གཅིག སྲིད་སྐྱོང་ལ་ལངས་དགོས་པའི་ཐོག་མའི་ཀུན་སློང་དང་དམིགས་ཡུལ།
སྲིད་སྐྱོང་ལ་ལངས་པར་ཕྱོགས་གཅིག་ནས་སོ་སོར་འདུན་པ་དང་འདོད་པ་ཞིག་ཡོད་དགོས་པར་མ་ཟད། འཇོན་གྱི་རེད་བསམ་པའི་གདེང་ཚོད་ཅིག་ཀྱང་དགོས། གདེང་ཚོད་དེ་འདས་པའི་ལོ་ ༢༠ རིང་སྤྱི་འཐུས་བྱེད་སྐབས། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ལོ་བདུན་ལྷག་དང་། སྤྱི་འཐུས་ཚོགས་གཙོ་ལོ་ ༧ དང་ཕྱེད་རིང་བྱས་པའི་ཉམས་མྱོང་ལ་བརྟེན་ནས་གདེང་ཚོད་ཆེན་པོ་ཡོང་གི་འདུག
བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་ད་ལྟའི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་དང་ངེད་གཉིས་འོས་གཞིར་བཏོན་པ་དང་། དབུས་གཙང་ཆོལ་ཁའི་ངོས་ནས་མང་མོས་ཚད་མཐོན་པོའི་ཐོག་ནས་རང་ཉིད་སྲིད་སྐྱོང་འོས་གཞིར་བཏོན་པ། མི་མང་དཀྱུས་མ་དང་། དགའ་ཉེ་གྲོགས་པོ། སྤྱི་ཚོགས་ནང་གི་གནད་ཡོད་མི་སྣ་གང་མང་མང་གིས་སྔ་ཕྱི་བར་གསུམ་དུ་སྲིད་སྐྱོང་འོས་གཞིར་ཞུགས་དགོས་པའི་ནན་སྐུལ་གནང་བ་བཅས་ལ་བརྟེན་སྲིད་སྐྱོང་དུ་ལངས་པ་ཡིན།
གཉིས། བོད་མི་ནང་ཁུལ་ཆིག་སྒྲིལ་སྲ་བརྟན་དུ་གཏོང་ཐབས།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལྟའི་བར་དུ་སྐུ་ངལ་ཚད་མེད་བསྐྱོན་ཏེ། བོད་བཙན་པོའི་རྒྱལ་རབས་སིལ་བུར་འཐོར་བ་ནས་བཟུང་བྱུང་མྱོང་མེད་པའི་བོད་མི་རྣམས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཞིག་གསར་གཏོད་མཛད་ཡོད་པ་འདིར་དབུ་འོག་དཔུང་འདེགས་ཀྱི་ཞབས་ཞུ་བསྒྲུབ་རྒྱུ་ནི་ང་ཚོའི་ཆབ་སྲིད་འཐབ་རྩོད་དང་སྤྱི་ཚོགས་བདེ་ཐབས་ཀྱི་སྲོག་རྩ་ཆགས་ཀྱི་ཡོད།
ང་སྲིད་སྐྱོང་ཐོབ་པ་ཡིན་ན། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་གོང་མཐོར་གཏོང་བའི་ཐབས་ཤེས་འཚོལ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་ཀ་མཉམ་དུ་ཁྲིད་ཐུབ་ཐབས། གཞུང་མང་ནུས་པ་མཉམ་སྤུངས། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་རིགས་སྤྱི་མཐུན་ཚོགས་པ། བོད་རིགས་ཚོགས་པའི་ནུས་སྟོབས་གོང་སྤེལ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལྟ་བ་ལངས་ཕྱོགས་ལ་ཐེ་གཏོགས་མེད་པའི་སྟེང་ནས། དབུ་མ་དང་རང་བཙན་གང་ཡིན་རུང་ཁ་གཏད་ས་ཕར་རྒྱ་ནག་ལ་གཏོད་པ་ལས་ཚུར་ནང་ཁུལ་ལ་ལྟ་བ་རྩོད་གླེང་བྱེད་མི་དགོས་པ་གསལ་འདོན་བྱས་པའི་ཐོག་ནས། ཚོགས་པ་སྒྲིག་འཛུགས་ཁག་གི་ཚོགས་གཙོ་དང་། ཆོས་བརྒྱུད་དང་ཆོལ་ཁའི་སྐུ་ཚབ་འཐུས་མི་སོགས་ལ་འབྲེལ་གཏུག་གིས་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་སྲ་བརྟན་དུ་གཏོང་ཆེད་འབད་བརྩོན་ལྷོད་བྱ་མེད་བྱ་རྒྱུ་ཡིན། ང་ཚོས་ཆིག་སྒྲིལ་གྱི་ནུས་པ་ཅི་ཙམ་སྲ་བརྟན་དུ་གཏོང་ཐུབ་ན། དེ་ཙམ་གྱིས་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་ཐུགས་མཉེས་པོ་ཡོང་གི་རེད་ལ། ཁོང་ཅི་ཙམ་གྱིས་ཐུགས་མཉེས་པོ་བྱུང་བ་དེའི་ཚོད་ཀྱིས་ཁོང་གི་སྐུ་ཚེ་ཡུན་རིང་འཚོ་བཞུགས་གནང་ཐུབ་ཀྱི་རེད། འདི་ཧ་ཅང་གལ་ཆེན་པོ་རེད།
གསུམ། བོད་ཕྱི་ནང་གཉིས་ནས་ཕན་ཚུན་རེ་བ་དང་ཡིད་ཆེས་མ་བརླག་པ་བྱེད་གལ།
བོད་ནང་དུ་ཡོད་པའི་བོད་མི་ཚོས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་རེ་བ་རྒྱག་གི་ཡོད་པ་དང་། ང་ཚོ་བཙན་བྱོལ་དུ་ཡོད་མཁན་ཚོས་བོད་ནང་གི་བོད་མི་ཚོའི་སྙིང་སྟོབས་དང་ལྷག་བསམ་ལ་རེ་བ་གཏད་ཡོད་སྟབས། བོད་གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་རྣམས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དང་ཕན་ཚུན་ལ་ཡིད་ཆེས་མ་བརླག་པ་ཞིག་བྱ་རྒྱུའི་ཐབས་ལམ་འཚོལ་རྒྱུ།
བཞི། བོད་རྒྱ་འབྲེལ་མོལ་ནི་རྒྱ་ནག་ལ་བསྟུན་དགོས་ནའང་ཐབས་ཤེས་གང་ཡོད་བྱ་རྒྱུ།
ད་ལྟ་བོད་མི་ཡོད་དོ་ཅོག་གི་སེམས་ནང་དུ་བོད་རྒྱ་འབྲེལ་མོལ་ལ་རེ་བ་ཤུགས་ཆེར་བྱེད་ཀྱིན་ཡོད་ཅིང་། བོད་རྒྱ་འབྲེལ་མོལ་ལ་རེ་བ་བྱེད་པ་ནང་བཞིན་མ་འོངས་པར་སྲིད་སྐྱོང་ཞིག་སྲིད་སྟེགས་སྟེང་བསླེབ་སྟེ། བོད་རྒྱ་འབྲེལ་མོལ་ཡོང་འཇུག་རྒྱུར་རེ་བ་རྒྱག་གིན་ཡོད། ཡིན་ནའང་། བོད་རྒྱ་འབྲེལ་མོལ་ནི་ལག་པ་གཉིས་ཀས་ཐལ་མོ་རྡེབ་པ་ལྟར་ཕྱོགས་གཉིས་ཀ་ནས་མཉམ་རུབ་བྱས་ཏེ་ཡོང་རྒྱུ་ཞིག་ལས། ཚུར་ཕྱོགས་ནས་ལག་པ་ཅི་ཙམ་བརྡབ་ནའང་ཕར་ཕྱོགས་ནས་བརྡབ་རོགས་མ་བྱས་ཚེ་ཟློག་པ་ཡོང་གི་མེད།
དེར་བརྟེན། བོད་རྒྱ་འབྲེལ་མོལ་ནི་སྲིད་སྐྱོང་ཞིག་ཡར་བསླེབ་སྟེ་དེས་ཐག་གཅོད་ཐུབ་པ་དེ་འདྲ་ཞིག་མིན། ཡིན་ནའང་། ད་ཐབས་ཤེས་གང་ཡང་ཡོད་པ་མ་རེད་ཅེས་སྣང་མེད་དུ་གཏན་ནས་འཇོག་སྲིད་ཀྱི་མ་རེད། དཔེར་ན་ཆབ་སྲིད་མི་སྣ་ཁག་དང་ཚོང་པ་ཁག མཁས་དབང་ཁག་དང་མང་ཚོགས་སོགས་བརྒྱུད་ནས་ནུས་པ་ཐོན་སར་ནུས་པ་འདོན་རྒྱུ་དང་བརྡ་ལན་སྤྲོད་སར་བརྡ་ལན་སྤྲོད་རྒྱུ། རྒྱ་ནག་གཞུང་ལ་བོད་རྒྱའི་དཀའ་རྙོག་སེལ་ཚེ་ཕྱོགས་གཉིས་ཀར་ཁེ་ཕན་ཅི་ཡོད་སོགས་གསལ་བོ་བཟོ་ཐབས་དང་། འདིའི་ཐད་དུ་བརྒྱ་ཆ་བརྒྱ་འབད་བརྩོན་དང་ཐབས་ཤེས་གང་ཡོད་འདོན་རྒྱུ་ཡིན།
དབུ་མའི་ལམ་གྱི་སྲིད་ཇུས་ལ་འགྱུར་བ་མ་སོང་བར་དེའི་ཐོག་འགྲོ་རྒྱུ་ལས་ཐབས་གཞན་མེད་པས་དབུ་མའི་ལམ་གྱི་སྲིད་ཇུས་འོག་དངོས་ཡོད་གནས་སྟངས་གཞིར་བཞག་ནས་གོམ་པ་རྒྱག་དགོས། རྒྱ་ནག་ནང་དེང་སྐབས་དཔལ་འབྱོར་དང་ཆབ་སྲིད་ལ་འགྱུར་བ་འགྲོ་བཞིན་པ་དང་། དེ་ཚོའི་གོ་སྐབས་མ་བརླགས་པ་བྱེད་དགོས་པ་གལ་ཆེན་པོ་རེད། ང་ཚོའི་སྤྱི་ཚོགས་ནང་རྒྱ་ནག་ལ་ཉམས་ཞིབ་བྱེད་མཁན་གྱི་མཁས་པ་མང་པོ་ཡོད་པས། དེ་ཚོ་ཟུར་དུ་མ་བཞག་པར་ཚུར་གདན་འདྲེན་ཞུས་ནས་སྐད་ཆ་དྲིས། ཁོང་ཚོའི་རྣམ་དཔྱོད་བེད་སྤྱད་དེ་ཅི་དགའ་གང་དྲགས་ལ་གྲོས་བྱས། ཕྱི་རྒྱལ་གྱི་མཁས་དབང་དང་རྒྱ་མི་དང་རྒྱ་ནག་ལ་རྟོག་ཞིབ་བྱེད་མཁན་ཚོ་ཚང་མར་གོ་བསྡུར་བྱས་ཏེ་ཐབས་ཇུས་ཡར་རྒྱས་ག་རེ་དགོས་ཀྱི་འདུག བོད་རྒྱ་འབྲེལ་མོལ་ཚོགས་ཆུང་ཡིན་ནའང་ད་ལྟའི་དེ་མུ་མཐུད་གནས་དགོས་ཀྱི་འདུག་གམ། གསར་པ་ཞིག་དགོས་ཀྱི་འདུག དེ་ལྟར་རེ་རེ་བཞིན་སྐབས་དང་དུས་ལ་བསྟུན་ཏེ་ཁ་ཕྱོགས་གསར་བ་ཞིག་འཚོལ་ཐབས་བྱེད་ངེས་ཡིན།
ལྔ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་འོག་གི་གཞིས་ཆགས་ཁག་སྲ་བརྟན་བྱེད་ཐབས།
བཙན་བྱོལ་ནང་རྒྱ་བལ་འབྲུག་གསུམ་དུ་བོད་མི་འབུམ་གཅིག་ལྷག་དང་། བྱང་ཨ་རི་དང་ཡུ་རོབ་སོགས་ཕྱི་རྒྱལ་ཁག་ཏུ་བོད་མི་ཁྲི་གསུམ་ནས་བཞི་ཡས་མས་བཅས་ཁྱོན་བཙན་བྱོལ་དུ་བོད་མི་འབུམ་གཅིག་དང་ཁྲི་ལྔ་ཡས་མས་ཤིག་ཡོད། དེ་དག་ལས་རྒྱ་གར་ནང་བོད་མི་ཁྲི་དགུ་ཙམ་ཡོད། དེ་ཚོ་གཞིས་ཆགས་ཚང་མའི་ནང་ཁུངས་འཁྱོལ་ལ་མི་འཁྱོལ་བ་བྱས་ཏེ་མུ་མཐུད་དེ་འཇོག་པ་ལས། མི་གྲངས་ཉུང་ཉུང་དང་གནས་བབ་ཉམ་ཐག་ཡིན་པའི་གཞིས་ཆགས་ཁག་ཅིག་སྦེལ་ཀོབ་དང་མོན་གྷོ་འདོད་རྒུ་གླིང་ལྟ་བུའི་གཞིས་ཆགས་ཆེན་པོ་ཁག་ཏུ་ཟླ་སྒྲིལ་བྱས་ཏེ་གྲོང་ཁྱེར་ཆུང་ཆུང་བཟོ་ཐབས་དང་། དེར་སློབ་གྲྭ་དང་སྨན་ཁང་། རྒས་གསོ་ཁང་སོགས་ཚད་ལྡན་རྒྱག་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན། ལས་གཞི་འདིས་མ་འོངས་པར་བོད་ཀྱི་གཞོན་སྐྱེས་རྣམས་བོད་མིའི་གཞིས་ཆགས་ཁག་རང་དུ་གནས་ཐུབ་པ་དང་ལས་ཀ་རག་པ། མི་འབོར་བསྐོར་བ་རྒྱག་ཐུབ་པ་ཡོང་གི་རེད་སྙམ།
མདོར་ན། བོད་རྒྱའི་གནད་དོན་ལ་འགྱུར་བ་ཞིག་མ་ཐེབས་བར་དུ་ང་ཚོའི་བོད་མིའི་སྒྲིག་འཛུགས་འདི་སྲ་བརྟན་གནས་ཐུབ་པ་དང་། མང་ཚོགས་ཀྱིས་༸རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ལ་བློ་གཏད་ཐུབ་པ། དེ་བཞིན་རྒྱལ་སྤྱིའི་ནང་བོད་པའི་གནད་དོན་དེ་གནས་ཐུབ་པར་འབད་བརྩོན་བྱེད་དགོས་པ་དེ་གལ་ཆེན་པོ་རེད། ཕྱོགས་གཅིག་ནས་རྒྱ་ནག་ལ་ཕར་ག་ཚོད་སྙོབ་ཐུབ་ཐུབ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་རྒྱལ་སྤྱིའི་ནང་དང་བོད་པའི་སྤྱི་ཚོགས་འདི་སྲ་ཐག་ཐག་གནས་ཐུབ་དགོས་པ་གལ་ཆེ་ཤོས་ཆགས་ཡོད་པས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་གཞིས་ཆགས་ཁག་སྲ་བརྟན་གཏོང་རྒྱུར་ནུས་པ་གང་ཡོད་འདོན་རྒྱུ་ཡིན།
དྲུག ལས་ཁུངས་ཁག་ཏུ་ལས་ཀ་བྱེད་སྟངས།
ལོ་ངོ་ཉི་ཤུའི་རིང་གངས་ཅན་སྐྱིད་གཤོངས་རང་ནས་ལས་ཀ་བྱས་སྟབས། ལས་ཁུངས་སོ་སོའི་ནང་དུ་ག་རེ་བྱ་དགོས་མིན་བསམ་ཚུལ་གསལ་པོ་ཡོད། དཔེར་ན། ལས་བྱེད་ཚོའི་བདེ་སྡུག་ལ་ལྟ་དགོས་པ་རེད། བཀའ་ཤག་དང་གྲོས་ཚོགས་ལ་སྲིད་ཇུས་གང་འདྲ་ཞིག་ཡོད་ཀྱང་དེ་ལག་ལེན་དུ་བསྟར་མཁན་ལས་བྱེད་ཚོ་ཡིན། མ་འོངས་པར་སྲིད་སྐྱོང་གི་འོས་ཐོབ་ནའང་མི་གཅིག་གིས་འཇོན་ཐུབ་པ་ཞིག་མེད། བཀའ་ཤག་ལྷན་རྒྱས་དང་ལས་བྱེད་ཚོ་དང་མཉམ་དུ་ནུས་པ་འདོན་དགོས་པ་རེད། ངའི་གཤིས་ཀའི་ཐོག་ནས་མི་ལ་མཐུན་སྒྲིལ་བྱེད་དགོས་མཁན་ཞིག་ཡིན། དེང་སྐབས་ང་ལ་དོན་མེད་རྙོག་གླེང་བཟོ་མཁན་ཞིག་ཡིན་ནའང་ཁོང་ཁྲོ་དེ་ཙམ་ཟ་གི་མི་འདུག ངས་ནམ་རྒྱུན་ནས་བོད་མི་ནང་ཁུལ་མཉམ་རུབ་ཀྱི་ནུས་པ་འདོན་ཐབས་དང་། བོད་མི་ཕར་འཐོར་བཞིན་ཡོད་པ་རྣམས་ཚུར་རུག་རུག་བཟོ་ཐུབ་པ། ལས་བྱེད་ཚོ་ཡིན་ནའང་སེམས་ཤུགས་འཕར་ཐུབ་པ་ཞིག་བྱ་རྒྱུ་ཡིན།
གཞན་ལས་ཁུངས་སོ་སོའི་ནང་གི་ལས་དོན་བྱེད་ཕྱོགས་དང་། འབྱུང་འགྱུར་གྱི་ལོ་ལྔ་ནས་བཅུ་དང་། བཅོ་ལྔའི་ནང་ག་རེ་བྱེད་དགོས་ཀྱི་ཡོད་མེད་དེ་འདས་པའི་ལོ་ལྔ་ནས་བཅུ། བཅོ་ལྔའི་གནས་སྟངས་ལ་ཉམས་ཞིབ་བྱས་ཏེ་རྨང་གཞི་བརྟན་པོ་ཞིག་འདིང་མ་ཐུབ་ཚེ། ནམ་ཞིག་ང་ཚོར་དཀའ་ངལ་ཆེན་པོ་འཕྲད་རྒྱུའི་ཉེན་ཁ་ཞིག་ཡོད། དེ་དག་ཐོག་ལ་ཤུགས་རྒྱག་གི་ཡིན།
བདུན། བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་དཀའ་རྙོག་སེལ་ཐབས།
ད་ལྟ་བོད་མིའི་སྤྱི་ཚོགས་ནང་དཀའ་རྙོག་མང་བོ་ཞིག་བྱུང་དང་འབྱུང་བཞིན་ཡོད་ནའང་ངས་དེ་ནི་དཀའ་ངལ་ཞིག་ཏུ་མཐོང་གི་མེད། ནང་ཁུལ་དུ་མ་འཆམ་པ་དང་རྐྱེན་ངན་རེ་ཡོང་སྐབས་ང་ཚོས་ཉམས་མྱོང་གསོག་བཞིན་ཐབས་ལམ་ཞིག་རྙེད་ཡོང་གི་རེད། གཙོ་བོ་བོད་མིའི་བསམ་བློ་རེད། རྙོག་གླེང་མང་དག་ཅིག་ང་ཚོ་རང་གིས་བཟོ་བཞིན་ཡོད། དཔེར་ན། དབུ་མ་དང་རང་བཙན་གྱི་ལྟ་བའི་སྟེང་ནས་ནང་ཁུལ་དུ་རྩོད་གླེང་མང་དག་ཅིག་བྱས་ན་སུ་ལའང་ཕན་ཐོགས་འབྱུང་རྒྱུ་མེད། དེ་བཞིན་བར་ལམ་ཞིག་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་འཁྲུག་འགྲོ་གིན་འདུག
སྔོན་མ་ཕྱི་རྒྱལ་ཁག་ཏུ་བོད་མི་མང་བོ་མེད་སྐབས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཚོ་ཁྲོམ་དུ་བསླེབས་ཡོང་སྐབས། བོད་རིགས་མིན་པ་མངོན་གསལ་རེད། ཡིན་ནའང་། དེང་སྐབས་བོད་པ་མང་བོ་ཆགས་ནས་བོད་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་འདྲེས་ཏེ། མགོ་སེར་དེ་ཙམ་མཐོང་རྒྱུ་མེད་པའི་བཟོ་འདྲ་ཆགས་ནས་ནུས་པ་ཉམས་འགྲོ་ཡི་འདུག
ང་སྲིད་སྐྱོང་ཆགས་ན་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཚོ་བོད་པ་མ་ཡིན་པའི་སྒྲིག་འཛུགས་ཤིག་བཟོ་དགོས་བསམ་ཡོད། ཡིན་ན་ཡང་མང་གཙོའི་ནང་ཉུང་བའི་ལངས་ཕྱོགས་རེད་ཅེས་འབུར་འཇོམས་བྱེད་ཆོག་གི་མ་རེད། གཅིག་གིས་གཅིག་ལ་མ་གནོད་པ་བྱས་ཏེ། མཉམ་གནས་བྱེད་ཐུབ་དགོས་རེད།
བརྒྱད། དོལ་རྒྱལ་ཚོགས་པར་ཁ་གཏད་གཅོག་སྟངས།
དེང་སྐབས་༸རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་དང་འབྲེལ་བའི་གནས་ཚུལ་མང་བོ་ཞིག་ཡོང་གི་ཡོད་སྟབས། མ་འོངས་པར་དོལ་རྒྱལ་ཚོགས་པའི་མི་རེ་རེའི་རྒྱབ་ལྗོངས་ལོ་རྒྱུས་དང་དངོས་ཡོད་གནས་སྟངས་ག་རེ་ཆགས་ཀྱི་ཡོད་མེད་ལ་ཞིབ་ཚགས་ཀྱིས་ལྟ་དགོས་པ་དང་། དོལ་རྒྱལ་དང་འབྲེལ་བའི་གནད་དོན་འདིའི་སྟེང་དོ་སྣང་ཞིབ་ཚགས་སུ་གཏོང་དགོས་ཀྱི་འདུག དཔེར་ན། དོལ་རྒྱལ་བསྟེན་མཁན་མི་རེ་རེ་བཞིན་གང་ནས་ཡོང་གི་འདུག རྒྱབ་ལྗོངས་ཀྱི་ལོ་རྒྱུས་ཅི་འདྲ་རེད། བོད་མི་ཙམ་མིན་པར་ཕྱི་རྒྱལ་གྱི་མི་རིགས་དེ་ཚོ་ཡིན་ནའང་གང་ནས་ཡོང་གིན་འདུག རྒྱབ་ལྗོངས་དང་དམིགས་ཡུལ་ག་རེ་འདུག དེ་ཚོ་རེ་རེ་བཞིན་ཞིབ་ཚགས་ཀྱིས་བལྟས་ཏེ་གདོང་ལེན་བྱེད་སྟངས་ཐད་བསམ་བློ་གཏོང་དགོས་ཀྱི་འདུག
སྤྱིའི་ཆ་ནས་ཁོང་ཚོ་དེང་སྐབས་རྒྱ་ནག་ལ་བེད་སྤྱོད་ཡོད་སྟབས་རྒྱ་ནག་གིས་དངུལ་དངོས་སྤྲད་དེ་གླས་བཞག་པ་རེད་མ་གཏོགས། མ་འོངས་པར་བོད་རྒྱའི་གནད་དོན་སེལ་བ་ཡིན་ན་སྐབས་དེ་དུས་ཁོང་ཚོར་རྒྱ་ནག་གིས་བདག་པོ་རྒྱག་གི་མ་རེད། དེ་དུས་རང་བཞིན་གྱིས་འཇམ་འགྲོ་གི་རེད། ཡིན་ནའང་། དེའི་བར་དུ་༸གོང་ས་མཆོག་གི་སྐུ་ཕྱྭ་དང་འབྲེལ་ནས་དོགས་ཟོན་དང་གདོང་ལེན་གང་བྱེད་དགོས་པ་དག་ཏན་ཏན་བྱ་རྒྱུ་ཡིན།
དགུ ཕྱི་རྒྱལ་ཁག་ཏུ་བོད་མི་མང་དུ་འགྲོ་བཞིན་པ་དང་བསྟུན་ནས་བྱ་ཐབས་གསར་བ་བསྐྲུན་དགོས།
བྱང་ཨ་རིའི་ནང་དུ་བོད་རིགས་སྤྱི་མཐུན་ཚོགས་པ་ ༣༠ ཙམ་དང་ཡུ་རོབ་ཁག་ཏུ་ལུང་པ་རེ་རེའི་ནང་དུ་བོད་རིགས་སྤྱི་མཐུན་ཚོགས་པ་རེ་ཡོང་གི་ཡོད་སྟབས། དོན་གཅོད་ཀྱིས་སྙོབ་མ་ཐུབ་པའི་ས་ཆ་ཁག་ཏུ་ཆབ་སྲིད་ཀྱི་ཞུ་སྐུལ་དང་ལས་འགུལ་སྤེལ་དགོས་ཀྱི་ཡོད་ནའང་རེད། སྤྱི་ཚོགས་རུག་རུག་བཟོ་དགོས་ཀྱི་ཡོད་ནའང་རེད། དེ་ཚོའི་ཐོག་ལ་བོད་རིགས་སྤྱི་མཐུན་ཚོགས་པ་ཚོར་ལས་འགུལ་ཤུགས་ཆེན་པོ་ཆགས་ཀྱི་ཡོད་པ་ལྟར། ལས་འགན་འཁུར་ཐུབ་པའི་ཆེད་དུ་ཁོང་ཚོར་སློབ་སྦྱོང་གང་དག་སྤྲོད་དགོས་ཀྱི་འདུག མཐུན་རྐྱེན་གང་དག་སྦྱོར་དགོས་ཀྱི་འདུག དེ་ཚོར་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད།
དེ་བཞིན་བོད་མི་མང་དག་ཅིག་ཕར་འགྲོ་གི་ཡོད་སྟབས་ཕར་ཕྱོགས་ནས་བོད་པའི་སློབ་གྲྭ་འཛུགས་ཐུབ་མིན་གྱི་ཐད་དུའང་བསམ་བློ་གཏོང་དགོས། སློབ་གྲྭ་འཛུགས་རྒྱུར་སློབ་གྲྭ་དེའི་ནང་དུ་སློབ་གཉེར་བྱེད་མཁན་གྱི་སློབ་ཕྲུག་དགོས་པ་རེད། དེར་བརྟེན་ཐོག་མར་སློབ་གྲྭ་འགོ་མ་བཙུགས་པའི་སྔོན་དུ་དབྱར་ཀའི་གུང་གསེང་སྐབས་བོད་པའི་བྱིས་པ་རྒན་གཞོན་བར་གསུམ་ཚང་མར་ཡོང་ས་ཡོད་པ་དང་། དེའི་ནང་མགོ་ཁྲིད་ཀྱི་ཟབ་སྦྱོང་དང་ནང་ཆོས་ངོ་སྤྲོད། བོད་སྐད་ཡིག་སློབ་ཁྲིད་སོགས་ནས་རིམ་གྱིས་འགོ་བཙུགས་ཏེ་བོད་པའི་སློབ་གྲྭ་འཛུགས་ཐུབ་ས་རེད་དམ་མ་རེད་བསམ་བློ་གཏོང་གི་ཡིན།
བཅུ། བོད་མིའི་དཔལ་འབྱོར་གནས་བབ་དང་དཔྱ་ཁྲལ་དངུལ་འབུལ་ཕྱོགས།
དང་བླངས་དཔྱ་དངུལ་ལག་དེབ་དང་འབྲེལ་བའི་ཐོག་ནས་ད་ལྟའི་བཀའ་ཤག་གིས་གང་ལ་གང་འཚམ་ཞིག་གནང་ཡོད་ཀྱང་། ད་དུང་ཤུགས་ཆེ་ཙམ་གནང་སྟེ་བོད་པ་ཅི་ཙམ་གྱིས་འཐོར་ཡོད་ནའང་། དབྱིན་ཇིའི་སྐད་ནང་(Inclusiveness) ཟེར་བ་སྟེ། ཚང་མ་ནང་ལ་ཚུད་ཐུབ་པར་འབད་བརྩོན་བྱེད་རྒྱུ་དང་། གཞན་ལ་བརྟེན་མི་དགོས་པའི་ཐབས་ལམ་ཡང་འདི་རེད་འདོད། ཡིན་ནའང་། བོད་མི་རེ་ཟུང་གིས་རང་ཉིད་ཀྱི་འཚོ་བ་འགྲིག་ཙམ་བྱུང་ན་འགྲིག་འདུག་སྙམ་སྟེ་ཚུར་ཡ་བྱེད་ཀྱི་མེད། དེ་ཚོར་བཙན་བཀའ་ལྟ་བུ་གཏོང་རྒྱུ་མེད་མོད། ང་ཚོས་འབད་བརྩོན་ལྷོད་མེད་བྱས་ཏེ་བོད་མིའི་སྒྲིག་འཛུགས་འདི་མུ་མཐུད་དེ་གནས་ན་དགེ་མཚན་གང་ཡོད་པ་དང་། གལ་ཏེ་འདི་འཐོར་ཞིག་ཏུ་ཕྱིན་ཚེ་གྱོང་དང་སྐྱོན་ཆ་གང་ཡོང་སྲིད་པ་མི་མང་ལ་མཁྱེན་རྟོགས་ཡོང་འཇུག་རྒྱུ་གལ་ཆེན་པོ་རེད། འདིའི་ཐད་དུ་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་ཚོར་འགན་ཆེན་པོ་འདུག དེ་ཚོ་ཚང་མ་ང་ཚོས་རིམ་གྱིས་བང་བསྒྲིག་སྟེ་ནུས་པ་སྒྲིལ་ཐུབ་པར་འབད་བརྩོན་བྱ་རྒྱུ་ཡིན།
བཅུ་གཅིག སྤྱི་འཐུས་ཚོགས་གཙོ་བྱས་ཡུན་རིང་གི་ཉམས་མྱོང་།
ངས་སྤྱི་འཐུས་ཚོགས་གཙོ་ལོ་བདུན་དང་ཕྱེད་ཀའི་རིང་བྱས་པའི་དུས་ཡུན་རིང་། སྤྱི་འཐུས་ལྷན་ཁང་གི་ངོ་བོའི་ཐོག་ནས་སྤྱི་འཐུས་རྣམ་པ་ཕྱོགས་སྐྱོད་དུ་ཕེབས་རྒྱུ་དང་། མི་མང་ལ་འགན་འཁུར་བ་སོགས་ཀྱི་ཐོག་ལེགས་བཅོས་གང་འཚམ་བྱེད་ཐུབ་ཡོད། གྲོས་ཚོགས་ནང་ལོགས་སུ་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་དང་ཆབ་སྲིད་ཀྱི་ཐོག་བགྲོ་གླེང་གནང་བ་སོགས་གང་ཅིའི་ཐོག་ནས་ཚད་མཐོ་རུ་ཕྱིན་ཡོད་པ་དང་། རྒྱ་གར་གཙོ་བྱས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྤྱི་འཐུས་རྣམ་པ་ཚོས་འགན་འཁུར་ཏེ་བོད་དོན་ཞུ་གཏུག་དང་མི་སྣར་མཇལ་འཕྲད་གནང་རྒྱུ་དེ་ཚོའི་ཐོག་སྔར་དང་མ་འདྲ་བའི་ཤུགས་རྒྱག་ཐུབ་པ་བྱུང་ཡོད། ཆུང་ས་ནས་གྲོས་ཚོགས་ཀྱི་ཚོགས་ཁང་བརྒྱབ་པ་སོགས་ཐོག་མར་ཚོགས་གཙོ་བྱེད་སྐབས་དེ་བྱེད་དགོས་བསམ་པ་མང་པོ་ཞིག་འགྲུབ་སོང་བསམ་པའི་སྤོབས་པ་ཡོད།
ཡིན་ནའང་། དེ་དག་ང་གཅིག་པུས་འཇོན་པ་རེད་ཅེས་གང་ཡང་ཞུ་གི་མེད་པར་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་དེའི་སྔོན་གྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་གཉིས་ཀྱིས་མཐུན་འགྱུར་ཡག་པོ་གནང་བ་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ་ཚོས་མཐུན་འགྱུར་ཡག་པོ་གནང་བ། གྲོས་ཚོགས་ནས་མཐུན་འགྱུར་ཡག་པོ་གནང་བ་བཅས་ལ་བརྟེན་ནས་བྱུང་ཡོད་ཅིང་། མ་འོངས་པར་སྲིད་སྐྱོང་བྱས་པ་ཡིན་ནའང་སྲིད་སྐྱོང་མི་གཅིག་པུས་འཇོན་པ་གང་ཡང་མེད་དེ། སྲིད་སྐྱོང་གིས་འགོ་ཁྲིད་པའི་ཐོག་ནས་བཀའ་བློན་རྣམ་པ་ཚོས་མཉམ་རུབ་ཀྱིས་ནུས་པ་འདོན་དགོས་ལ། འཛིན་སྐྱོང་དང་གྲོས་ཚོགས་གཉིས་ཐུན་མོང་གིས་ཆབ་སྲིད་ཐོག་ནུས་པ་འདོན་དགོས་སྟབས་དེ་ཚོ་འདས་པའི་ཉམས་མྱོང་ལ་གཞིར་བཞག་སྟེ་འགྲོ་སྟངས་ཚད་ལྡན་དང་སྒྲིག་གཞི་དང་མཐུན་པའི་ཐོག་ནས་འགྲོ་ཐུབ་པ་བྱ་དགོས་བསམ་ཡོད།
བཅུ་གཉིས། གཞི་མེད་སྐྱོན་བརྗོད་ཁག་གསུམ་དང་ལན་འདེབས།
བཙན་བྱོལ་སྤྱི་ཚོགས་ནང་ང་ལ་སྐྱོན་བརྗོད་ཁག་ཅིག་ཡོང་བསྡད་པ་རེད། གཅིག་ནས་གྲོས་ཚོགས་ནང་དུ་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་ང་ལ་གཞི་རྩ་མེད་པའི་སྐྱོན་བརྗོད་བྱས་པ་རེད་ལ། དེ་སྔོན་ཡང་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་གྱིས་ང་ལ་སྐྱོན་བརྗོད་དེ་ནང་བཞིན་བྱས་པ་རེད། ང་ལ་གཞི་མེད་སྐྱོན་བརྗོད་བྱས་པ་དེ་ཐེངས་གཅིག་མིན་པར་ཡང་དང་བསྐྱར་དུ་བྱུང་བར་བརྟེན་ངས་ཀྱང་བརྡ་ལན་ཞིག་སྤྲད་མ་གཏོགས་ཏག་ཏག་བསྡད་མི་འདུག་བསམ་སྟེ་ཕྱི་ལ་ཐོན་པ་ཡིན། གང་ཡིན་ཟེར་ན་གྲོས་ཚོགས་ཚོགས་སྐབས་ནང་ལོགས་སུ་སྐད་ཆ་གང་འདྲ་ཞིག་བཤད་ནའང་ཁྲིམས་གཏུག་བྱེད་མི་ཆོག་པའི་བཅའ་ཁྲིམས་ཡོད་སྟབས། དེའི་ཁེ་ཕན་བླངས་ནས་གཞི་རྩ་མེད་པའི་སྐད་ཆ་གང་བྱུང་མང་བྱུང་ལབ་ཡོང་གི་འདུག བློ་ཕམ་ཡོད།
རྒྱུ་མཚན་དང་དཔང་རྟགས་ཡོད་ན་ཕྱི་ལོགས་ནས་བཤད་དགོས་པ་རེད། གྲོས་ཚོགས་ཕྱི་ལོགས་ནས་བཤད་ན་ངས་ཁྲིམས་ཁང་གང་ལ་གཏུག་དགོས་ནའང་གཏུག་གི་རེད། དེ་དུས་ཁུངས་སྐྱེལ་བྱེད་དགོས་པ་རེད། ངས་ཁྱེད་ཚོར་སྤོབས་པ་ཡོད་ན་གྲོས་ཚོགས་ཀྱི་ཕྱི་ལ་ཡོང་ནས་ཤོད། མི་གཅིག་གིས་མི་བསད་པ་རེད་ལབ་རྒྱུ་ལས་སླ་བོ་མ་རེད། ཕྱི་ནས་བཤད་མཁན་སྔོན་མ་ཡང་མ་བྱུང་བ་རེད་ལ། ད་ལྟ་ཡང་ཕོད་ཀྱི་ཡོད་པ་མ་རེད། དེར་བརྟེན་གཞི་རྩ་མེད་པའི་སྐད་ཆ་འདིའི་རིགས་ཀྱིས་ང་ལ་ནག་པོ་བཟོ་བསམ་གི་ཡོད་ནའང་གཞི་རྩ་མེད་སྟབས་ནག་པོ་བཟོ་ཐུབ་པའི་རྒྱུ་མཚན་ཞིག་ནམ་ཡང་མཐོང་གི་མེད།
གཉིས་ནས་ངས་ཨ་རག་འཐུང་གིན་འདུག་ཟེར་གྱིན་ཡོད་པ་རེད། དེ་བདེན་པ་རེད། ངས་ཨ་རག་འཐུང་གི་ཡོད་སྟབས་འཐུང་གི་ཡོད་ལབ་ནས་ཁས་ལེན་དགོས་པ་རེད་མ་གཏོགས་སྐྱག་རྫུན་བཤད་ན་ཡོང་གི་མ་རེད། ཡིན་ནའང་། ངས་ཨ་རག་འཐུང་བ་མ་གཏོགས་ཨ་རག་འཐུང་ནས་ལས་དོན་འཐུས་ཤོར་དུ་བཏང་བ་དེ་འདྲ་རྩ་བ་ཉིད་ནས་བྱུང་མྱོང་ཡོད་པ་མ་རེད། དེ་བཞིན་མ་འོངས་པར་སྲིད་སྐྱོང་ལ་བསླེབ་ཚེ་དེ་དུས་ཏན་ཏན་འདི་ལ་འགྱུར་བ་གཏོང་གི་རེད།
གསུམ་ནས་གྲོས་ཚོགས་ནང་དུ་ཁ་ནོར་ནས་རྒྱ་ནག་གཞུང་བཀའ་དྲིན་ཆེན་པོ་རེད་ཅེས་ལབ་ཤོར་བ་རེད། དེ་ཁ་ནོར་བ་རེད་མ་གཏོགས་དེ་འདྲ་ཞིག་བཤད་ཀྱི་མེད་པ་དེ་སྐབས་དེའི་གཏམ་བཤད་ཆ་ཚང་ལ་ཉན་ན་ཤེས་རྟོགས་ཡོང་གི་རེད། མ་གཞི་གྲོས་ཚོགས་ར་བའི་ནང་དུ་དངོས་སུ་དེ་ལྟ་བུའི་སྐད་ཆ་ཞིག་བཤད་ཀྱིན་ཡོད་ན་སྤྱི་འཐུས་དེ་ཚོས་ང་ཐར་བར་གཏོང་གི་རེད་དམ། གཏན་ནས་གཏོང་གི་མ་རེད་པཱ། དེར་བརྟེན་གཞི་རྩ་མེད་པའི་སྐྱོན་བརྗོད་འདི་ཚོས་གྲས་ཀྱིས་ང་ལ་ཁྱད་པར་གང་ཡང་བཟོ་ཐུབ་ཀྱི་མ་རེད།
བཅུ་གསུམ། ངས་འཇོན་གྱི་རེད་བསམ་པའི་ཐོག་ནས་འོས་བླུག་རོགས།
ང་སྲིད་སྐྱོང་ལ་ཐོབ་ཚེ་མཐའ་གཅིག་ཏུ་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་འགྲོ་གི་ཡིན། དེ་ལས་གཞན་ལམ་ཁ་མེད། ང་ཚོའི་སྤྱི་ཚོགས་ནང་ལ་ཆབ་སྲིད་ཞེ་དྲགས་ཤེས་ཀྱི་ཡོད་གསུང་མཁན་དེ་འདྲ་ཡོད་པ་དང་། རྒྱལ་བ་རིན་པོ་ཆེས་ཕལ་ཆེར་ཆབ་སྲིད་ཤེས་ཀི་མ་རེད་མདོག་མདོག་དེ་འདྲ་གསུང་མཁན་བྱུང་མྱོང་བ་རེད། ད་ལྟ་ཡིན་ན་ཡང་ཟུར་ཟ་བྱེད་མཁན་དེ་འདྲ་ཡོད་རེད། ཡིན་ནའང་རྒྱལ་བ་རིན་པོ་ཆེ་ལས་ལྷག་ཅིག་བོད་པའི་གནད་དོན་ཤེས་མཁན་སུ་ཡོད།
བོད་ནང་གི་གནས་ཚུལ་ལ་མཚོན་ན། བོད་ནང་ལོགས་ཀྱི་གནད་ཡོད་མི་སྣ་ཚོས་སྐུ་མདུན་ལ་བཀའ་འདྲི་ཞུ་བཞིན་འདུག རྒྱ་ནག་གི་མཁས་པ་དེ་ཚོ་ཡིན་ན་ཡང་རྒྱལ་བ་རིན་པོ་ཆེར་འབྲེལ་བ་ཞེ་དྲགས་བྱེད་ཀྱི་ཡོད་པ་རེད། རྒྱལ་སྤྱིའི་མཁས་པ་ཡིན་ཟེར་མཁན་དེ་ཚོ་ཡིན་ན་ཡང་རྒྱལ་བ་རིན་པོ་ཆེར་འབྲེལ་བ་ཞུ་ཡི་ཡོད་རེད། ཆབ་སྲིད་ཀྱི་མི་སྣ་མཐོ་ཤོས་དེ་ཚོར་སྐུ་མདུན་མཇལ་གྱི་ཡོད་པ་མ་གཏོགས་ང་ཚོ་མཇལ་ཐུབ་ཀྱི་མེད་པཱ། དེར་བརྟེན་སྐུ་མདུན་ལས་ལྷག་པའི་དགོངས་པ་བཞེས་ཐུབ་མཁན་ང་ཚོའི་སྤྱི་ཚོགས་ནང་ཡོད་པ་མ་རེད།
ང་ལ་འོས་བླུགས་པར་ངས་ཅིག་འཇོན་གྱི་རེད་བསམ་པའི་ཐོག་ནས་འོས་བླུག་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། དེ་མ་གཏོགས་ངས་འཇོན་གི་མ་རེད་བསམ་གྱིན་བསམ་གྱིན་ངའི་ཕ་ཡུལ་གཅིག་པ་ཡིན། སྤུན་མཆེད་དུ་འགྲོ་ཡི་ཡོད། གྲོགས་པོ་ཡིན། གཞིས་ཆགས་གཅིག་པ་ཡིན་ཞེས་བླུགས་ན་ཕན་ཐོགས་ཡོད་པ་མ་རེད། དེར་བརྟེན། འོས་གཞིའི་ནང་དུ་ལངས་མཁན་སུ་ཡོད་ནའང་ཚང་མའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ལ་བལྟས་ཏེ། སོ་སོའི་རྣམ་དཔྱོད་རྩལ་དུ་བཏོན་ནས་ཡིད་ཆེས་རྙེད་པའི་ཐོག་ནས་བླུག་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
མཇུག་གི་གསལ་བཤད།
གོང་གསལ་དོན་ཚན་ཁག་ནི་སྲིད་སྐྱོང་འོས་མི་དང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཉེ་ལམ་ངྷ་རམ་ས་ལ་དང་ལྡི་ལི། ལྷོ་གཞིས་ཁག་ལྔ། ལྡེ་ར་རྡུན་སོགས་སུ་ཕྱོགས་སྐྱོད་ཀྱི་སྲིད་སྐྱོང་འོས་མིར་བཞེངས་དགོས་པའི་སྐོར་གསུང་བཤད་གནང་བ་ཁག་དང་། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་དང་བོད་ཀྱི་དུས་བབ། བོད་ཀྱི་བང་ཆེན་བཅས་ཀྱི་བཅར་འདྲི་དང་ལེན་བྱས་པ་ཁག་ལས་སྙིང་བསྡུས་ཤིག་ཕྱོགས་སྒྲིག་བྱས་པ་ཡིན། འདིའི་ནང་དུ་མ་ཚུད་པ་དང་ཁོང་གི་གསུངས་པ་ལྟར་སྒྲ་དོན་གོ་འཛོལ་བྱུང་བ་སོགས་ཡོད་ངེས་པས་དགོངས་འཆར་ལྷུག་སྩོལ་ཡོང་བར་མཁྱེན།
ཞེས་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་གི་རྒྱབ་སྐྱོར་བ་ཁག་ཅིག་ནས།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཚོགས་གཙོ་རྣམ་གཉིས་ཀྱིས་དགོངས་པ་གཅིག་མཐུན་ངང་གཞི་ཆགས་སྲ་བརྟན་དུ་གཏོང་དགོས་ཚུལ་ནན་གྱིས་གསུངས་ཀྱི་འདུག འདི་ནི་སོ་སོར་འོས་ཤོག་ཐོབ་པའི་ཆེད་ཡིན་ན་མ་གཏོགས་གཞི་ཆགས་ཁག་གྲ་རྒྱས་པོ་བཏང་ན་ལེགས་པོ་ཡོད་པ་མ་རེད། སྤྱིར་བོད་པའི་གཞི་ཆགས་གང་ཡིན་ཀྱང་རྒྱ་གར་ཡུལ་མི་ལས་དཔལ་འབྱོར་ཡག་པོ་ཡོད་ས་རེད། ཡག་པོ་ཡིན་པའི་ཁར་ད་དུང་ཡར་རྒྱས་སུ་བཏང་ན་མི་ལེགས། སྐྱབས་བཅོལ་ཟེར་བ་དེ་གནས་སྐབས་རིང་ལ་སྐྱབས་བཅོལ་ཡིན་སྟབས་དུས་རྒྱུན་དུ་ཕྱིར་བོད་ལ་ལོགས་རྒྱུ་གྲལ་བསྒྲིག་དགོས། དེའི་ཕྱིར་དངུལ་རག་ན་གསོག་རྒྱུ་ལས་ཁང་པ་རྫིག་པོ་སོགས་རྒྱབ་ན་མི་ལེགས་སོ། གཞན་དུ་ན་བྱེས་ནས་འཚར་ལོངས་བྱུང་བའི་བོད་མི་ཚོས་གཞི་ཆགས་སྲ་བརྟན་བཏང་ན་ཕྱིར་བོད་ལ་འགྲོ་རྒྱུ་བསམ་བློ་རིམ་བཞིན་ནམ་མཁའི་འཇའ་ཚོན་བཞིན་ཡལ་རྒྱུའི་ཉེན་ཁ་ཡོད་པའང་སྨོས་མེད་ལགས། །སྔོན་ཆད་རྒྱ་ནག་གི་རྒྱལ་ཕྲན་གཉིས་དམག་ཐབས་བྱས་སྐབས། དམག་དཔོན་ཐབས་ཇུས་ཅན་གྱིས་དམག་མི་ཡོད་ཚད་ཆུའི་ཕ་རོལ་དུ་སླེབས་མ་ཐག་རང་ཉིད་ཀྱི་དམག་མིའི་སེམས་ཤུགས་སྤར་ཆེད་དུ་ཆུ་བོ་བགྲོད་བྱེད་ཀྱི་གྲུ་ཡོད་ཚད་གཏོར་དུ་བཅུགས། གལ་ཏེ་དམག་འཐབ་ལ་རྒྱལ་ཁ་མ་ཐོབ་ན་ཡོད་ཚད་འཆི་བ་ལས་ཕྱིར་ལོགས་སྤྱད་ཀྱི་གྲུ་མེད་པ་རེད། དེའི་སྟོབས་ཀྱིས་བདེ་ལེགས་ངང་རྒྱལ་ཁ་ཐོབ་པ་རེད། ང་ཚོས་གཞི་ཆགས་ཡར་རྒྱས་སུ་བཏང་ན་གཏན་བསྡོད་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད་པ་རེད་ལགས། དེ་ཙམ་ཡིན། །
དེང་སྐབས་སྲིད་སྐྱོང་ལངས་མཁན་ཀླུ་མཁའ་མ་གཏོགས་གཞིས་བྱེས་གཉིས་འཛོམས་ཀྱི་ལས་ཀ་བྱ་འདོད་ཡོད་མ་རེད། ལྟོས་དང་གཏམ་བཤད་སྐབས་རང་ཉིད་འོས་ཐོབ་ཐབས་མ་གཏོགས་རྩ་དོན་འགྲུབ་ཆེད་བསམ་བློ་གཏོང་ཀི་ཡོད་མ་རེད་ལ་ལག་ལེན་ནང་དུ་ཡང་དེ་གར་རེད། འདས་ཟིན་པའི་དུས་ནང་ལ་གཟིགས་ཅིག་་་་་་་བོད་ནང་ནས་རང་སྲོག་མེར་བསྲེགས་དུས་ཡུལ་གྱར་ནས་ནུབ་ཕྱོགས་སུ་རེ་བ་བྱས་བཞིན་ཡོད། ཡུལ་གྱར་ནས་དོན་དག་འགྲུབ་རྒྱུ་མེད་ན་ངེས་པར་དུ་བོད་ནང་ལ་བརྡ་ལན་ཕྱི་གསལ་ནང་གསལ་ཅིག་སྤྲོད་དགོས་རེད་མ་གཏོགས་གཞིས་བཞུགས་རྣམས་པར་མགོ་བསྐོར་གཏོང་ཡུན་རིང་ན་ཉིན་ཅིག་རྫུན་རྐུབ་བརྡོལ་རྒྱུ་གདོན་མི་ཟ་བས་དེང་དུས་ཁ་བའི་ལས་དབང་གཉིས་མེད་དུ་གྱུར་བར་ཐེ་མི་ཚོམ།
གཉིས། བོད་མི་ནང་ཁུལ་ཆིག་སྒྲིལ་སྲ་བརྟན་དུ་གཏོང་ཐབས།་་་ཅེས་བཤད་འདུག
xxxxxxxxxxxxxxx
གསུམ། བོད་ཕྱི་ནང་གཉིས་ནས་ཕན་ཚུན་རེ་བ་དང་ཡིད་ཆེས་མ་བརླག་པ་བྱེད་གལ།་་་་་ཞེས་བཤད་འདུག
ལན། སྤེན་ཚེ་ནི་བཙན་བྱོལ་བོད་གཞུང་སྒྲིག་འཛུགས་ལ་བསྒྱུར་མཁན་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏོད་བྱེད་དགོས་ཅེས་པའི་མིང་ཚིག་ནག་བསུབ་བཏང་ཚོའི་གྲལ་གྱི་གཙོ་བོ་ཞིག་ཡིན། བཙན་བྱོལ་བོད་གཞུང་སྒོ་བརྒྱབ་པ་དང་བོད་རྒྱལ་ཁབ་ཅེས་པའི་ཚིག་ཙམ་བཅའ་ཁྲིམས་ནང་དུ་མཐོང་ཡ་མེད་བཟོས་པ་འདིས་བོད་ཕྱི་ནང་གཉིས་ཀྱི་བོད་མི་མང་པོའི་སེམས་ཤུགས་བཅག་ཡོད། ཡིད་ཆེས་བརླགས་ཡོད།
བོད་ནང་གི་བོད་མི་ཤེས་ལྡན་མང་པོར་བློ་ཕམ་དང་ཡིད་ཆད་བཅུག་ཡོད། བཙན་བྱོལ་ནང་གི་བོད་མི་ཡ་རབས་ཚོད་ལྡན་གྱི་མི་རྒན་ནང་དུ་ངུ་མཁན་ཡང་བྱུང་ཡོད། བཙན་བྱོལ་བོད་མི་མང་པོས་དང་བླང་བཅའ་ཁྲལ་སྤྲོད་ཀྱི་མཚམས་ཡོད། ངས་ཀྱང་བཙན་བྱོལ་བོད་གཞུང་སྒོ་བརྒྱབ་པ་ནས་བཟུང་དང་བླང་བཅའ་ཁྲལ་སྤྲད་ཀྱི་མེད། མ་འོངས་པ་བཙན་བྱོལ་བོད་གཞུང་སླར་གསོ་མ་བྱེད་ན་མུ་མཐུད་དང་བླང་བཅའ་ཁྲལ་སྤྲོད་རྩིས་མེད།
ང་ཚོ་ལ་བོད་རང་བཙན་མེད་ནའང་སོ་སོས་བློ་གཏོད་བྱེད་སའི་བཙན་བྱོལ་གཞུང་ཞིག་ཡོད་པ་དེ་ཡང་སྒྲིག་འཛུགས་ཆུང་ཆུང་ཞིག་བསྒྱུར་བ་ནི་བསམ་ཡུལ་ལས་འདས་པའི་བྱ་བ་ཐབས་སྡུག་ཞིག་རེད། བོད་ཕྱི་ནང་གཉིས་ཀྱི་བོད་མི་མང་པོས་ཡིད་ཆེས་བརླགས་བཅུག་ཡོད། ཡིད་ཆེས་བརླགས་བཅུག་མཁན་ནང་གི་གཙོ་བོ་གཅིག་སྤེན་ཚེ་ཡིན། སྤེན་ཚེས་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་བར་དུ་ཡིད་ཆེས་མ་བརླག་ཐབས་བྱེད་ཡིན་ཟེར་བའི་འོས་བབ་མེད།
སྤེན་ཚེས་ཆིག་སྒྲིལ་མ་བཤད་པའི་སྔོན་དུ་སྲིད་སྐྱོར་འོས་མི་ལྔ་པོའི་ནང་དུ་ཆིག་སྒྲིལ་དང་སྟིངས་ཆ་གཅིག་གི་ཐོག་ཏུ་གཏམ་བཤད་མཉམ་དུ་བྱེད་ཐུབ་ས་རེད་དམ་མ་རེད། མི་ལྔ་ཆིག་སྒྲིལ་བྱེད་མ་ཐུབ་ན་ས་ཡ་དྲུག་ཆིག་སྒྲིལ་བཟོ་ཐུབ་པའི་ནུས་པ་ཞིག་ཡོད་སྲིད་དམ།་་་་་ཧཧཧ
སྤེན་པ་ཚེ་རིང་གིས་བཤད་པའི་སྐད་ཆར་གནས་ལུགས་འདུག དངོས་ཡོད་གནས་ཚུལ་རྐྱང་བཤད་འདུག ཁྱོད་ལ་སྲིད་སྐྱོང་བྱེད་པའི་ནུས་པ་ཆ་ཚང་འདུག ཡིན་ཡང་། སྲིད་སྐྱོང་བྱས་ན་ཆང་ཨ་རག་བཏུང་ནས་ར་བཟི་བསྡད་ན་འགྲིག་གི་མ་རེད་ད།
བཅུ། བོད་མིའི་དཔལ་འབྱོར་གནས་བབ་དང་དཔྱ་ཁྲལ་དངུལ་འབུལ་ཕྱོགས།
ལན་་་དང་བླང་དཔྱ་ཁྲལ་མི་སྤྲད་པའི་རྒྱུ་མཚན་ཡོད། ཁྱོད་ཚོས་བཙན་བྱོལ་བོད་གཞུང་སྒྲིག་འཛུགས་ལ་བསྒྱུར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གི་བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏོད་དགོས་ཅེས་པའི་མིང་ཚིག་ནག་བསུབ་བྱས། རྒྱ་གུན་ཁྲན་ཏང་གི་རྩ་ཁྲིམས་འོག་ཏུ་འགྲོ་གི་ཡིན་ཟེར་བ་སོགས་ཀྱིས་བོད་མི་མང་པོ་སྐྱུག་མེར་ལངས།
དང་བླང་དཔྱ་ཁྲལ་སྤྲད་མཚམས་བཞག་ཡོད། ངས་རེ་བ་ལ་ཁྱོད་ཚོས་བཙན་བཀའ་ཞིག་གཏོང་འོང་རོགས་བྱས་ན་བསམས་ནས་བསྡད་ཡོད། རྒྱལ་སྤྱིའི་ཁྲིམས་ཀྱི་མདུན་སར་སྒེར་གཅོད་པ་ཚོས་གཞུང་སྒྲིག་འཛུགས་ལ་བསྒྱུར་སྟངས་དང་། ནུབ་ཕྱོགས་པའི་རྒྱལ་ཁབ་ཁག་གི་རོགས་དངུལ་སྤྲད་པ་རྣམས་བོད་རང་བཙན་གྱི་ཆེད་དུ་འཐབ་རྩོད་བྱེད་མཁན་རྣམས་ལ་གཅིག་ཀྱང་རག་གི་མེད་སྟངས། དང་བླང་དཔྱ་ཁྲལ་མི་སྤྲད་མཁན་གྱི་བོད་མི་རྣམས་ལ་རོགས་དངུལ་སྤྲད་ཀྱི་མེད་པ། རྒྱ་མི་རྣམས་ལ་ཟས་མགྲོན་བཏང་གི་ཡོད་པའི་ལོ་རྒྱུས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཁྲིམས་ཀྱི་མདུན་སར་ཞུ་གཏུག་བྱ་འདོད་ཡོད།
གལ་སྲིད་མུ་མཐུད་ནས་བཙན་བྱོལ་བོད་གཞུང་སླར་གསོལ་མ་བྱེད་པ་ཡིན་ན་དཔྱ་ཁྲལ་མི་སྤྲོད་མཁན་ལོ་རེ་ནས་ལོ་རེ་མང་རེ་འགྲོ་ངེས་ཡིན། རྒྱ་དམར་པོའི་འོག་ཏུ་འགྲོ་གི་ཟེར་མཁན་གྱི་སྒྲིག་འཛུགས་ཤིག་ལ་དཔྱ་ཁྲལ་སྤྲོད་དགོས་པའི་རྒྱུ་མཚན་སྤུ་ཙམ་མེད་དོ།
བཙན་བྱོལ་བོད་མིའི་ནང་ཁུལ་ཆིལ་སྒྲིག་མེད་པ་བཟོ་མཁན་བྱེད་གཏེར་ཞིག་གིས་ཆིལ་སྒྲིག་བཟོ་རྒྱུ་ཡིན་ཟེར་བ་ནི་དགོད་མོའི་གནས་རེད། གལ་སྲིད་ཁོས་བཤད་པའི་སྐད་ཆ་དེར་རེ་བ་བྱེད་པ་ཡིན་ན་དེ་ནི་ལྐུག་རྟགས་རེད། དད་པ་ལོག་སྤྱོད་པ་གཙོ་བོ་སྤེན་ཚེ་གྲས་ཀྱིས་མཐུན་ལམ་གཏོར་བ་ཚོད་མེད་རེད།
ཅོ་རིས་དཔྱ་ཁྲལ་མ་སྤྲད་ན་བོད་མིའི་སྒྲིག་འཛུགས་སྤྲང་པོ་ཆགས་ཀྱིན་མ་རེད་ལོ། ཁྱོད་དེ་འདྲ་བོད་གཞུང་ལ་སེམས་ནག་དགོས་པ་ཅི་མ་སྒྲིག་པ་རེད། ཕོ་རོགས་ནག་པོའི་ཕྲུ་གུ་རང་རེད། ཏང་གི་ལས་དཀའ་མེད་ན་དྲིན་ཅན་ལ་དྲིན་ལོག་མ་བྱས་ལོ།
རང་བཙན་ཐབ་རྩོད་པ་ཚོར་འབུར་འཇོམས་དང་གཞོན་ནི་གཏོར་ཞིག་གཏོང་རྒྱུ་ནི་ཁོང་སྲིད་སྐྱོང་ལ་ལངས་པའི་དགེ་མཚན་དང་པོ་མ་རེད་དམ
ཅོ་རིས་གང་བཤད་ནི་ནུས་མེད་རེད། སྐྱིད་པ་ལ། སོ་སོས་སོ་སོ་ལག་དུམ་ལ་བཟོས་བཞག་པ་རེད། དཔྱ་ཁྲལ་མ་སྟེར་ན། འོས་ཤོག་འདེམས་ཐུབ་མེད། ཧ་ཧ་ཧ། ཆབ་སྲིད་དང་རང་དབང་དམངས་གཙོའི་དགའ་སྟོན་ལ་རོལ་མ་ཤེས་ན་ཁོ་འདྲ་བ་ཡིན་དགོས་ལི་རེད། ཧ་ཧ་ཧ།
བླུན་པོ་སྒོར་དགའ་འདིས་སེར་སྣ་བྱེད་ཚུལ་བལྟས་ན། སྤྲང་ཕྲུག་གི་མི་ཚེ་ལས་མ་ཐར་བའི་ནུས་མེད་སྒོར་མེད་ཞིག་ལས་ཡིན་སྣང་། ཧ་ཧ་ཧ།
ནག་གདོང་ཁྱོད་རང་ལོ་རྒྱུས་ཀྱི་ཉེས་ཅན་པ་ཞིག་རེད་ད། མི་ངན་ཁྱོད་རང་སྤྱི་འཐུས་ཡིན་སྐབས་བཙན་བྱོལ་བོད་གཞུང་སྒྲིག་འཛུགས་ལ་བསྒྱུར་པ་རེད། དོན་དངོས་པོའི་ཐོག་ནས་བོད་རྒྱལ་ཁབ་ཀྱི་དགྲ་བོ་རེད་ད།
རང་བཙན་ཟེར་བ་འདི་ཕར་རྒྱའི་ལག་པ་ནས་བརྩད་ནས་ལེན་རྒྱུ་ཞིག་ལས། གངས་སྐྱིད་ཀྱི་རྐུབ་སྟེག་ཞིག་བརྩད་ན་རེག་འགྲོ་བ་དེ་འདྲ་ཡིན་ནི་མ་རེད་ལོ། བླུན་ཕྲུག་ཚོ།
རང་བཙན་རྩོད་ནི་ཚོས། རང་བཙན་རང་སྐྱོང་མ་རེག་གོང་ལ་ལེན་ཤོག་དང་། དགའ་བསུ་ལས་མེད། ལམ་དབུ་མ་དང་རང་བཙན་པ་ཚོས་སུ་མགྱོགས་སུ་ཕན་བལྟས་ཆོག་གི་རེད། ང་ཚོ་དམངས་གཙོ་རེད།
སྲིད་སྐྱོང་འོས་མི་ཞིིག་གི་སྐད་ཆ་མ་རེད། སྔོན་ནས་བཙན་བྱོལ་གཞུང་གི་བཀའ་བློན་ཚོས་གསུང་ཚར་བའི་སྐྱུག་ལྡད་ཙམ་རེད། ད་ཉོབ་སོང་།
གནམ་ལགས་འདི་ཆབ་སྲིད་ཀྱི་འགྲོ་ལུགས་ལ་རྒྱུས་མངའ་མེད་པ་འདྲ། ཕྲུ་གུའི་སྐད་ཅ་འདྲ་བཤད་ནས་དེ་ལས་༼ཅོ་ལེ་ཊི༽ཟོ་ནས་ཕར་སྡོད་ཅིག་དང་ཆབ་སྲིད་པའི་གྲལ་དུ་འཚངས་དགོས་མ་རེད་ཨོ།
བལྟ་ཆོག་གི་རེད། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རོགས་དངུལ་སྤྲད་བསྡད་པ་དེ་དབུ་མའི་ལམ་གྱི་རྒྱལ་བཙོང་བ་ཁོ་ན་ལ་སྤྲད་པ་དང་ཡིན་གྱི་མ་རེད་བ། བོད་རང་བཙན་འཐབ་རྩོད་པ་ཚོ་ལ་ཡང་ཐོབ་ཐང་ཞིག་ཡོད་ཀྱི་རེད་བ། དངུལ་རོགས་དེ་དག་ཀྱང་འདྲ་འདྲ་བྱས་ནས་འཐོབ་དགོས་ཀྱི་འདུག་ག
ཡོད་ཚོད་དབུ་མའི་ལམ་པ་ཚོས་བདག་པོ་བརྒྱབ་ཆོག་པའི་ཐོང་ཐང་ཞིག་ཡོད་མདོག་མེད་པ། རོགས་དངུལ་དེ་དག་རྒྱ་འཁྱམ་ཚོ་ལ་གསོལ་རྟེན་བཤམས་ཆེད་དུ་མ་རེད་བ། རྒྱ་དམར་པོའི་རྩ་ཁྲིམས་ཀྱི་འོག་ཏུ་སྡུག་བསྔལ་མ་ཁྱོག་ནས་བསླེབས་པའི་སྐྱབས་བཅོལ་བ་ཚོ་ལ་འཚོ་རྟེན་སྤྲད་པ་རེད་ད།
ངས་ནམ་ཀུན་བཤད་བསྡད་པ་ཡིན། རང་བཙན་རྩོད་ནི་ཡིན་ཟེར་ནིའི་ཕྱུག་བདག་པ་དེ་ཚོ། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རོགས་དངུལ་ལ་རྔམ་བསྡད་ཡོད་པ་ཤེས་ཡོད། ཡིན་ན་ཡང་། སྟབས་ལེགས་པ་ཞིག་ལ། ང་ཚོའི་ཚོགས་པ་སོ་སོ་ལ་སྒོ་བྱང་ཆེ་ཐག་ཆོད་རེ་ཡོད་པ་རེད། ལམ་དབུ་མའོ་སྒོ་བྱང་ལ་སྒོར་མོ་ཐོན་ན། བོད་རང་བཙན་གྱི་སྒོ་བྱང་ལ་ཧེབ་ལང་ན་དེ་སྡུག་གྱོང་རེད་པ་ཨ། བོད་རང་བཙན་གྱི་སྒོ་བྱང་ལ་སྒོར་མོ་ཐོབ་ན། དེ་ནི་དགྲ་དམར་རྒྱ་གཞུང་ལ་གནོན་ཤུགས་དང་དྲག་རྒོལ་བྱེད་སྤྱད་ཀྱི་ཁབ་ཉོ་ན་འདྲ། སྐུད་པ་ཉོ་ན་འདྲ། དེ་ལ་ལམ་དབུ་མས་ཇུས་གཏོགས་བྱས་ན་འགྲིག་གི་མེད་པ། སྔ་མོའི་ལོ་རྒྱུས། ད་ལྟའི་གནས་བབ། མ་འོངས་བའི་ཕུག་མདུན་གང་ལ་འཁོར་ན་ཡང་འོས་བབ་མིན་ཤེས་བས་མ་ཚད་མཁྱེན་ནས་བསྡད་ཡོད་དོ། ཁྱེད་ཚོ་རྒྱུག་རྐྱང་བྱས། ལམ་བཀག་མི་ཡོང་།
དེང་སང་རང་བཙན་ཞེས་འུར་རྒྱག་མཁན་ཚོས་ནང་ལ་རང་བཙན་རྩོད་པ་ལས་རང་བཙན་འཕྲོག་འགྲོ་མཁན་རྒྱ་གཞུང་ལ་རང་བཙན་རྩོད་ཤེས་ཀྱི་མེད། འདི་ནི་ཁོ་ཚོ་ཁ་ཙམ་གྱི་རང་བཙན་པའམ་ཆབ་སྲིད་ཀྱི་འཐབ་རྩོད་མི་ཤེས་པའི་རང་བཙན་པ་ཡིན་པའི་རྟགས་རེད། དབུ་མའི་ལམ་པ་ཚོས་བྱས་མ་སོང་འཇོན་མ་སོང་ཞེས་ཇི་ཙམ་བཤད་ཀྱང་། རྒྱ་གཞུང་གིས་བོད་ནང་ལ་དམ་བསྒྲགས་གི་ལས་འགུལ་ཞིག་སྤེལ་ཡོང་ན་འདྲ། རྒྱབ་ཤ་དཀར་པོ་ཟེར་བའི་ལོག་བཤད་ཀྱི་དེབ་ཞིག་འགྲེམ་སྤེལ་བྱེད་ཡོང་ན་འདྲ། དེ་དག་ལ་ལེན་འདེབས་དང་དགག་པ་རྒྱག་མཁན་ནི་དབུ་མའི་ལམ་པ་ཚོ་ཡིན་པ་ལས་རང་བཙན་ཟེར་མཁན་ཚོས་ཚིག་གཅིག་བཤད་ཐུབ་ཀྱི་མེད། འདི་ལྟར་ལྟས་ཡོང་ན་ཁ་བརྡའི་ནང་གི་རང་བཙན་ཟེར་མཁན་འདི་དག་ནི་ནང་ཁུལ་དཀྲུག་མཁན་ཙམ་ལས་དོན་དམ་པའི་རང་བཙན་དོན་གཉེར་བ་ཞིག་མིན་པ་གསལ་པོ་རེད། ད་དུང་སོ་སོའི་གཞུང་ལ་དཔྱ་དངུལ་ཙམ་ཞིག་ཕུལ་བའི་ལྷག་བསམ་མེད་མཁན་ཚོས་རང་བཙན་རྩོད་ཀྱི་ཡོད་ཟེར་ན་དེ་བས་ཀྱང་དགོད་ཤོར་བ་ཞིག་རེད།
དེང་སང་དབུ་མའི་ལམ་ཞེས་འུར་རྒྱག་མཁན་ཚོས་དབུ་ལམ་མེད་པར་གཏོང་མཁན་རྒྱ་གཞུང་ལ་ལྕེ་སྣར་བཞིན་ལག་པས་མགོ་བོར་འཕྲུག་གིན་ཅི་ཡང་བཤད་ཕོད་མ་སོང་། ཁ་ལ་ཟས་རྒྱབ་ལ་གྱོན། ད་དུང་དེ་ལ་བརྟེན་ནས་མིང་གྲགས་བཟོ་བཞིན་པའི་རྨང་གདན་བོད་རང་བཙན་ཐོས་མ་ཐག་ངར་ངར་རྫིག་རྫིག། ཁྱི་སྤྱང་ངན་འབྲེལ་གྱིས་བོད་མི་ནང་ཁུལ་རྡུང་འགོ་ཚུགས་འདུག
ཁྱོད་ཚོས་་་རང་བཙན་ལག་དེབ་མེད་པ་བཟོས་ནས་དང་བླང་དཔྱ་ཁྲལ་ལ་བསྒྱུར། བཙན་བྱོལ་བོད་གཞུང་མེད་པ་བཟོས་ནས་སྒྲིག་འཛུགས་ལ་བསྒྱུར། བོད་རྒྱལ་ཁབ་ཅེས་པའི་མིང་ཚིག་ཙམ་ཡང་བཅའ་ཁྲིམས་ནང་དུ་བཞག་མེད། བོད་རང་བཙན་འཐབ་རྩོད་པ་ཚོ་མི་གྲལ་ཁྱི་གྲལ་གཡུགས། སྡེ་གྲལ་ནས་མཐའ་ལ་ཕུད།
བོད་རང་བཙན་འཐབ་རྩོད་པ་ཚོ་ལ་ཁ་གཏོད་བཅག་དགོས་ན་རྒྱ་གུན་ཁྲན་ལས་ཁྱོད་ཚོ་འཇོན་པ་འདུག བོད་རང་བཙན་བརྩད་སའི་མདུན་ལམ་ཡོངས་རྫོགས་ཁྱོད་ཚོས་བཀག མཐའ་ན་སུམ་བཅུའི་དུས་དྲན་སྐབས་སུ་བོད་རང་བཙན་གྱི་འབོད་སྒྲ་ཙམ་ཡང་བསྒྲགས་མི་བཅུག་མཁན་རྒྱལ་བཙོང་བ་ཁྱི་རྒན་ཁྱོད་ཚོ་མིན་ན་སུ་རེད་དམ། ཕྱོགས་ཡོངས་ནས་བོད་རང་བཙན་པ་ཚོའི་ཐོག་ཏུ་དགྲ་མཐོང་མཐོང་བྱས།
སྲིད་གཞུང་སྒོ་བརྒྱབ་ནས་རང་བཙན་ཟེར་བ་ཞིག་ཡོང་ཐབས་ཡོད་དམ། སྲིད་གཞུང་མེད་པའི་རང་བཙན་རྒྱལ་ཁབ་ཤིག་འཛམ་གླིང་ཐོག་ཏུ་ཡོད་དམ། བཙན་བྱོལ་བོད་གཞུང་དམར་གསོད་བཏང་ཚར་དུས་རང་བཙན་ཇི་ལྟར་བརྩད་དགོས་པ་རེད་དམ།
ཁྱོད་ཚོས་་་བཙན་བྱོལ་བོད་གཞུང་སྒོ་བརྒྱབ་ནས་ང་ཚོ་ལ་རྒྱ་གཞུང་མཉམ་དུ་བོད་རང་བཙན་བརྩད་མཁན་རྒྱུགས་ཟེར་བ་འདི་་་རྐང་པ་གཉིས་ཀ་བཅད་ནས་རྒྱུག་ཤར་གློད་དགོས་ཟེར་བ་དང་གཅིག་པ་གཅིག་རྐྱང་རེད། ང་ཚོའི་རྐང་པ་བཅད་ཚར་དུས་རྒྱག་ཤར་གློད་ཐབས་ཡོད་དམ། ཡོད་ན་ཁྱོད་རང་ཚོའི་རྐང་ཡ་གཅིག་བཅད་ནས་རྒྱུག་ཤར་གློད་ཐུབ་ས་རེད་དམ་མ་རེད་ཚོད་བལྟ་བྱོས་དང་།
རྒྱ་གཞུང་མཉམ་དུ་རང་བཙན་རྩོད་རྒྱུའི་སེམས་ཤུགས་མེད་ན་ཁ་བཙུམས་སྡད་ན་ཡག་གི་རེད། དབུ་མའི་ལམ་པ་ཚོས་རང་བཙན་རྩོད་ཀྱི་མེད་ཀྱང་རང་དབང་རྩོད་ཀྱི་ཡོད་པ་རེད། རྒྱ་གཞུང་ལ་རང་བཙན་ཡང་མི་རྩོད་དབུ་མའི་ལམ་པ་ཚོས་རང་དབང་རྩོད་པ་ལ་ཡང་སྐྱོན་བརྗོད་བྱས་ནས་སྡད་ན་མ་ཎི་རང་གིས་མི་འདོན་ཕྲེང་བ་གཞན་ལ་མི་གཡར་བའི་དཔེ་ལས་མ་འདས་པ་རེད། དེ་ལས་སོ་སོའི་ལྟོ་གོས་བཙལ་ནས་ཆབ་སྲིད་ལ་བྱུས་ཏོག་བྱེད་རྒྱུ་མཚམས་བཞག་ན་ཡག་ཤོས་རེད། མ་གཞི་འོས་ཤོག་བླུག་རྒྱུའི་ཐོབ་ཐང་མེད་མཁན་ཚོས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྐོར་ལ་གཅིག་བཤད་ཡོང་བ་འདི་ནི་ཇུས་མེད་ཇུས་འཁྲི་རང་རེད།
སྲིད་སྐྱོང་བཙན་བྱོལ་བོད་མི་ཡོངས་ཀྱི་དབུ་ཁྲིད་ཡིན་མདོག་མདོག་མ་བྱས་ན་ཇུས་གཏོགས་བྱེད་མི་ཡོང་། བོད་རིགས་ཡོངས་ལ་རང་སྲིད་རང་སྐྱོང་བརྩད་ཀྱི་མདོག་མདོག་མ་བྱས་ན་དབུ་མའི་ལམ་ལ་དགག་པ་བརྒྱབ་དགོས་དོན་མེད།
བོད་མི་ཡོངས་ཀྱི་ཐག་གཅོད་དབུ་མའི་ལམ་པ་བ་ཚོས་གཅོད་ཀྱི་ཡིན་མདོག་མདོག་བྱས་འོང་དུས་སྐད་ཆ་བཤད་ཀ་མེད་རེད། བཙན་བྱོལ་སྒྲིག་འཛུགས་ཀྱི་ཚོགས་མི་ཁོ་ནའི་གནད་དོན་མ་གཏོགས་ཁྱོད་རང་ཚོས་ཇུས་གཏོགས་མ་བྱས་ན་་་ངས་ངོས་ནས་ཁྱོད་ཚོ་ལ་དགག་པ་རྒྱབ་དགོས་པའི་རྒྱུ་མཚན་སྤུ་ཙམ་མེད། དང་པོར་་་ཁྱོད་རང་ཚོས་ངོས་ནས་བཙན་བྱོལ་སྒྲིག་འཛུགས་ཀྱི་ཚོགས་མི་ཁོ་ནའི་གནད་དོན་ལ་མ་གཏོགས་ཇུས་གཏོགས་བྱེད་ཀྱི་མིན་ཞེས་གསལ་བསྒྲགས་བྱོས་དང་། དེ་ནས་བཟུང་ཁ་བཙུམ་ནས་སྡོད་ཀྱི་ཡིན། ཅི་གང་བཤད་མི་འོང་།
བཙན་བྱོལ་བོད་མིའི་མི་འབོར་ནང་དུ་བརྒྱ་ཆ་སུམ་བཅུ་ཙམ་ལ་འོས་བླུག་གྱི་ཐོབ་ཐང་མེད། བརྒྱ་ཆའི་སུམ་བཅུ་ཙམ་གྱིས་དཔྱ་ཁྲལ་སྤྲད་ཀྱི་མེད། འོས་བླུག་མཁན་ཁྲི་དྲུག་ལས་མང་བ་ཡོང་མི་སྲིད། བཙན་བྱོལ་བའི་མི་འབོར་ནས་བཤད་ན་བརྒྱ་ཆ་༤༥་ཙམ་རེད། དེར་ཤེས་པར་བྱོས།
སྐུ་ངོ་ལུང་རྟོགས་ཀྱི་རྒྱུད་དུ་ཞེ་སྡང་དང་། ང་རྒྱལ་དང་ཕྲག་དོག་གསུམ་ག་དུས་ཀྱང་འབྲལ་མེད་རེད། གོང་ས་མཆོག་ནི་སྐྱོན་ཀུན་སེལ་དང་ཡོན་ཏན་ཀུན་ལྡན་ཡིན་པས། ལུང་རྟོགས་ལྟ་བུའི་དབུ་ལམ་བཤད་ན། མཐོང་ཆུང་དང་ཁྱད་གསོད་རེད། དེ་ལས་ལྷག་པའི་མཚན་སྨོད་བྱེད་སྲོལ་མི་འདུག
རང་བཙན་དང་དབུ་མ་གང་རྩོད་ཀྱང་ཆོག་གི་རེད། འོན་ཀྱང་དངོས་ཡོད་གནས་སྟངས་ལ་གཞིགས་ཏེ་རྩོད་དགོས་པ་ལས་འཚོར་ཤུགས་ངང་འུར་སྒྲ་བསྒྲགས་ན་མགོ་ལས་རྨ་ཆེ་བ་བཟོ་རྒྱུ་ཡིན་པས་དགོངས་པ་རྒྱ་ཆེ་བཞེས་དགོས་པར་སྙམ། དེང་སང་སྲིད་སྤྱི་གཉིས་ཀྱི་འོས་མི་བཞེངས་མཁན་རྣམས་ནས་རང་ཉིད་ཀྱི་ལས་འཆར་མང་ཚོགས་མདུན་ཁ་སྟོང་སྐད་ཆ་མ་ཡིན་པར་ཡིད་ཆེས་འཕེར་ངེས་ཀྱི་འགྲེལ་བརྗོད་གནང་ཐུབ་ན་རང་བཙན་ནམ་དབུ་ལམ་སོ་སོར་རྒྱབ་སྐྱོར་གནང་མཁན་སུ་ཡིན་རུང་དེ་ལ་མང་ཚོགས་ནས་འོས་འཕེན་ངེས་ལས། དེ་མིན་སྲིད་སྐྱོང་བློ་སེང་ལགས་ལྟ་བུ་ཁ་སྟོང་སྐད་ཆ་སྙན་པོ་འདྲ་བཤད་ན་ཆོལ་ཞེན་ཅན་མ་གཏོགས་འོས་ཤོག་ཁོང་ལ་འོས་ཤོག་སྤྲོད་ཀྱི་མ་རེད།
རང་ཉིད་བོད་པའི་སྤྱི་ཚོགས་ནང་སྡད་འདོད་མེད་ན་སོ་སོའི་འདོད་པ་རེད། སུ་གཅིག་གིས་སྲིད་སྐྱོང་ཁྱོད་རང་གི་དཔོན་པོ་ཡིན་པ་ཁས་ལེན་དགོས། ཁྱོད་རང་བོད་པའི་རང་སྐྱོང་འཐབ་རྩོད་ནང་ཞུགས་དགོས་ཟེར་གྱི་ཡོད་མ་རེད། ཁྱོད་རང་ཟུར་དུ་རང་བཙན་ལེན་ཐུབ་ན་བླངས་ཤོག་དང་དགའ་བསུ་ཞུ་མཁན་ལས་དགག་པ་རྒྱག་མཁན་སུ་ཡང་ཡོད་མ་རེད། འོན་ཀྱང་ཁྱོད་དང་ཁྱོད་ལྟ་བུ་རེ་ཟུང་ལས་བོད་མི་ཕལ་མོ་ཆེས་སྲིད་སྐྱོང་རང་ཉིད་ཀྱི་དབུ་ཁྲིད་ཡིན་པ་དང་། རང་སྲིད་རང་སྐྱོང་རང་ཉིད་ཀྱི་འཐབ་རྩོད་ཡིན་པ་ཁས་ལེན་གྱི་ཡོད་པ་རེད། ཁྱོད་རང་གིས་བཤད་སྟངས་ལ་ལྟས་ཡོང་ན་རྒྱ་ནག་གཞུང་གིས་རྒྱལ་བ་རིན་པོ་ཆེ་སོགས་བཙན་བྱོལ་གྱི་གནད་ཡོད་མི་སྣ་ཁ་ཤས་ཀྱི་དོན་དག་ལས་བོད་དོན་ཟེར་བ་ཞིག་མེད་ཞེས་བཤད་པ་དད་གཅིག་མཚུངས་རེད་འདུག དེས་ན་ཁྱོས་རྒྱལ་བ་རིན་པོ་ཆེ་གཙོས་བཙན་བྱོལ་བའི་དབུ་ཁྲིད་ཚོར་སྐྱོན་བརྗོད་ཁོ་ན་བྱེད་པ་འདི་སུའི་འདོད་དོན་སྒྲུབ་ཀྱི་ཡོད་མེད་གསལ་པོ་རེད།
བཙན་བྱོལ་བའི་ཁྲོད་ཀྱི་ཁྱོད་དང་ཁྱོད་ལྟ་བུའི་ཀླད་མེད་ཁ་ཤས་ལས་ཕལ་མོ་ཆེས་དཔྱ་དངུལ་འབུལ་གྱི་ཡོད་པ་རེད། བརྒྱ་ཆ་སུམ་བཅུའི་འབུལ་གྱི་མེད་ཟེར་བ་ནི་གཞི་རྩ་གང་ཡང་མེད་པའི་ཧམ་བཤད་རེད།
ལོང་རྟོགས་་བོད་པའི་སྤྱི་ཚོགས་འདི་དབུ་མའི་ལམ་པ་བ་ཚོས་སྒེར་བདག་བྱེད་ན་ཅང་འགྲིག་ཨེ་ཡོང་ངམ། བོད་པའི་སྤྱི་ཚོགས་འདི་སྤྱི་ལ་བདག་པ་ལས་ཁྱོད་ཚོའི་སྒེར་བདག་མ་རེད་ད།
དབུ་མའི་ལམ་པས་སྒེར་བདག་ཟེར་བ་དེ་ཧམ་བཤད་རེད། ད་བར་དུ་རང་བཙན་རྩོད་མཁན་གྱིས་རང་བཙན་རྩོད། དབུ་མ་རྩོད་མཁན་གྱིས་དབུ་མ་རྩོད་ནས་འགྲོ་བཞིན་པ་རེད། སྒེར་བདག་ཟེར་བ་འདི་ཁྱོད་དང་ཁྱོད་ལྟ་བུ་རེ་ཟུང་གིས་དབུ་ལམ་པ་ཚོའི་མགོ་ལ་གཡོག་པའི་ཞྭ་ནག་རེད། བོད་མི་མང་ཆེ་བ་དབུ་ལམ་ལ་འགྲོ་ཡི་ཡོད་པའི་རྒྱུ་མཚན་གྱིས་དབུ་ལམ་པས་སྒེར་བདག་བྱེད་ཀྱི་འདུག་ཟེར་བ་ཡིན་ན་དེ་ནི་གཞི་རྩ་མེད་པའོ་སྐྱོན་འཛུག་རེད།
ད་རེས་ཚོགས་གཙོ་མཆོག་ནས་རྒྱུན་དུ་གཞི་མེད་ཀྱི་སྐྱོན་བརྗོད་བྱེད་མཁན་ཐམས་ཅད་ནས་ཡང་བསྐྱར་བསམ་བློ་ཞིག་གཏོང་དགོས་པ་ཞིག་བཟོས་སོང། དུས་ཐོག་ཆར་པ་ཟེར་ན་དེ་འདྲ་ཞིག་ཡིན་གྱི་རེད།
ཅོ་རི་ཉི་མ་ད་དུང་ངུ་སྐད་རྒྱབ་ནས་བསྡད་འདུག ཧཧཧཧཧ
སྤྱི་གཙོ་མཆོག་ལ་གཞི་མེད་ཀྱི་སྐྱོན་བརྗོད་ཨེ་ཡིན་ནམ། ཀསྟག་སྤྲུལ་སྐུ་གྲོངས་རྐྱེན་སྐོར་ལ་གླེང་གཞི་དང་འབྲེལ་ཚུལ་བཤད་ཀི་འདུག་པས་གནས་ཚུལ་དེ་འབྱུང་རྩ་རྒྱུན་རིམ་ཆ་ཚང་གསལ་བཤད་དགོས་པས་སྤེན་ཚེ་ལ་སྤོབས་པ་ཡོད་ན་ཆ་ཚང་གསལ་བཤད་བཟོ་ན་འགྲིག་རེད་མ་གཏོགས་སྤམ་བཤད་དེས་དག་ཐེར་མི་ཐུབ་བོ།།
རྒྱ་ནག་ལ་དགོས་རྒྱུ་དེ་བོད་ཀྱི་ས་ཆ་རེད་མ་གཏོགས་ བོད་མི་རིགས་འདི་རྒྱ་ནག་ལ་ནམ་ཡོང་དགོས་ཀྱི་མེད་པ་གསལ་པོ་རེད་ དེ་འདྲ་སང་ཙང་ཁྲེལ་ངོ་ཚ་མེད་པའི་རྒྱལ་ཁབ་དེ་ལ་ང་ཚོས་ངོ་དགའ་སྤྲེལ་ལད་ག་ཚོད་བྱེད་ཀྱང་དོན་འབྲས་ཞིག་སྨིན་རྒྱུ་མེད་པ་གཞི་བཞག་རེད་ དེ་ལས་སྤྱིར་འཛམ་གླིང་ཁྲིམས་དང་མཐུན་པ་དགོས་སུ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་མཐུན་པ་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པ་རྩོད་མེད་ཡོངས་གྲགས་ཡིན་དུས་ད་ང་ཚོ་ལ་རང་བཙན་ལྷག་ཞིག་རྩོད་རྒྱུ་མེད་རེད་།
རྒྱབ་སྐྱོར་བ་སུ་སུ་རེད་དམ། མི་གཅིག་གི་མིང་ཙམ་ཡང་མ་བཀོད་པར་སྤྱི་འཐུས་ཚོགས་གཙོ་ལ་རྒྱབ་སྐྱོར་བ་ཁག་ཅིག་ཟེར་བ་ནི་ཆེས་ཐབས་སྡུག་གི་རྒྱབ་སྐྱོར་བྱེད་སྟངས་ཤིག་རེད།
གནད་ལ་འཁེལ་ཞིང་དོན་དངོས་དང་མཐུན་པ། ཉམས་མྱོང་གིས་ཡོངས་བརྒྱན་པའི་དོན་ཚན་རེ་རེ་མངོན་ཡོང་དུས། ཨ་འདྲ་གི་མི་འདུག འོས་བླུགས་ས་ཁྱོད་མིན་ན་སུ་ཡིན། སྤྱི་ལ་སེམས་དཀར་ན་སྲིད་སྐྱོང་ཁོང་རེད། བོད་རིགས་སྤུན་ཟླ་ཚོ།
ཅོ་རི་ཉི་མ་ཟེར་བ་འདི་ཐལ་དྲག་འདུག ཁོང་ནི་ཆེས་ཕྱོགས་ཞེན་ཅན་གྱི་མི་ཞིག་རེད་འདུག ཁ་བརྡ་དྲ་བས་མི་འདི་ལྟ་བུ་འགོག་རོགས་མཛོད། །
ཧཧཧཧཧ་་་་་་་རང་བྱུང་རིག་པའི་རྡོ་རྗེ་ལགས། འདིར་ན་དམར་ཕྱོགས་ལུང་པའི་ཁྱབ་ཁོངས་མིན་ཙང་སྨྲ་བརྗོད་ཀྱི་རང་དབང་བཀག་པའི་དབང་ཚད་ཡོད་མ་རེད། ལྷག་པར་དུ་ལྕོག་རིས་ཁ་བརྡ་དྲ་བའི་སྒྲིག་གཞི་ནང་ལྟར་མཆན་འགོད་ཀྱི་ཡོད་ཙང་ཉིད་ལ་རྒྱུ་མཚན་ཡང་དག་འགོད་རྒྱུ་ཡོད་ན་བཀོད་ཤོག་་་་་་ད་མེད་ན་མེད་ངན་རེད།
ང་ནི་སྲིད་སྐྱོང་ལ་སུ་ཐོབ་ཀྱང་ཁྱད་པར་མེད། འོན་ཀྱང་དབུ་མའི་ལམ་ལས་ལྷག་ཅིག་མེད་པ་ཤེས་པར་མཛོད། རང་བཙན་པ་ཚོ་ཁ་ཕོ་མཐོ་བ་ཙམ་ལས་དོན་ལ་ཆུ་ཁའི་ལྦུ་བ་ཙམ་ལས་མ་འདས། དབུ་མའི་ལམ་འདི་རང་བཙན་ལ་བསྒྱུར་ན་གཅིག་ནི་རྒྱ་གར་མཚོན་པས་རྒྱལ་སྤྱིས་རྒྱབ་སྐྱོར་ཨེ་ཡོད་མི་ཤེས། གཉིས་ནི་རྒྱ་དམར་གྱིས་གཞི་མིའི་བོད་མི་ཚོར་དྲག་གནོན་བྱེད་རྒྱུ་ལས་གཞན་མེད། གསུམ་ནི་བྱེས་ཀྱི་བསྒྲིགས་འཛུགས་འདི་ནང་ཁུལ་འཁྲུགས་ནས་འཐོར་ལ་འགྲོ་བའི་ཉེན་ཁ་ཡོད། །
ཏྲེ་ཧོར་ལགས། ཅོ་རི་ཉི་མ་སོགས་ཁ་ཅིག་ཁ་བརྡའི་རྩ་དོན་ལ་འགལ་འདུག ལྗང་ཀུའི་ནང་གི་ཡི་གེར་ལྟོས་དང་། སྐྱེ་བོ་སྒེར་བ་ལ་དམོད་ཚིག་དང་འཐབ་འཛིངས་ཟེར་འདུག ཅོ་རིས་སྤེན་ཚེ་ལ་ག་ཚད་སྡིག་དམོད་བྱས་འདུག འདི་ལས་ལྷག་ཅིག་བསད་ན་མ་གཏོགས་མེད་ཀི་ཡ། །
རང་བྱུང་རིག་རྡོ་ལགས། ཁྱོད་རང་ཁ་བརྡ་དྲ་བའི་སྒྲིག་གཞི་དོ་དམ་པ་མ་རེད་པས་དེར་ཇུས་གཏོགས་མ་བྱེད། མདོར་ན་གནས་ལུགས་རྒྱུ་མཚན་ཡང་དག་བཀོད་ན་རིག་པས་བགྲོ་གླེང་བྱ་ཆོག་རེད། དྲ་མཆན་ལ་ཚད་འཛིན་བྱས་མཁན་བཞུགས་ཡོད་དོ།།
ལུང་རྟོགས་ལགས་ཀྱིས་ཡག་པོ་གསུང་འདུག
དྲང་བདེན་དང་ལྷག་བསམ་ཅན་ལ་རྒྱབ་བསྐྱོར་དང་རམས་འདེབས་ཞུ།།
ཨ་རག་ཁས་ལེན་འདུག་ xxxx
ཚོགས་གཙོ་མཆོག་གིས་གསུང་བཤད་བབ་ཆག་པོ་ཡག་པོ་གསུང་འདུག འོན་ཀྱང་ལས་གཞི་གསར་པ་བྱས་ཐུབ་ས་རེད་བསམ་ཡ་ཅིང་མི་འདུག མ་གཞི་ཁོང་ཐོབ་ན་འོས་ཤིང་འཚམས་པ་རེད། སུ་ཐོབ་ཀྱང་ལས་གཞི་གསར་པ་ཅུང་རེ་ཡར་རྒྱས་འགྲོ་སྲིད་ཀྱང་དམིགས་བསལ་འགྱུར་བ་ཆེན་པོ་འགྲོ་བ་ནི་གཞན་དབང་སྟབས་སྟུན་ཡིན་ཙང་ཧ་གོ་གོ་རེད། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ནི་མདོ་སྨད་མི་མང་ཧ་ལམ་རྒྱ་ཆ་བརྒྱ་ལབ་ཆོག་པ་མ་ཟད་ཆོལ་ཁ་གཞན་གཉིས་ན་གང་མཚམས་ཡོད་རེད། འོན་ཀྱང་བཀྲིས་དབང་འདུས་ཐོབ་མི་སྲིད་ཀྱང་ཁོང་དང་བློ་སེང་གཉིས་ཀའི་འོས་ཐོབ་ལ་བར་ཆད་ཆེན་པོ་བཟོ་བ་ནི་གཏན་འཁེལ་པ་རེད། དབུ་གཙང་ཆོལ་ཁོང་གི་མི་མང་ཤོས་མངའ་རི་ཡིན་པས་ཁོང་དང་བཀྲ་དབང་ཁམས་པ་ཡིན་པས་བློ་སེང་གི་ཐོབ་སྐལ་གང་འཚམ་ཤོར་བ་ནི་བཤད་མི་དགོས་པ་རེད།
ལྟ་ལོག་དང་གྲྭ་ལོག་འགའ་ཤས་འདིར་ཡོང་ནས་བཙན་བྱོལ་སྒྲིག་འཛུག་དང་༸གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གི་དབུས་གནས་ཡོད་དབུ་ཁྲིད་རྣམས་ལ་རྒྱུ་མཚན་གང་ཡང་མེད་པ་སྐྱོན་བརྗོད་དང་ཟུར་ཟ་སྣ་ཚོགས་རེ་བྱས་ཏེ་བྱས་རྗེ་ཞེ་པོ་ཞིག་བཞག་ཡོད་བསམ་ན་ཁྱོད་ཚོ་ཧ་ལོག་པ་རེད། དེ་ལས་སོ་སོ་མ་འོངས་པ་ཁྱི་འཁྱམ་ནང་བཞིན་འགྲོ་མི་དགོས་པ་རྐུབ་འཛུག་ས་རེ་བཟོས། གྲྭ་པ་བཟོས་དེ་ཡང་མ་བྱུང་། ཚོང་གཉེར་བྱས་དེ་ཡང་མ་བྱུང་། མི་འདི་ཚོ་གད་མོའི་ཡུལ་རང་རེད།
བེ་རི་གདོང་ནག་ལགས། ཨ་མདོ་བརྒྱ་ཆ་བརྒྱ་ཐམ་པས་སྤེན་ཚེ་ལ་རྒྱབ་སྐྱོར་བྱེད་ཀི་རེད་ཟེར་བ་དེ་བླུན་གཏམ་ཁོ་ན་ཡིན་པར་མ་ཟད་མཐོང་ཆུང་ཡང་རེད། ཨ་མདོ་བ་ཚོར་ཆོལ་ཁའི་ཞེན་ཁོག་ཆེན་པོ་ཡོད་པར་མཚོན་གྱིས་རེད། དེང་ཕྱིན་འདི་འདྲའི་རིགས་ལ་ཁ་མཚོན་བཅད་དེ་མ་བཤད་རོགས། །
རྣམ་པ་ཚོས་བསམ་ཤེས་བྱེད་ནས་དབུས་སྒྲིག་འཛུགས་དང་དེ་མིན་གཞན་ཚོགས་པ་ཆེ་ཆུང་ཚང་མ་ཅོ་རིས་གང་བཤད་པའི་རྗེས་སུ་ཤར་བསྐྱོད་བྱ་རོགས། དེ་མིན་མི་འདི་སྙིང་ནད་ཀྱིས་སྡུག་ཤི་རྒྱག་ས་རེད། ཧཧཧཧ
གནས་ལུགས་དང་རྒྱུ་མཚན་འདྲ་བཤད་ཨེ་ཤེས་ལྟོས་་་ཨ གནས་ལུགས་འདྲ་ཏོག་ཙམ་རེ་བཤད་ཤེས་མཁན་ཞིག་ཆགས་འོང་དུས་ཅོ་རིའི་མཉམ་དུ་བགྲོ་གླེང་བྱེད་ཆོག་གི་རེད། ཧཧཧ
ཨ་ཡོ། ཅོ་ཉི། ག་ས་ག་བ་ཁྱོད་རེད། ཉོབ་ཡོང་གི་འདུག དེ་ཟི་གཟའ་ཉི་མ་ལ་ངལ་གསོ་གནང་ནས་མཇེ་མགོ་རློན་པ་རེ་བཟོ་གི་མིན་པེ། མཚམས་མཚམས་རེ་སྐྱིད་པོ་རེ་ཐོངས་ཡ། ལས་ཀ་ལས་ཡ་མང་ན། འཕྲོད་བསྟེན་ལ་གནོད་ཀི་རེད། ཤ་ཚ་ནས་ཡིན། ཅོ་ཉི་ཅོ་གོ ཨེ་གོ་ཐལ།
ཅོ་རི་འདི་བོད་གཞུང་དང་གནད་ཡོད་མི་སྣ་ལ་སྡང་ཟུག་ཆེ་ཚུལ་ལ་བལྟས་ན་དོལ་ཚོགས་ཀྱི་ཁོང་མིའི་གལ་ཆེ་མྱི་སྣ་ཞིག་ཡིན་ཐག་ཆོད་རེད་བཞག སྙིང་རྗེ། རྒྱ་དངུལ་གྱིས་བཟི་ཚར་བ་རེད། གཞན་ཞིས་ཅི་ཕིས་ཀྱི་ཅོག་ཙེ་ཐོག་རང་བཙན་དང་དབུ་མ་གཉིས་བཞག་ནས་གང་དགོས་ན་བདམས་ཀ་གྱིས་་ཞེས་བདམས་ཀ་སྤྲད་སྐབས་ཟམ་གདོང་བླ་མ་སོགས་ཀྱིས་དབུ་མ་བདམས་ནས་རང་བཙན་མ་བདམས་པ་ཡིན་ན་ཅོ་རི་ངུ་ཟུག་ག་ཚོད་རྒྱབ་ན་རྒྱལ་ཞེན་དང་སྙིང་སྟོབས་ཡོད་པའི་རྟགས་རེད། དེ་མིན་ཀླད་པ་སྟོང་པ་ཡིན། འབྲས་རྡ་ལིས་གྲོད་ཁོག་རྒྱག་དྲགས་ནས་བསྡད་ཚུགས་མི་འདུག་ཟེར་བ་ཙམ་རེད། ཅོ་རི་ཅོལ་ཆུང་ལོ་ལོ།
xxxxxxxx
ང་ཅོ་རི་དངུལ་གྱི་ཆེད་དུ་བྲན་གཡོག་བྱེད་མཁན་ཁྱོད་ལྟ་བུ་ཞིག་མ་རེད། ཁྱོད་ལ་དངུལ་བྱུང་ན་བོད་རང་བཙན་དང་བོད་རྒྱལ་ཁབ་ལ་ཡང་དགག་པ་བརྒྱབ་ཀྱི་འདུག་ག xxxxxx
བེ་རེ་ཞེས་པས་ང་བེ་འཇིགས་སྟོན་གྱིན་འདུག་བསམ་ན་ནོར་ལེ་རེད། ང་དང་ཁོང་གཉིས་་ལངས་ཕྱོགས་གཅིག་པ་ཙམ་ཡང་མིན།
ཅོ་རིའི་བཙན་བྱོལ་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་ལ་དགག་པ་བརྒྱབ་ཀིན་འདུག་ཟེར་བ་ཁྱོད་བདེན། ངས་ངོས་ནས་བྱས་ན་གནད་ཡོད་མི་སྣ་དེ་དག་ཡག་པོ་མི་འདུག་མ་གཏོགས་བོད་མི་དམངས་ཡག་པོ་འདུག བོད་མི་ཉམ་ཆུང་ཚོའི་བློ་བཏང་ལ་བལྟས་ན་ཧང་སང་ཡ་རེད། རང་སྲོག་བློས་བཏང་གི་འདུག
ང་ཅོ་རི་ཉམ་ཆུང་བོད་མི་དག་ལ་དགའ་པོ་ཡོད། བོད་ནང་གི་བོད་མི་ཡིན་ནའང་འདྲ། བཙན་བྱོལ་ནང་གི་བོད་མི་ཡིན་ནའང་འདྲ། བོད་མི་ཉམ་ཆུང་དེ་དག་དཔེ་ཡག་པོ་འདུག རྒྱལ་གཅེས་ལྷག་བསམ་ཅན་གྱི་ཉམ་ཆུང་བོད་མི་དེ་དག་ལ་ཞུ་དགོས་ཡ་རྩ་བ་ནས་མེད།
བཙན་བྱོལ་བོད་ནང་གི་གནད་ཡོད་མི་སྣ་ཟེར་ནའང་རེད། ལྐོག་ཟ་རུལ་སུངས་ཚོ་ཟེར་ནའང་ཆོག རྒྱལ་བཙོང་བ་ཟེར་ནའང་འགྲིག མི་དེ་དག་བོད་མི་རིགས་ཀྱི་ལས་དབང་རླུང་ལ་སྐུར་མཁན་རེད། དགག་པ་མི་བརྒྱབ་ཀ་མེད་རེད་དོ།
ཀླུ་བྱམས་ཀྱི་ཨམ་ཕྲུག་ཁྱོད་ཚོ་མནའ་ལ་ཡིད་ཆེས་མེད་པྭ། མནའ་ལ་ཡིད་ཆེས་ཡོད་པར་ལྷ་ལ་དད་པ་དགོས་ལེ་རེད།
ཀླུ་བྱམས་ཀྱི་ཨམ་ཕྲུག་ཁྱོད་ཚོ་མནའ་ལ་ཡིད་ཆེས་མེད་པྭ། མནའ་ལ་ཡིད་ཆེས་ཡོད་པར་ལྷ་ལ་དད་པ་དགོས་ལེ་རེད། མ་གཞི་ང་ནི་ཆབ་སྲིད་པ་མིན་ལ་རྩོམ་པ་པོ་འང་མིན། མི་ཉམ་ཆུང་བདེན་པས་ཟས་ཟོས་རི་བོས་གོས་གྱོན་ནས་འདུག་མཁན་ཞིག་ཡིན། ཁ་དྲོ་རྒྱུ།
ང་ཅོ་རིས་མི་ཚེ་འདི་ལ་སུ་གང་ཨབ་ཕྲུག་བྱས་མྱངས་མེད། རང་དབང་གཙང་མ་ཡོད། རང་ཚུགས་བརྟན་པོ་ཡོད། ཁྱོད་རང་རེད་ད་་་ཨབ་ཕྲུག་ངོ་མ། xxx སོ་སོའི་ལག་ནང་གི་སྨྱུག་གུ་དེ་ཡང་བྲན་གཡོག་ཆགས་བསྡད་ཡོད་པར་མི་ཤེས་སམ། དང་པོར་་འགོ་བཙུགས་དུས་སོ་སོའི་རང་དབང་གཙང་མ་ཐོབ་དགོས་རེད། སོ་སོའི་སྨྱུག་གུ་ཡང་བྲན་གཡོག་སྨྱུག་གུ་ཆགས་ཚར་དུས་་་མི་ཆེན་བླ་ཆེན་ཚོ་ལ་བསྟོད་ཚིག་འདྲ་དང་ཉམ་ཆུང་མིའི་རིགས་ལ་དགག་ཚིག་འདྲ་འབྲི་གི་རེད། དེ་འདྲའི་སྨྱུག་གུ་ལ་བྲན་གཡོག་སྨྱུག་གུ་ཟེར་ལེ་རེད། ལག་པ་གཟར་རོ་ཞིག་གི་ནང་དུ་བྲན་གཡོག་སྨྱུག་གུ་ཞིག་འཛིན་ནས་ཉམ་ཆུང་ལ་གཉའ་གནོན་དང་སྒེར་གཅོད་པའི་རྐུབ་གཡོག་རྒྱུགས་ནས་བསྡད་པ་ལས་ཤི་པར་དགའ་གི་རེད་དོ་་་ཨ་རོགས།
བེ་རེ་གདོང་ནག་ཁྱོད་སྤྱིར་གཏོང་ཉམ་ཆུང་བདེན་པའི་ཟས་ཟོས། རི་བོའི་གོས་གྱོན་མཁན་ཅིག་ཡིན་ན་གདོང་ལ་ཐོན་དང་ལྕོག་རིས་གསལ་བཤད་བྱ་ཀི་རེད། དེ་མིན་ནག་ཁུངས་ནས་མདའ་འཕེན་བཞིན་དུ་ང་སྒང་ལ་ཡོད་ཟེར་ན་ཨེ་བདེན་ནམ།
ང་གདོང་ལ་ཐོན་ནའང་དམིགས་བསལ་ཁྱོད་ཚོས་ཤེས་ལེ་མ་རེད། གོང་དུ་ཞུས་པ་ལྟར་མི་ཉམ་ཆུང་དེ་འདྲ་ཡིན་མ་གཏོགས་སྲིད་དོན་མགོ་འཚོས་ལ་མ་འཚོས་ཀྱིས་སྤྱི་ཚོགས་ནང་དུ་སྒེར་འཁོན་དང་ཆོལ་ཞེད། ལངས་ཕྱོགས་འདྲ་མིན་ཙམ་གྱིས་ཁ་གདངས་ཚད་དཀྲུགས་ཤིང་དང་བོད་གཞུང་གི་དབུ་ཁྲིད་མི་སྣར་གཞི་མེད་སྐྱོན་བརྗོད་སོགས་མདོར་ན་མཐུན་ལམ་དང་་མི་རིགས་ལ་ཕན་པའི་སྐད་ཆ་གཅིག་ཀྱང་ཁ་ནས་དོན་མི་ཤེས་པའི་བྱབ་ཆུང་ཀླད་མེད་དེ་འདྲ་རྩ་བ་ནས་མིན། དཀོན་མཆོག་དཔང་དུ་བཙུགས་ང་བེ་རེ་འཇིགས་མེད་མིན། ད་ནས་བཟུང་་མྱི་ངན་པའི་ཁ་མི་སློང་། ཁྱི་ངན་པར་རྡོ་ཁ་མི་རྩེད་སེམས་ཐག་གོར་མོའི་རྡོ་ཡིན། ནམ་རྒྱུན་ནས་དྲྭ་བ་ཚད་ལྡན་དེ་འདྲ་ཀློག་རྒྱུ་དགའ་བ་ལས་དྲྭ་འབུ་ཚོ་ལ་ཆགས་བཞག་རིན་ཐང་ཅི་ཡང་འཇོག་གིན་མེད། གང་ལྟར་༧ གོང་ས་མཆོག་དང་བོད་གཞུང་གི་དབུ་ཁྲིད་དག་ལ་བརྩི་བཀུར་གྱིས་དྲིན་ཅན་ལག་པར་རྡོ་བརྡུང་མི་བྱས་སེམས་ཐག་ཡིན། འོན་ཀྱང་ཉིན་གཅིག་ཀླུ་བྱམས་དང་ཅོ་རི་སོགས་ཀྱིས་རྡ་སའི་རི་སྒང་ནས་རང་བཙན་སྒྱེ་མོ་ཁ་ཤས་སྤྲེལ་བུའི་རྒྱབ་ལ་བཀེལ་ནས་ཡོང་བའི་དུས་ཤིག་ཤར་ན་ངས་ཁྱོད་ཚོ་ཁ་བཏགས་བཏང་སྟེ་ཟམ་གདོང་དང་བློ་སེང་། སྤེན་ཚེ་ལ་སོགས་མཆིལ་ཞགས་ཕན་ངེས་ཡིན།
ལགས་སོ། བེ་རེ་གདོང་ནག་་་་་་ཚང་མ་ཀློག་ཡོད། ངས་ཀྱང་དྲ་བ་ཚང་མ་ཀློག་ཀི་ཡོད་ལ་ཡག་སྡུག་ཚང་མར་བལྟ་ཞིབ་བྱ་ཀི་ཡོད། ཡིན་ནའང་དྲ་བ་ཚད་ལྡན་ཅིག་འཛམ་གླིང་ན་ཡོད་མ་རེད། གང་ལྟར་གནས་ཚུལ་ལ་ལྟོས་ནས་ཐེ་ཚོམ་བྱུང་ཚེ་བདེན་པར་བརྡར་ན་འགྲིག་ཀི་ཡོད་རེད་མ་གཏོགས་རང་འདོད་ལ་ཞེན་ཀྱང་བྱ་ན་དེའང་ཨེ་འགྲིག་དྲན། ལྷག་པར་དུ་ད་ལན་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་སྐོར་ལ་གླེང་དུས་རང་གི་ལྟ་གྲུབ་དང་བསམ་འཆར་གང་ཡིན་བཤད་ཐུབ་ན་ད་ལྟའི་སྐབས་དགེ་མཚན་ཆེ་བ་ཡོད།འདི་འདྲའི་བགྲོ་གླེང་སྐབས་དང་ལྟ་བ་མ་མཉམ་པ་འོང་དུས་གཉའ་གནོན་རིང་ལུགས་ཀྱི་ཞྭ་མོ་དུས་ནམ་ཡང་གཡོག་རྒྱུ་ཡོད་མ་རེད། བསྲེས་བཅད་བརྡར་གསུམ་ཟེར་བའི་དཔེར་དེ་དྲན་ལམ་དུ་ཡོད་ངེས་པས་བློ་རྒྱ་ཡངས་པོའི་བགྲོ་གླེང་མུ་མཐུད་གནང་ཤོག་ཨ།
xxxxxx
ཕྱོགས་གཞན་ཞིག་ནས་བཤད་ན་་དྲིན་ཅན་ཕ་མ་ཡིན་ནའང་འདྲ། རྩ་བའི་བླ་མ་ཡིན་ནའང་ཆོག ཤ་ཉེ་བུ་སྤུན་ཡིན་ནའང་འདྲ། ཡུལ་གཅིག་པ་ཡིན་ན་ཡིན། བོད་རང་བཙན་ལ་དགག་མཁན་ཞིག་ཡིན་ན་ང་ཅོ་རིས་ཁས་ལེན་གྱི་མིན། ངས་ངོས་ནས་བོད་རྒྱལ་ཁབ་ཀྱི་དགྲ་བོ་ལ་ངོས་འཛིན་བྱེད་ཀྱི་ཡིན། མ་གཏོགས་ཕྱོགས་ཞེན་གྱིས་སྨྱོན་ནས་རྩོད་བརྒྱབ་པ་མིན། དེ་རིང་འདིར་གསལ་བསྟན་བྱས་པ་རེད།
གསུམ་པ། ཅོ་རི་གསོན་པོ་དུར་སྦས་བྱེད་ཀྱི་ཡིན་ཟེར་བ་དང་། ཁ་ཆེ་དྲག་སྤྱོད་པ་ཚོས་སྐེ་བཅད་པ་ལྟར་ཅོ་རིའི་སྐེ་གཅོད་ཀྱི་ཡིན་ཟེར་བ། དོལ་ཚོགས་རེད་ཟེར་བ། རྒྱ་མི་རྒྱུགས་ཁྱི་རེད་ཟེར་བ། རྒྱ་དངུལ་བཟའ་མཁན་རེད་ཟེར་བ། ཁྱི་འབོད་དང་སྐྱག་འབོད། དྲ་འབུ་སོགས་རེད་ཟེར་ནས་འབོད་བསྡད་པ་རེད། ཁྱོད་ཚོའི་ཅོ་རི་ལ་དགག་པ་རྒྱག་རྐྱེན་དེ་དག་རེད། ཁྱོད་ཚོ་ལ་ཁ་ཐབས་དེ་ལས་མེད་དུས་ང་ཅོ་རི་ལ་སྤོབས་པ་སྐྱེས་འོང་གི་འདུག
བཞི་པ། གཞི་མེད་སྐྱོན་བརྗོད་བྱེད་ཀྱི་འདུག་ཟེར་བ་འདིར་ཁས་ལེན་གྱི་མིན། ང་ཅོ་རིས་མི་ཆེན་མི་ཆུང་སུ་ལ་ཡང་གཞི་མེད་སྐྱོན་བརྗོད་བྱས་མྱངས་མེད། གཞི་རྩ་ཡོད་པའི་སྐད་ཆ་མ་གཏོགས་གཞི་མེད་ཀྱི་སྐད་ཆ་བཤད་མྱངས་མེད། ཤེས་པར་བྱོས།
རང་བཙན་རྩོད་ཀི་ཡིན་རྫོས་ནས། ལོ་ངོ་ལྔ་དྲུག་ཞིག་གི་རིང་ལ་ཁ་བརྡ་དྲ་ངོ་སྐྱག་པ་ལས་འབེལ་པ་བཤད་ཚར་བ་རེད། ད་དུང་ཡང་བརྩད་བཞག་པ་ནི་སྣ་གཅིག་ལ་སྟོན་རྒྱུ་ཡོད་པ་མ་རེད། མི་ངོ་ཚ་ཅན་ཞིག་ཡིན་རྒྱུ་ན། ཅོ་རི་འདི་ད་ངོ་ཚ་ཚོད་ཡིན། ད་རུང་མ་འཆི་བར་དུ་འདི་འདྲ་བཤད་ནས་འགྲོ་འདོད་ཙམ་ལས། ཁ་བཤད་ལག་སྣེ་ན་མེད་པ་ཚང་མས་ཤེས་ཡོད་ཡོད་པ་རེད། ཁྱི་རྒན་ཆོན་ཐག་དམུར་ནི་འདི་ཚོ། བོད་པ་ཚང་གི་སྒོ་ཁྱི་མི་ཉན་པ་ཁོ་ཐག་ཡིན་པས། ཚང་མས་འདི་འདྲ་ལ་བོད་པ་ཡིན་པ་ཙམ་གྱིས་རིན་པ་འདྲ་སྤྲད་ན་ཆོད་ཡོད་པ་མ་རེད། ད་དུང་དེ་ལས་སྡུག་ཅིག་བཤད་ན། ཁས་ཨ་མདོ་ཚང་བཀད་གཉིས་ལ་བཏང་ཐུབ་པ་བྱུང་ན། ཁོ་ལ་ཆོལ་ཞེན་གྱི་འོག་ན་བཀབ་པའི་སྲིད་སྐྱོང་ཞིག་རེག་འགྲོ་བ་ཤེས་ཡོད་ནི་རེད། ཁོ་འདྲ་བ་མང་གི་ཡ། བོད་རིགས་སྤུན་ཟླ་ཚོ།
དབུ་མའི་ལམ་ནས་མི་རྒྱུ་གཉིས་ཀ་འགྲོ་སོང་བཏང་ནས་རང་སྐྱོང་ལེན་གྱི་ཟེར་ནས་ལོ་ངོ་༢༠་ཙམ་འགྲོ་ཚར་སོང་། ལེན་བཞག་དང་ཐོབ་བཞག་པ་ནི་སྣེ་གཅིག་སྟོན་རྒྱུ་མེད་ནའང་ངོ་ཚ་ཡ་མི་འདུག་ག ད་དུང་ཅིག་འགྲུབ་ཡོང་ཀྱི་ཡོད་མདོག་མདོག་བཤད་ན་མི་དམངས་ཉམ་ཆུང་དེ་དག་མགོ་སྐོར་བཏང་ནས་བསྡད་ལུགས་ལ་བལྟས་ན་ཁྱི་རྒན་ཞིག་ལས་ཐབས་སྐྱོ་བ་འདུག་ག xxx
ཅོ་རི་ཁྱོད་དངོས་གནས་རང་བཙན་ཆེད་ལྷག་བསམ་དང་སྙིང་སྟོབས། བློས་གཏོང་དེ་འདྲ་བྱེད་ཐུབ་མཁན་ཞིག་ཡིན་ན་རྒྱ་གུང་བྲན་མིག་གིས་མི་མཐོང་ས་ནས་བོད་གཞུང་ལ་ཁ་གཏོང་བ་རང་བཙན་ལེན་པའི་ཐབས་ལམ་ཡིན་རྒྱུ་མ་རེད། རྒྱ་མི་རིགས་ཀྱིས་རྗ་པན་ལ་འགོག་རྒོལ་གྱི་ལས་འགུལ་ཅི་འདྲ་སྤེལ་འདུག གསང་ཉུལ་ཅུས་ཟེར་བ་དང་ངེས་མེད་རྒོལ་རྡུང་རུ་ཁག་ཟེར་བ་བཙུགས་ནས་མི་མང་དཀྱུས་མས་ཅི་འདྲ་འཐབ་འཛིངས་བྱས་འདུག རྒྱ་མི་རིགས་མི་འབོར་མང་བ་ཙམ་ལས་ད་ལྟའི་བོད་རྒྱ་གཉིས་དང་སྐབས་དེའི་རྒྱ་རྗ་གཉིས་བར་དྲག་ཆས་ལ་ཁྱད་པར་ཆེན་པོ་མེད། མདོར་ན་ཁ་རོ་ལ་གཏད་ནས་ངུ་དགོས་པ་ལས་གྱང་ལ་གཏད་ངུ་རྒྱ་ཡོད་མ་རེད། ཅེས་ནན་པོ་བཤད་ཀྱིན་ཡོད། xxརང་བཙན་འཐབ་རྩོད་པ། ཁྱོད་ཚོ་འདྲ་པོ་འཐབ་རྩོད་པ་ཞིག་འཛམ་གླིང་ན་བྱུང་མྱོང་ཡོད་རྒྱུ་མ་རེད། རང་བཙན་འཕྲོག་མཁན་བོད་གཞུང་རེད་པས།
ཅོ་རིས་རྒྱ་གཞུང་ས་ནས་རང་བཙན་རྩོད་མ་མྱོང་ཞིང་རྩོད་ཀྱི་མེད་ལ་མ་འོང་པར་ཡང་རྩོད་མི་སྲིད་པ་རེད། ཅོ་རིའི་རང་བཙན་རྩོད་ས་ནི་བོད་མིའི་སྒྲིག་འཛུགས་དང་རྒྱལ་བ་རིན་པོ་ཆེ་རེད། བོད་གངས་ཅན་པའི་རང་བཙན་རྒྱ་ནག་ལ་ཤོར་སོང་རུང་ཅོ་རིའི་རང་བཙན་བོད་གཞུང་ལ་ཤོར་སོང་བ་འདྲ།
ཅོ་རིས་རྒྱ་གཞུང་ལ་རང་བཙན་རྩོད་མ་མྱོང་ཞིང་རྩོད་ཀྱི་མེད་ལ་མ་འོང་པར་ཡང་རྩོད་མི་སྲིད་པ་རེད། ཅོ་རིའི་རང་བཙན་རྩོད་ས་ནི་བོད་མིའི་སྒྲིག་འཛུགས་དང་རྒྱལ་བ་རིན་པོ་ཆེ་རེད། བོད་གངས་ཅན་པའི་རང་བཙན་རྒྱ་ནག་ལ་ཤོར་སོང་རུང་ཅོ་རིའི་རང་བཙན་བོད་གཞུང་ལ་ཤོར་སོང་བ་འདྲ།
བེ་རེ་གདོང་ནག་དང་ལུང་རྟོགས་རྣམ་པ་གཉིས་བགྲོ་གླེང་གི་ཡུལ་མ་རེད། ལྷག་པར་དུ་ཁྱོད་གཉིས་བོད་དོན་ཆབ་སྲིད་ཐད་ལ་བལྟ་མཐོང་རྒྱང་གསུམ་ཁབ་མིག་ལས་མི་འདུག་་་་་ད་བར་དུ་བཀའ་ཤག་དང་སྤྱི་ལས་ནས་ཡག་སྡུག་དགེ་སྐྱོན་གང་ཡིན་ཐེ་འདོན་བྱ་དུས་མངོན་སུམ་ལ་བསྙོན་གདིང་ནས་དྲང་མོ་བཤད་པའི་སྤོབས་པ་མི་འདུག ང་ཚོའི་དུས་རྟག་ཏུ་བོད་དོན་ཐད་ལ་བགྲོ་གླེང་བྱེད་དུས་དྲང་པོ་དཔང་བཞག་གལ་ཆེ་རེད་མ་གཏོགས་ཡུལ་ཕྱོགས་རེ་བ་ལ་ཞེན་ན་འགྲིག་ཀི་མེད། ལྷག་པར་དུ་འདི་འདྲ་སྐབས་གོང་ས༧མཆོག་དང་དབུས་སྒྲིག་འཛུགས་ཀྱིས་མགོ་གནོན་སྤྲད་པ་དེས་རང་ལ་བདེན་སྤོབས་མེད་པའི་རྟགས་མཚན་ལས་གཞན་བགྲོ་གླེང་ཚད་ལྡན་གྱི་མྱི་ཞིག་མིན་པ་ཨེ་ཤེས།
ཅོ་རི་ལ་བྱེད་སྟངས་ལ་དེ་ག་ལས་ཡོད་མ་རེད། ཡང་འདི་ན་ཁོ་རང་ཆེན་པོ་ཞིག་བཟོ་གང་ཐུབ་བྱེད་ཀྱི་འདུག ཁ་ཆེ་དྲག་སྤྱོད་ཨེ། མི་ངན་ཐབས་སྡུག་ཁྱོད་འདྲ་བ་ཞིག་གིས་རྒྱུགས་ཁྱི་དང་དྲག་སྤྱོད་ཨེ། ད་དུང་གསོན་པོ་དུར་སྦས་ཡིན་ན་ཅིག ལོ་རྒྱུས་ཁྲོད་ཀྱི་གསོན་པོ་དུར་སྦས་བྱས་པ་དེ་ཚོ་ཁྱོད་འདྲ་བའི་རྒྱུ་བདག་དང་རྐུན་མ་ངོ་མི་ཤེས་པའི་མི་ཅོལ་ཆུང་དེ་འདྲ་མ་རེད་དཱ། སུ་ཞིག་གིས་ཁྱོད་གསོན་པོ་དུར་ལ་སྦས་ཀི་རེད། སྦས་ནས་ཅི་བྱེད་དགོས་རེད། ཧ་ལམ་མ་སོང་ན་ཅོ་རིས་བོད་པའི་གནམ་ས་བླ་འོག་བརྗེ་གི་ཡོད་མདོག་མདོག དཀོན་མཆོག་གསུམ། རྣམ་རྟོག་ལོ་དགུར་སྐྱེས་ཡོད་གི ཁྱོད་ཀྱིས་འཁྱོངས་ངོ་མ་དེ་དྲ་འབུ་ཙམ་པོ་བྱེད་ཐུབ་གི་རེད།
བེ་རི་ངེད་གཉིས་ཀྱིས་ཅི་ཞིག་དྲང་མི་འདུག་ན་འདི་མི་འདུག་ཟེར་ཤོག་དང་དགའ་བསུ་ཡོད། དེ་མིན་ང་དྲང་ཁྱོད་མི་དྲང་གི་སྐད་ཆ་ནི་གླེན་བཤད་ཙམ་ལས་ཅང་མིན། ལར་ནས་དེང་སང་མ་ལ་ལས་མི་དྲང་མོའི་ཚད་གཞི་དེ་བོད་གཞུང་དང་དབུ་ཁྲིད་ཚོར་གཅིག་བཤད་ན་དེ་དྲང་མོ་ཡིན་པ་ལྟ་བུ་ཞིག་བཤད་ཀྱི་འདུག འདི་ནི་གླེན་རྟགས་ནང་གི་སྡུག་ཤོས་དེ་ཡིན་པ་ལས་གནས་ལུགས་བཤད་སྟངས་མ་རེད་ལ་དྲང་བདེན་འཚོལ་སྟངས་ཡང་མ་རེད། འགོ་འཇུག་མི་ཤེས་ཤིང་ལ་རྒྱ་མེད་པའི་མིའི་བྱེད་སྟངས་སྤྱོད་སྟངས་རེད།
བཅུ་གཉིས། གཞི་མེད་སྐྱོན་བརྗོད་ཁག་གསུམ་དང་ལན་འདེབས། ཞེས་པ་འདི་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཧ་ལས་པའི་ཡག་པོ་གསུངས་འདུག གཞི་མེད་སྐྱོན་འཛུགས་བྱེད་མཁན་དེ་གཉིས་ཀྱིས་ཕྱི་ལོགས་ནས་ཁྲིམས་གཏུག་བྱེད་མ་ཐུབ་ན་རང་བཞིན་གྱིས་ཁོ་གཉིས་ཕམ་པ་རེད།
ཅོ་རི་ཉི་མ་ལགས། ཇི་ཙམ་གྱི་ཉག་ཉོག་མང་པོ་བྲིས་པ་དེས་ཁྱེད་རང་རྣམ་དཔྱོད་ལྡན་པ་དང་ཁྱེད་ཀྱིས་གང་བཤད་པ་ཐམས་ཅད་རྒྱུ་མཚན་ཅན་དུ་འགྱུར་གྱི་མ་རེད། དེ་ལས་ཚིང་ཉུང་ཞིང་རྒྱུ་མཚན་ལྡན་པའི་གཏམ་རེ་ཤོད་ན་ཡག་གི་རེད། འབྲི་སྟངས་ལ་བལྟ་སྐབས་ཁྱེད་རང་ཁ་བརྡའི་ནང་དུ་བོད་ཡིག་གི་ཆུ་ཚད་ཡར་རྒྱས་གཏོང་དུ་སླེབས་པའི་བཟོ་འདྲ་ཞིག་འདུག
ད་གཏམ་ཉོག་ཉུང་ཙམ་ཤོད།