(།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱེད་བགྲེས་ཡོལ་ལམ་བགྲེས་ཡོལ་དུ་ཕེབས་བཞེད་ནམ་ཡང་མི་མཛད་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་སྤྱི་འཐུས་རྒྱུན་ལས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་གཤམ་གསལ་མཚན་འཁོད་༸སྙན་ཞུ་འབུལ་ལམ་ཞུས་པའི་གསལ་བསྒྲགས་སུ།)
༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། བོད་གངས་ཅན་ལྗོངས་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་༸ཞབས་པད་གསེར་ཁྲི་མངོན་པར་མཐོ་བའི་དྲུང་དུ།
སྒོ་གསུམ་གུས་འབངས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་ཞུས་ཏེ་སོར་བཅུའི་འདབ་མ་སྤྱི་བོར་བཀོད་ནས་ལྷ་ཕྱག་གྲངས་མེད་དང་བཅས་ཏེ་ཞུ་གསོལ་འདེབས་སྙིང་། གངས་རིའི་མགོན་པོ་གང་ཉིད་ཀྱིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༡༠ ཡི་མཇུག་བསྡོམས་མཛད་སྒོའི་སྐབས་དང་། ཊོ་རོན་ཊོར་རྒྱ་རིགས་མང་ཚོགས་ཁྲོད་ནས་དྲི་བ་ཕུལ་བར་བཀའ་ལན་སྩལ་སྐབས། རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཀྱི་དུས་དྲན་མཛད་སྒོའི་སྐབས། ལྡི་ལིར་གསར་འགོད་པར་བཀའ་ལན་སྩལ་སྐབས་སོགས་སུ་མགོན་པོ་གང་ཉིད་བགྲེས་ཡོལ་དུ་ཕེབས་བཞེད་སྐོར་བཀའ་སློབ་རིམ་ཕེབས་ལ་གཞིས་བྱེས་བོད་མི་རྣམས་ནས་བློ་འཚབ་དང་སེམས་ངལ་ཅི་ཆེའི་ངང་དེ་ལྟའི་དགོངས་བཞེས་ནམ་ཡང་མི་མཛད་པའི་གསོལ་འདེབས་༸སྙན་ཞུ་རིམ་པར་ཕུལ་དང་འབུལ་བཞིན་པ་ལྟར། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་སུའང་མགོན་པོ་གང་ཉིད་བགྲེས་ཡོལ་ཆ་ཚང་ཕེབས་བཞེད་ཀྱི་བཀའི་ཕེབས་སྒོར་བློ་འཚབ་ཧ་ཅང་ཆེན་པོའི་ངང་གོ་བསྡུར་སྔ་རྗེས་ཞུས་པར། མགོན་པོ་གང་ཉིད་ཀྱིས་བོད་འབངས་རྣམས་ལ་ཐུགས་བརྩེ་བ་ཤིན་ཏུ་ཆེན་པོས་མང་གཙོའི་ལམ་བཟང་ཐོག་འཁྲིད་གནང་མཛད་སླད་བོད་ལྗོངས་ཆོས་སྲིད་ལུགས་གཉིས་ཀྱི་མཛད་འགན་བཞེས་མ་ཐག་པ་ནས་གཞུང་གི་སྒྲིག་འཛུགས་ལ་ལེགས་བཅོས་མཛད་པ་དང་། རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་༸ཞབས་སོར་འཁོད་མ་ཉིད་དུ་མི་མང་འཐུས་མི་འོས་འདེམས་དང་། ཕྱི་ལོ་ ༡༩༦༣ ལོར་བོད་ཀྱི་རྩ་ཁྲིམས་ཁྱབ་བསྒྲགས་མཛད་པ། ཕྱི་ལོ་ ༡༩༩༡ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་རྒྱ་བསྐྱེད་དང་འབྲེལ་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་ཤིག་ཏུ་བསྒྱུར་གནང་མཛད་ཅིང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གསོལ་སྩལ། ལྷག་པར་ཕྱི་ལོ་ ༢༠༠༡ ནས་བཟུང་བཀའ་བློན་ཁྲི་པ་མང་ཚོགས་ནས་ཐད་ཀར་འོས་འདེམས་ཀྱིས་མང་ཚོགས་ཀྱི་འགོ་ཁྲིད་མང་ཚོགས་རང་གིས་འདེམས་པའི་ལམ་སྲོལ་བཏོད་གནང་མཛད་པ་སོགས་མགོན་པོ་གང་ཉིད་ཀྱི་རླབས་ཆེན་གྱི་དགོངས་གཞི་དང་མཛད་འཕྲིན་ཉག་གཅིག་ལས་བྱུང་བ་རྣམས་ནི་སྟོང་གསུམ་རིན་ཆེན་བདུན་གྱིས་བསྐངས་ཏེ་ཕུལ་ཀྱང་བཀའ་དྲིན་གྱི་ཆ་ཤས་ཙམ་ཡང་གཞལ་བར་མི་ནུས་པ་མ་ཟད། བར་ལམ་བཀའ་སློབ་རིམ་ཕེབས་རྣམས་ཀྱང་བོད་འབངས་ཡོངས་ཀྱི་འཕྲལ་ཕུགས་བདེ་ཐབས་སུ་ཐུགས་བརྩེ་བ་ཤིན་ཏུ་ཆེ་བའི་རླབས་ཆེན་གྱི་དགོངས་གཞི་ཡིན་པ་ནི་སྨོས་ཅི་དགོས། འོན་ཏེ་བདག་ཅག་བོད་ཁ་བ་རི་པ་རྣམས་ནི་མགོན་པོ་གང་ཉིད་ཀྱི་ཐུགས་རྗེ་དང་བཀའ་དྲིན་ཉག་གཅིག་གིས་འཚོ་བ་དང་། མགོན་པོ་གང་ཉིད་ཀྱི་གདུལ་ཞིང་ངམ་སྐྱོང་ཡུལ་དུ་སངས་རྒྱས་ཀྱི་བཀའི་ལུང་གིས་ཟིན་པའི་ཐོག་སྔོན་གྱི་ཐུགས་བསྐྱེད་དམ་བཅའ་བཙན་པོ་ཡོད་པ་བཅས་བོད་འབངས་རྣམས་མགོན་པོ་གང་ཉིད་ཀྱི་ཆོས་སྲིད་ཀྱི་ཡང་དག་པའི་དབུ་ཁྲིད་ལས་བསྐལ་པ་ཇི་སྲིད་བར་དུའམ་དུས་ནམ་ཡང་འབྲལ་ཐབས་མེད་ངེས་ལགས་པ། ཕྱི་ལོ་ ༢༠༠༨ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་དགུ་པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་རྒྱབ་གཉེར་སྙན་ཐོ་དང་། བོད་མི་མང་སྤྱི་འཐུས་ལྷན་ ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་སྔ་རྗེས་དང་། ལྷག་པར་ཕྱི་ལོ་ ༢༠༡༠ ལོར་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པའི་སྤྱི་མོས་གྲོས་ཆོད་ཡིག་ཆ་ཨང་ ༦༣ པའི་དགོངས་དོན་བཅས་དང་། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༡༠ ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་བསྐོང་ཚོགས་ཞུས་པའི་སྐབས་སུའང་ཚོགས་མི་ཡོངས་ཀྱི་མཐའ་དོན་བསམ་འཆར་ཕྱོགས་བསྡོམས་སྙན་ཐོའི་ཁོངས་ཆབ་སྲིད་དང་འབྲེལ་བའི་དོན་ཚན་དང་པོ་ཉིད་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་བོད་རྒྱལ་ཁབ་ཆེན་པོའི་དབུ་ཁྲིད་དང་། བོད་གཞུང་གི་དབུ་ཁྲིད་ཀྱི་ཐུགས་འགན་རྐང་བཞེས་གནང་བར་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་བ་དང་སྦྲགས་མགོན་པོ་གང་གིས་ཕྱེད་བགྲེས་ཡོལ་ཡིན་པའི་སྐོར་བཀའ་སློབ་གནང་བ་དེས་གཞིས་བྱེས་བོད་མི་ཡོངས་ལ་ཟས་བཅུད་གཉིད་བྲལ་གྱི་བློ་འཚབ་ཧ་ཅང་ཆེན་པོ་ཡོང་བཞིན་པར་བརྟེན་དེ་འདྲའི་དགོངས་བཞེད་ནམ་ཡང་མི་མཛད་པའི་ཚོགས་ཆེན་འདི་ཐོག་ནས་༸སྙན་གསན་ཞུ་རྒྱུ། ཞེས་སྤྱི་མོས་ཀྱིས་གཏན་འབེབས་ཞུས་ཡོད་པ་བཅས་ལ་བརྟེན་མགོན་པོ་གང་ཉིད་ནས་ཕྱེད་བགྲེས་ཡོལ་ལམ་བགྲེས་ཡོལ་དུ་ཕེབས་བཞེད་ནམ་ཡང་མི་མཛད་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས་ན་རྣམ་མཁྱེན་ཆོས་ཀློང་ཆེན་པོར་མངའ་བ་མཁྱཻན། མཁྱཻན། མཁྱེན་ཞེས་གསོལ་བ་རྩེ་གཅིག་ཏུ་འདེབས་རྟེན་ལྷ་གོས་དྲི་བྲལ་དང་། མཎྜལ་རྟེན་དོད་སྒོར་ ༥༥ བཅས། བོད་རྒྱལ་ལོ་ ༢༡༣༧ ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༥ ལ་ཕུལ་བའི་༸སྙན་ཞུ།།
ཡང་བསྐྱར་ཁོང་གི་གསུང་ལ་བརྟག་རོགས།
ཕྱེད་བགྲེས་ཡོལ་ཕེབས་ཚར་བ་རེད། བོད་པས་ཤེས་ནའང་མ་ཤེས་མདོག་བྱེད་བགྱིན་ཡོད་པ་འདི། རྗེས་ལུས་ཀྱི་རམ་འདེགས་ཆེ་ཤོས་དེ་རེད།
སྤྱི་འཐུས་རྒྱུན་ལས་དེ་ཚོར་གོ་རྟོགས་དེ་ལས་མེད་ན། མི་རིགས་དང་རྒྱལ་ཁབ་འདི་གཡང་དུ་བསྐྱུར་ངེས་རེད། གོང་ས་མཆོག་གིས་དེ་ལྟར་གསུངས་པ་རྒྱུ་མཚན་རི་རབ་ལྟ་བུ་ཞིག་ཡོད་པ་རེད།
བོད་མི་མང་སྤྱི་འཐུས་ཀྱིས་བོད་ཡིག་ནོར་ན་སྣང་ཆུང་དུ་འཇོག་མི་འོས། “རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༡༠”ཞེས་པ་བོད་ཀྱི་སྐད་ཀྱི་འགྲོས་དང་མི་མཐུན། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་༢༠༡༠་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ། ཞེས་འབྲི་དགོས།
ཁྱེད་ཅག་གིས་གནང་བའི་ལུགས་དེ་ལ་གུས་པས་མོས་མཐུན་མེད་པར་གསལ་སྟོན་བྱས་ཟིན་ལ་ང་དང་བསམ་ཚུལ་གཅིག་པ་ཡིན་མཁན་མང་པོ་ཡོད་པས་གཞིས་བྱེས་བོད་མི་ཡོངས་ཀྱིས་ངོ་ཚབ་ཞུས་ཏེ་ཞེས་པ་འདི་ཅུང་ཐལ་སོང་།
བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་རྒྱ་ཆེན་མི་དམངས་ཀྱི་བསམ་བློའི་ཁ་ཕྱོགས་སུ་གུས་བཀུར་གཅིག་ཀྱང་བྱས་མི་ཤེས་པ་འདིར་གཞི་ན་ད་དུང་མང་གཙོ་ཚོད་ལྡན་ཟེར་བ་ཞིག་ཡོང་གི་མེད་པ་རེད།
གཞི་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་སྙན་ཞུ་ཕུལ་བ་འདིས་བཙན་བྱོལ་སྤྱི་ཚོགས་ནང་དུ་སྒེར་གཅོད་པ་ཡོད་པར་བསྟན་གྱི་ཡོད། གང་ཡིན་ཞེ་ན། བོད་མི་ཡོངས་སུ་རྫོགས་པ་ལ་བསམ་ཚུལ་དེ་འདྲ་མེད་པ་མ་ཟད་བཙན་བྱོལ་བོད་མི་ཡོངས་ཀྱིས་༧གོང་ས་མཆོག་བགྲེས་ཡོལ་ཆ་ཚང་མ་གནང་ན་ལེགས་པའི་བསམ་ཚུལ་མེད།
དུས་བབ་དྲ་ཐོག་ཏུ་བགྲེས་ཡོལ་ཆ་ཚང་གནང་རྒྱུའི་སྐོར་དུ་བསམ་ཤོག་བསྡུས་སྐབས་སུ་མང་ཆེ་བའི་བགྲེས་ཡུལ་ཆ་ཚང་གནང་རྒྱུར་རྒྱབ་སྐྱོར་ཐོབ་ཡོད། མ་ཟད་དྲ་རྒྱ་ཁག་གི་རྩོམ་བྲིས་པ་མང་ཤོས་ཀྱིས་༧གོང་ས་མཆོག་བགྲེས་ཆ་ཚང་གནང་རྒྱུའི་མོས་མཐུན་ཡོད་པ་གསལ་པོ་རེད།
བོད་མི་དམངས་སྤྱི་འཐུས་རྒྱུན་ལས་ཀྱིས་གཞི་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་སྙན་ཞུ་༧གོང་ས་མཆོག་གི་ཕྱག་ཏུ་འབྱོར་སྐབས་སུ་༧གོང་ས་མཆོག་གིས་གཞི་བྱེས་བོད་མི་ཡོངས་ཀྱི་བསམ་ཚུལ་འདི་འདྲ་འདུག་དགོངས་ནས་ཐུགས་ཕམ་གནང་གི་མ་རེད་པས།
བོད་མི་དམངས་སྤྱི་འཐུས་ཟེར་བ་འདིར་བོད་མི་དམངས་ཀྱི་འཐུས་མི་ཡིན་པ་ལས་བོད་མི་ཡོངས་སུ་བསམ་ཚུལ་མེད་པ་ཞིག་བོད་མི་ཡོངས་ཀྱི་བསམ་ཚུལ་རེད་ཞེས་བཤད་པའི་ཐོབ་ཐང་མེད།
འཛམ་གླིང་མཁས་་མང་གཙུག་གི་ནོར་བུ་ཡིས། །གང་གི་ཞབས་སེན་ཆུ་སྐྱེས་རྩེར་གཏུགས་ཤིང་། །སྙིགས་དུས་འགྲོ་ལ་འཚེ་མེད་ཞི་བའི་ལམ། །སྟོན་པའི་དེད་དཔོན་ཆེན་པོར་གསོལ་བ་འདེབས། །མགོན་ཁྱེད་ཐུགས་བརྩེ་དམ་བཅའ་བཙན་པོ་ཡིས། །པུར་རྒྱལ་ཁ་བའི་ལྗོངས་འདིར་བདག་གིར་བཟུང་། །ཇི་སྲིད་བསིལ་ལྗོངས་འགྲོ་རྣམས་ཐར་པ་ཡི། །གོ་འཕང་མཆོག་དེ་མ་ཐོབ་དེ་སྲིད་དུ། །མགོན་ཁྱོད་ཐུགས་རྗེས་ལྕག་དཀྱུས་གློད་ཕོད་དམ།
ད་ལན་༧གོང་ས་མཆོག་གིས་བགྲེས་ཡོལ་ཆ་ཚང་ཞུ་རྒྱུའི་དགོངས་བཞེད་ཡོར་ལན་དུ་མར་གསུངས་པ་འདི་ལ་ང་ཚོ་བོད་གཞིས་བྱེས་གཉིས་ཀྱི་མང་ཚོགས་ཡོངས་ནས་ཞིབ་ཏུ་འདང་རྒྱབ་དགོས་པ་ཞིག་ལས་རང་དགར་ཅི་འདོད་འདོད་བཤད་མི་ཉན། འདི་ཆེས་གལ་ཆེན་ཞིག་རེད་སྙམ།
སྤྱི་འཐུས་མིང་ཅན་ཚོས་༧གོང་ས་མཆོག་དང་བོད་མི་མང་ལ་ནང་དཀྲུགས་ཀྱི་ཆགས་སྒོ་བཟོ་ཐབས་ཀྱི་ལྐོག་འཆར་གསར་བ་འདྲ་མེད་ན་དེས་ཆོག དེ་མིན་༧གོང་ས་མཆོག་དགོངས་པ་ཞུ་མ་ཞུ་ཁྱེད་ཚོ་འདྲ་བོ་བོང་བུ་ནག་པོ་ཁྱུ་གཅིག་གིས་ལམ་སྟོན་བྱེད་ཤེས་ཀི་མ་རེད། བོང་བུ་ཁྱེད་ཚོས་༧གོང་ས་མཆོག་ལ་འདི་གྱིས་དང་དེ་མ་བྱེད་ཅེས་ལམ་སྟོན་བྱེད་རྒྱུ་འོས་སུ་མ་བབ་པའོ། བོང་ནག་དང་བོང་བུ་དམར་པོ་མགོ་རིལ་དེ་ཚོར། ཁ་བརྡ་ཚང་ལ་དགོངས་འགལ་མེད་པ་ཞུ།
དེ་སྔོན་༧གོང་ས་མཆོག་གིས་བགྲེས་ཡོལ་གནང་གི་ཡིན་ཞེས་བཀའ་བར་དང་རིམ་པ་གནང་རྗེས་སུ་རང་བཞིན་གྱི་སེམས་ལ་དྲི་རྟག་མང་པོ་ཞིག་སླེབས་ཀྱིན་འདུག་མོད་། ལེགས་ཉེས་ཀྱི་དབྱེ་བ་ཞིག་ནམ་ཡང་འབྱེད་ཐབས་མ་བྱུང། དེ་བས་དྲ་རྒྱའི་བརྒྱུད་ལམ་དང་འབྲེལ་ཡོད་གྲོགས་པོ་ཚོ་དང་མཉམ་དུ༧་ཁོང་གི་བགྲེས་ཡོལ་སྐོར་ལ་ལབ་གླེང་མང་པོ་བྱས་བ་ཡིན་མོད་དེ་ཙམ་གྱི་གནས་ལུགས་ཞིག་མ་རྙེད། ཡིན་ནའང་སྐབས་དེར་ཁོ་བོས་ཚོད་དཔག་ཅིག་བྱེད་ཐུབ་པ་ནི་སླར་ཡང་རྒྱུན་ལས་ཚོས་སོར་བཅུའི་འདབ་མ་སྤྱི་བོར་བཀོད་དེ་ཞེས་གསོལ་འདེབས་བྱེད་རྒྱུ་ཡིན་པ་དེ་རེད། དེ་ལས་བརྒལ་པའི་ལམ་དབུ་མ་ཞིག་འཚོལ་མི་ཐུབ་པ་ང་ཚོ་ཚང་མིའི་ཤེས་གསལ་རེད། ནམ་རྒྱུན་བོད་མི་སྤྱི་སྒེར་ཚང་མའི་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཞེས་ཁ་གྲགས་ཤེས་མི་ཤེས་ཚང་མིའི་བཤད་གྱིན་ཡོད་མོད། གནད་འགེགས་ཞིག་ལ་སླེབས་དུས་ཚང་མ་མགོ་བོ་རྨོངས་བསྡད་ཡོད་པའི་བཟོ་ཞིག་འདུག། འདི་ནི་ང་ཚོ་༧གོང་ས་མཆོག་གིས་ཐུགས་རྗེ་བཀའ་དྲིན་ཁོ་ན་ལ་བརྟེན་དེ་འཚོ་བཞུགས་བྱས་ཡོད་པ་ལས་རང་སྟེངས་ན་དེ་ཙམ་གྱི་ནུས་བ་ཞིག་མེད་པས་མཚོན་རྟགས་ངོ་མ་དེ་རེད། དེ་བས་སྤྱི་འཐུས་རྒྱུན་ལས་ཚོ་ལ་ཡང་ཐུགས་ཁེག་མི་འདུག་བསམ་གི། དེ་ལས་གཞན་པའི་ལམ་ཁ་ཞིག་འཚོལ་རྒྱུའི་བསམ་བློའི་ནུས་བ་དང་སྙིང་སྟོབས་མེད་པས་རེད། མཆན་འབྲི་མཁན་ཚོས་ངོས་ནས་ཡང་གནས་ལུགས་ངོ་མ་རེ་བཤད་ཐུབ་ན་ཡག་པོ་རེད། དེ་མིན་སྤྱི་འཐུས་ཚོ་ལ་ཁ་བརྡུངས་རེ་བྱས་བ་ཙམ་གྱི་སྤྱི་སྒེར་སུ་ལའང་ཕན་མི་སྲིད། ཚང་མའི་ཤེས་གསལ་ལྟར་ཉེ་ཆར་ཀླུ་བྱམས་དང་མདོ་སྨད་ས་རྒྱུན་ཚོའི་བར་གི་རྙོག་དྲ་དེའི་སྐོར་ལ་ཉི་མ་རེ་རེ་བཞིན་རྩོམ་ཡིག་དང་མཆན་འབྲི་མཁན་གྱིས་འཚང་ཁ་ནི་ལུག་ཁྱུ་རི་ལ་དེད་པ་བཞིན་གྲངས་ཀ་ཟིན་དཀའ་མོད། འདི་ལྟ་བུའི་སྙན་ཞུ་གལ་ཆེན་ལ་མཆན་འབྲི་མཁན་ཡང་མཐོང་རྒྱུ་དེ་ཙམ་མེད་པ་ནི་ཚང་མའི་གནས་ལུགས་ངོ་མ་ཞིག་བཤད་ཐབས་བྲལ་བའི་རྒྱུ་མཚུན་ཡིན་རྒྱུ་རེད། དོན་ངོ་མ་ང་ཚོས་བཤད་དགོས་བ་དང་གླེང་དགོས་བ་ནི་། གལ་ཏེ་༧གོང་ས་མཆོག་གི་བགྲེས་ཡོལ་ཆ་ཚང་གནང་བ་ཡིན་ན། རང་བཞིན་གྱི་ང་ཚོའི་སྤྱི་ཚོགས་ལ་འགྱུར་བ་ཞིག་འགྲོ་རྒྱུ་ཡིན་པ་དངོས་ཡོད། འགྱུར་བ་དེ་དང་མཉམ་དུ་ལས་འགན་ཡང་སྔར་ལས་ལྕི་མོ་ཞིག་ཡོད་ངེས། ང་ཚོས་ངོས་ནས་འགྱུར་བ་དེ་དང་ལས་འགན་དེ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་དང་གདོང་ལེན་བྱེད་ཐུབ་མིན་དེ་ཡིན། དེ་མིན་ང་༧གོང་ས་མཆོག་གི་བགྲེས་ཡོལ་གནང་རྒྱུར་རྒྱབ་སྐྱོར་ཡོད་ཟེར་བ་ཙམ་གྱི་མི་ཕན།།
xxxxxxxxxxxxxxxx
༸གོང་ས་མཆོག་བགྲེས་ཡོལ་ཕེབས་ཚར་རྗེས་ལ། བོད་མི་ལས་བྱེད་པ་གསེར་དང་རག་གི་རང་མདོག་གསལ་ཡོང་།
ནམ་རྒྱུནསྤྱི་མཐུས་ཚོས་་བཀའ་གསུང་ཅི་གྲུབ་ཞུ་གི་ཡིན་ཟེར་བ་དེ་ སྐྱག་མཛུན་སྐྱག་ནག་རེད་
ཁྱོད་ཚོའི་སྙན་ཞུ་དེ་བསྟན་བཞུགས་ཀྱི་ལྡོག་ཕྱོགས་དེ་རེད་ བགྲེས་ཡོལ་ཕེབས་རྒྱུ་དེ་དངོས་གནས་བསྟན་བཞུགས་རེད
འཇིགས་མེད་ལགས། འདི་འདྲ་མ་གསུངས་རོགས་(རྒྱལ་བ་རེན་པོ་ཆེས་གང་གསུངས་པ་དེ་མཁས་མ་ལེན་ན་ ཡུན་རིང་བཞུགས་ཀྱི་མ་རེད་དོ༑)
སྐད་ཆ་འདི་ཚོ་གོ་མི་འདོད་ལ། ཁྱོད་ཀྱི་ཁ་ནས་ཀྱང་མ་ཡོང་ན་བཟང་གི
བོད་མི་ས་ཡ་དྲུག་གི་བདེ་དོན་ལས། འཛམ་གླིང་སྤྱིའི་བདེ་དོན་དེ་གལ་ཆེ་བ་རེད། གལ་སྲིད་༸གོང་ས་མཆོག་གི་འཛམ་གླིང་སྤྱི་ཡི་བདེ་དོན་དེ་འདི་ལས་ལྷག་བསྒྲུབས་ཐུབ་པའི་གོ་སྐབས་བྱུང་ན། དེས་བོད་མི་ས་ཡ་དྲུག་གི་ཆབ་སྲིད་ཀྱི་དཀའ་ངལ་དེ་ཡང་སེལ་མི་ཐུབ་པ་ཅང་ཨེ་ཡོད། ངས་མི་ཤེས། ཁོང་མཁྱེན།
གཅན་བཟོད་རྒྱམ་ལགས་ དེ་ངའི་སེམས་ལ་བསམ་ནས་བཤད་པ་ཡིན་ བསྟན་བཞུགས་དངོས་གནས་དེ་་སྒད་ཡོལ་ཕེབས་རྒྱུ་དེ་རེད་
༧་གོང་ས་མཆོག་ལ་ཆེད་ཞུ། བོད་པ་རྣམས་ལ་ཆབ་སྲིད་ཀྱི་གོ་རྟོགས་ཧ་ཅང་དམའ་བོ་རེད། རྒྱལ་ཁབ་ཀྱི་དབུ་ཁྲིད་དང་སྲིད་གཞུང་གི་དབུ་ཁྲིད་ཀྱི་ཁྱད་པར་ཙམ་ཡང་ཤེས་གི་མི་འདུག སྐུ་ཉིད་སྲིད་གཞུང་གི་དབུ་ཁྲིད་ལས་བགྲེས་ཡོལ་གནང་ནའང་། རྒྱལ་ཁབ་ཀྱི་དབུ་ཁྲིད་ལས་བགྲེས་ཡོལ་གནང་མི་ཉན། དབྱིན་ཇི་རྒྱལ་མོ་དང་འཇར་པན་གྱི་རྒྱལ་བོ། ཐེ་ལེན་ཊའི་རྒྱལ་བོ་སོགས་ཀྱིས་ཡང་རྒན་ཡོལ་གནང་གི་མི་འདུག སྐུ་ཉིད་ཀྱིས་རང་བཙན་དོར་ཆད་རྒྱལ་ཁབ་ཀྱི་དབུ་ཁྲིད་ལས་རྒན་ཡོལ་བྱས་ནའང་རྒྱ་ནག་གིས་རང་སྐྱོང་མི་སྤྲོད་པ་ཐགས་གི་གཅོད་ཐུབ། སྐུ་ཉིད་ལ་རྒྱ་གཞུང་གིས་གནོད་ཤུགས་ཆེན་པོ་ཞིག་བསླེབས་ཡོད་པ་བཤད་མ་དགོས་པ་ཞིག་རེད། དྲ་ལམ་ན་ཡང་གསང་ཉུལ་བ་་ཚོས་རྒན་ཡོལ་གནང་དགོས་ཚུལ་དང་རེ་ཞུ་འབུལ་མཁན་རྣམས་ལ་བདུག་རྩུབ་ལྡན་པའི་ཁ་རྡུང་གཏོང་བ་འདིའི་ཤེས་ཐུབ།
རྒན་ཡོལ་གྱིས་ལྷོད་བཞུགས་ལ་བརྟེན་ནས། བརྟན་བཞུགས་རེད་ཟེར་ན། གོ་རྒྱུ་མེད་པ་མིན། ༸སྐུ་ཚེ་ཡུན་བརྟན་ཤོག
རྒྱལ་བ་རིན་པོ་ཆེ། སྐུ་མཁྱེན། རྒྱུན་ལས་སྨྱོན་པ་འདི་དག་གི་ངག་ལ་མ་གསན་པར་ཐུགས་ལྷོད་ལྷོད་བྱས་ནས་ངལ་གསོ་སྐྱོན་རོགས།
མགྱོགས་མྱུར་བོད་གཞུང་གི་འགན་ཚང་མ་འཁུར་ཐུབ་མཁན་གྱི་བཀའ་བློན་གསར་པ་ཞིག་འབུལ་རྒྱུ་ཡིན།
སྐུ་ཚེ་རིང་།
སྤྱི་འཐུས་རྒྱུན་ལས་ཚོས་འདི་དོན་གོ་ཤེས་ཡོད་པ་བྱ་རོགས། ཁྱོས་ཚོས་མི་སྐད་ཉན་མི་ཤེས་དོན་ཅི་རེད། ཁྱོད་ཚོ་གང་མང་མང་ཞིག་ནས་ཁོང་གི་གསུང་འདིའི་གཞི་རྩེའི་རྒྱབ་ལྗོངས་ལ་ཧ་གོ་ཡོད་ཀྱི་རེད་དེ། མི་རྒན་ཀླད་རྙིང་ཁ་ཤས་ཀྱི་བསམ་སྤྱོད་ལ་བསྟུན་རྐྱང་བྱས་ན། སོ་སོ་གོ་རྟོགས་ཡོད་མཁན་དང་། ཅུང་ཟད་བསམ་བློ་ཡར་ཐོན་ཅན་ཡིན་ནའང་ཕན་མ་ཐོགས་པ་རེད། དེས་ན། མི་རྒན་ཀླད་རྙིང་ཁ་ཤས་
ཀྱི་མདུན་ན་མི་བཟང་དང་ཇོ་བཟང་གི་མིང་ཁུར་རྒྱུའི་བསམ་བློ་ལྡོག་ནས། བོད་ཀྱི་ཡུན་རིང་འཐབ་རྩོད་
ལ་བསམ་བློ་གཏོང་རོགས།
ང་ཚོའི་སྤྱི་འཐུས་ཚོས་༌༌༌༌༌༌༌༌༌སྙན་ཞུ་འདི་འདྲ་ཞིག་འབུལ་ངེས་ཡིན་སྐོར་སྔ་ས་ནས་ལུག་བསྟན་གྱིས། དྲ་གྲོགས་སྨྱུག་ཐོགས་པ་མང་དག་ཅིག་གིས་རང་གི་བསམ་ཚུལ་གསལ་པོར་བཤད་ཟིན་རེད། དུས་སྐབས་འདིར་དངོས་འབྲེལ་བྱས་ན། ཆེེེད་ལས་པ་རྣམས་དང་། དྲ་རྒྱ་རྩོམ་སྒྲིག་པ། གཞན་ཡང་བརྒྱུད་ལམ་ཁག་ནས་ཆབ་སྲིད་ཀྱི་དཀའ་གནད་ཕྱོགས་བསྡོམས་ཞིབ་འཇུག་གིས་སྙན་ཐོ་སྤྱན་བསྟར་དགོས་པའི་དུས་ལ་སླེབས་ནས་ཡོད། མ་གཞི་ནས་ང་ཚོ་བོད་པ་ཐམས་ཅད་གཞན་བརྟེན་དང་སྐྱག་ལངས་སུ་སོང་ནས་ཟིན་པ་དེ་རང་ཡིན་པ་འདྲ། ༸གོཾང་ས་མཆོག་གིས་བོད་ཀྱི་རྩ་དོན་དང་། བོད་མིའི་སྐྱབས་མགོོན་དུས་ནམ་ཡང་དོར་མི་སྲིད། གྲས་ཡོལ་དུ་ཕེབས་ཀྱི་ཡིན་གསུངས་པ་ནི། རང་རེའི་བཙན་བྱོལ་བོད་མི་རིགས་འདི་བཞིན། རྒྱ་ནག་གཙོས་འཛམ་གླིང་སྤྱི་ཚོགས་སུ་མང་གཙོ་ཡང་དག་ཏུ་ཁྲིད་ཐབས་ཀྱི་རྒྱལ་ཡོངས་གསལ་བསྒྲགས་ཙམ་ལས་གཞན་གང་ཡང་མིན། ང་ཚོས་༌༌༌༌༌༌༌༌ཁོང་ཉིད་བཞུགས་དུས་བཀའ་བཞིན་མཆོད་པས་རབ་ཏུ་མཉེས་པར་བྱས་ནས། ང་ཚོ་རང་གི་རྐང་ཐོག་ཏུ་ལངས་དགོས་པ་ལས། ད་དུང་རེ་བ་གཞན་ལ་བཅོལ་ནས་ངང་བསྒུག་སོས་དལ་གྱི་རང་བཞིན་ེེ་དུས་ནམ་ཡང་མི་ཡོང་བས། དེས་ན། དེ་རིང་གི་སྤྱི་འཐུས་ཀྱིས་ཞུ་སྙན་འདིའི་རྒྱབ་ལྗོངས་ཀྱི་དཀའ་གནད་ཅི་ཞིག་ཡིན་པའི་འབྲུ་དོན་འགྲེལ་བརྗོད་དགོས་པ་ལས། གནས་ཚུལ་ཙམ་བཀོད་པས་འགྲིགས་ཐབས་མེད་པར་མཐོང་།
སྤྱི་འཐུས་ཁྱེད་ཚོས་རྐྱག་རྫུན་མ་ཤོད་ གཞིས་བྱེས་བོད་མི་ཡོངས་ལ་ཟས་བཅུད་གཉིད་བྲལ་གྱི་བློ་འཚབ་ཧ་ཅང་ཆེན་པོ་ཡོང་བཞིན་པ་དེ་སྤྱི་འཐུས་ཁྱེད་ཚོས་བོད་སྤྱི་པའི་ལས་དོན་ལས་ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་ཆེ་གྲགས་པར་བརྟེན་དོན་གནད་ཆུང་ཆུང་ཆོ་མེད་རེ་ཡི་དོན་དུ་ནང་ཁུལ་འཁྲུགས་བརྩོད་དང་ གྲོས་ཚོགས་ནས་ཕྱིར་ཐོན་བྱས་ཏེ་གྲོས་ཚོགས་མཇུག་སྐྱོངས་མ་ཐུབ་པ་བཟོས་པའི་བྱ་ངན་དེ་ཚོ་རེད་ ཁྱེད་ཚོས་མ་རབས་ཀྱི་བྱེད་སྟངས་དེས་ རྒྱ་དམར་རྒོད་ཤོར་ལེའི་ངང་དགའ་དགོས་ལེ་དང་ ༧རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་དགོས་ལེ་ གཞིས་བྱེས་བོད་མི་ཡོངས་ཀྱི་བློ་ཕམ་དགོས་པ་བཟོས་ལེ་དེ་ཚོ་རེད་ ༧རྒྱལ་བ་རིན་པོ་ཆེས་སྐུ་ཚེ་སྒང་པོ་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་དོན་དུ་སྐུ་ངལ་ཚད་ལས་འདས་པ་སྐྱོན་དེ་ད་ཆ་བགྲེས་ཡོལ་ཕེབས་པའི་དགུང་གྲངས་མཐོན་པོར་ཕེབས་ཀྱང་ད་དུང་ ༼མགོན་པོ་གང་ཉིད་ནས་ཕྱེད་བགྲེས་ཡོལ་ལམ་བགྲེས་ཡོལ་དུ་ཕེབས་བཞེད་ནམ་ཡང་མི་མཛད་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་༽ ཟེར་བ་དེ་སྤྱི་འཐུས་ཁྱེད་ཚོས་ད་དུང་ཡང་བོད་སྤྱི་པའི་ལས་འགན་དེ་རང་ཉིད་ནས་འཁྱེར་རྩིས་མི་བྱེད་པར་༧རྒྱལ་བ་རིན་པོ་ཆེར་བསྐལ་བཞག་རྩིས་བྱེད་པ་ཞིག་རེད་།
གཞིས་བྱེས་བོད་མི་ཡོངས་ལ་ཟས་བཅུད་གཉིད་བྲལ་གྱི་བློ་འཚབ་ཧ་ཅང་ཆེན་པོ་ཡོང་བཞིན་པ་དེ་ བོད་མིའི་ཡིད་ཀྱི་ནོར་བུ་ ༧རྒྱལ་བ་རིན་པོ་ཆེའི་སྐུ་ཕྱ་དང་སྐུ་ཁམས་ ཐུགས་བདེ་ལེ་དེ་རེད་ ༧རྒྱལ་བའི་སྐུ་གསུངས་ཐུགས་བདེ་ལེའི་ཆེད་དུ་དགུངས་གྲངས་དེ་ཙམ་ཕེབས་དུས་སྐུ་ལྷོད་ཞིང་ཐུགས་སྤྲོའི་ངང་བཞུགས་ཐུབ་ན་ ༧གོང་ས་མཆོག་གི་སྐུ་ཚེའང་རིང་དུ་གནས་ཐུབ་པ་དེ་རེད་ དེ་མིན་ཚེ་དོན་དུ་བོད་སྤྱི་པའི་རྡོག་སྤྲོད་སྤྱི་པོ་དེ་༧གོང་ས་མཆོག་གཅིག་པོའི་ཐོག་སྤུངས་ཏེ་ སྐུ་འདུན་དུ་བརྟེན་བཞུགས་དང་ ལྷ་གོས་དྲི་བྲལ་ཟེར་བ་དང་ མཎྜལ་རྟེན་དོད་སོགས་ཉིན་མ་རེ་ལ་ཐེངས་རེ་འཕུལ་ཡང་བྱེད་བྱེད་ཙམ་ལས་དོན་ངོ་མ་ཆི་ཕན་མི་ཤེས་།
༧རྒྱལ་བ་རིན་པོ་ཆེ་ཅིག་མེད་ན་བོད་མི་ཀླད་མེད་ཚོས་རང་བཙན་རྒྱུ་དང་བརྗེ་ངེས། ཡང་ན་ནང་དཀྲུགས་ཁྲག་རླབས་འཕྱུར་ཉེན་ཆེ།རྒྱ་གར་བས་བོད་པྲེ་ཏ་པུ་རིའུ་ཡུལ་ཞེས་བརྙས་བཅོས་བྱས་པ་བདེན་སྲིད། རྒྱུ་མཐོང་ན་མི་རིགས་དང་རྒྱལ་ཁབ་བརྗེད་པའི་ཚོང་པ་དང་བླ་ཆེན། ཕྱི་རྒྱལ་བའི་རྐུབ་ལ་རྒྱུགས་མཁན་ཚོར་ལྟོས་ཤིག སྲིན་པོའི་རིགས་ཡིན་པ་ཡང་བདེན་སྲིད། ཆོས་དང་ཆོལ་ཁའི་བསམ་བློ་གུ་དོག་པོ་དེ་ངོམ་ཆོས་བྱེད་ཚུལ་ལ་ལྟོས། རྒྱལ་རིན་པོ་ལྟ་བུ་དབུ་འཛིན་ཏུ་བཞུགས་ན་ལེགས་མོད་ཁོང་རང་གི་དགོངས་པ་དེ་ཡང་བརྩི་བཀུར་བྱེད་ལོས་དགོས། ༧རྒྱལ་བ་རིན་པོ་ཆེའི་གཙོས་བོད་གཞུང་གི་ལས་བྱེད་གྲྭ་བའི་རིགས་ཚང་མ་དགོངས་པ་ཞུས་ན་ལེགས། སྔོན་ཆད་སྤྱི་འཐུས་ནང་གི་གྲྭ་བའི་དམག་འཁྲུགས་དེས་རྒྱལ་བ་རིན་པོ་ཆེ་ཐུགས་ཕམ། གྲྭ་བ་ཡོངས་ལ་མཚན་སྨྲས་ཕོག་ཡོད་པ་དངོས་གསལ་རེད། ཉེ་ཆར་གྲྭ་བ་དང་སྐྱ་བོའི་བར་ཏུ་རྩེད་མཚར་ཞིག་བཤད་ནའང་བུད་མེད་ཉམས་ཆུང་ལ་བརྙས་བཅོས་བྱེད་པའི་ཇག་པ་དམར་པོ་ཞེས་ཀུ་རེའི་ནང་ནས་དོན་དམ་གྱི་སྐད་ཆ་ཐོན་ཡོང་ཚུལ་ལ་ལྟོས། གྲྭ་བས་ནམ་ཡང་སྐྱ་བོ་ལ་འཇོན་ཐང་མེད་པར་འདོད་པ་དེ་བདེན་རྫུན་ལག་ཏུ་ལོང་དང་གསལ། མི་ཚེ་གང་པོར་དཀའ་ངལ་གདོང་ལེན་གྱིས་བོད་དོན་སྒྲུབས་མཁན་དང་། དཔལ་འབྱོར་གྱིས་མི་བསླུ། དྲིན་ལན་ལོག་འཇལ་གྱིས་ཡིད་མི་སུན་པར་༧རྒྱལ་བ་རིན་པོ་ཆེ་ནང་བཞིན་ཕྱག་ལས་གནང་མཁན་ཨེ་ཡོད་ལྟོས། ཟམ་གདོང་རིན་པོ་ཆེ་ནང་བཞིན་སྙིང་རུས་ཨེ་ཐུབ་གཟིགས། གནས་སྐབས་ཙམ་མིན་པར་མི་ཚེ་བོད་རིགས་ཀྱི་ཆེད་ཏུ་གཏོང་བའི་སྤོབས་པ་ཡོད་ན་དེ་ཀ་རང་། གཞན་བཀའ་བློན་ཁྲི་བ་སོགས་རེ་ཞིག་རང་གི་སྤྱི་ཚོགས་ཀྱི་གོ་གནས་འཕར་བའི་ལས་ཀ་དེས་ཅི་བྱ། སྐབས་ཚོལ་རང་ལུགས་པ་ཚོའི་འདོད་པ་སྒྲུབས་པ་ཙམ་རེད། །