སྤོབས་པ་མཐའ་ཡས།
(སྤྱི་ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་ཁ་བརྡ་དྲ་བར་བཀོད་པའི་’སྤྱི་འཐུས་བགྲོ་གླེང་’ཞེས་པ་དེར་ཞིབ་ཉན་བྱེད་ཞོར་དུ་ཡིག་ཐོག་ལ་ཕབ་པ་ཡིན། བཀུར་འོས་སྤྱི་འཐུས་ཁོང་གི་གང་གསུངས་ལ་གོ་བ་མ་ལོན་པར་འགོད་ཉེས་བྱས་ཡོད་ན་དགོངས་དག་ཞུ་བ་དང་། ཡོ་སྲོང་བྱེད་མཁན་ཡོད་ན་དགའ་བསུ་ཡོད།)
“བོད་དོན་བདེན་མཐའ་གསལ་ཞེས་པ་དེ་ནི་ང་ཚོས་དབུ་མའི་ལམ་གཞིར་བཞག་ནས་རྒྱ་དམར་གཞུང་ལ་སྤྲད་ཡོད་པའི་ཡིག་ཆ་དེའི་ནང་འཁོད་རེ་འདུན་ཙམ་མངོན་དུ་འགྱུར་བ་ཙམ་ལ་ངོས་བཟུབ་ཐུབ་ཀྱིན་མི་འདུག བོད་ཀྱི་བདེན་མཐའ་ངོ་མ་ཞིག་གསལ་དགོས་ན་བོད་རང་བཙན་ཐོབ་དགོས་ཀྱི་ཡོད་རེད།”
མཁས་དབང་བསྟན་པ་ཡར་འཕེལ་ནས།
“ཆོས་དང་གང་ཟག་གི་དབྱེ་བ་འབྱེད་ཤེས་དགོས། གང་ཟག་གི་སྐྱོན་ཆོས་ལ་བཀལ་ན་མི་འགྲིགས། སྤྱི་དང་བྱེ་བྲག་གི་ཁྱད་པར་འབྱེད་ཤེས་དགོས། གྲྭ་བཙུན་བྱེ་བྲག་པའི་སྐྱོན་གྲྭ་བཙུན་སྤྱི་ལ་བཀབ་ན་མི་འགྲིགས། དང་པོ་བླ་མ་བརྟག་ལ་མཁས་པ། བར་དུ་བླ་མ་བསྟེན་ལ་མཁས་པ། ཐ་མ་དགོངས་སྤྱོད་སློབ་ལ་མཁས་པ། ཞེས་པའི་གནད་དོན་ལ་སློབ་གསོ་ཡག་པོ་སྤྲོད་ཤེས་དགོས་པ་དང་། དེའི་ནང་དོན་ལ་གོ་བ་ཡག་པོ་ལེན་ཤེས་ན་བླ་མ་གྲྭ་བ་རྫུན་མ་ལ་གདོང་ལེན་བྱེད་སྟངས་ཡག་ཤོས་དེ་རེད།”
མཁས་དབང་བསྟན་པ་ཡར་འཕེལ་ནས།
“ང་ཚོས་བོད་རྒྱ་ཞི་མོལ་སྐབས་སུ་ཕར་སྤྲད་ཡོད་པའི་ཡིག་ཆ་དེ་ལ་རྒྱ་དམར་གྱིས་བདག་པོ་མ་བརྒྱབ་པ་དེ་ང་ཚོ་བོད་པའི་བསོད་ནམས་བསག་པའི་འབྲས་བུ་ཞིག་རེད་བསམ་གྱི་ཡོད། ཡིག་ཆ་དེའི་ནང་དོན་བརྒྱ་ཆ་བརྒྱད་ཅུ་ཙམ་ཞིག་རྒྱ་དམར་གཞུང་རང་གི་འདོད་ཕྱོགས་ལ་བསྟུན་ནས་བཟོས་པ་ཞིག་རེད། འདི་རྒྱ་དམར་གྱིས་ངོས་ལེན་བྱས་ནས་བོད་མི་མང་ལ་ཁེ་ཕན་ཆེན་པོ་ཞིག་མེད།”
མཁས་དབང་བསྟན་པ་ཡར་འཕེལ་ནས།
“ཆོས་ཁ་ཆོས་ལུགས་ཀྱི་སྤྱི་འཐུས་དགོས་ཀྱི་མི་འདུག་ཟེར་མཁན་ཚོ་ནི་གཞན་ལུགས་དགག་ནས་རང་ལུགས་འཇོག་ཤེས་མཁན་དེ་ཚོ་མ་རེད། དེའི་རིགས་དེ་ཚོ་ནི་རང་ལུགས་ཁོ་ན་འཇོག་འདུག་མཁན་དེ་ཚོ་རེད། ཆོས་ལུགས་སྤྱི་འཐུས་ནི་རྒྱལ་བ་རིན་པོ་ཆེས་རང་སྣང་གང་ཤར་གྱིས་བཟོས་པ་ཞིག་མ་ཡིན་པར་འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་དཔག་ནས་བཟོས་པ་ཞིག་རེད། འདས་པའི་དུས་སུ་བོད་ཀྱི་ཆབ་སྲིད་དབང་ཆ་དེ་ཆོས་བརྒྱུད་བྱེ་བྲག་པ་དང་ཆོས་ཁ་བྱེ་བྲག་པས་བཟུང་དྲགས་པས་གྱོང་ཆེན་པོ་བྱུང་ཡོད་པས་འདི་བཟོས་པ་ཞིག་རེད།”
མཁས་དབང་བསྟན་པ་ཡར་འཕེལ་ནས།
མཁས་དབང་ཡིན་ན་གཅིག ཧ་ཧ་ཧ་ཧ་ བསྟན་པ་ཡར་འཕེལ་གྱི་ཆོས་བརྒྱུད་གཅིག་པ། དོན་བརྒྱུད་དཔལ་ལྡན་འབྲུག་པའི་རྗེས་འབྲང་ག་གེ་མོ་ཞིག་གིས། ༧ གོང་ས་མཆོག་ལ་ཟུར་ཟའི་བརྙན་ཐུང་བཟོས་འདུག ནང་དོན་ནི་དབུ་ཞྭའི་བསྐོར་ལ་རེད་འདུག
སྤོབས་པ་མཐའ་ཡས་ལགས་ཀྱིས་གསུངས་པ་དེ་ག་རང་རེད། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་གསུང་གིན་པ་དག་ནི་དབྱེ་ཞིབ་ཡོད་པའི་སྐད་ཆ་རྐྱང་རེད། དེ་ལ་མཁས་དབང་འབྱོར་འོས་པར་འདོད།
བསྟན་པ་ཡར་འཕེལ་ངན་སྤྱོད་མཁས་པ་རེད། འཆོལ་གསུམ་གཅིག་སྒྲིལ་གཏོར་མཁན་མཁས་པ་རེད།། ཆོས་ལུགས་གཏོར་ཤིག་གཏོང་མཁན་མཁས་པ་རེད། དམ་ཆོས་འདུལ་བའི་འདུལ་ཁྲིམས་ཤིགས་པའི་མཁས་པ་རེད།། ང་རྒྱ་ཁྲ་དོག་ཁེངས་པའི་མཁས་པ་རེད། གྲྭ་བ་མ་རེད་གྲ་ཆས་གྱོན་པར་མཁས་པ་རེད།།
ངས་སྤོབས་པ་མཐའ་ཡས་ཟེར་བ་འདི་ཅིག་ཤེས་མཁན་ཞིག་རེད་བསམ་ཡོད། རྩོམ་འཆལ་འདིར་བལྟ་དུས་ཁོ་ཡང་གཡག་ཞ་ར་ཞིག་ཡིན་ཚོད་ཀྱི་ཐིག བསྟན་པ་ཡར་འཕེལ་ཟེར་བ་ནི་མཁས་དབང་ཞིག་ག་ལ་ཡིན་་དེ་ནི་དམ་ཉམས་་་ནམ་ཡང་བུད་མེད་ཀྱི་དོན་དུ་རྒྱུ་ཤུགས་ཕངས་མེད་གཏོང་མཁན་གྲ་བའི་ཞབས་འདྲེན་པ་ཞིག་ལས་ཅི་ཡང་མིན། ཁྱོད་རང་ཞར་སོང་བའི་མི་དེ་མ་གཏོགས་མ་མཐོང་བ་རེད། སྙིང་རྗེ་ཡ་རང་རེད་གདའ།
ཕེ་ མཁས་དབང་ཡིན་ན་ཅིག ཐལ་མདོག་ཁྲོམ་ལ་བསྟན་སོང་ང ཟག་རྒྱབ་རྐུན་ལངས་ཟེར་བ་ཅི་མ་བདེན
ཇག་རྒྱབ་ལ་བཅོས
ཁྲག་ཟེར་བའི་མཆན་འདོགས་མཁན་དེར་ཅིག་གཟིགས་དང་། གྲྭ་བ་ཅིག་ལ་འཚངས་འབོད་དེ་འདྲ་བྱས་ན་འགྲིག་ཀི་ཨེ་ཡོད་དམ། བདེན་པ་ཁུངས་ལུང་བཤད་རྒྱུ་ཡོད་ན་ནག་ཁུང་ནས་ལྐོག་མདའ་མ་འཕེན་དངོས་སུ་ཐོན་ནས་གསལ་པོ་ར་སྤྲོད་གཏོང་དང་ཕོ་ཁྱོ་ཀ་རེད། བསྟན་པ་སྤྱི་ལའང་ཕན་གྱི་རེད་དོ།།
ངས་ནི་ཁོང་གིས་གང་བཤད་པའི་སྐད་ཆ་དེ་ཚོ་ཡིད་ལ་འགྲོ་བོ་འདུག་བསམ་ནས་འདིར་བཀོད་པ་ཡིན། སྐད་ཆ་དེ་ཚོའི་དོན་གནད་སྟེང་ལ་བགྲོ་གླེང་བྱེད་བསམ་གྱིས། དེ་མ་ཡིན་པར་མི་ཞིག་གི་མི་གཞི་ལ་དམའ་འབེབས་དང་། མི་སྒེར་གྱི་མི་ཚེའི་བྱ་བྱེད་ལ་ཇུས་གཏོགས། སྐབས་བབ་ཀྱི་དོན་དང་མ་འབྲེལ་བའི་གླེང་ཕྱོགས་སྤེལ་བའི་རེ་ངན་འཆངས་མཁན་རྣམས་ལ་ནི་སྐྱག་པ་སྐམ་པོ་ཞིག་གི་རིན་ཐང་ཡང་འཇོག་གིན་མེད། མཁས་དབང་ཡིན་མིན་ནས་བཤད་ན། ད་ཡོད་སྤྱི་འཐུས་གྲོས་ཚོགས་ཀྱི་ར་བ་འདིའི་ནང་ན་ཁོང་གི་ཤེས་ཡོན་མཁྱེན་རྒྱ་ལ་བསྡུར་ཐུབ་མཁན་དཀའ་མོ་རེད་ཟེར།
https://m.youtube.com/watch?v=dB_ISn6eY0Y
བོད་ཆོལ་ཁ་གསུམ་ཞེས་པ་ལ་དཔྱད་པའི་བསམ་ཚུལ།
དང་པོར། ཆོལ་ཁ་ཞེས་པའི་ཐ་སྙད་ལ་དཔྱད་པ་བྱེད་དགོས་པའི་རྒྱུ་མཚན། གཉིས་པར་ཆོལ་ཁ་ཞེས་པའི་ཐ་སྙད་འདིའི་ཚིག་འགྲེལ་ལ་དཔྱད་པ། གསུམ་པར། ཆོལ་ཁ་ཞེས་པའི་ཐ་སྙད་འདིའི་ཡོང་ཁུངས་དང་བསྟན་བྱ་ལ་དཔྱད་པ།གསུམ་པར། ཆོལ་ཁ་གསུམ་གྱི་ས་མཚམས་ལ་དཔྱད་པ།
1 ཆོལ་ཁ་ཞེས་པའི་ཐ་སྙད་འདི་ལ་ཚིག་འགྲེལ་རྒྱབ་སྟངས་མི་འདྲ་གསུམ་འདུག ༡་་དག་ཡིག་གསར་བསྒྲིགས་ལས་་་ཆོལ་ཁ་ཞེས་པ་ནི་གནའ་དུས་དཔལ་འབྱོར་དང་རིག་གནས་ལ་བརྟེན་ནས་བགོས་པའི་ས་ཁུངས་ཀྱི་མིང་སྟེ། མདོ་སྨད་རྟའི་ཆོལ་ཁ་ཞེས་པ་ལྟ་བུ། ཅེས་འགྲེལ་བཤད་བརྒྱབ་འདུག ༢་་སྨོན་ལམ་བོད་ཡིག་ཚིག་མཛོད་ལས་་ཆོལ་ཁ་ཞེས་པ་ནི་འབྱུང་ཁུངས་སམ་དར་སའི་གནས་ཏེ།
(དཔེར་ན།) དབུས་གཙང་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མིའི་ཆོལ་ཁ། མདོ་སྨད་རྟའི་ཆོལ་ཁ་ཞེས་པ་ལྟ་བུ། ཆོལ་ཁ་ཞེས་པ་སོག་སྐད་ཡིན་པར་བཤད་པ་ཤུགས་ཆེ།་་ཞེས་བཀོད་འདུག
༣་་་དེང་དུས་དང་མཐུན་པའི་ཕལ་སྐད་ཀྱི་བོད་དབྱིན་ཤན་སྦྱར་ཞེས་པའི་ཚིག་མཛོད་ལས་ཆོལ་ཁ་ཞེས་པ་ནི་དབྱིན་ཡིག་ཐོག་ཏུ་Province་ཞེས་པ་ལ་བསྒྱུར་འདུག
ཚིག་མཛོད་མི་འདྲ་གསུམ་གྱི་ནང་དུ་འགྲེལ་བཤད་མི་འདྲ་ཁ་ཁར་སོ་སོར་བརྒྱབས་འདུག སུ་ལ་ཆ་བཞག་དགོས་མིན་ནི་གནད་འགག་རེད་འདུག
གཉིས་པ།ཆོལ་ཁ་ཞེས་པའི་ཐ་སྙད་འདིའི་ཡོང་ཁུངས་དང་བསྟན་བྱ་ལ་དཔྱད་པ།
1 ཆོལ་ཁ་ཞེས་པའི་ཐ་སྙད་འདི་སོག་སྐད་རེད་ཅེས་སྤྱི་ཚོགས་ཡོངས་གྲགས་ལྟ་བུ་རེད་འདུག དེ་ཡང་ས་སྐྱས་བོད་རྒྱལ་ཁབ་ཀྱི་སྲིད་དབང་འཛིན་སྐབས་སུ་བྱུང་བ་ཡིན་མིན་གྱི་ཐོག་ནས་དཔྱད་ན་《ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་ལས》
རྒྱལ་པོས་དབུ་མཛད་པའི་དབང་པ་ཉི་ཤུ་རྩ་ལྔ་ལ་ལན་གསུམ་བར་དུ་ས་སྐྱ་པའི་ཁྱད་ཆོས་དཔལ་ཀྱེ་རྡོ་རྗེའི་དབང་ཡོངས་སུ་རྫོགས་པ་བསྐུར་བ་ལས། ཧོར་གྱི་རྒྱལ་ཁམས་སུ་རྡོ་རྗེ་ཐེགས་པའི་དབུ་བརྙེད་པ་ཡིན་ཞིང་། *དེའི་དབང་ཡོན་དང་པོ་ལ་ཁྲི་སྐོར་བཅུ་གསུམ་ཕུལ་བ་ཡིན་པར་བཤད་པས། དེ་ཡང་ཁྲི་སྐོར་རེ་ལ་ལྷ་སྡེ་བཞི་སྟོང་དང་། མི་སྡེ་དྲུག་སྟོང་ཡོང་བ་ཡིན་ནོ།
*དབང་ཡོན་བར་མ་ལ་ཆོས་དུང་དཀར་པོ་རྒྱང་གྲགས་ཀྱིས་གཙོས་པའི་བོད་ཕྱོགས་ཁ་གསུམ་གྱི་བནྡེ་དང་། མི་སྡེ་སོགས་ཐབས་ཅད་ཕུལ་བ་ཡིན་པས། ཕྱོགས་ཁ་གསུམ་ལ་ཞིང་གཅིག་ཏུ་བརྩིས་པ་ཡིན་པར་བཤད་དེ། དེ་ཡང་སྟོད་མངའ་རིས་སྐོར་གསུམ་ནས་སོག་ལ་སྐྱ་བོ་ཡན་དམ་པ་ཆོས་ཀྱི་ཕྱོགས་ཁ། སོག་ལ་སྐྱ་བོ་མན་ནས་རྨ་ཆུ་ཁུག་པ་ཡན་མགོ་ནག་མིའི་ཕྱོགས་ཁ། རྨ་ཆུ་ཁུག་པ་མན་ནས་རྒྱ་མཆོད་རྟེན་དཀར་པོ་ཡན་ཆད་གྱད་གླིང་རྟའི་ཕྱོགས་ཁ་ཞེས་གྲགས་ཤིང་། ཞིང་ཞེས་པའི་ཐ་སྙད་ཀྱང་ཁང་པ་ཀ་བ་དྲུག་གི་ས་ཡོད་པ། མི་བཟའ་མི་གཉིས། བུ་ཕོ་མོ་གཉིས། གཡོག་ཕོ་མོ་གཉིས་ཏེ་དྲུག ཕྱུགས་རྟ་བོང་གཉིས། བ་གླང་ར་ལུག་རྣམས་དང་། ཞིང་ཧོར་སོན་ཁལ་བཅུ་གཉིས་ཀྱི་ས་ཡོད་པ་རྣམས་ལ་ཧོར་དུད་ཆུང་གཅིག་ཟེར་བ་ཡིན་ཏེ། དེ་འདྲ་ཉི་ཤུ་རྩ་ལྔ་ལ་དུད་ཆེན་གཅིག དེ་གཉིས་ལ་རྟ་མགོ་གཅིག་ཟེར། དེ་གཉིས་ལ་བརྒྱ་སྐོར་གཅིག དེ་བཅུ་ལ་སྟོང་སྐོར་གཅིག དེ་བཅུ་ལ་ཁྲི་སྐོར་གཅིག དེ་བཅུ་ལ་ཀླུ་གཅིག དེ་བཅུ་ལ་ཞིང་གཅིག་ཞེས་བྱ་བ་ཡིན་ཅིང་། ཧོར་སེར་ཆེན་རྒྱལ་པོའི་མངའ་འོག་ཏུ་ཞིང་བཅུ་གཅིག་ཡོད་ཅིང་། ཕྱོགས་ཁ་གསུམ་ལ་ཞིང་གཅིག་ཅུང་མ་ལོངས་ཀྱང་། བླ་མ་བཞུགས་ས་ཡིན་པ་དང་བསྟན་པ་དར་ས་ཡིན་པ་ནས་ཞིང་གཅིག་ཏུ་བརྩིས་ནས་ཕུལ་བ་ཡིན་ནོ།་་་་་་ཞེས་བཀོད་འདུག
༅་་་དེ་ནས་《ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་》་་ཤོག་གྲངས་༡༤༣་ལས། བླ་མ་ཆེན་པོ་འཕགས་པ་དང་ཡུམ་གཅིག་པའི་གཅུང་པོ་འགྲོ་བའི་མགོན་པོ་ཕྱག་ན་རྡོ་རྗེ་ནི། ཡབ་དགུང་ལོ་ང་དྲུག་ལ་ཞི་བ་གཤེགས་པའི་ས་མོ་ཕག་གི་ལོ་གཡས་རུ་མདོག་གི་གད་ལོ་ལོ་ཞེས་བྱ་བར་ཡུམ་མདོག་སྟོད་ཚ་ན་མ། མ་གཅིག་ཀུན་སྐྱིད་ལ་ལེགས་པར་འཁྲུངས་ཤིང་། དགུང་ལོ་དྲུག་པ་ལ་ཆོས་རྗེ་ས་པཎ་གྱི་ཕྱག་ཕྱིར་ཧོར་ཡུལ་དུ་ཕེབས། འདི་ལ་ཧོར་རྒྱལ་པོ་སེ་ཆེན་གྱིས། ས་ལེན་དབང་གི་ལུང་དང་། གསེར་ཐམ་ཐོང་ཕྱི་གཡས་གཡོན་གྱི་ཁྲིམས་ར་དང་། ཧོར་གྱི་ཚས་སུ་བཅུག་སྟེ་ས་《ཆོལ་ཁ་གསུམ་》གྱི་ཁྲིམས་བདག་དུ་བསྐོས།་་་ཅེས་གསལ་པོ་བཀོད་འདུག
2 ཕག་མོ་གྲུ་པའི་བོད་རྒྱལ་ཁབ་ཀྱི་སྲིད་དབང་འཛིན་པའི་དུས་སྐབས་སུ་ཕག་གྲུའི་སྡེ་སྲིད་དང་པོ་ཏྭ་སི་བྱང་ཆུབ་རྒྱལ་མཚན་གྱིས་གཏན་འབེབས་བྱས་པའི་བཅའ་ཁྲིམས་《ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ》དང་། ཁྲིམས་སྒྲིག་སོགས་སུ་ཆོལ་ཁ་ཞེས་པའི་ཐ་སྙད་བེད་སྤྱོད་བྱས་པ་ཞིག་མཐོང་ཡུལ་དུ་མ་གྱུར་ལ་ཆོལ་ཁ་ཞེས་པའི་ས་ཁུངས་དབྱེ་པ་ཕྱེས་སྟངས་ཤིག་མི་འདུག
3 གཙང་པས་བོད་རྒྱལ་ཁབ་ཀྱི་སྲིད་དབང་འཛིན་པའི་དུས་སྐབས་སུ་གཙང་པ་རྒྱལ་པོ་ཀརྨ་བསྟན་སྐྱོང་དབང་པོས་གཏན་འབེབས་བྱས་པའི་《ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག》གི་ནང་དུའང་ཆོལ་ཁ་ཞེས་པའི་ཐ་སྙད་མི་འདུག་ལ་ཆོལ་ཁ་ཞེས་པའི་ས་ཁུངས་དབྱེ་བ་ཕྱེས་སྟངས་ཤིག་ཀྱང་མི་འདུག
4 དགའ་ལྡན་ཕོ་བྲང་གིས་བོད་ཁབ་ཀྱི་སྲིད་དབང་འཛིན་དུས་སུ་ཏྭ་ལའི་བླ་མ་སྐུ་ཕྲེང་ལྔ་པས་གཏན་འབེབས་བྱས་པའི་《ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ》དང་། དེའི་རྗེས་སུ་གནས་དུས་ཀྱི་དགོས་མཁོ་དང་བསྟུན་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་《བླང་དོར་གསལ་བར་སྟོན་པའི་དྲང་ཐིག་དྭངས་ཤེལ་མེ་ལོང་》སོགས་ཀྱི་ནང་དུའང་ཆོལ་ཁ་ཞེས་པའི་ས་ཁུངས་དབྱེ་སྟངས་ཤིག་མཐོང་ཡུལ་དུ་མ་གྱུར། དགའ་ལྡན་ཕོ་བྲང་གི་ཁྲིམས་སྒྲིག་ནང་དུ་དེ་འདྲ་ཞིག་འདུག
*ཁ. ས་གནས་སོ་སོའི་རིམ་པ་ཁག་གི་སྒྲིག་གཞི།
ས་གནས་སོ་སོའི་རིམ་པ་ཁག་གི་སྒྲིག་གཞི་ལའང་རིགས་གཉིས་ཏེ། ས་གནས་འགའ་ཞིག་ལ་བཀའ་ཤག་སྲིད་དོན་ལས་ཁུངས་ཀྱི་འོག་ཏུ་རྫོང་དང༌། རྫོང་གཤམ་དུ་གཞིས། གཞིས་འགབ་ཏུ་གཙོ་དྲག་དང་རྒན་པོ་བཅས་ཀྱི་རིམ་པ་དབྱེ་ཡོད། སྤྱིར་བཏང་གི་དབང་དུ་བྱས་ནས་བཀའ་ཤག་གི་སྲིད་དོན་ལས་ཁུངས་འོག་ཏུ་སྤྱི་ཁྱབ་ཁང་དང༌། དེའི་འོག་ཏུ་རྫོང༌། དེའི་འོག་ཏུ་གཞིས་དང༌། ལྡིངས། བརྒྱ་དཔོན། དེ་དག་གི་འོག་ཏུ་གཙོ་དྲག་དང༌། རྒན་པོ་བཅས་ཡོད། དཔེར་ན་གཞིས་རྩེ་རྫོང་སྤྱི་དང༌། གྲོ་མོ་སྤྱི་ཁྱབ། བྱང་སྤྱི་ཁྱབ། མདོ་སྨད་སྤྱི་ཁྱབ། ལྷོ་ཁ་སྤྱི་ཁྱབ། སྟོད་སྒར་དཔོན་བཅས་ནི་སྤྱི་ཁྱབ་ཁང་རེད།་་་ཅེས་གསུལ་འདུག
གོང་གི་ཁྲིམས་ཡིག་དེ་དག་དགེ་རྒན་ཆེན་མོ་མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱིས་བྲིས་པའི་རྩོམ་ཡིག་ཁག་ལ་གཞིར་བཅོལ་བ་ཡིན།།།
གསུམ་པ། ཆོལ་ཁ་ཞེས་པ་འདི་ལ་དཔྱད་དགོས་པའི་རྒྱུ་མཚན་ནི་བཙན་བྱོལ་བོད་གཞུང་དགའ་ལྡན་ཕོ་བྲང་གིས་བཙན་བྱོལ་གཞུང་གི་གྲོས་ཚོགས་བཙུགས་དུས་བོད་ཆོལ་ཁ་གསུམ་ལ་དབྱེ་ནས་ཆོལ་ཁའི་སྤྱི་འཐུས་ཡོང་དགོས་པའི་གྲོས་ཚོགས་བཙུགས་ཡོད་ཀྱང་ཆོལ་ཁའི་ས་མཚམས་འདི་ཡིན་ཟེར་ནས་ཁ་གསལ་མེད་པ་དང་། ས་མཚམས་དབྱེ་བ་གསལ་པོ་མེད་དུས་བཙན་བྱོལ་ནང་དུ་རྩོད་རྙོག་ཡོང་གི་ཡོད།
དཔེར་ན། མདོ་སྟོད་སྨད་གཉིས་ཀྱི་ས་མཚམས་ལ་གསལ་ཁ་མེད་དུས་གསེར་རྟ་བ་འགའ་རེ་མདོ་སྨད་ཆོལ་ཁའི་སྤྱི་འཐུས་ལངས་ཡོད་པ་དང་། འགའ་རེ་མདོ་སྟོད་ཆོལ་ཁའི་སྤྱི་འཐུས་ལངས་ཡོད། འདི་ནི་ས་མཚམས་འདི་ཡིན་ཟེར་བའི་ཁ་གསལ་པོ་མེད་པའི་རྒྱུ་མཚན་གྱིས་རྩོད་རྙོག་རེད་འདོད།
གསེར་རྟ་མདོ་སྟོད་དང་མདོ་སྨད་གང་གི་ཁོངས་གཏོགས་ཡིན་མིན་སུ་ཡིས་ཐག་གཅོད་ནུས་སམ། ཆོལ་ཁ་གསུམ་གྱི་ས་མཚམས་དབྱེ་བ་གསལ་པོ་ཞིག་སུ་ཡིས་ཕྱེས་ནུས་སམ། ༧གོང་ས་ཏྭ་ལའི་བླ་མ་དང་ཟམ་གདོང་བླ་མ་གཉིས་བཞུགས་ཡོད་པའི་སྐབས་སུ་འདི་དག་གསལ་པོ་བཟོས་ན་ཡག་པོ་འདུག་གོ
མཁས་དབང་ཁྱི་སྐྱག་ལས་མང་བ།
ཡ་རབས་བཟང་སྤྱོད་མེད་པའི་སྤེན་ཚེའི་རྗེས་འབྲངས་པ་འདི་ཚོའི་སྤྱོད་ངན་དེ་ནི་ཧང་སང་ཡ་འདྲ་ཞིག་འདུག་ག སྤྲུལ་སྐུ་ཞིག་བསད་པ་རེད་ཟེར་གྱི་འདུག་ལ་བདེན་ཆ་ཡང་ཡོད་ཟོལ་འདུག་ག སྤྱོད་ངན་དེ་ལ་བལྟས་ན་འོས་སྒམ་བཙན་འཕྲོག་དང་མི་གསོད་ཁྲག་སྦྱར་ཡང་བྱེད་ས་རེད་བསམས་བསམས་གདའ
དོན་དང་ལྡན་པའི་གསུང་བཤད་རེད། ལེ་ཚན་རེ་རེའི་སྐོར་བགྲོ་གླེང་གནང་དང་མཁས་དབང་རེད་དང་གླན་དབང་རེད། དེ་ནས་ཤེས་ཡོང་གི་རེད།
༡་་་བཙན་བྱོལ་ནང་གི་བོད་མི་དག་གིས་ཆོལ་ཁ་ཞེས་པ་འདི་ཅི་ཡིན་ཡག་པོ་མ་ཤེས་ཀྱང་ཕྱོགས་ཞེན་མེ་འབར་འབར།
༢་་་བཙན་བྱོལ་ནང་གི་བོད་མི་དག་གིས་ཆོལ་ཁའི་ས་མཚམས་གསལ་པོ་ཞིག་ཡོད་མེད་མ་ཤེས་ཀྱང་ཕྱོགས་ཞེན་ཆུ་རྒྱུགས་རྒྱུགས།
༣་་་བཙན་བྱོལ་ནང་གི་བོད་མི་དག་གིས་ཆོལ་ཁའི་སྤྱི་འཐུས་ཡོད་པའི་གྲོས་ཚོགས་བཙུགས་དགོས་པའི་དམིགས་ཡུལ་གང་ཡིན་གསལ་པོ་ཞིག་མ་ཤེས་ཀྱང་ཕྱོགས་ཞེན་རྔ་རྡུང་རྡུང་།
༤་་་་བཙན་བྱོལ་ནང་གི་བོད་མི་དག་གིས་ཆོལ་ཁ་གསུམ་ཞེས་པ་འདི་ལོ་རྒྱུས་གང་ལ་ཁུངས་གཏུགས་ནས་བཟོས་པ་ཡིན་མིན་མ་ཤེས་ཀྱང་ཕྱོགས་ཞེན་བྲོ་འཁྲབ་འཁྲབ།་་་་་ཧཧཧཧ སྙིང་རྗེ་་་་ཀླད་མེད་ཀྱི་མི་གཟུགས་ཅན་གྱིས་སྤྱི་ཚོགས་ཁེངས་དུས་མགོ་སྐོར་ག་གཏོང་གཏོང་ལུས་ཡིན།
སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་གསུངས་པ་དེ་ལ་བདེན་པའི་ཆ་མང་པོ་མཐོང་ནས་ཁོང་གི་སྐད་ཆ་ཡིག་ཐོག་ཏུ་བཀོད་པ་ཡིན།
བོད་དོན་བདེན་མཐའ་སེལ་ཞེས་པ་དེ་དབུ་མའི་ལམ་གཞིར་བཞག་ནས་རྒྱ་ནག་གཞུང་ལ་སྤྲད་པའི་ཡིག་ཆ་དེའི་ནང་གི་མངོན་འདོད་ཙམ་ལ་གོ་ན་མི་འགྲིགས་གསུངས་པ་དེ་ཧ་ཅང་བདེན་པར་སེམས། རྒྱལ་བ་རིན་པོ་ཆེ་བོད་མི་མང་གི་མགྲིན་ཚབ་པ་ཡིན་ཟེར་བ་དེ་ལ་རྒྱུ་མཚན་ཡོད། རྒྱལ་བ་རིན་པོ་ཆེ་འཕགས་པ་སྤྱན་རས་གཟིགས་མི་ཤ་རློན་པའི་ནང་ཏུ་ཕེབས་ཡོད་པའི་རྒྱུ་མཚན་ཁོ་ན་མ་རེད། བོད་ཀྱི་གནད་དོན་ལ་ཆ་རྒྱུས་ཆེ་བ་རྒྱལ་བ་རིན་པོ་ཆེ་ལས་ལྷག་ཅིག་ཡོད་རྒྱུ་མ་རེད།
རྒྱལ་བ་རིན་པོ་ཆེའི་བདེན་ཚིག་སྨོན་ལམ་ལས། ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།།ལྷུན་གྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ།།ཡོངས་རྫོགས་ཞེས་པའི་ངེས་ཚིག་དེས་བོད་ཀྱི་ཆོལ་ཁ་དང་ཆོས་རྒྱུད་བྱེ་བྲག་པའི་མངོན་འདོད་དང་ཁེ་ཕན་འགྲུབ་པས་མི་འགྲིགས་པར་བོད་གངས་ཅན་པ་ཡོངས་སུ་རྫོགས་པའི་ཁེ་ཕན་ལ་ཐུགས་བསམ་བཞེས་ཀྱིན་ཡོད་པ་བསྟན་ཡོད། ཞེས་རང་དབང་ཐོབ་པ་ཙམ་དུ་མ་ཟད། རང་དབང་གཙང་མ་ཞེས་གཙང་མའི་ཁྱད་པར་སྦྱར་བ་དེས་རང་བཙན་གཙང་མ་སྟོན་གྱིན་མེད་ན་ཅི་ཞིག་སྟོན་གྱིན་ཡོད། རང་དབང་གཙང་མ་ཐོབ་པ་ཙམ་དུ་མ་ཟད། ལྷུན་གྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ།།ཞེས་ཆོས་སྲིད་ཟུང་འབྲེལ་ལ་ལོངས་སུ་སྤྱད་རྒྱུ་ཡོད་པ་ཞིག་དགོས་པ་དེ་རྒྱལ་བ་རིན་པོ་ཆེའི་ཐུགས་རེ་ངོ་མ་དེ་རེད།
གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་ལ་མཚོན་ན། ཆོལ་ཁ་ཟེར་བ་འདི་བར་བརྒལ་ལྟ་བུ་ཞིག་རེད། རྒྱུ་མཚན་ནི་དབུ་མའི་ལམ་དེ་རྒྱ་ནག་རྩ་ཁྲིམས་འོག་ཏུ་འགྲོ་ཡ་གཏན་འཁེལ་ཚར་བ་རེད།
རྒྱ་ནག་རྩ་ཁྲིམས་ལྟར་ན། སྔར་གྱི་དབུས་གཙང་ལ་དེང་སྐབས་ས་ཁུལ་དྲུག་དང་གྲོང་ཁྱེར་གཅིག་ཡོད། ཁམས་ལ་དེང་སྐབས་རང་སྐྱོང་ཁུལ་གསུམ་དང་རྫོང་གཅིག དཀར་མཛེས། བདེ་ཆེན། ཡུལ་ཤུལ། མུ་ལི་རྫོང་། ཨ་མདོ་ལ་དེང་སྐབས་རང་སྐྱོང་ཁུལ་བདུན་དང་རྫོང་གཅིག་ཡོད་པ་ནི། རྔ་བ། ཀན་ལྷོ། རྨ་ལྷོ། མགོ་ལོག མཚོ་ལྷོ། མཚོ་ནུབ། མཚོ་བྱང་། དཔའ་རིས་རྫོང་བཅས་སོ།
དེང་སྐབས་གསེར་རྟ་ནི་དཀར་མཛེས་ཁུལ་ཁོངས་ཡིན་པས་ཁམས་ལ་གཏོགས་ཡོད། དབུ་མའི་ལམ་ལ་ངོས་ལེན་ཡོད་མཁན་ཚོས་འདི་ལ་རྩོད་རྙོག་སློང་མི་སྲིད། འདི་ལ་རྩོད་རྙོག་སློང་མཁན་དང་དེའི་རྗེས་སུ་འཇུག་མཁན་རྣམས་ལ་དབུ་མའི་ལམ་ཟེར་པ་དེ་ལག་ཆ་ཙམ་ཡིན། ད་ལོ་ལྟ་ས་གཅིག་ཡོད་པ་ནི་ཨ་མདོ་ཚོས་གསེར་རྟ་བཀྲ་ཤིས་དོན་གྲུབ་ཡང་བསྐྱར་སྤྱི་འཐུས་འདེམས་མིན་ལས་གསལ་པོ་ཆགས་ངེས།
ལྷག་པར་དུ་སྤེན་པ་ཚེ་རིང་གིས་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་གོང་ས་མཆོག་གིས་ཞལ་རྫུན་བསྐྱོན་སོང་ལབ་ནས་དགུང་ལོ་བརྒྱད་ཅུར་སླེབས་པའི་བླ་མ་རྒན་པ་ཞིག་དགེ་འདུན་པའི་གྲལ་ནས་འཕུད་རྩིས་བྱེད་ཀྱིན་ཡོད། དེ་ནི་སྤེན་པ་ཚེ་རིང་སྒེར་གྱི་ཁེ་ཕན་ཆེད་དེ་ལྟར་ལབ་བཞིན་པ་ཞིག་ཡིན་པས། ཨ་མདོ་བ་ཚོས་ག་རེ་གནང་མིན་ནི་ལྟ་ས་གཞན་དེ་རེད།
འདི་བདེན་པ་རེད་། དེ་དུས་གི་ཟམ་གདོང་བླ་མའི་རྒྱ་ནག་་ལ་སྤྲོད་ཡིག་ཆ་དེ་སོང་བོད་ལ་ཧ་ཅང་གུས་གྱང་གུད་རེད་།
བོད་སྡེ་བ་གཞུང་གིས་སྲིད་དབང་འཛིན་པའི་སྐབས་སུ་ཆོལ་ཁ་བྱེ་བྲག་པས་སྲིད་དབང་བཟུང་དྲགས་པའི་ལོ་རྒྱུས་དང་ཁྲིམས་སྒྲིག་ཞིག་གང་ན་འདུག་གམ། ཆོས་ལུགས་བྱེ་བྲག་པས་བོད་གཞུང་གི་སྲིད་དབང་འཛིན་པ་རེད་ཟེར་ན་ཆོག་ཀྱང་། ཆོལ་ཁ་བྱེ་བྲག་པས་སྲིད་དབང་འཛིན་པ་རེད་ཟེར་ན་ཁུངས་ལུང་ཡོད་པའི་སྐད་ཆ་ཞིག་མི་འདོད།
བོད་སྡེ་བ་གཞུང་དགའ་ལྡན་ཕོ་བྲང་གི་ཁྲིམས་སྒྲིག་ཁག་གི་ནང་དུ་ཆོལ་ཁ་ཞེས་པའི་མིང་ཙམ་ཡང་མཐོང་ཡུལ་དུ་མ་གྱུར་ལ་ཆོལ་ཁའི་འཐུས་མི་དང་སྡེ་དཔོན་སོགས་གང་ཡང་མཐོང་ཡ་མེད།
ཆོལ་ཁ་བྱེ་བྲག་ཟེར་ན་སྡེ་བ་གཞུང་གི་རྟེན་ས་དབུས་གཙང་ཡིན་པ་དང་ཆོས་ལུགས་བྱེ་བྲག་ཟེར་ན་དགེ་ལུགས་པས་སྲིད་འགན་ཁུར་ཡོད་པ་ལ་གོ་དགོས་ཀྱི་རེད་འདོད། ལྷ་རབ་བྱུང་ན་གོང་ས་ལྔ་བ་ཆེན་མོའི་མཛད་རྣམ་དཱུ་ཀི་ལའི་གོས་བཟང་ལ་གཟིགས་རོགས། ལན་ཁ་ཤས་རེག་ཡོང་མདོག་ཁ་པོ་རེད།
༧གོང་ས་ཏྭ་ལའི་བླ་མ་དང་སྲིད་སྐྱོང་བློ་སེང་གཉིས་རྒྱ་བོད་ཐུན་མོང་གི་རྟེན་གཞི་འཚོལ་བ་ཅེས་པའི་ཚོགས་འདུས་ནང་དུ་ཞུགས་དུས་བོད་ཆེན་པོ་ཟེར་བ་ཤིག་ལོ་རྒྱུས་ཀྱི་ཐོག་ཏུ་མེད། བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་བཤད་བཞིན་ཡོད་ཅེས་བཤད་ཡོད།
བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་ཁུངས་གཏུགས་ས་ཡོད་པའི་བོད་ཆེན་པོ་ནི་མེད་པར་ཐག་བཅད་ཡོད། བོད་ཀྱི་ལོ་རྒྱུས་ལ་ཁུངས་གཏུགས་དཀའ་བའི་ཆོལ་ཁ་གསུམ་ཞེས་པ་ནི་ཡོད་པར་ཐག་བཅད་ཡོད་ལ་དབུ་མའི་ལམ་ཞེས་པ་ཡང་ཆོལ་ཁ་གསུམ་གྱི་བོད་རིགས་རྣམས་ཀྱི་རང་སྐྱོང་ལ་གོ་དགོས་པ་བཤད་ཡོད།
བོད་སྡེ་བ་གཞུང་གི་སྐུ་དྲག་མང་ཆེ་བ་དབུས་གཙང་པ་ཡིན་པའི་རྒྱུ་མཚན་གྱིས་ཆོལ་ཁ་བྱེ་བྲག་པས་དབང་ཆ་བཟུང་བ་རེད་ཟེར་ན་རྒྱུ་མཚན་ཡང་དག་ཞིག་མ་རེད། དབུས་གཙང་བའི་སྐུ་དྲག་དེ་དག་ཆོལ་ཁའི་འཐུས་མི་མ་རེད། བོད་སྡེ་བ་གཞུང་དགའ་ལྡན་ཕོ་བྲང་གི་ཁྲིམས་སྒྲིག་ཁག་གི་ནང་དུ་ཆོལ་ཁ་ཞེས་པའི་ཚིག་འདི་མཐོང་ཡ་མེད་ལ་ཆོལ་ཁའི་འཐུས་མི་ཟེར་བའི་གོ་གནས་ཤིག་ཀྱང་རྩ་བ་ནས་མཐོང་ཡུལ་དུ་མ་གྱུར།
དཔྱོད་ལྡན་ཅོ་རི་བ་ལགས། བཀུར་འོས་མཁས་དབང་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་ཆོལ་ཁ དང་ཆོས་ལུགས་བྱེ་བྲག་པས་སྲིད་དབང་བཟུང་ནས་བོད་ལ་གྱོང་རྒུད་བྱུང་ཚུལ་གསུངས་པའི་ཆོས་བྱེ་བྲག་པ་ཟེར་བ་དེ་དབུས་གཙང་ཁུལ་དང་། མཚམས་ལ་གཙང་པས་སྲིད་དབང་བཟུང་། མཚམས་མཚམས་ལ་དབུས་པས་སྲིད་དབང་བཟུང་། མཚམས་མཚམས་ལ་དེ་གཉིས་བར་ལ་འཁྲུག་རྩོད་བྱུང་། ཐ་མ་དབུས་པ་ལ་སྲིད་དབང་ཐོབ་རྗེས་སུ་གཙང་གི་པཎ་ཆེན་ཡང་དབུས་ཀྱི་རྒྱལ་བ་རིན་པོ་ཆེ་དང་འགལ་ཟླར་གྱུར། ཁམས་པ་ལ་གཉའ་གནོན་དང་དཀའ་སྡུག་མང་པོ་སྤྲད་ཚུལ་རྒྱལ་བ་བཅུ་གསུམ་པའི་གསུང་ལས་ཀྱང་ཤེས་ཐུབ་པ་ཞིག་རེད། མདོ་སྨད་ཨ་མདོ་ཁུལ་ནི་བོད་ཁོངས་ལ་ཡང་འཇོག་གིན་མེད་པ་རེད། དེ་འདྲའི་རྐྱེན་གྱིས་བོད་སྤྱི་པའི་མངའ་ཐང་ཞིག་རལ་དང་རྩ་དོན་འཐུས་ཤོར་དུ་སོང་བ་དེ་དངོས་བདེན་ཡིན་པ་མ་རེད་དམ།
ཟམ་གདོང་རིན་པོ་ཆེས་བོད་ཆེན་པོ་ཟེར་བ་ཞིག་ལོ་རྒྱུས་སྟེང་ན་མེད་གསུངས་པ་དེ་ཡང་མི་བདེན། ཐ་སྙད་དེའི་འཇུག་ཡུལ་འདི་རེད་ཟེར་ནས་ནི་བཤད་མི་ཤེས། སྤྱིར་ན་བོད་ཆེན་པོ་ཟེར་བའི་ཐ་སྙད་ནི་དུས་རབས་བཅུ་པའི་སྔོན་ནས་ཡོད། དཔེར་ན། ལྷ་སའི་ཇོ་ཁང་མདུན་ན་ཡོད་པའི་ཐང་བོད་རྡོ་རིང་ལས་ཀྱང་། འདི་ཕན་ཆད་རྒྱ་ཆེན་པོའི་ཡུལ་དང་འདི་ཚུན་ཆད་ནི་བོད་ཆེན་པོའི་ཡུལ་ཞེས་རྒྱ་བོད་ས་མཚམས་སྐོར་བྲིས་ཡོད།
རྒྱལ་གཅེས་པ་བསྟན་པ་ཡ་འཕེལ་ལགས་ཀྱིས་ཡག་པོ་གསུངས་སོང་། དགའ་པོ་བྱུང་། ཡིན་ནའང་ཆོལ་ཁ་ཟེར་བའི་ས་ཁུངས་དབྱེ་སྟངས་འདི་ཁུངས་ལུང་ཡག་པོ་མེད་པའི་ས་ཁུངས་བགོ་སྟངས་ཤིག་རེད། འདིའི་ཁུངས་ཡར་གཏུགས་ན་ཡོན་རྒྱལ་རབས་ལ་གཏུགས་དགོས་པ་ལས་གཞན་ཁུངས་གཏུགས་ས་ཤིག་མི་རེག བོད་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སྟངས་ཡོན་རྒྱལ་རབས་ལ་ཁུངས་གཏུགས་ནས་བཟོས་ན་ཡག་པོ་ཞིག་རེད་དམ།
བོད་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཡོང་སྟངས་ཡོན་རྒྱལ་རབས་ལ་ཁུངས་གཏུགས་ནས་བཟོས་ན་ཡག་པོ་ཞིག་རེད་དམ།་་་་ཅེས་བཅོས
བོད་སྲིད་པ་ཆགས་ནས་་རང་ས་མ་ཤོར་བའི་བར་དུ་ཆོལ་ཁའི་འཐུས་མི་བསྐོས་པའི་ལུགས་སྲོལ་ཞིག་བོད་ཀྱི་རྒྱལ་རབས་གང་གི་ལོ་རྒྱུས་ནང་དུ་ཡོད་དམ། སྲིད་གཞུང་གང་གི་ཁྲིམས་སྒྲིག་ནང་དུ་ཡོད་། མཐོང་མྱངས་མཁན་འདྲ་ཡོད་ན་གསུང་ཙམ་གནང་གྲོགས་བྱོས།
ངས་ནམ་རྒྱུན་དུ་ཆོལ་ཁ་གསུམ་ཟེར་ནས་བོད་ཀྱི་རྒྱལ་རབ་དང་ས་ཁོངས་ཀྱི་ངོ་སྤྲོད་བཟོ་བ་འདིར་དགག་པ་ཞུས་ཀྱི་ཡོད། 1 སོག་པོས་བོད་ས་ཟིན་ནས་མིང་ཚིག་དེ་བྱུང་བ་རེད། དེ་ཡང་མིང་ཙམ་ལས་དེ་གསུམ་ལ་རྒྱལ་ཁབ་གཅིག་གི་འཛིན་སྐྱོང་གིས་རྒྱུད་རིམ་དང་ས་སྡེ་མི་སྡེའི་སོ་སོའི་འཛིན་སྐྱོང་བྱས་མྱོང་མེད། 2 ལོ་རྒྱུས་དེ་ནི་བོད་མིས་བཟོས་པ་དང་བོད་མིས་སྐྱོང་པའི་ལོ་རྒྱུས་ཞིག་མེད། 3 རྒྱ་ནག་ཚང་གིས་བོད་འདི་ལོ་རྒྱུས་ཀྱིས་རྒྱ་ནག་གི་ཁོངས་གཏོག་ཡིན་ཚུལ་གཞི་རྩ་ཡང་འདིར་ཐུབ་ཡོད། 4 བཙན་བྱོལ་ནང་དུ་དགོས་མེད་ཀྱི་ཆོལ་ཁ་དང་ལུང་ཚན་གྱི་རྩོད་རྙོག་མང་དག་ཞིག་འདིར་རྟེན་ནས་བྱུང་ཡོད། 5 ཆོལ་ཁ་ཞེས་པའི་མིང་ཚིག་འདི་བོད་ཀྱི་ཐ་སྙད་མ་རེད། 6 བོད་ཀྱི་རྒྱལ་རབ་ལོ་རྒྱུས་ནང་དུ་གསལ་མེད་ལ་ཐ་སྙད་དེ་ཡང་བེད་སྤྱོད་བྱས་མེད། 7 དེ་ནི་སོག་པོ་དང་ས་སྐྱ་ཚང་གི་བར་གྱི་ན་བྱུང་བའི་ཆོས་ཡོན་སྦྱིན་བདག་གི་སྟོད་གསོལ་ཙམ་དང་དེར་ཡང་དང་གཉིས་བར་གྱི་ཚིག་གིས་ནང་འགལ་ཡང་ཡོད།
ཡོངས་གྲགས་ཆོལ་ཁ་ཞེས་པའི་ཐ་སྙད་འདི་ལ་བོད་རྒྱ་ཚིག་མཛོད་ཆེན་མོ་ལས་སོག་སྐད་དུ་འབྱུང་ཁུངས་ཀྱི་མིང་ཡིན་པར་བཤད་པ་དང་། ལྡོང་ཡོན་ཏན་གྱིས་ཆེན་པོའི་དོན་ཡིན་པར་བཤད་ཀྱང་། ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་ལྕགས་པར་མའི་ཤོག་ངོས་༡༥༤ན། ཕྱོགས་ཁ་གསུམ་གྱི་བནྡེ་དང་། ཞེས་དང་། ཕྱོགས་ཁ་གསུམ་ལ་གཅིག་ཏུ་བརྩིས་ཞེས་དང་། ཤོག་ངོས་༢༣༣ན། ཆོལ་ཁ་གསུམ་གྱི་ཁྲིམས་བདག་ཏུ་བསྐོས། ཞེས་དེ་གཉིས་གདམ་ངའི་ཚུལ་དུ་ཡོད་པ་ལྟར་ན། སྤྱིར་ཕྱོགས་ཁ་ཞེས་བོད་སྐད་དངོས་ཡིན་ཀྱང་། དབུས་གཙང་གི་སྒྲ་གདངས་ལ་ཕྱོ་དང་ཆོ་ཞེས་པའི་སྒྲ་གདངས་གཉིས་ཧ་ཅང་ཉེ་བའི་དབང་གིས། བརྡ་དག་ལ་མི་མཁས་པའི་དབུས་གཙང་བ་ལག་བདེ་ཞིག་གིས་གང་དྲན་དུ་ཡིག་གཟུགས་མགྱོགས་པར་བྲིས་པ་མ་དག་རྒྱུན་འབྱམས་སུ་སོང་བ་ལས། ཡིན་རྒྱུ་ནི་བོད་སྐད་རང་ཡིན། ཞེས་མཁས་པའི་དབང་པོ་སྐྱབས་རྗེ་ཚེ་ཏན་ཞབས་དྲུང་མཆོག་གི་ཞལ་ནས་གསུངས་པ་ལྟར་དོན་ལ་གནས་པར་སྙམ་སྟེ། དེང་སང་ཡང་དབུས་ཕྱོགས་ནས་ཐོན་པའི་དཔེ་ཆ་དག་མ་དག་འགའ་རེའི་ནང་ཆ་དང་ཕྱ་གདམ་ང་བྱས་ཡོད་པ་ཧ་ཅང་མང་སྟེ། དཔེར་ན། འཕྱོར་དང་མཆོར་ནང་བཞིན། ཀློང་རྡོལ་བླ་མའི་གསུང་ཟ་བའི་སྡེ་ཚན་ཤོག་ངོས་༡༠ན། དཔལ་ལྡན་འབྲས་སྤུངས་ཆགས་འདེབས་མཛད་ཅེས་དང་། ཤོག་ངོས་༢༢ན། སེ་ར་ཐེག་ཆེན་གླིང་ཕྱག་འདེབས་པ་དང་ཞེས་དང་། དེང་སང་ཡང་དབུས་ཕྱོགས་ཀྱི་དཔེ་ཆ་མ་དག་པ་འགའ་རེ་ན། ཡིན་པའི་ཁྱིར་དང་། ཡོད་པའི་ཆིར་ཟེར་བ་སོགས་མང་དུ་སྣང་ལ། དཔེར་ན། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་པའི་ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ་དེབ་༩༧པའི་ཤོག་ངོས་༤༠༥ན། སེམས་དང་སེམས་བྱུང་ཟེར་རྒྱུ་ལ། སེམས་དང་སེམས་ཁྱུང་སྐྱེ་བ་ན་ཞེས་བཀོད་འདུག་པ་ལྟར་དང་། རྗེ་ལམ་རིམ་པའི་རྣམ་ཐར་ཤོག་ངོས་༡༡༨ན། སྐྱོ་སྣང་བྱུང་སོང་ཟེར་རྒྱུ་ལ། སྐྱོ་སྣང་གྱུང་སོང་ཞེས་བྲིས་ཡོད་པ་ལྟར་རོ། །གོང་གི་འདི་དག་བལྟས་ན། ཆོལ་ཁ་དང་ཕྱོགས་ཁ་དོན་གཅིག་ཡིན་པ་ཤེས་ཐུབ་མོད། ཡིན་ཡང་ང་རང་ཚོར་ཕ་མེས་ཡང་མེས་ནས་རྒྱུན་ཆགས་སུ་ཡོད་པའི་མདོ་དབུས་ཁམས་གསུམ་ཞེས་པའི་ཐ་སྙད་དྭངས་ཤེལ་མེ་ལོང་ལྟ་བུ་ཞིག་ཡོད་བཞིན་དུ། ཐ་སྙད་དེའི་དོན་གོ་ལ་མ་གོའི་བར་ནས་ཆོལ་ཁ་གསུམ་ཞེས་འབོད་དགོས་དོན་མི་འདུག་སྙམ།
ཆོལ་ཁ་ཞེས་པའི་མིང་ཚིག་དེ་སོག་སྐད་ནང་དུ་ཡོད་མེད་ལྟ་དགོས་པ་ལས་བོད་པ་ཚང་གིས་ཅིག་ཅིག་ཉིསཉིས་ཟེར་བ་དེས་མི་ཕན།
གྲྭ་འཆལ་བསྟན་ཡར་གྱི་སྐད་ཆ་ལ་ཆ་འཇོག་མཁན་ཞིག་ཡིན་ཚེ། མི་དེར་རང་བཞིན་གྱིས་སྐྱོན་ཞིག་ལྷག་ཡོད། གྲྭ་འཆལ་འདིར་རང་ཉིད་ལ་བོད་དོན་འཐབ་རྩོད་ཐོག་ཐབས་ལམ་སྣ་གཅིག་སྟོན་རྒྱུ་མེད་པར། རྟག་པར་གཞུང་དང་སྒྲིག་འཛུགས། གྲོས་ཚོགས་དང་སྤྱི་དམངས་སོགས་སུ་དབྱེན་དང་དཀྲུག་སྦྱོར་གྱི་ལས་བྱས་བསྡད་པ་ཞིག་རེད། གྲྭ་བའི་ཆ་ལུགས་གྱོན། ཆོས་བརྒྱུད་ཀྱི་མིང་ཁུར་བཞིན་དུ། ངོ་ཚ་ཡ་ང་མེད་པར་བུད་མེད་ཀྱི་རྩར་རྒྱུགས་ཤིང་། ངོ་མདངས་ཤོར་ཏེ་ཆགས་ཉམས་དོད། ལུས་ཀྱི་རྣམ་འགྱུར་དང་བཟོད་ལྟ་སོགས་ཤོར་འགྲོ་བ་ཞིག་ཡིན་པ།
ཀརྨ་བློ་གསལ། འགན་འཁུར་ཡོད་པའི་སྐད་ཆ་ཤོད། ཁྱོད་ཅན་པོའི་བཤད་བཏང་འདི། བློ་སེང་ལ་ཕན་པ་ལས་གནོད་འཚབ་ཡོད། ༧ གོང་ས་མཆོག་གིས། བློ་སེང་ལ་གང་ཡོང་ཅི་ཡོང་ཞིག་བྱས་ཡོད། དེ་ལས་ལྷག་སྐྱོར་རྒྱུ་མེད་པ་ཞིག་སྐྱོར་ཡོད་པ་རེད། ཁྱོད་ངོ་མ་བློ་སེང་རྒྱབ་རྩར་ལངས་མཁན་ཞིག་ཡིན་ན་ཚོད་ཟིན་རན་རེད། སྤྱིར་ན། ཁྱོད་ཅན་པོ་ཌ་མ་རུ་བྱེད་ལ་མཁས་པས་གང་ཕྱོགས་ཡིན་ཆ་མི་འཚལ་མོད། ཡང་བསྐྱར་འདི་འདྲ་མུ་འཐུད་དུ་གླེངས་དང་། བློ་སེང་ལ་འགུལ་ས་མེད་པ་ཞིག་བཟོ་ཉེན་ཡོད་པ་རེད་དཱ། ཁྱེད་ཀྱི་ཤོད་བཏང་དེས་ཁྱོད་གླེན་ནག་མུན་འཐོམས་ཤིག་ཡིན་པ་ར་གསལ་བོ་འཕྲོད་ཡོང་གི། ད་འགྲིག་སོང་། ཁྱོད་གླེན་པ་ཞིག་ཡིན་པར་ཚང་མས་ཧ་གོ་ཡོད་ཚོད་རེད།
#33 དྲི་མེད་ལྷག་བསམ། ་ལགས་ཀྱིས་སྤེལ་དོན།:
February 2nd, 2016 at 10:09 pm
ཅོ་རི་ཉི་མ་ལེགས། ལེགས་སོ། ༡༽སོག་ཡིག аймгийн དང་རྒྱ་ཡིག省 ཨེན་ཡིག་Province་འདི་དག་སྔོན་ཆད་འབྱུང་རིམ་དང་ཚིག་དོན་ལ་ཁྱད་པར་ཅུང་ཟད་ཡོད་བཟོ་འདུག་སྟེ། ད་ལྟ་ཁྱད་པར་ཅུང་ཟད་ཀྱང་མེད་པར་གཅིག་ཏུ་བཞེད། ཨེན་ཡིག་གི་འབྱུང་རིམ་མི་ཤེས། སོག་སྐད་དུ་ད་ར་ཁ། dá lǔ huā ད་ལུ་ཁཱ་ཟེར་བ་ས་གནས་སྲིད་གཞུང་ལ་གོ་དགོས་པ་འདྲ། ས་གནས་སྲིད་གཞུང་གི་ཕོ་ཉ་འམ་སྐུ་ཚབས་ལ། ད་ར་ཁ་ཆེ། dá lǔ huā chì སོག་སྐད་ཀྱི་། ར་དང་ལ། ཁ་དང་ཧ་སྒྲ་འདྲ་བའི་དབང་གིས་བོད་ཡིག་ཏུ་འབྲི་སྲོལ་མི་འདྲ་བ་བྱུང་། དཔེར་ན། ཁལ་ཁཱ། ཧལ་ལ་སོགས་སོག་སྐད་ཡི་གེ་གཅིག་ལ་བོད་སྐད་དུ་སྒྲ་བརྗོད་པ་སོ་སོར་གོས་བས་འབྲི་སྲོལ་གཉིས་བྱུང་། སོག་པོའི་དུས་རབས་སུ། དབུས་སྲིད་གཞུང་། སྤྱི་དཔོན་ནམ་གུང་བློན་ལས་ཁུངས། དམག་སྤྱིའི་ལས་ཁུངས། ས་གནས་སྲིད་གཞུང་། ཁྲི་དཔོན། གླིང་དཔོན། སྟོང་དཔོན། བརྒྱ་དཔོན། བཅུ་དཔོན་བར་ཡོད། དམག་སྡེའི་ནག་དུ་རུ་དཔོན་མདའ་དཔོན་སོགས་ཞིབ་ཚག་ཆེན་པོ་འདུག རྗེས་སུ་ས་གནས་སྲིད་གཞུང་གི་ས་བགོས་ཏེ་ཞིང་ཆེན་དུ་བསྒྱུར། དེ་གླིང་གིས་ཕྱེས་པ་ད་ལྟ་ཁུལ་ཞེས་འབོད། ཁྲི་དཔོན་ཆུང་དུ་བཏང་ནས་རྫོང་དུ་བསྒྱུར། སྟོང་དཔོན་སོགས་ཡུལ་ཚོར་བསྒྱུར་འདུག གླིང་ནས་རིམ་པར་དབྱེ་བའི་ལུགས་སྲོལ་འདི་རྒྱ་ནག་ལ་ལོ་ཉིས་སྟོང་སྔོན་ནས་ཕལ་ཆེར་ཡོད། རྒྱལ་རབས་གསུམ་གྱི་འཐབ་རྩོད། 三国་སྐབས་ནས་གཏན་ཁེལ་བ་འདུག བོད་སོག་གིས་ཀྱང་དེའི་འཛིན་སྐྱོང་ལམ་ལུགས་ལྟར་བྱས་སམ་སྙམ།
༢༽སོག་སྐད་དུ་ད་ར་ཁ་མགྱོགས་པར་ཀློག་ན། དལ་ལི་ཁ་ཟེར། དེ་འགྱུར་བ། ཆལ་ཁ། ད་དང་།ཐ་དང་། ཆ་གསུམ་པོའི་སྒྲཡང་ནོར་སྲིད། དཔེར་ན།Temujin.ཐེ་མི་ཀྲིན། ཆམ་ཏིན། ཏཱ་མོའུ་ཨི་ཏན་ཞེས་བྲིས་ཡོད་པར་སྣང་ངོ། །
*ཆོལ་ཁ། ཨ་ལག དེབ་ཐེར་ལ་སོགས་སོག་པོས་རང་སྐད་དུ་འདོད། བོད་སྐད་དུ་འགྲེལ་ཚུལ་ཡོད་པ་མཁྱེན་བཞིན་པའོ། །སོག་སྐད་ཟུར་ཆག་པའི་སྐོར་དང་། གེ་སར་སྒྲུང་གླུ་སོགས་བཤད་ན་བོད་པ་ཚོས་མདའ་རུབ་མདུང་རུབ་བྱས་ཡོང་གི་འདུག སོ་སོའི་འགྲེལ་བ་དེ་ལ་བརྩི་བཀུར་ཞུ། གཞན་སེམས་མི་དཀྲུགས། བྲེལ་བ་ཆེ་བས། དེ་ཙམ་མོ།
:
February 2nd, 2016 at 10:35 pm
སོག་པོས་གཅིག་ཏུ་བསྡུས་པ་རེད། སོ་སོར་གཏོར་བ་མ་རེད། བོད་ལ་ཕན་བཏགས་པ་རེད། བོད་དུམ་བུར་འཐོར་དོན། འཇང་ཡུལ་ཚུར་རྒོལ། ཀོང་པོའི་སྡེ་གཟར་ལན་བཞི། ལ་དྭགས་དམག་འཁྲུགས། སྡེ་དགེ་དང་ཉག་རོང་འཁྲུགས་པ་ཐམས་ཅད་ཀརྨ་བཀའ་བརྒྱུད་དང་དགེ་ལྡན་པའི་བར་ཀྱི་མངའ་རིས་རྩོད་པ་ལས་བྱུང་བ་རེད། ད་ལྟ་ཆུ་སྒང་གསར་རྙིང་། འབྲུག་དང་བོད་གཞུང་། ཁམས་དང་ཨ་མདོའི་རྩོད་པ་དེའང་མཐར་གཏུག་ན་ཀརྨ་བཀའ་བརྒྱུད་དང་དགེ་ལུགས་ཀྱི་རྩོད་པ་ཆོལ་ཁའི་ངོ་བོར་བསྒྱུར་བ་ཞིག་རེད། རྙིང་མ་དང་ས་སྐྱ་བ། ཇོ་ནང་པ་འགའ་ཞིག་མགོ་དྲུ་གུ་བཞིན་དུ་འཁོར་ནས་རང་ཉིད་མདའ་རྩེ་ལ་བསྐྱོན་པ་ཧ་མ་གོ་བར་ལྷག་འདུག ལོ་སུམ་བརྒྱའི་བར་གྱི་རྩོད་པ་ད་དུང་མཇུག་མ་དྭངས་པར་གནས་འདུག་མིན་ཞིབ་འཇུག་བྱས་ཏེ་ཉེས་པ་སླར་མི་ལྡོག་པའི་ཐབས་ལ་འབད་ན་བསྟན་པ་སྤྱི་དང་། བོད་སྤྱི་ལ་ཕན་པ་འདུག་པས་ཤེས་ལྡན་ཐམས་ཅད་ཀྱིས་གཟབ་པར་འཚལ།
#38 ཅོ་རི་ཉི་མ། ་ལགས་ཀྱིས་སྤེལ་དོན།:
February 3rd, 2016 at 2:40 am
དྲི་མེད་ལགས་ཀྱིས་ལན་གནང་བར་བཀའ་དྲིན་ཆེ། སོག་ཡུལ་དུ་ཆོལ་ཁ་ཞེས་པའི་ས་ཁུལ་དབྱེ་སྟངས་ཤིག་ཡོད་པར་རེད་དམ། སོག་པོའི་རྒྱལ་ཁབ་ཀྱི་ནང་དུ་ཆོལ་ཁ་ག་ཚོད་ཡོད་རེད་དམ། འགྲན་ཟླ་བྲལ་བའི་སོག་པོའི་རྒྱལ་མཆོག་ཇར་གེར་སི་ཁན་གྱིས་དབང་སྒྱུར་བའི་ཡུལ་ལུང་ཡོངས་རྫོགས་ལ་ཆོལ་ཁ་ཞེས་པའི་ས་ཁུལ་དབྱེ་སྟངས་ཤིག་ལོ་རྒྱུས་ཀྱི་ཐོག་བྱུང་བ་རེད་དམ། སོག་པོའི་རྒྱལ་རབས་ཀྱི་ནང་དུ་ཇི་ལྟར་བཀོད་ཡོད་དམ།
དུས་ཚོད་བྱུང་ན་་་ཐོས་རྒྱ་དང་མཐོང་རྒྱ་མེད་པའི་ཅོ་རི་ང་ལ་སློབ་ཁྲིད་རེ་གནང་རོགས་བྱོས། ཐུགས་རྗེ་ཆེ།
#39 དྲི་མེད་ལྷག་བསམ། ་ལགས་ཀྱིས་སྤེལ་དོན།:
February 3rd, 2016 at 9:55 am
ལེགས་སོ། །སོག་པོའི་རྒྱལ་རབས་སྐབས་རྒྱ་ནག་དང་། མཉྫུ། སོག་པོ། མི་ཉག་བཅས་བསྡུས་པའི་ཐད་ཀར་འཛིན་སྐྱོང་འོག་ཡོད་པའི་རྒྱལ་ནང་དུ་ཞིང་ཆེན་བཅུ་ཡོད། 中書省་ཟེར། ཕྱི་ན་དམིགས་བསལ་ཞིང་ཆེན་བཞི་ཡོད། ངའི་བལྟས་ན་ཆོལ་ཁའི་དབྱེ་སྟངས་ལ་ངེས་པ་མི་འདུག ། ས་ཕྱོགས་གཅིག་དབང་བསྒྱུར་བ་དང་དེ་ལ་སྐུ་ཚབ་ལས་འཛིན་གྱི་གཞུང་ཞིག་བཙུག་པ་དེ་རང་རེད་སྙམ། སྒྲིགས་གཞི་བརྟན་པོ་ཞིག་ཡོད། འཛིན་སྐྱོང་། ཚབ་སྲིད་། དམག་འཇུས། དཔྱ་ཁྲལ་བསྡུས་པ་སོགས་འབྲེལ་ཡོད་ཀྱི་ཡིག་ཆ་རྒྱ་ཡིག་དུ་ཡོད་པ་ལས། སོག་པོ་རང་གིས་བདག་རྒྱག་ཐུབ་མི་འདུག བོད་ནང་བཞིན་སངས་རྒྱས་པའི་ཆོས་ལུགས་དར་བའི་རྩེར་སོང་བ་དང་ཆབ་སྲིད་ཀྱི་བདག་དབང་གནས་ཚུལ་ཚང་མ་འཇིག་རྟེན་ཆོས་བརྒྱད་ཀྱི་ཁོངས་སུ་བསྡུས་ཏེ་དོར་འདུག །
ནང་གི་ཞིང་ཆེན་བཅུ།
1;陝西等處行中書省
2;遼陽等處行中書省
3;甘肅等處行中書省
4;河南江北等處行中書省
5;四川等處行中書省
6;雲南等處行中書省
7;湖廣等處行中書省
8;江浙等處行中書省
9;江西等處行中書省
10;嶺北等處行中書省
ཕྱིའི་དམིགས་བསལ་ཞིང་ཆེན་བཞིའི་ནང་དུ།
༡་ཀོང་ཞི།༼ཀོ་རི་ཡ། ཉི་ཧོང་སོགས༽
༢་ལྷོ་རྒྱུད་མཚོ་གླིང་༼དེང་སང་གི་ཡུན་ནན། ཁམ་པོ་ཇི་ཡ་སོགས༽
༣ རྒྱ་ནག་གི་ལྷོ་ཕྱོགས་མཚོ་གླིང་དང་། ༼བཀང་ཤི། ཧྥོས་ཀྲུ། མ་ཁོ། ཧོང་ཀོང་སོགས༽
༤འབར་མ། ༼དེ་དང་འབྲེལ་ཡོད་ཀྱི་ཐེའི་ལན་སོགས༽ཞིབ་ཆ་བྱེད་ལོང་མ་སོང་།
1 征東等處行中書省,(高麗王國 ,日本)
2 交趾行省(安南國)。
荊湖占城行中書省(占城行省)
3 阿里海牙為平章政事。
4 緬中行省,(緬國,蒲甘王朝)。
#40 དྲི་མེད་ལྷག་བསམ། ་ལགས་ཀྱིས་སྤེལ་དོན།:
February 3rd, 2016 at 8:53 pm
སོག་པོ་ལ་ཆོལ་ཁ་ཞེས་པའི་ས་མཚམས་དབྱེད་སྟངས་ཡོད་པར་འདོད། གོང་གི་ཞིང་ཆེན་དབྱེ་ཚུལ་དེ་རེད། བོད་ཀྱི་ས་གནས་ཆོལ་ཁ་བགོ་བཤའ་གཏོང་མཁན་སོག་པོ་ཡིན་ཚུལ་རྒྱ་སོག་གི་ཡི་གེ་རྙིང་པ་སྣ་གཅིག་སྟོན་རྒྱུ་མི་རྙེད། བོད་ཡིག་དུ་བྱུང་བ་ལ་ཚིག་དོན་ཞིབ་ཆ་དགོས་པ་དུ་མ་ཡོད། ད་ལྟ་ཕྱོགས་འགའ་ཞིག་གིས་རྒྱ་གར། བལ་བོད། ཤར་དཀྱིལ་གྱི་རྒྱལ་ཁབ་ཁག་ཅིག་ཐད་ཀའི་འཛིན་སྐྱོང་འོག་ཏུ་ནན་གྱིས་འབྲེལ་བ་རྒྱག་གི་འདུག་སྟེ། ཕྲན་གྱིས་བལྟས་ན་རྒྱལ་ཁབ་གཅིག་ལ་ཁྲལ་དང་ཁྲིམས་སྒོ་སོ་སོ་ཡོད་པའི་ཚུལ་དུ་འདུག །བོད་ལྟ་བུ་ལ་མཚོན་འདབས་ནོར་ཕུལ་ཏེ་འབངས་སུ་ཁས་བླང་པ་ལས། དབང་ཆ་ཡོངས་རྫོགས་ས་སྐྱ་ལ་གཏད་པ་བདེན་པར་འདུག་སྙམ། སྐབས་རེར་དམག་ལམ་དུ་ཁེལ་ཚེ་ཁྲལ་དང་འུ་ལག་བསྡུས་པ་ལས་སྤྱིའི་ཆ་ནས་ཁྲལ་ཁྲིམས་རང་སྒོ་དང་། སྔོན་གྱི་བླ་ཆེན་མི་ཆེན་གྱི་གོ་གནས་ལ་དེ་ཙམ་འགྱུར་བ་བཏང་མི་འདུག མདོར་ན་འཇང་ཡུལ་ཁ་བ་དཀར་པོ་ནས། ཡོལ་ལོ་གངས་ཀྱི་ར་བའི་བར་ས་སྐྱའི་བདག་བྱས་ཚུལ་སྔགས་འཆང་ཤཱཀྱ་བཟང་པོའི་ཕུར་བའི་ཆེ་བརྗོད་དུ་གསུངས་པ་དོན་ལ་གནས་སྙམ། རྒྱ་ནག་པ་འགའ་ཞིག་བཤད་སྲོལ་ལྟར་ན་བལ་ཡུལ་བོད་ཀྱི་ཞིང་ཆེན་དུ་བསྡུས་ཟེར་བ་ཡང་ཡོད་པར་དཔྱད་དགོས། །
མཁྱེད་རྒྱ་ཡངས་བའི་མཁས་དབང་དྲི་མེད་ལགས་ཀྱི་གསུངས་གོང་གསལ་དག་རེད། རྒྱ་བོད་སོག་གསུམ་ལ་མཁས་པའི་སྐྱེ་བོ་ཞིག་རེད། ཁོང་གི་གསུངས་ལ་དྲ་གྲོགས་ཚོས་དཔྱོད་པ་རེ་བྱས་ན་ཕན་ཐོགས་པའི་བསླབ་བྱ་རེ་ལེན་གྱི་ཡོད་པར་འདོད།
སྤེན་ཚེ་དང་ཁོ་པའི་རྒྱབ་སྐྱོར་བ་ཚོས་བློ་སེང་ལ་སྡིག་གཏམ་ཅང་བཤད་བསྡད་པ་འདི་ཚོ་ཚོད་ཟིན་ན་དགའ་རྒྱུ་རེད། ཁྱེད་ཚོས་ཇི་ཙམ་སྡིག་ཀྱང་བློ་སེང་གི་སྐྲ་བའི་རྩེ་མོ་ཙམ་ཡང་གཡོ་འགུལ་གཏོང་ཐུབ་ཀྱི་མ་རེད། སྐྱག་པར་སྡིག་ར་བྱེད་པ་དང་ཅིག་པ་རེད། ཤེས་སོང་ངམ།
ཅོ་རི་ལགས། ཡག་བྱུང་རིན་ཐང་ལྡན་པའི་སོག་བོད་རྒྱ་གསུམ་གྱི་ཆོལ་ཁའི་མིང་ཚིག་འདིར་དཔྱད་གླེང་འདི་བཀོད་པར་དགའ་སོང་།
༼འདི་ལ་ཧོར་རྒྱལ་པོ་སེ་ཆེན་གྱིས། ས་ལེན་དབང་གི་ལུང་དང་། གསེར་ཐམ་ཐོང་ཕྱི་གཡས་གཡོན་གྱི་ཁྲིམས་ར་དང་། ཧོར་གྱི་ཚས་སུ་བཅུག་སྟེ་ས་《ཆོལ་ཁ་གསུམ་》གྱི་ཁྲིམས་བདག་དུ་བསྐོས།་༽ ཚིག་འདིའི་ཉམས་འགྱུར་ལ་བལྟས་ན། ཧོར་རྒྱལ་པོ་སེ་ཆེན་གྱིས་གནང་བའི། ས་ལེན་དབང་གི་ལུང་དང་། གསེར་ཐམ་ཐོང་ཕྱི་གཡས་གཡོན་གྱི་ཁྲིམས་ར་དང་། ཞེས་འབྲེལ་ནས་བྱུང་འདུག་པས། ཧོར་རྒྱལ་པོས་དབང་ལུང་གིས་་་ཆོ་ལོ་་་རུ་གནང་བའི་ཡུལ་ཁག་གསུམ་ལ་་་ཆོལ་ཁ་གསུམ་་་ཞེས་ཚིག་བསྡུས་སུ་སྟབས་བདེར་བཟོས་པ་ཡིན་ནམ་སྙམ། ། འོན་ཀྱང་དཔྱད་པར་འཚལ། །
སོག་སྐད་རེད་ཟེར་བ་དེ་ལ་རྒྱུ་མཚན་དེ་ཙམ་ཨ་ཡོད་ན། ཐོག་མའི་མིང་ཚིག་དེ་དང་འབྲེལ་བའི་ལོ་རྒྱུས་འབྲི་མཁན་དེ་ནི་བོད་པ་ཞིག་ཡིན་ས་རེད། ཐོག་མའི་མིང་ཚིག་དེ་དང་འབྲེལ་བའི་ལོ་རྒྱུས་འབྲི་མཁན་དེ་སོག་པོ་ཞིག་ཡིན་ན་སོག་སྐད་ཡིན་པར་ཆ་འཇོག་བྱས་ནའང་མི་རུང་བ་མེད་པར་སྙམ། །
ད་དུང་་་་ཧོར་རྒྱལ་པོ་སེ་ཆེན་གྱིས་་་་གནང་བའི་་་་ཞེས་གསལ་འདུག་པས། གནང་བ་ནི་་་་ཆོ་ལོ་་་རུ་གོ་ན་ཏག་ཏག་བསྡད་པར་སེམས་སོ། །
དགོངས་དག་འདི་འབྲི་ནོར་ཤོག་བཞག ༼ད་དུང་་་་ཧོར་རྒྱལ་པོ་སེ་ཆེན་གྱིས་་་་གནང་བའི་་་་ཞེས་གསལ་འདུག་པས། གནང་བ་ནི་་་་ཆོ་ལོ་་་རུ་གོ་ན་ཏག་ཏག་བསྡད་པར་སེམས་སོ། ༽ ད་མང་པོ་མི་འབྲི་ཁྱེད་ཚོས་དཔྱོད་རོགས་གནོངས།
ཛམ་གླིང་རྒྱས་བཤད་རྩོམ་པ་པོའི་སྐོར་ལ།
http://scroll.in/article/735625/the-tibetan-lama-who-wrote-a-world-geography-in-1830
བརྟན་པ་ཡར་འཕེལ་ཟེར་བའི་མི་ངན་དེ་ དབུས་གྲོས་ཚོགས་སྤྱི་ཡི་དགྲ་བོ་ཡིན་ བཀའ་རྒྱུད་བརྟན་པ་སྤྱི་ཡི་ཞབས་འདྲེན་ཡིན་ འཁྲེལ་དང་ངོ་ཚ་་མེད་པའི་གྲྭ་རྫུན་ཡིན་་ ཤེས་ཡོན་སློབ་སྦྱོང་མེད་པའི་མཁས་ངོམ་ཡིན་
སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱི་འགྲེལ་བརྗོད་དེ་དག་ལ་ལྗིད་ཚད་ཡོད་པའི་ཁར། དངོས་ཡོད་གནས་ཚུལ་རྩལ་དུ་འདོན་ཐུབ་ཡོད་པས། སྤྱི་མི་རྣལ་མ་ཞིག་གི་ཁྱད་ཆོས་འདུག
གནམ་ལོ་ཡག་ཟེར་མཁན་དོལ་ཚོགས་ཀྱི་སྙིང་ཐུབ་གྲོགས་པོ་འདིར་སླེབས་བྱ། སྲུང་མ་དམར་ནག་གཉིས་ནས་ཁོ་དང་དཔལ་འབྱོར་ཚེ་རིང་ཐལ་བའི་རྡུལ་དུ་འཇོམས་མཛད་ཅིག གསོལ་ལོ་མཆོད་དོ། དཀར་ཕྱོགས་སྐྱོང་བའི་ལྷ་ཚོགས་རྣམས། མ་གཡེལ་མ་གཡེལ་མཐུ་དཔུང་བསྐྱེད་པའི་དུས་ལ་བབ། ཨ་ཧོ་་་་་་་་
བརྟན་པ་ཡར་འཕེལ་ཟེར་བའི་གྲ་གཟུགས་དེ། བོད་ཆབ་སྲིད་བསྟན་པའི་སྤྱི་དགྲ་ཡིན། བཀའ་རྒྱུད་བརྟན་པའི་སྒེར་དགྲ་ཡིན།