ནས་གྲོས་ཚོགས་ནང་དགོང་ཚུལ་ཙམ་ཡང་མ་གསུང་བ་ཞུགས་པ་ནི་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ལ་འགན་མ་ཁུར་བ་གསལ་པོ་ཆགས་པ་མ་རེད་དམ། ད་ལམ་སྤྱི་འཐུས་གྲོས་ཚོགས་ཀྱི་གནང་སྟངས་དེ་ནི་དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་ཙམ་ལས་ཁྲིམས་བཟོ་གྲོས་ཚོགས་ཀྱི་ལས་རིམ་ཞིག་ལ་ནམ་ཡང་ངོས་འཛིན་ཞུ་ཐུབ་མ་སོང་། ལྔ་པ་བཅའ་ཁྲིམས་དོན་ཚན་ ༥༨ པའི་ནང་སྤྱི་འཐུས་ལྷན་ཚོགས་ལས་སྤྱི་འཐུས་རྒྱུན་ལས་གསལ་མེད་ན་སྤྱི་ལྷན་ཚོགས་དང་སྤྱི་འཐུས་རྒྱུན་ལས་གཉིས་དོན་གཅིག་མིང་གི་རྣམ་གྲངས་ལ་ངོས་འཛིན་གནང་ན་འགྲིག་གི་ཡོད་པ་ཡིན་ནམ། དྲུག་པ་སྤྱི་འཐུས་ལྷན་ཚོགས་དང་སྤྱི་འཐུས་རྒྱུ་ལས་གཉིས་དོན་གཅིག་མིང་གི་རྣམ་གྲངས་ལ་ངོས་འཛིན་གནང་ན་འགྲིག་གི་ཡོད་པ་ཡིན་ན་བཅའ་ཁྲིམས་དོན་ཚན་ ༤༢ སྤྱི་འཐུས་རྒྱུན་ལས་ཟེར་བའི་དོན་ཚན་དེ་ཟུར་དུ་བཞག་དགོས་པའི་རྒྱུ་ཚན་གང་ཡིན་ནམ། བདུན་པ། དབུས་བོད་མིའི་སྒྲིག་འཛུགས་ནས་ལོ་གཅིག་རིང་རྒྱལ་བའི་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལོ་ལ་གཏན་འབེབས་གནང་བ་ལྟར་སྤྱི་འཐུས་གྲོས་ཚོགས་ནས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གནང་སྟངས་འདི་འདྲ་རང་ད་ཨ་ཡིན་ན། སྔ་ལོ་སྤྱི་འཐུས་རྒྱུན་ལས་ནས་གྲོས་ཚོགས་ཚོགས་དུས་བཅུ་པ་ཕར་འགྱངས་གནང་བ་དེ་དག་སྤྱི་འཐུས་རྒྱུན་ལས་ནས་མང་གཙོའི་ཀ་བ་གསུམ་མཉམ་དུ་བཀའ་བསྡུར་མ་གནང་བ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦ པ་དང་དོན་ཚན་ ༤༠ དང་ དོན་ཚན་ ༤༩ པའི་ ༢ པ་བཅས་ལ་འགན་བཀུར་ནས་གྲོས་ཚོགས་ཚོགས་དུས་བཅུ་པ་དེ་ཕར་འགྱངས་གནང་བ་དེ་བཟང་སྤྱོད་དང་ཁྲིམས་མཐུན་ཡོངས་སུ་འགལ་བའི་བྱ་སྤྱོད་ལ་ངོས་འཛིན་ཞུ་གི་ཡོད་ལ་ད་ལམ་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་གསང་བའི་འོས་བསྡུའི་ལམ་ནས་འཕོ་འགྱུར་བཏང་བ་དེ་མ་འོངས་་བཙན་བྱོལ་བོད་མིའི་མང་གཙོ་དེ་ཉེན་ཁའི་ནང་བཅུག་པ་མ་རེད་དམ། དེ་སྔོན་བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསེས་ ༤ པའི་ནང་སྤྱི་འཐུས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཀྱི་མོས་མཐུན་ཐོག་༸གོང་ས་མཆོག་ནས་ཆོག་མཆན་ཕེབས་དགོས་པ་གསལ་ཡོད་པ་དེ་ ༢༠༡༡ ལོར་༸གོང་ས་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་མི་མང་ལ་གནང་བའི་རྗེས་སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་བརྒྱུད་ནས་༸གོང་ས་མཆོག་གི་ཚབ་ཏུ་སྲིད་སྐྱོང་གི་ཆོག་མཆན་དགོས་པ་དེ་མ་བཞག་པར་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བྱུང་ན་ཆེས་མཐོའི་ཁྲིམས་ཞིབ་ཆེ་དང་ཁྲིམས་ཞིབ་གཞན་གཉིས་བཅས་སུ་རུ་འཕོ་འགྱུར་གཏོང་རྒྱུ་ཅེས་གསལ་བ་ནས་འཛམས་གླིང་གི་རྒྱལ་ཁབ་ག་འདྲ་ཞིག་ཡིན་ཀྱང་ཁྲིམས་དཔོན་འཕོ་འགྱུར་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་ཆོག་མཆན་ཐོབ་དགོས་པ་དང་ཁྲིམས་དཔོན་རང་ཉིད་ལའང་རྒྱུ་ཚན་འབྲེལ་བཤད་རྒྱབ་རྒྱུའི་སྒོ་སྐབས་བརྒྱུད་ནས་འགྲོ་དགོས་པ་ལས་གྲོས་ཚོགས་ནང་གསང་བའི་འོས་བསྡུའི་ལམ་ནས་ཁྲིམས་ཞིབ་པ་ཆ་ཚང་དུས་ཐུང་ནང་འཕོ་འགྱུར་བཏང་བ་དེ་ཁྲིམས་འགལ་དང་སྒྲིག་འགལ་བཟང་སྤྱོད་དང་ཡོངས་སུ་འགལ་བ་ལ་ངོས་འཛིན་ཞུ་གི་ཡོད། བརྒྱད་པ་ བཅའ་ཁྲིམས་དོན་ཚན་ ༤༩ པ་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་ཀྱི་ཉུང་ཚད། ནང་གསེས་ ༢ པར་སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ་གསལ་བ་ནས་ཚོགས་འདུ་ཚོགས་ནས་གྲངས་ཚད་མ་ལོངས་ན་ཚོགས་གཙོ་སྦྲེལ་པོའི་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་ཆོག་པ་གསལ་བ་ལས་ཟླ་དྲུག་འཕར་འགྱངས་བྱ་རྒྱུ་གསལ་མེད་པ་དང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ཆ་ཚང་ཟླ་དྲུག་འཕར་འགྱངས་སྐོར་བཅའ་ཁྲིམས་ནང་གསལ་ཁ་མེད་པ་ནས་ཛ་དྲགས་ཀྱིས་གནད་དོན་ལ་སོང་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་མཉམ་དུ་བཀའ་བསྡུར་བརྒྱུད་ནས་འཕར་འགྱངས་བྱ་དགོས་པ་ལས་སྤྱི་འཐུས་རྒྱུན་ལས་ནས་བཅའ་ཁྲིམས་དོན་ཚན་ ༦ པ་དང་དོན་ཚན་ ༤༠ དོན་ཚན་ ༤༩ པའི་ ༢ པ་བཅས་ཀྱི་འོག་གྲོས་ཚོགས་ཟླ་དྲུག་འཕར་འགྱངས་གནང་བ་དེ་བཅའ་ཁྲིམས་དང་བཟང་སྤྱོད་ཡོངས་སུ་འགལ་བ་ངོས་འཛིན་དང་བཅས། ཉེ་ལམ་ཚོགས་གཙོའི་འཇུགས་བསྡོམས་གཏམ་བཤད་ནང་ཕྱི་ཟླ་ལྔ་པའི་ནང་གྲོས་ཚོགས་འཕར་མ་ཚོགས་རྒྱུ་སྐོར་གསུང་འདུག་ན་གྲོས་ཚོགས་འཕར་མ་ཚོགས་རྒྱུ་དེ་བཅའ་ཁྲིམས་དོན་ཚན་ ༤༡ ནང་གསལ་བའི་ཆ་རྐྱེན་འོག་ནས་ཚོགས་དགོས་པ་ལས་ཚོགས་གཙོའི་དབང་ཚད་རྒྱུད་ནས་ཚོགས་ཐབས་མེད་པ་བཅས་ད་ཆ་མང་གཙོའི་ཀ་བ་ཆེས་མཐོའི་ཁྲིམས་ཞིབ་ཁང་མེད་པ་དང་སྤྱི་འཐུས་ཚོགས་གཙོ་ཡང་མེད་པ་ནས་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་འདི་སྲུང་སྐྱོབས་བྱ་རྒྱུའི་འགན་དེ་རྒྱ་ཆེ་མི་མང་ལ་ཡོད་པའི་ངོས་འཛིན་དང་བཅས་བཅའ་ཁྲིམས་དོན་ཚན་ ༥༩ འོག་དམིགས་བསལ་ཚོགས་ཆེན་ཕྲལ་དུ་འདུ་བསྐོང་གནང་དགོས་པའི་འབོད་བསྐུལ་འདི་བཞིན་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་ཞུས་པ་འདིའི་ཀྱང་བཙན་བྱོལ་བོད་མིའི་མང་གཙོ་བསྲ་བརྟན་དང་རྒྱུན་གནས་ཁྲིམས་ཀྱི་དབང་བསྒྱུར་འོག་བོད་མི་བཙན་བྱོལ་བ་རྣམས་རྒྱུན་རིང་འཚོ་ཐུབ་པའི་སྨོན་པ་བཟང་པོའི་རྒྱན་སྟེ་སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༤ པའི་ཚེས་ ༡༣ ལ།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༤ པའི་ཚེས་ ༡༣ ལ།
བཀའ་སྤྱིའི་འོས་བསྡུ་ཡི་སྔོན་དུ་ཟམ་གདོང་རིན་པོ་ཆེས་གཡོ
༡༽ བཀའ་ཤག་ཚང་མ་འཕོ་འགྱུར་དུ་བཏང་ཆོག་པ་རྩ་ཁྲིམས་སུ་གསལ་བ་དེས་ཁྲིམས་ཞིབ་པ་ཚང་མ་ཡང་དེ་བཞིན་གསལ་བོ་ཡོད་པ་རྟོགས་དགོས། གལ་སྲིད་མ་རྟོགས་ཀྱང་། དེ་རྩོད་རྙོག་ཡོད་པ་ཁས་ལེན་བྱེད་དགོས། འོན་ཀྱང་། ཟམ་གདོང་རིན་པོ་ཆེས་དེ་ངོས་ལེན་བྱས་མེད། དེ་ནི་ཁྲིམས་ཞིབ་པ་སྲུང་ཆེད་དུ་རེད།
༢༽ རྩ་ཁྲིམས་དྲུག་པའི་དགོངས་དོན་བཞིན་རྒྱལ་སྤྱི་དང་བོད་མི་གནས་ཡུལ་གྱི་རྒྱལ་ཁབ་ཀྱི་ཁྲིམས་དང་སྟུན་ནས་སྤྱི་འཐུས་ཀྱི་ཚོགས་འདུ་ཕར་འགྱང་བྱས་ཆོག་གི་ཡོད། དེ་ནི་བཅའ་ཁྲིམས་དང་འགལ་མེད། འོན་ཀྱང་། ཟམ་གདོང་གིས་འགལ་ཡོད་ཚུལ་ལྟ་བུའི་ལོག་འགྲེལ་དང་། དོན་དངོས་སྦས་སྐུང་བྱས་ཡོད།
༣༽ ཟམ་གདོང་དྲང་མོ་མིན། རྒྱུ་མཚན་ནི། དེ་སྔོན་བཀའ་ཤག་ནག་པོ་བཟོ་དུས་དང་། བཀའ་སྤྱིའ་བཀའ་བློན་བསྐོས་བ་ཁྲིམས་ཁང་གིས་བཀག་དུས་སུ་ཟམ་གདོང་རིན་པོ་ཆེ་ཕེབས་སླེབས་མེད། དེ་ནི་དྲང་མོ་མིན།
༤༽ བཀའ་སྤྱི་ཡི་འོས་བསྡུའི་སྔོན་གྱི་ཉིན་གཉིས་ཀྱི་སྔོན་དུ་ཟམ་གདོང་ཕེབས་ནས་ཁྲིམས་ཞིབ་པ་ལ་རྒྱབ་སྐྱོར་གྱི་ཚུལ་དུ་བཅའ་ཁྲིམས་ལ་འགྲེལ་ཡོད། དེ་ནི་བཀའ་སྤྱིའི་འོས་བསྡུ་ལ་ཤུགས་རྐྱེན་སྤྲད་ཐབས་ཀྱི་ཀུན་སློང་ངན་པ་ཡིན།
༥༽ ཟམ་གདོང་རིན་པོ་ཆེས་བཅའ་ཁྲིམས་ལ་མ་འགྲེལ་བའི་སྔོན་དུ་ཁོས་ཁྲིམས་ཁང་དང་སྤྱི་འཐུས་གཉིས་ལས་གང་ལ་བདེན་པ་ཡོད་མེད་ལབ་ཀྱི་མིན་གསུངས་ཡོད། འོན་ཀྱང་། ཁོས་མངོན་གསལ་དོད་པས་ཁྲིམས་ཁང་ལ་རྒྱབ་སྐྱོར་བྱས་ཡོད། དེ་ནི་ཚུལ་ཆོས་རེད།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མ་འོངས་བོད་ཀྱི་རྩ་ཁྲིམས་དེ་གཉིས་མ་ནོར་བ་གནང་རོགས་།