སྤྱི་འཐུས་རྣམ་པ་ཚོར་ཞུ་བར་བྱ་བའི་དོན་ཚན་གསུམ།
ཡི་གེ་འདི་ནི་བོད་མི་མང་གི་སྤྱི་འཐུས་རྣམ་པ་ཚོར་ཞུ་གི་ཡོད། ད་རེས་གྲོས་ཚོགས་ནང་བྱུང་བའི་རྙོག་དྲ་དེ་ད་རུང་བོད་སྤྱི་ཚོགས་ནང་ཚ་བོ་ཚ་རྐྱང་བྱས་དྲོད་མ་ཡལ་པར་བསྡད་ཡོད་པ་རེད། དྲ་ཐོག་ཏུའང་རང་རང་སོ་སོས་ལངས་ཕྱོགས་རེ་བཟུང་སྟེ་བགྲོ་གླེང་གང་འཚམས་བྱས་སོང་། རྩ་བའི་གྲོས་ཚོགས་ནང་གི་མི་མཐུན་པའི་ལངས་ཕྱོགས་གཉིས་བྱུང་བ་དེ་ལས་འདའ་ཐུབ་མི་འདུག གང་ལྟར་ཀྱང་བྱུང་ཚར་བ་དེ་ཚར་བ་རེད། ཡིན་ནའང་། མ་འོངས་པར་ཁྲིམས་བཟོ་ལྷན་ཚོགས་ཀྱིས་མགོ་བྱས་ནས་ཁྲིམས་འགལ་གྱི་རིགས་མ་ཡོང་བ་དེ་གལ་ཆེན་པོ་རེད། ད་དེ་རིང་ངས་ཀྱང་འདི་ནས་མར་ཐེངས་རྗེས་མའི་སྤྱི་འཐུས་གྲོས་ཚོགས་ལ་དམིགས་ཏེ་བསམ་ཚུལ་གསུམ་ཞུ་གི་ཡིན།
གཅིག
ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་རྒྱ་བལ་འབྲུག་གསུམ་མ་ཡིན་པའི་ཕྱི་རྒྱལ་དུ་སྡོད་མཁན་རྣམས་གྲོས་ཚོགས་ལ་བཅར་སྐབས་ཀྱི་འགྲོ་གྲོན་ཐད་གྲོས་ཆོད་ཁ་གསལ་ཞིག་འཇོག་དགོས་པ་འདུག
རྩ་བའི་དེའི་སྐོར་གྱི་སྒྲིག་གཞི་ལ་ཚིག་ཟིན་གྱི་ཆ་ནས་གསལ་ཁ་མེད་པ་ཡིན་ནའང་བྱང་ཨ་རི་དང་ཡོ་རོབ་ནས་རང་ཁོངས་ནས་སྤྱི་འཐུས་འདེམས་དགོས་པའི་ཐག་གཅོད་དང་། གཞན་རྒྱ་བོད་འབྲུག་གསུམ་མ་ཡིན་པའི་ཕྱི་རྒྱལ་དུ་སྡོད་མཁན་སྤྱི་འཐུས་གཉིས་ལ་དེ་སྔོན་ལམ་གྲོན་བཏང་མེད་པ་དེ་དང་། ད་བར་ལག་ལེན་བསྟར་ཡོང་བའི་འགྲོ་སྟངས་དེས་གསལ་ཁ་མེད་པའི་སྒྲིག་གཞི་དེ་ལ་གསལ་ཁ་སྟེར་གྱི་ཡོད་པ་རེད། དེ་ཡིན་ནའང་ད་རེས་ཀྱི་རྙོག་དྲ་འབྱུང་གཞི་ནི་དེ་ཡིན་པས་འབྱུང་འགྱུར་ལ་དམིགས་ཏེ་དེའི་སྐོར་ལ་གསལ་ཁ་ཅན་གྱི་གྲོས་ཆོད་ཅིག་ངེས་པར་འཇོག་དགོས་ཀྱི་འདུག གལ་སྲིད་དེའི་སྐོར་གྲོས་ཆོད་མ་བཞག་པ་ཡིན་ན་རྗེས་མ་སྤྱི་འཐུས་མང་པོ་ཞིག་གི་ལམ་གྲོན་གཞུང་གིས་གཏོང་དགོས་འབྱུང་གི་རེད། སྔོན་མ་ལམ་གྲོན་བཏང་མེད་པའི་སྤྱི་འཐུས་དེ་ཚོ་གྲོས་ཚོགས་ལ་བཅར་ཡོད་ན་དེ་ཚོའི་ལམ་གྲོན་དང་བཅར་མེད་ནའང་དགོངས་སེལ་ཞུ་དགོས་པ་ཞིག་རེད།
གཉིས།
དེ་ནས་ད་ཐེངས་ཀྱི་རྙོག་གཞི་གཉིས་པ་ཞིག གྲོས་འཆར་གང་ཞིག་གྲོས་ཚོགས་ནང་མ་སླེབས་སྔོན་ལ་རྒྱབ་སྐྱོར་གྱི་ས་རྟགས་བཀོད་པ་དེ་རེད། དེ་སྔར་མ་བྱུང་བའི་ལམ་སྲོལ་ཞིག་ཡིན་ནའང་སྒྲིག་འགལ་ཡིན་པ་ཅང་མ་མཐོང་། སྒྲིག་གཞི་གང་ལ་འགལ་བ་རེད། རྩ་བའི་ཆ་ནས་གྲོས་འཆར་གང་ཞིག་ལ་སྔོན་ནས་རྒྱབ་སྐྱོར་གྱི་ས་རྟགས་བཀོད་མིན་ལ་མ་ལྟོས་པར་གྲོས་ཚོགས་ནང་རྒྱབ་སྐྱོར་ག་ཚོད་ཐོབ་མིན་ལ་ཁྱད་པར་མེད་པར་འདོད། རྒྱུ་མཚན་ལྡན་པའི་གྲོས་འཆར་ཞིག་ཡིན་ཕྱིན་སྔོན་ནས་ས་རྟགས་མ་བཀོད་ཀྱང་གྲོས་ཚོགས་ནང་རྒྱབ་སྐྱོར་མང་ང་ཐོབ་གི་རེད་ལ། རྒྱུ་མཚན་མེད་པའི་གྲོས་འཆར་ཞིག་ཡིན་ཕྱིན་སྔོན་ནས་ས་རྟགས་བཀོད་མཁན་འགའ་ཤས་བྱུང་ཡང་གྲོས་ཚོགས་ནང་རྒྱབ་སྐྱོར་ཞེ་དྲག་ཐོབ་གི་མ་རེད་འདོད། དེར་བརྟེན་སྔོན་ནས་ས་རྟགས་བཀོད་མ་བཀོད་ལ་ཁྱད་པར་ཆེན་པོ་ངས་བལྟས་ན་མི་མཐོང་། ཡིན་ན་ཡང་། ད་རེས་ཚོགས་ཁང་ནང་ནས་ཐོན་མཁན་ཚོས་དེར་ལག་པ་འབྱིད་ས་ཆགས་པ་རེད། དེ་བས་དེ་སྐོར་ལའང་མ་འོངས་པར་ཅི་བྱས་ན་དགེ་མིན་ལ་གོ་བསྡུར་བྱ་དགོས་ངེས་སུ་མཐོང་།
གསུམ།
གྲོས་འཆར་གང་ཞིག་ལ་མང་མོས་ཐག་གཅོད་བྱེད་པར་བརྩི་མེད་རྡོག་རོལ་བྱས་ཏེ་སྤྱི་འཐུས་སྐོར་ཞིག་ཕྱི་ལོགས་ལ་ཐོན་ཕྱིན་པ་དེ་ནི་ང་ཚོའི་བཅའ་ཁྲིམས་ནང་མང་མོས་ཐག་གཅོད་ཟེར་ནས་གང་སར་མཐོང་རྒྱུ་ཡོད་པ་དེ་ལ་རྒྱབ་འགལ་བྱས་པ་ཞིག་ཡིན་པས་དེ་ནི་ལག་པ་འབྱིད་ས་ཡོད་མེད་ལ་མ་ལྟོས་པར་ཁྲིམས་འགལ་ཡང་ཡིན་པ་རེད། དེ་ལ་བརྟེན་ནས་ད་རེས་ཀྱི་གྲོས་ཚོགས་མཇུག་བསྡུ་མ་ཐུབ་པར་ལས་གཞི་སྐོར་ཞིག་ལྷག་པ་རེད། རྗེས་སུ་འདི་འདྲའི་དོན་དག་བྱུང་ན་ག་རེ་བྱེད་དགོས་ཀྱི་འདུག དེ་འདྲའི་དམིགས་བསལ་སྐབས་སྤྱི་འཐུས་ལ་དགོས་ངེས་ཀྱི་གྲངས་འབོར་མ་ལོངས་ཡང་གྲོས་ཚོགས་མུ་མཐུད་མཇུག་སྐྱོང་ཆོག་པའི་གྲོས་ཆོད་ཅིག་ཀྱང་ངེས་པར་དགོས་པར་སེམས།
ཞུ་རྒྱུར། ང་རང་བོད་ཀྱི་མི་སེར་ཞིག་ཡིན་པ་དང་། ཁྱེད་ཚོ་སྤྱི་འཐུས་རེ་རེ་བཞིན་ངའི་མགྲིན་ཚབ་པ་ཡིན་པའི་རྒྱུ་མཚན་གྱིས་ངས་འདི་རུ་ཞུ་སྙན་ཐུང་ཙམ་འབུལ་གི་ཡིན་ན་མི་སེར་དཀྱུས་མའི་བསམ་ཚུལ་འདི་གྲོས་ཚོགས་ཀྱི་སྡིངས་ཆའི་ཐོག་གླེང་སློང་ཡོང་བའི་རེ་བ་དང་བཅས། མདའ་ཚན་པ་མགོན་པོ་ཚེ་རིང་ནས། ༢༠༠༩།༩།༢༦ ལ་ཕུལ།
དྲ་གྲོགས་ཚོ། གོང་གསལ་གྱི་འདིར་རྒྱབ་སྐྱོར་དང་བསམ་ཚུལ་མི་མཐུན་པ་ཡོད་ན་ལྷུག་པར་སྨྲ་འཚལ།
གྲོས་ཚོགས་ནས་ཕྱི་ལ་ཐོན་པ་དེ་ཁྲིམས་འགལ་ཞིག་མ་རེད། གང་ཞིག་ལ་འདོད་པ་གཏན་ནས་མེད་ན་དེའི་ཆ་ཤས་མ་བླངས་ན་འགྲིག་པ་མ་ཟད། དེ་ཐོབ་ཐང་ཞིག་ཀྱང་ཡིན་པ་འདྲ། དེ་སྔོན་ཡང་དེ་འདྲ་བྱུང་ཡོད་པ་རེད།
གཞན་གང་གསུངས་པ་ལ་རྒྱབ་སྐྱོར་ཡོད།
མདའ་ཚན་པ་ཞུ་བས་གཏམ་ལྷུག་པོ་ཞིག་སྨྲས་འདུག
རང་ངོ་མ་འཕྲོད་པའི་འཐུས་མི་མང་དྲགས་འདུ་པས
༧གོང་ས་མཆོག་གི་བཀའ་དགོངས་ཡིན་ཡང་མི་འདི་གྲས་ནས་་་་་་་་་་་་་་་་་
མང་དྲགས་འདུ་པས་་་་་་་་་། མང་དྲགས་འདུག་པས་ལ་བཅོས་རོགས།
ཚིག་གི་འཇམ་ལོས་ཙམ་མ་གཏོགས་བསམ་འཆར་སྔ་ཕྱི་གཉིས་ཀ་གཅིག་པ་རེད་འདུག རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད། དེ་སྔོན་ལམ་གྲོན་མ་ཐོབ་པའི་སྤྱི་འཐུས་གཉིས། གྲོས་ཚོགས་ཚོགས་དུས་ནམ་ཡིན་དང་། སྤྱི་འཐུས་སྐར་མ་ཆོས་འཕེལ་དང་། སྨོན་ལམ་མཐར་ཕྱིན་གཉིས་ཀྱིས་དེ་སྔོན་གསལ་བཤད་ཅི་གནང་ལུང་འདྲེན་ཕྲན་བུ་བྱུང་ན་ཕན་ཐོག་ཆེན་པོ་ཡོང་ས་རེད།
ཡ་ཡ་ཡ།
ད་ཡང་རྐུབ་མེད་པ་དེ་ཚོས་དཔུང་སྒྲིག་བཞིན་སླེབས་སོང་། ཁྱེད་ཚོའི་དཔུང་སྒྲིག་འདི་བོད་ནང་ཁུལ་ཁོ་ན་ལས་མེད་པ་ཡ་རེ་ང་།
ཞུ་སྙན་ཐུང་ཙམ་འབུལ་གི་ཡིན་ན་ཞེས་པའི་ཚིག་དེ་ཞུ་སྙན་ཐུང་ཙམ་ཕུལ་བ་ཡིན་ན་ཞེས་བཅོ་རོགས།
དུས་བབ་ཀྱི་ཚག་སྤར་ཐོག་ཏུ། བོད་མི་མང་གི་སྤྱི་མཐུས་རྣམས་ཀྱི་སྤར། རྐུ་རྒྱེབ་བྱས་ནས་བཀོད་འདུག་པས། ཁྲིམས་ཐོག་ཏུ་བཏུག་དགོས་ས་རེད།
རྐུབ་མེད་པ་རྐྱང་རྐྱང་གིས་མཆན་རྒྱབ་བསྡད་ན་ང་ཚོའི་བགྲོ་གླེང་དེའང་རྐུབ་མེད་པ་ཞིག་མ་གཏོགས་ཡོང་གི་མ་རེད། རྐུབ་ཡོད་མེད་ཚང་མས་རང་རང་གི་ཐད་ནས་གནས་ལུགས་དང་རྒྱུ་མཚན་རེ་བཤད་ཡོང་ན་མི་མང་ཆེ་བས་སུས་བཤད་པར་རྒྱུ་མཚན་ཡོད་ན་དེ་ལ་ཆ་འཇོག་མང་ཟིག་བྱེད་རྒྱུ་ཡིན་པ་ཆོས་ཉིད་ཡིན་པ་མ་གཏོགས་སུས་བཤད་པ་མང་མིན་ལ་ལྟོས་ནས་རྒྱབ་སྐྱོར་བྱེད་གི་མ་རེད། བདེན་པ་ཟེར་བ་དེ་ལ་དཔུང་དགོས་གི་མ་རེད། བདེན་པ་ཟེར་བ་དེ་ཚིག་གཅིག་ཡིནའང་འོད་ཆེམ་ཆེམ་གྱི་གསེར་ཞིག་ནང་བཞིན་རིན་ཐང་ཆེན་པོ་རེད། དེ་བས་ཚང་མས་བསམ་ཚུལ་ལྷུག་པར་གནང་རོགས་གནང་། གཙོ་བོ་འབྱུང་འགྱུར་ད་རེས་ཀྱི་རྙོག་གཞི་འདི་འདྲ་སྐྱར་ཟློས་སུ་མ་ཡོང་བའི་ཆེད་དུ་གྲོས་ཚོགས་ནང་གྲོས་ཆོད་གསར་པ་དེ་འདྲ་འཇོག་དགོས་གི་རེད་དགོས་གི་མ་རེད། དགོས་ན་ག་འདྲ་ཞིག་དགོས་གི་རེད། མི་སུམ་ཅུར་བསམ་པ་སུམ་ཅུ། མཛོ་སུམ་ཅུར་ར་ཁ་དྲུག་ཅུ། བསམ་ཚུལ་མི་མཐུན་པ་ག་ཚོད་མང་ང་བྱུང་ན་ཡག་ག་རེད་མ་གཏོགས་སྡུག་ག་གེ་མ་རེད།
སྐུ་ཞབས་ང་རོ་ལགས། ངའི་དེ་རིང་གི་རྩོམ་འདི་གཙོ་བོ་འབྱུང་འགྱུར་གྱི་གྲོས་འཆར་སྐོར་ལ་ཡིན། ཡིན་ན་ཡང་། གྲོས་འཆར་འདི་ཚོ་ད་ཐེངས་ཀྱི་རྙོག་གཞི་ལ་འབྲེལ་བ་ཡོད་པས་རྙོག་གཞིའི་སྐོར་དེའང་རོབ་ཙམ་གླེང་དགོས་བྱུང་སོང་། ཁྱེད་རང་གིས་ངའི་བསམ་ཚུལ་གཉིས་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན།
གཞན་པ་དེའི་སྐོར་ངས་ཁྱེད་ལ་དྲི་བ་ཞིག་འདོན་གི་ཡིན།
ཁྱེད་རང་གིས་ ་་གྲོས་ཚོགས་ནས་ཕྱི་ལ་ཐོན་པ་དེ་ཁྲིམས་འགལ་ཞིག་མ་རེད། གང་ཞིག་ལ་འདོད་པ་གཏན་ནས་མེད་ན་དེའི་ཆ་ཤས་མ་བླངས་ན་འགྲིག་པ་མ་ཟད། དེ་ཐོབ་ཐང་ཞིག་ཀྱང་ཡིན་པ་འདྲ། དེ་སྔོན་ཡང་དེ་འདྲ་བྱུང་ཡོད་པ་རེད།་་ ཟེར།
ད་ཁྱེད་རང་གི་བསམ་ཚུལ་ལྟར་བྱས་ན་འདིའི་སྐོར་ལ་གྲོས་ཆོད་འཇོག་མི་དགོས་པའི་དོན་ཡིན་པ་འདྲ། དེ་ལྟར་ན་རྗེས་སུ་སྤྱི་འཐུས་ནང་རྩོད་རྙོག་ཆེན་པོ་ཞིག་ལངས་ནས་མཐའ་མཇུག་མང་མོས་ཐག་གཅོད་སྐབས་སུ་དཔུང་ཉུང་བ་དེ་ཚོ་ཡང་སྐྱར་ཚོགས་ཁང་ནས་ཐོན་འགྲོ་ཆོག་པ་དང་། དེ་བཞིན་བྱས་ན་རྩོད་རྙོག་ཆེན་པོ་ཡོད་པའི་དོན་དག་ཅིག་ལ་མང་མོས་ཐག་ཆོད་ཟེར་བ་ཞིག་ཡོང་རྒྱུ་མེད་པ་མ་ཟད་གྲོས་ཚོགས་དེའང་ཡང་དང་ཡང་དུ་མཇུག་བསྡུ་དགོས་པ་ཆགས་གི་མ་རེད་དམ།
མགོན་ཕྱག་ལགས་ཀྱི་ཞུ་བ་དོན་ཚན་གསུམ་དང་འབྲེལ་བའི་ངའི་ལྟ་ཚུལ་ཞིག་ཞུ་རྒྱུ་ཡིན།
མི་དམངས་དཀྱུས་མ་ཚོས་ཀྱང་གནད་དོན་འདི་འདྲའི་རིགས་ལ་ཤེས་རྟོགས་བྱུང་བའི་རྗེས་སུ་དངོས་ཡོད་གནས་ཚུལ་དང་སྤྱི་ཚོགས་ཀྱི་འཁོར་ཡུག་སོགས་ལ་བལྟས་ནས་བསམ་ཚུལ་གསུངས་ན་ཡག་པོ་འདུག
ལྟ་ཚུལ་འགའ་ཞུའོ།
གཅིག
ལམ་གྲོན་གྱི་ཐད་གྲོས་ཆད་ཁ་གསལ་ཞིག་འཇོག་དགོས་པ་གལ་ཆེ་བར་སྣང་། སྐབས་འདིའི་བཀུར་འོས་སྤྱི་འཐུས་སྒྲོམ་མ་འཚོ་མོས་འདོན་པའི་གྲོས་འཆར་གྱི་འབྲི་དོན་ལ་རྒྱབ་སྐྱོར་དགོས་དང་མ་དགོས་ལ་བསམ་བློ་གཏང་རྒྱུ་འདུག འདི་ནི་བཙན་བྱོལ་བའི་དམངས་གཙོ་ལ་འཕྲད་པའི་དཀའ་ངལ་ཞིག་བྱེ་བྲག་པ་ཞིག་རེད་སྙམ། འདི་ནི་རང་ལ་རྒྱལ་ཁབ་ཅིག་མེད་པས་ཁྱིམ་གཞིས་འཛུགས་ས་འདི་ཡིན་ཟེར་བའི་ས་ཆ་ཞིག་མེད་པར་འཛམ་གླིང་རྒྱལ་ཁབ་གང་སར་ངེད་ཚོ་འཚོ་སྡོད་བྱེད་ཀྱི་ཡོད་པས་གང་དུ་གནས་སྤོས་ཀྱང་རང་བཞིན་གྱིས་བོད་རྒྱལ་ཁབ་ཀྱི་མི་སེར་ཐོབ་ཐང་འདོར་མི་དགོས་པ་སོང་ཙང་སྤྱི་འཐུས་(MP)་ཕྱི་རྒྱལ་ལ་གནས་སྤོས་འགྲོ་གི་ཡོད་ཀྱང་སྤྱི་འཐུས་ཀྱི་རྐུབ་སྟེགས་འདོར་མི་དགོས་པའི་གནས་སྟངས་ཤིག་རེད།
ཕུགས་རྒྱང་རིང་པོར་བསམས་ན་སྤྱི་འཐུས་ཕྱི་རྒྱལ་དུ་གནས་སྤོས་ཟིན་པ་ཚོ་ལ་འགྲོ་གྲོན་སྤྲོད་མི་དགོས་ཟེར་བ་ལའང་རྒྱུ་མཚན་ཞིག་ཨེ་འདུག་བསམ་དགོས་པ་སྙམ། གལ་སྲིད་གནས་སྤོས་ཕྱིན་ཚེ་ཡང་ན་སྤྱི་འཐུས་ནས་རྩ་དགོངས་ཞུ་དགོས་པའི་གྲོས་ཆོད་འཇོག་དགོས་པ་དང་ཡང་མིན་ན་འགྲོ་གྲོན་སྤྲོད་དགོས་པའི་གྲོས་ཆོད་འཇོག་དགོས་པ་རེད་བསམ་གྱིན་ཡོད། འདི་ནི་སྤྱི་ཡོངས་ལ་བསམས་ནས་བཤད་པ་ཞིག་ཡིན་པ་ལས་སྔོན་མར་མ་སྤྲོད་པ་དང་ད་ལྟར་སྤྲོད་པའི་འགལ་བ་ལ་གཞིགས་བཟུང་ནས་གྲོས་འཆར་འདིའི་སྐོར་བཤད་ན་དགོས་པ་ཆུང་བ་མཐོང་། རྒྱུ་མཚན་ནི་ཁྲིམས་གཞི་ཞིག་བཟོ་བར་གནས་ཚུལ་བྱེ་བྲག་པར་རྒྱུ་མཚན་དུ་བྱས་ནས་བཟོས་ན་ཕུགས་བརྟེན་པོ་ཡོང་གི་མ་རེད་དྲན། གལ་སྲིད་རྩ་དགོངས་ཞུ་རྒྱུའི་གྲོས་འཆར་གྲོས་ཆད་དུ་སོང་ན་བསོད་ནམས་སྟོབས་རྒྱལ་གྱིས་རྩ་དགོངས་ཞུས། གལ་སྲིད་འགྲོ་གྲོན་སྤྲོད་རྒྱུའི་གྲོས་ཆད་བཞག་ན་སྔོན་མར་མ་རག་པ་ཚོ་ལ་དགོངས་སེལ་དང་ཡང་ན་གྲོན་དོད་དགོས་པའི་ཞུ་སྙན་བཏང་ན་དེའི་དོད་ཕུལ་རྒྱུ་བྱས་ནའང་འགྲིག་གི་རེད་སྙམ།
སྤྱི་འཐུས་ཕྱི་རྒྱལ་དུ་གནས་སྤོས་ཟིན་པའི་རྗེས་སུ་སྤྱི་འཐུས་སུ་སྡོད་ཆོག་པ་དང་ལམ་གྲོན་རང་གི་གཏོང་དགོས་པ་འདི་ཁྲིམས་གཞི་མེད་པའི་སྔོན་མའི་ལུགས་སྲོལ་ཞིག་ཡོད་ནའང་ལུགས་སྲོལ་འདི་དྲང་པོ་མ་རེད།
གཉིས།
གྲོས་འཆར་གྲོས་ཚོགས་སུ་མ་སླེབས་པའི་གོང་དུ་རྒྱབ་སྐྱོར་གྱི་ས་རྟགས་བཀོད་པ་འདི་ཁྲིམས་སྒྲིག་ཞིག་གང་དང་ཡང་འགལ་མེད་པ་མཐོང་། སྤྱིར་དམངས་གཙོའི་གྲོས་ཚོགས་སུ་ཆབ་སྲིད་ཚོགས་པའི་ལངས་ཕྱོགས་ལ་ཚོགས་མི་མང་པོས་དངོས་ཡོད་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་ཚོགས་མི་གཞན་མང་པོས་ཚོགས་པ་བྱེ་བྲག་པའི་ཚོགས་མི་ཡིན་པ་ཙམ་གྱིས་རང་གིས་འདོད་མོས་སུ་མེད་བཞིན་དུ་གྲོས་འཆར་གྲོས་ཆད་ལ་ས་རྟགས་བརྒྱབ་པ་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། གལ་སྲིད་ལོ་ལྔ་ཙམ་གྱི་རིང་གི་སྤྱི་འཐུས་གྲོས་འཆར་གྲོས་ཆད་དང་དེ་དག་གི་རྒྱབ་སྐྱོར་དང་དགག་པ་རྒྱག་མཁན་སོགས་ཀྱི་མིང་དང་བཅས་པ་ལ་ཞིབ་འཇུག་ཅིག་བྱས་ན་ཕྱོགས་རིས་ཀྱི་དབང་དུ་ག་ཚོད་འགྲོ་གི་ཡོད་མེད་དེ་གྲངས་རྩིས་ཀྱི་རི་མོ་བྲིས་ནས་ལྟད་མོ་བསྟན་ཐུབ་པ་ཞིག་བྱེད་ཐུབ་ཀྱི་རེད་སྙམ།
སྐབས་འདིའི་ས་རྟགས་བསྡུས་པའི་རྒྱུ་མཚན་ལ་ཕྱོགས་སོ་སོའི་འགྲེལ་བཤད་བྱས་འདུག དཔུང་བསྒྲིགས་སོང་ཟེར་བ་ལའང་རྒྱུ་མཚན་ཁུངས་གཏུགས་ཐུབ་པ་དཀའ་བ་རེད། རྒྱུན་ལས་ཀྱི་ཆོལ་ཁོངས་གཅིག་པའི་དཔུང་བསྒྲིགས་སོང་ཟེར་བ་རྒྱུ་མཚན་ཁུངས་བསྐྱེལ་དཀའ་བ་རེད། ས་རྟགས་བསྡུས་པའང་ཁྲིམས་འགལ་མ་རེད། གྲོས་ཚོགས་ནས་ཐོན་པའང་ཁྲིམས་འགལ་མ་རེད། གཞན་འདི་དག་གི་སྐོར་ལ་རང་གི་འདོད་ཕྱོགས་ཀྱི་བསམ་ཚུལ་དེས་རྒྱུ་མཚན་གྱི་རྟ་ཁ་བསྒྱུར་ནས་ག་ཚོད་རྒྱུག་ཀྱང་རྣམ་རྟོག་གི་ཐང་ལ་ཟད་མཐའ་མེད་པ་རེད།
ས་རྟགས་བསྡུས་པ་འདིའི་རིགས་ཀྱིས་མ་འོངས་པའི་གྲོས་ཚོགས་སུ་བསམ་ཚུལ་གང་འདྲ་ཡོང་གི་ཡོད་ན་ཞེས་པའི་དྲི་བ་འདི་ལ་བསམ་ནོམ་གཏོང་ཐུབ་ན་ཡག་པོ་རེད། སླར་ཡང་གོང་གི་ལྟ་ཚུལ་དེ་འདྲ་ཞིག་ཆོལ་ཁ་གང་ནས་ཀྱང་སླེབས་སྲིད་པ་ཞིག་རེད། དེ་འདྲ་སླེབས་ཚེ་འཁོར་ཡུག་དེ་འདྲའི་འོག་ནས་གྲོས་ཚོགས་ཁང་ནས་ཕྱིར་མ་ཐོན་ཡང་གྲོས་འཆར་ལ་བགྲོ་གླེང་ལྷུག་པོ་དང་དོན་དང་ལྡན་ཞིག་འབྱུང་དཀའ་བ་ཡོང་རྒྱུ་རེད། ད་ལྟའི་འཁོར་ཡུག་ལ་གཞིགས་ན་གནས་སྟངས་འདི་ཆོལ་ཁ་སུ་ལའང་འཕྲད་སྲིད་པ་ཞིག་རེད། འདི་ཆོལ་ཁ་སོ་སོའི་སྤྱི་འཐུས་ཙམ་མིན་པ་དེ་དག་གིས་བོད་ཀྱི་རྩ་དོན་དང་འབྲེལ་བའི་གྲོས་ཆད་གཞན་ལའང་གནོད་སྐྱོན་ཕོག་སྲིད་པ་ཞིག་རེད།
གསུམ།
སྐབས་འདིར་ཁོང་ཚོ་གྲོས་ཚོགས་ཀྱི་ཕྱིར་ལ་ཐོན་པ་དེ་བཅའ་ཁྲིམས་དང་འགལ་མེད་པ་སྣང་། དེ་གཙོ་ཆེ་ཤོས་ཤིག་རེད། བཅའ་ཁྲིམས་ལ་ཁྱད་གསོད་བྱེད་ཀྱི་འདུག་ན་དེ་ནི་འགལ་བའི་མཐའ་ཐུག་དེ་རེད་ལ་རྒྱལ་ཁབ་དང་མི་རིགས་ལ་བརྩི་བཀུར་མེད་པ་མཚོན་གྱི་ཡོད། འདིའི་རིགས་ནི་བཟོད་བསྲན་མི་ཐུབ་བའི་གནད་འགག་རེད། ཡིན་ནའང་རང་གི་སེམས་ཁམས་དང་སྦྱར་ནས་ཀུན་སྤྱོད་ལེགས་ཉེས་སོགས་རྒྱུ་མཚན་དུ་བྱས་པ་ནི་སོ་སོའི་བསམ་བློ་དེ་ཁྲིམས་གཞི་ཆགས་འགྲོ་གི་ཡོད་པ་རེད། དེར་བརྟེན་འདི་འདྲ་བའི་ཁྲིམས་གཞི་མི་འདྲ་བ་མང་པོ་ཆགས་སོང་ན་རྙོག་དྲ་ངོ་མ་དེ་ནས་ཡོང་གི་རེད།
གྲོས་ཚོགས་སུ་མང་མོས་ཐག་གཅོད་བྱུང་ཐུབ་མེད་པ་རེད། དེ་རེས་སྤྱི་འཐུས་ཕྱིར་ཐོན་པ་ཚོའི་དམིགས་ཡུལ་གང་ཡིན་མི་ཤེས། ཕྱིར་ཐོན་པའི་འགྲོ་ལུགས་མང་ཆེ་བ་གྲོས་འཆར་ལ་མོས་མཐུན་མེད་ནས་ཐོན་ཡོང་གི་ཡོད་པ་རེད། འདི་ཡང་དམངས་གཙོ་ནང་གི་ཁྲིམས་ལུགས་དགོས་ངེས་ཤིག་རེད་ལ་གནས་ཚུལ་འདི་ལ་གཞིགས་ནས་༼ཉུང་མཐའ་ལ་གསུམ་ཆ་གཉིས་ཚང་དགོས་༽་ཟེར་བའི་འབྲི་དོན་ལའང་བཟོ་བཅོས་མ་བརྒྱབ་ན་ཡག་གི་རེད། ག་དུས་ཡིན་ནའང་མང་བས་ཉུང་བ་རྡོག་རྫིས་མི་ཐུབ་པའི་གནས་སྟངས་ཤིག་ཡོད་ན་ཡག་གི་རེད། འདི་ད་རེས་བེད་སྤྱད་བཏང་བ་དང་པོ་ཡིན་ན་འགྲིག་པ་རེད། ངེད་ཚོར་འཕྲད་པ་ཐེངས་དང་པོ་རེད། རྒྱུན་རིང་ལོ་རྒྱུས་ལྡན་པའི་དམངས་གཙོ་ནང་དུ་ཁྲིམས་བཟོ་བ་ཚོས་ཐོབ་ཐང་འདི་བེད་སྤྱད་གཏོང་བཞིན་པ་རེད། གལ་སྲིད་ཐོབ་ཐང་འདི་མེད་པ་བཟོ་དགོས་པའང་ཉུང་མཐའི་གྲངས་ཚད་མར་ཕབ་དགོས་བསམ་པ་ཡོད་མཁན་ཡོད་ན་བསམ་བློ་དང་ཞིབ་འཇུག་སྔོན་དུ་སོང་ནས་ཐག་གཅོད་དགོས་པ་མ་རང་གིས་རང་གར་ཅི་བསམ་བྱས་ན་སྤྱིའི་བཅའ་ཁྲིམས་ལ་དོར་ཕོག་འགྲོ་བའི་ཉེན་ཁ་ཡོད་པ་རེད།
གྲོས་ཚོགས་ཀྱི་ཕྱིར་ཐོན་པར་བརྟེན་ནས་གྲོས་ཚོགས་མཇུག་བསྡུ་ལེགས་གྲུབ་མ་བྱུང་བ་དེ་ཕྱོགས་གཉིས་ཀ་ལ་འགན་ཡོད་པ་རེད། ནང་ཁུལ་དུ་ཐུག་དུས་ཀླད་རྙིང་འཁྲེགས་བཟུང་བྱས་པ་འདི་ཕྱོགས་གཉིས་ཀའི་སྐྱོན་རེད། ངས་བཤད་པར་དོགས་འདྲི་ཡོད་ན་གང་ཐུབ་ཀྱིས་ལན་ཕུལ་ཆོག
མེ་སྒྱོགས་རྒྱ་མཚོ་ལགས་ཀྱིས་བསམ་ཚུལ་ཡག་པོ་གསུངས་འདུག ཐུགས་རྗེ་ཆེ། སང་ཉིན་མཇལ་ཡོང་།
སྤྱི་འཐུས་རྣམ་པའི་འགྲོ་སོང་ག་ཚད་གཏོང་མིན་གྱི་བཅའ་ཁྲིམས་དེ་དྲྭ་ཐོག་འདིར་བགྲོ་གླེང་དགོས་པའི་རྒྱུ་མཚན་ཡོད་མ་རེད་ལ། དགོས་པ་ཡོད་མ་རེད། བོད་མི་མང་གི་སྤྱི་འཐུས་ལ། བོད་མི་མང་གིས་འགྲོ་སོང་གཏོང་མ་ཐུབ་ན། བོད་མི་མང་གི་སྤྱི་འཐུས་དེས་བོད་མི་མང་གི་དོན་དུ། རྐང་ཐང་ལ་འགྲོ་ནས་ལས་དགོས་རེད་པས། སེར་སྣ་ཚ་ཐག་ཆོད་རེད། བསམ་གནོ་གུ་དོག་ཐག་ཆོད་རེད། ང་དངོས་གནས་ངོ་ཚ་ཀི། བགྲོ་གླེང་འདི་རྒྱ་མས་མཐོང་ན་ཅི་དྲན་རེད། རང་རེའི་དབུ་མའི་ལམ་ལ་རྒྱང་ཐང་ཅུང་རིང་དུ་གཏོང་ནས་གོང་ས་མཆོག་ཞི་བར་གཤེགས་སྒུག་བྱེད་ངེས་རེད། ཁོ་ཅག་གིས་སྡོམ་བརྩིས་རྒྱག་ཡོད་པ་དེ་ཡོང་ངེས་རེད་བསམ་པའི་སེམས་སྤོབས་སྐྱེ་ངེས་རེད།
མདའ་ཚན་པ་ལགས། ངས་ ”གྲོས་ཚོགས་ནས་ཕྱི་ལ་ཐོན་པ་དེ་ཁྲིམས་འགལ་ཞིག་མ་རེད། གང་ཞིག་ལ་འདོད་པ་གཏན་ནས་མེད་ན་དེའི་ཆ་ཤས་མ་བླངས་ན་འགྲིག་པ་མ་ཟད། དེ་ཐོབ་ཐང་ཞིག་ཀྱང་ཡིན་པ་འདྲ། དེ་སྔོན་ཡང་དེ་འདྲ་བྱུང་ཡོད་པ་རེད་” ཅེས་བཤད་པ་དེ་འདིའི་སྐོར་ལ་གྲོས་ཆོད་ཅིག་འཇོག་མི་དགོས་པའི་དོན་མིན། ངས་དེ་ལྟར་བཤད་པ་དེ་ཁྱེད་ཀྱིས་ ”་་་་་དེ་ནི་ལག་པ་འབྱིད་ས་ཡོད་མེད་ལ་མ་ལྟོས་པར་ཁྲིམས་འགལ་ཡང་ཡིན་པ་རེད་” ཅེས་གསུངས་འདུག་པ་དེའི་ཐད་ཤེས་རྟོགས་ཀྱི་ཆེད་ཡིན། ཡིན་ནའང་གྲོས་ཚོགས་ནས་ཕྱི་ལ་ཐོན་ཆོག་པ་དེ་ཁྲིམས་སྒྲིག་ཏུ་གསལ་ཡོད་མེད་ངས་མི་ཤེས། གཅིག་བྱས་ན་གསལ་ཡོད་ཀྱི་རེད། གཅིག་བྱས་ན་རྒྱལ་ཁབ་གཞན་གྱི་གྲོས་ཚོགས་ཀྱི་འགྲོ་སྟངས་ལ་དཔེ་བལྟས་བ་ཡིན་སྲིད། གང་ལྟར་ད་བར་དེ་ནི་སྒྲིག་མཐུན་ཞིག་དང་ཐོབ་ཐང་ཞིག་ཏུ་བརྩིས་བ་རེད། ཁྱེད་ཀྱི་དྲི་བ་འདི་ངས་ཁ་གསལ་ཞིག་འབྲི་མ་ཐུབ་པ་ལ་བརྟེན་ནས་ཡོང་བ་ཡིན་པས་དགོངས་དག
གད་སྲིད་ང་སྤྱི་འཐུས་ཞིག་ཡིན་ན་ངས་གྲོས་འཆར་དེར་རྒྱབ་སྐྱོར་བྱེད་ས་རེད།
འོ་ཡ། མདའ་ཚན་པས་བཤད་པ་ལ་རྒྱུ་མཚན་འདུག རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད། འགྲོ་གྲོན་གཏོང་ཕྱོགས་སྐོར་ལ་གྲོས་ཆོད་ཁ་གསལ་དགོས། འདིའི་སྐོར་ལ་དཀའ་ངལ་ཕྲད་པ་བོད་པ་གཅིག་བུ་མིན་པ་འདྲ། ཁ་སང་ཨ་རིའི་ཕན་ཚིལ་ཝེ་ནེ་ཡའི་ G – 20 སྟེ་འཛམ་གླིང་གི་དཔལ་འབྱོར་ཚོང་དོན་ཚོགས་འདུ་ལ་ངོ་རྒཽལ་བྱེད་མཁན་མང་པོ་ཡོད་པའི་ཁྲོད་ནས། ཕྱོགས་ཁག་གཅིག་ནི་ཨ་ཧྥི་རི་ཀའི་རྒྱལ་ཁབ་གཅིག་གི་སྲིད་འཛིན་ནས་ཧྥ་རིན་སི་ལ་འགྲོ་སྐབས་འགྲོ་གྲོན་ཨ་སྒོར་འབུམ་གཅིག་ལྷག་གཞུང་གི་དངུལ་བཏང་བ་དེའི་སྐོར་ལ་རེད། གྲོས་ཆོད་ཁ་གསལ་མེད་ན་འདི་འདྲ་བོད་པའི་ནང་ནས་ཡོང་མི་སྲིད་པ་མིན།
དེ་ནས་ད་སྤྱི་འཐུས་དེ་ཚོ་ངོ་ནས་བཤད་ན་ཚོགས་པ་བྱེ་བྲག་པའི་སྒྲིག་གཞི་དང་འབྲེལ་བའི་ཕྱག་ལས་གནང་མྱོང་བ་དེ་ཚོ་ཡོང་ན་ཕན་ཐོག་ཆེ་བསམ། འདི་ཤེས་ཡོན་གཅིག་བུའི་སྐད་ཆ་མ་རེད། ཉམས་མྱོང་མེད་པ་འམ་ཡང་ན་གཞུང་རྒྱུ་རྐུ་རྒྱུར་བྱང་ཆ་ཡོད་པ་དེ་ཚོ་ཡོང་ན་ཏན་ཏན་རྙོག་དྲ་ཡོད་པ་རེད།
དྲ་གྲོགས་འཚོ་དགོང་པ་མ་ཚོམ་
དངོས་ཡོད་ང་འཚོ་བཙན་བྱོལ་དུ་གནས་ནས་དུས་ཡོན་རིང་པོ་མ་སོང་བར་ཕྱོགས་ཞིན་དང་དབྱིན་དཀྲུག་གནང་མཁན་མང་པོ་བྱུང་ཡོད་པ་འཕེལ་ཆེ་བ་ ཨ་མདོ་བ་རེད་་་་་་ད་དུང་་་་་་་་་གསལ་བཤད་བྱེད་གཅིག་ལ་་་་་་་་་རྒྱལ་བ་དོན་གྱི་བདག་པོ་འཁྲུང་ཡུལ་ཨ་མདོ་ཡིན་པ་ཡག་པོ་རེད་མ་ཏོག་་་་་་་་་་་་་་་ཁོང་འཚོའི་ཁ་གཏད་གཙོ་བོ་ཞིག་ཆགས་པ་རེད་་་་་་་་་་་་་དོན་དངོས་ཐོགས་་་་་ཨ་མདོ་བ་ཉུང་ཉུང་དེའི་་་་་་་་་་་་དབུས་གཙང་་་་་དང་ཁམས་པ་ལ་་་་་་་་་་འགྲན་ཟླ་བྱེད་ཐབས་མེད་པ་རེད་་་་་་་་་་་་་་་་་་་་
དངོས་གནས་བྱས་ན་ཕྱོགས་ཞེན་གྱི་སྐད་ཆ་ཁོ་ན་བཤད་པའི་མདའ་ཚན་པའམ་མགོན་ཕྱག་འདི་དང་རྩོད་པ་ཞིག་བྱེད་དགོས་ངེས་ཀྱང་ཁོའི་རྒྱབ་ལོགས་ནས་མི་མང་པོ་ཞིག་ལ་དོ་ཕོག་འགྲོ་དོགས་ཀྱིས་ངས་་བཟོད་སྒོམ་བྱས་ཡོད། མཐའ་མའི་རེ་བ་ཞིག་ལ་ཁྱེད་ཀྱི་བསམ་བློ་ནག་པོ་དེ་ཅུང་ཟད་བསྒྱུར་ན་ལེགས་ཞེས་འབོད་བསྐུལ་དང་ལྷན་རྡ་ས་མཚན་ཉིད་གྲྭ་ཚང་གི་གྲྭ་བ་ཞིག་གིས་བྲིས་པའི་གནད་དོན་མང་བའི་རྩོམ་ཡིག་གཅིག་ཀྱང་བཀོད་ཡོད་པས་ཁྱོད་ཀྱིས་འདྲེ་མིག་གཡོ་ཙམ་བྱས་ན་ཁྱེད་རང་ཉིད་ལ་ཕན་ཐོག་ཡོད་ས་རེད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བོད་ཀྱི་བང་ཆེན་ལས་བཤུས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ནི་ཧ་ཅང་གལ་གནད་ཆེ་བའི་ལྷན་ཚོགས་ཤིག་ཡིན་པ་དང། སྤྱིར་བོད་མིའི་ཆབ་སྲིད་གནས་བབས་དང། བཙན་བྱོལ་བོད་གཞུང་གི་ལས་དོན་བྱེད་ཕྱོགས་མང་ཆེ་བ་དེ་ནས་ཐག་གཅོད་གནང་སྟེ་ཡོང་གི་ཡོད་པ་རེད། ཕྱི་ཟླ་༩ པའི་ཚེས་༡༨ ཉིན་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་རྣམས་ཕྱི་རྒྱལ་དུ་གནས་སྤོ་བྱས་ཚེ། གྲོས་ཚོགས་ལ་ཡོང་སྐབས་ཀྱང་ལམ་གྲོན་གཞུང་གིས་གཏོང་རྒྱུ་མེད་པའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཞིག་བཏོན་ཡོད་པ་དང། གྲོས་འཆར་གྱི་ནང་དོན་རང་ལ་ངོ་རྒོལ་བྱེད་མཁན་དེ་ཙམ་མང་པོ་མེད་ཚོད་འདུག་ཀྱང། རྒྱུ་རྐྱེན་དུ་མར་བརྟེན་ཏེ་གླེང་རྙོག་བྱུང་ནས་གྲོས་ཚོགས་མཇུག་བསྡོམས་ཡང་བྱེད་ཐུབ་མེད་པ་རེད།
དང་པོ། གནད་ལ་སྨིན་པའི་གྲོས་ཆོད་གྲོས་འཆར་འདོན་མ་ཐུབ་པའི་སྐྱོན།
གྲོས་ཆོད་ནང་དུ་རྗེས་སོར་རྒྱ་བལ་འབྲུག་གསུམ་གྱི་སྤྱི་འཐུས་ཕྱི་རྒྱལ་དུ་གནས་སྤོ་བྱས་རྗེས། གྲོས་ཚོགས་ལ་ཡོང་སྐབས་ལམ་གྲོན་གཞུང་གིས་གཏོང་མི་ཆོག་ཅེས་གསལ་ཡོད་ནའང། གསལ་བཤད་སྐབས་སྤྱི་འཐུས་རྒྱུན་ལས་ཀྱིས་དྲང་པོ་མ་བྱས་པ་གཙོ་འདོན་བྱས་ཡོད་པ་རེད། གལ་སྲིད་སྤྱི་འཐུས་རྒྱུན་ལས་ཀྱིས་དྲང་པོ་བྱས་མེད་ན་རྗེས་མ་ལམ་ཁ་དེ་འདྲ་འགོག་དགོས་པ་སྨོས་མེད་ཡིན་ཡང། དང་ཐོག་སྤྱི་འཐུས་རྒྱུན་ལས་ལ་དོགས་གཅོད་དང། དྲང་པོ་མ་བྱས་པའི་ཉེས་པ་ཆེ་ཆུང་ལ་དཔག་པའི་ཐག་གཅོད་གང་ཡང་མ་བྱས་པར། ཉེས་ཅན་གུ་ཡངས་སུ་བཏང་ནས། རྗེས་མ་ལམ་གྲོན་གཏོང་མི་ཆོག་སྐོར་བཤད་པ་དེས་གང་ཟག་སྒེར་ལ་དམིགས་ཡོད་པའི་དོགས་པ་ཡོང་གི་ཡོད་པ་རེད། གལ་སྲིད་སྔོན་མ་ཁྲིམས་སྒྲིག་གཞི་མེད་པ་ལ་བརྟེན་ནས། སྤྱི་འཐུས་རྒྱུན་ལས་ཀྱིས་ཐག་གཅོད་བྱས་པ་དེ་གནས་སྟངས་དང་མ་མཐུན་པ་ཙམ་ལས་དྲང་པོ་མ་བྱུང་བའི་དོན་རྐྱེན་མེད་ན། རྒྱུན་ལས་ཀྱིས་དྲང་པོ་མ་བྱས་པ་ལ་བརྟེན་ནས་གྲོས་ཆོད་བཏོན་པ་ཡིན་ཞེས་གསལ་བཤད་དགོས་དོན་མེད། མ་འོངས་པར་ལམ་ཁ་ཡག་པོ་ཞིག་བཟོ་རྒྱུ་རང་ལ་དམིགས་པ་ཡིན་ན། སྤྱི་འཐུས་སྒེར་གྱི་གྲོས་འཆར་འདོན་པ་ལས། དོན་གནད་དེའི་ཐོག་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་ནས། དོན་དག་དེ་རང་ལ་འགྲེལ་བཤད་བརྒྱབ་ན་སྒྲིག་གཞི་བསྐྱར་བཅོས་གྲོས་འཆར་ལས་ནུས་པ་ཆེ་བར་བརྟེན། ཁ་འཐོར་དུ་དེ་ཙམ་འགྲོ་དགོས་དོན་མེད། ཡིན་ནའང། སྤྱི་འཐུས་སྒེར་གྱི་གྲོས་འཆར་བཏོན་པ་དང། གྲོས་འཆར་གྱི་ནང་དོན་ལ་འགྲེལ་བཤད་གསལ་པོ་མ་བྱས་པར། སྐྱོན་འཛུགས་དང། དཔུང་ངོམ་ལྟ་བུའི་ས་ཡིག་བསྡུ་རུབ་བྱས་པ་ནི་གནད་ཐོག་ཏུ་ཁེལ་བ་ཞིག་རེད་མི་འདུག
གཉིས་པ། ཁྲིམས་སྒྲིག་གཞིའི་ཐོག་གསལ་པོ་མེད་པ་ཁག་ཅིག་དང། གཅིག་གིས་གཅིག་ལ་ཡིད་ཆེས་བློ་གཏད་མེད་པའི་སྐྱོན།
༡ གྲོས་འཆར་གྱི་མཇུག་ཏུ་ས་ཡིག་བཅུ་བཞི་ཡོད་པ་དཔུང་བསྒྲིགས་ནས་ཡོང་བ་ཡིན་སྐོར་ལ་ངོ་རྒོལ་བྱེད་སྐབས། སྒྲིག་གཞིའི་ནང་དུ་གྲོས་ཆོད་ཀྱི་མཇུག་ཏུ་ནམ་རྒྱུན་གྲོས་འཆར་འདོན་མཁན་དང། རྒྱབ་སྐྱོར་བྱེད་མཁན་གཅིག་གི་ས་ཡིག་དགོས་ཀྱི་ཡོད་ནའང། ས་ཡིག་དེ་ལས་མང་བ་འགོད་ཆོག་མིན་གསལ་ཁ་གང་ཡང་མེད་པས། ཕན་ཚུན་བཤད་རེས་བྱེད་པ་ལས་སྒྲིག་གཞིའི་ཐོག་ནས་ཐག་གཅོད་གང་ཡང་བྱེད་ཐུབ་མེད་པ་རེད། གྲོས་འཆར་དེར་རྒྱབ་སྐྱོར་བྱེད་མཁན་བཅུ་གསུམ་གྱིས་ས་ཡིག་བརྒྱབ་ཡོད་པ་དེ་ཐོག་མ་ནས་དཔུང་བསྒྲིགས་བྱས་ཡོད་པ། ངོ་རྒོལ་བྱེད་མཁན་ཚོར་མཐོང་སྣང་བྱུང་བ་དང། གྲོས་འཆར་འདོན་མཁན་སྤྱི་འཐུས་སྒྲོལ་མ་མཚོ་མོ་ལགས་ཀྱིས་སོ་སོའི་བློ་མཐུན་ས་ཚོར་གོ་བསྡུར་བྱས་པ་ལས། གཞན་ཚང་མར་བཅར་རྒྱུ་མ་བྱུང་ལ། ནམ་རྒྱུན་དེ་འདྲར་དགའ་པོ་ཡང་མེད་ཅེས་བརྗོད་པར་བརྟེན། གྲོས་འཆར་ལ་ངོ་རྒོལ་བྱེད་མཁན་ཚོར་དཔུང་སྒྲིག་གི་ཡོད་པའི་དོགས་པ་རྣམ་རྟོག་ཆེ་རུ་སོང་ཡོད་པ་རེད། སྤྱིར་བཏང་གྲོས་འཆར་འདོན་སྐབས་དང་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་ག་ཚོད་ཡོད་མེད་ལ་ལྟ་ཞིབ་བྱས་ན་མ་འགྲིག་པ་མེད་མོད། ཚང་མས་ས་ཡིག་མཉམ་དུ་རྒྱག་དགོས་དོན་མེད་ལ། སྤྱི་འཐུས་དབྱེ་བ་མེད་པར་སུ་ལ་ཐུག་ཀྱང་རྒྱབ་སྐྱོར་བྱེད་ཐུབ་མིན་ཚོད་ལྟ་བྱས་མེད་པར། སོ་སོའི་བློ་མཐུན་ས་ཚོར་གོ་བསྡུར་བྱེད་རྒྱུ་བྱུང་ཞེས་བརྗོད་སྐབས། དེ་སྒེར་དོན་མ་ཡིན་པའི་ གཞུང་དོན་གྲོས་ཆོད་ཐོག་བློ་མཐུན་ས་ཚོར་ལོགས་སུ་འབྲེལ་བ་བྱུང་བ་དེས་རྣམ་རྒྱུན་གྲོས་ཚོགས་ནང་ཤོག་ཁག་ཡོད་པའང་གསལ་པོ་རེད་སྙམ། ཡང་གྲོས་འཆར་འདོན་མཁན་ལ་ལྷག་བསམ་ཡོད་ཅེས་བརྗོད་མཁན་སྤྱི་འཐུས་གཅིག་གིས་གྲོས་འཆར་དེ་བཏོན་ན། དེ་སྔོན་ཡང་སྤྱི་འཐུས་རྒྱུན་ལས་ནང་དྲང་པོ་མ་བྱུང་བ་ཡོད་ནའང། དེ་ཚོ་གཅིག་ལ་སྐྱོན་འཛུགས་མ་བྱས་པར། གྲོས་འཆར་འདིས་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་འགོག་ཐུབ་ནའང། དེ་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་ནང་རྡབ་གསིག་འགྲོ་རྒྱུའི་ཉེན་ཁ་འདུག་ཅེས་བརྗོད་པ་དེས། བཙན་བྱོལ་བོད་མིའི་མང་ཚོགས་སྤྱིའི་ཆ་ནས་ཤོག་ཁག་གི་ཉེན་ཁ་དེ་ཙམ་མེད་ནའང། གྲོས་ཚོགས་ནང་ཤོག་ཁག་ཡོད་པ་ཡང་གསལ་པོ་ལྟ་བུ་རེད་འདུག
༢ བཅའ་ཁྲིམས་ཀྱི་ནང་དུ་ཨ་རི་དང། ཁེ་ན་ཌ། ཡུ་རོབ་བཅས་ཀྱི་སྤྱི་འཐུས་ཟུར་བཅད་བྱས་ཡོད་པ་ལས། དེ་མིན་བོད་ཀྱི་ས་ཁུལ་ཆོལ་ཁ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ་ཞེས་གསལ་ཡོད་པ་ལས། ཆོལ་ཁོངས་ཀྱི་སྤྱི་འཐུས་གནས་སྡོད་བྱེད་ས། འོས་འདེམས་བྱེད་སའི་ས་ཁོངས་ཁ་གསལ་མེད་པ། དེ་སྔོན་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཕྱི་རྒྱལ་ཁག་ཏུ་གནས་སྤོ་བྱས་པ་དང། དེ་བཞིན་རྒྱ་གར་ནང་ཕན་ཚུན་གནས་སྤོ་བྱས་ན་ལམ་གྲོན་གཏོང་ཕྱོགས་ལ་འགྱུར་བ་འགྲོ་དགོས་མིན་ཁྲིམས་དང་སྒྲིག་གཞི་མེད་པས། སྤྱི་འཐུས་རྒྱུན་ལས་ཀྱིས་ཐག་གཅོད་བྱས་ཏེ། ཁ་ཤས་ལ་ལམ་གྲོན་རག་པ་དང། ཁ་ཤས་ལ་མ་རག་པ་བྱུང་ཡོད་པ་དང། སྐབས་འདིར་མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལ་ལམ་གྲོན་བཏང་བ་དང་དུས་མཉམ་དུ་རྗེས་མ་ལམ་གྲོན་དེའི་རིགས་གཏོང་མི་ཆོག་པའི་གྲོས་འཆར་བཏོན་པ་ལ། གང་ཟག་སྒེར་ལ་དམིགས་ཡོད་པ་ཞིག་ཡིན་པས། གྲོས་འཆར་འདོན་སྟངས་སྒྲིག་མཐུན་བྱུང་མི་འདུག་ཅེས་ངོ་རྒོལ་བྱས་ཡོད་པ་རེད། དེ་སྔོན་ནས་དོན་རྐྱེན་དེའི་རིགས་བྱུང་ཡོད་ནའང། དེའི་སྐབས་གྲོས་འཆར་མ་བཏོན་པར་བརྟེན། མི་སྒེར་དེ་ཡང་ཕྱོགས་ཁག་གཅིག་གི་མི་ཡིན་པ་ལྟ་བུས་ཕན་ཚུན་གུ་ཡངས་དང། ཡིད་ཆེས་མེད་པས་ཐག་གཅོད་བྱེད་མ་ཐུབ་པ་རེད།
༣ རྗེས་སུ་ངོ་རྒོལ་བྱེད་མཁན་ཚོ་གྲོས་ཚོགས་ལ་མ་བཅར་བར་བརྟེན། ཚོགས་འདུའི་གྲུབ་ཆ་མ་ལོངས་ན་གྲོས་ཚོགས་འཚོག་ཆོག་གི་མེད་པའི་ཁྲིམས་ཡོད་པ་ལས། བསྐྱར་དུ་ག་འདྲ་འཚོག་དགོས་མིན་ཁྲིམས་དང་སྒྲིག་གཞི་གསལ་ཁ་མེད་པ། གྲོས་འཆར་འདོན་མཁན་ཚོར་གུ་ཡངས་བྱས་ཏེ། གྲོས་འཆར་གནས་སྐབས་ཕྱིར་འཐེན་བྱེད་རོགས་ཞེས་འབོད་སྐུལ་བྱེད་མཁན་ཁག་ཅིག་བྱུང་ཡོད་ནའང། སྤྱི་འཐུས་རྒྱུན་ལས་ཀྱི་དྲང་པོ་མ་བྱས་པ་ཡིན་པས། ཕྱིར་འཐེན་བྱེད་ཐབས་མེད་སྐོར་བརྗོད་ཡོད་པ་རེད། གྲོས་འཆར་གྱི་ནང་དོན་རང་སོར་བཞག་ནས་འཆར་ཅན་གྱི་གྲོས་འཆར་འདོན་སྟངས་ལྟར་རྒྱབ་སྐྱོར་བྱེད་མཁན་གཅིག་གི་ས་ཡིག་ཡོད་པ་ཞིག་བསྐྱར་དུ་ཁྱེར་ཡོང་ན། གྲོས་ཚོགས་མུ་མཐུད་འཚོག་ཐུབ་པ་མ་ཟད། གྲོས་འཆར་ཡང་གཏན་འབེབས་བྱེད་ཐུབ་རྒྱུའི་རེ་བ་ཡོད་ནའང། ཨུ་ཚུགས་མཐའ་སྐྱེལ་བྱེད་པ་ལས་ཕན་ཚུན་གུ་ཡངས་བྱེད་མ་ཐུབ་པ་རེད། དེ་བཞིན་ངོ་རྒོལ་བྱེད་མཁན་གྱི་ངོས་ནས་ཀྱང་གྲོས་འཆར་དེར་ངོ་རྒོལ་བཞེངས་བཤད་ཆ་ཚང་བྱས་རྗེས་ཚོགས་ཐོག་ཏུ་མ་བཅར་བའི་ངོ་རྒོལ་དེ་མ་བྱས་ན། གྲོས་འཆར་ལ་མོས་མཐུན་བྱེད་ཐུབ་མིན་ལ་མ་ལྟོས་པར། མང་མོས་ཀྱིས་གཏན་འབེབས་བྱས་ཏེ། སོ་སོས་ངོ་རྒོལ་བྱས་པ་ལ་ནུས་པ་མ་ཐོན་ཡང་གྲོས་ཚོགས་མུ་མཐུད་འཚོག་ཐུབ་ཀྱི་ཡོད་ནའང། ཕྱོགས་གཉིས་ཀྱིས་གུ་ཡངས་དང་མཐའ་མཇུག་ལ་བསམ་གཞིག་བྱེད་མ་ཐུབ་པའི་རྐྱེན་གྱིས་གྲོས་ཚོགས་མཇུག་བསྡོམས་ཡང་རྒྱག་མ་ཐུབ་པ་རེད།
གསུམ་པ། གྲོས་ཚོགས་ནང་ཤོག་ཁག་ཡོད་པའི་མཚོན་རྟགས།
གཙོ་བོ་ཤོག་ཁག་གཉིས་སུ་གྱེས་ཡོད་པ་ལྟ་བུ་རེད། ནམ་རྒྱུན་དོན་གནད་གཅིག་གི་ཐོག་བསམ་ཚུལ་མ་མཐུན་པ་བྱུང་སྐབས། ཕྱོགས་གཉིས་ཀའི་མི་ལ་འགྱུར་བ་ཆེན་པོ་འགྲོ་ཡི་མེད། ཤོག་ཁག་འབྱུང་སྟངས་དེ་ཡང་ཆོལ་ཁ་དང་ཆོས་བརྒྱུད་གཙོ་བོ་མིན་ལ། ཆབ་སྲིད་ཀྱི་ལྟ་གྲུབ་ཡང་དག་པ་ཞིག་གི་འོག་ནས་བྱུང་བ་དེ་བས་མིན། ད་ཐེངས་གྲོས་ཆོད་ལ་རྒྱབ་སྐྱོར་བྱེད་མཁན་ཡང་དབུས་གཙང་སྤྱི་འཐུས་མང་ཆེ་བ་དང། མདོ་སྨད་སྤྱི་འཐུས་མང་ཆེ་བ། མདོ་སྟོད་སྤྱི་འཐུས་གཅིག་གཉིས་ཙམ། ཆོས་བརྒྱུད་ཀྱི་སྤྱི་འཐུས་གཉིས་བྱུང་ཡོད་ལ། གྲོས་ཚོགས་ལ་མ་བཅར་བའི་ངོ་རྒོལ་བྱེད་མཁན་མདོ་སྟོད་སྤྱི་འཐུས་མང་ཆེ་བ་དང། ཆོས་བརྒྱུད་སྤྱི་འཐུས་མང་ཆེ་བ། དབུས་གཙང་སྤྱི་འཐུས་གཅིག་བཅས་ཆགས་ཡོད་པ་རེད། ངོ་རྒོལ་དེ་འདྲ་བྱེད་དགོས་དོན་ནི་གྲོས་འཆར་དེར་མོས་མཐུན་མེད་མཁན་ཚོ་གྲོས་ཚོགས་ནང་མུ་མཐུད་ནས་བསྡད་ན། གྲོས་ཆོད་ལ་མང་མོས་ཀྱིས་རྒྱབ་སྐྱོར་ཐོབ་ཀྱི་ཡོད་པ་མངོན་གསལ་ཆགས་པས། མང་སྣ་ཉུང་གིས་རྟེན་ཐབས་མེད་པ་གསལ་པོ་བྱུང་སྐབས། འུ་ཐུག་སྟེ། ཚོགས་འདུ་ལ་མ་བཅར་བར་གྲོས་ཆོད་གཏན་འབེབས་བྱེད་ཐབས་མེད་པ་བཟོས་པ་རེད། གྲོས་འཆར་འདོན་སྟངས་ལ་ངོ་རྒོལ་བྱེད་མཁན་ཡང་གཅིག་གཉིས་ཤིག་བྱུང་ཡང། ཚོགས་འདུ་ལ་མ་བཅར་བ་བྱས་མེད་ལ། ངོ་རྒོལ་དང་རྒྱབ་སྐྱོར་གཉིས་ཀྱི་ནང་ཆ་ཤས་མི་ལེན་མཁན་ཡང་གཅིག་གཉིས་རེ་ཡོད་སྲིད་པ་རེད། སྤྱིར་བཏང་མང་གཙོའི་སྤྱི་ཚོགས་ནང་ཤོག་ཁག་བྱེད་ཆོག་ལ། ཡོད་དགོས་ངེས་ཤིག་ཀྱང་ཡིན་མོད། བོད་མིའི་གྲོས་ཚོགས་ཀྱི་ཤོག་ཁག་དེ་ཆབ་སྲིད་ཚོགས་པའི་འོག་ནས་བྱུང་བ་དང། ཆབ་སྲིད་ལྟ་གྲུབ་ཀྱི་འོག་ནས་བྱུང་བ་ཞིག་མ་རེད། དེ་བས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཤོག་ཁག་ཆེན་པོ་ཆགས་ན། མང་གཙོ་ཡིན་ཡང་སྤྱི་ཚོགས་ཆུང་ཆུང་ཞིག་ལས་མེད་པས་ཉེན་ཁ་ཡང་ཡོད་ངེས་པ་རེད།
བཞི་པ། ནམ་རྒྱུན་སྐད་ཆ་མི་བཤད་མཁན་ཚོ་སྐད་གསེང་མཐོན་པོ་ཆགས་པ།
ནམ་རྒྱུན་གྲོས་ཚོགས་ནང་དུ་གལ་གནད་ཆེ་བའི་བོད་མིའི་ཆབ་སྲིད་ཀྱི་གནས་བབས་དང། བཙན་བྱོལ་བོད་མིའི་གནས་སྟངས་ཡར་རྒྱས་གཏོང་ཕྱོགས་སོགས་ལ་གྲོས་འཆར་འདོན་པ་དང། བསམ་ཚུལ་ཧ་ཅང་ཉུང་ཉུང་ལས་གསུང་མི་ཐུབ་མཁན་ཚོས་ཀྱང་ནང་ཁུལ་ཕྱོགས་འཐེན་སྐབས་སྐད་གསེང་མཐོན་པོའི་ཐོག་བཤད་རེས་བྱེད་ཀྱི་ཡོད་པ་རེད། གྲོས་ཆོད་འདོན་མཁན་རང་ངོས་ནས་ཀྱང་ནམ་རྒྱུན་སྐད་ཆ་ཉུང་ཤོས་ཡིན་ཞེས་བརྗོད་ཡོད་པ་རེད། ཡིན་ནའང་ཁ་སང་དོན་གནད་གཅིག་གི་ཐོག་ནང་ཁུལ་ཕྱོགས་གཉིས་སུ་གྱེས་པའི་སྐབས། ནམ་རྒྱུན་སྐད་ཆ་མང་པོ་མེད་མཁན་ཚོ་ཡང་སྐད་གསེང་མཐོ་རུ་སོང་ནས་བཤད་པ་ལས་གུ་ཡངས་དང། བློས་གཏོང་བྱེད་མ་ཐུབ་པ་དེས་ནང་ཁུལ་གྱི་ཤོག་ཁག་བར་འགྲན་རྩོད་ཆེན་པོ་ཡོད་པ་གསལ་པོ་རེད་སྙམ། དེ་མིན་ནང་ཁུལ་བསམ་ཚུལ་མ་མཐུན་པ་ཆེན་པོ་བྱུང་སྐབས། ཕྱོགས་གཉིས་ནས་གུ་ཡངས་བྱས་ཏེ། ཐག་གཅོད་ཡོང་ཐབས་བྱེད་དགོས་ཀྱང་གཅིག་གིས་གཅིག་ལ་ཞེད་སྣང་མེད་སྐོར་བཤད་པ་ལས། འཆམ་མཐུན་གྱི་ཕྱོགས་སུ་བསྐྱོད་ཐབས་བྱས་མེད་པ་རེད།
ལྔ་པ། ཚོགས་གཙོ་དང་ལས་རིམ་ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས།
༡ དང་ཐོག་གྲོས་འཆར་དེ་ལས་རིམ་ཚོགས་ཆུང་ནང་དུ་སླེབས་དུས་ནས་གྲོས་ཚོགས་ནང་འཁྱེར་དགོས་མིན་ལ་རྩོད་གླེང་བྱུང་ཡོད་ཚུལ་འདུག ཡིན་ནའང་མཐའ་མ་དེར་གྲོས་ཚོགས་ནང་སླེབས་ནས་བཤད་རེས་བྱེད་སྐབས། གྲོས་འཆར་ཕྱིར་འཐེན་བྱེད་རོགས་ཟེར་ནས་འབོད་སྐུལ་བྱེད་མཁན་སྤྱི་འཐུས་རྒན་པ་བཞི་ཙམ་བྱུང་ཡོད་མོད། ཚོགས་གཙོ་མཆོག་གིས་ལས་རིམ་མུ་མཐུད་བཏང་བ་ལས་གྲོས་འཆར་འདོན་མཁན་ལ་མོས་མཐུན་ཡོད་མེད་ལ་མ་ལྟོས་པར། ཕྱིར་འཐེན་བྱེད་ཀྱི་ཡིན་མིན་སྐད་ཆ་ཙམ་དྲིས་ན་འགྲིག་གི་རེད་མོད། དྲིས་ཡོད་པ་མ་རེད། ཐ་མ་སྤྱི་འཐུས་མང་པོ་ཕྱི་ལ་ཐོན་སྐབས། སྤྱི་འཐུས་གཅིག་གིས་“གལ་སྲིད་ལས་རིམ་ལ་བསྒྱུར་བཅོས་གཏོང་ཐབས་མེད་ན། དོན་དག་འདིའི་ཐོག་རྒྱབ་སྐྱོར་བྱེད་ཐུབ་ཀྱི་མི་འདུག ང་ཡང་ཕྱི་ལོག་ལ་འགྲོ་དགོས་ཐུག་ས་རེད། དེ་འདྲ་བྱུང་ན་ཚོགས་འདུའི་གྲུབ་ཆ་མ་ལོངས་པ་ཆགས་ས་རེད། ལས་རིམ་བསྒྱུར་བཅོས་གཏོང་རོགས་”ཞེས་འབོད་སྐུལ་བྱས་ཡོད་ནའང། ཚོགས་གཙོ་མཆོག་གིས་“མི་གཅིག་ཕྱི་ལ་སོང་ཡང་ཚོགས་འདུའི་གྲུབ་ཆ་ཚང་གི་འདུག དེའི་རྗེས་ནས་གཅིག་སོང་ན་ཚོགས་མཚམས་འཇོག་དགོས་པ་རེད་”ཅེས་སྣང་མེད་ལྟ་བུ་བཏང་བ་ལས། ལས་རིམ་བསྒྱུར་བཅོས་གཏོང་ཐབས་ཡོད་མེད་ལ་གསལ་བཤད་ཙམ་ཡང་གནང་མེད་པ་རེད། དེ་མ་ཐག་སྤྱི་འཐུས་གསུམ་ཕྱི་ལ་སོང་བར་བརྟེན། ཚོགས་མཚམས་འཇོག་དགོས་བྱུང་བ་རེད།
༢ ཚོགས་གཙོ་དང་ལས་རིམ་ཚོགས་ཆུང་གིས་ཕྱི་ཉིན་གྱི་ལས་རིམ་ནང་དུ་ལས་རིམ་ལྷག་བསྡད་ཡོད་པ་རྣམས་སྔོན་དུ་བཏོན་ཡོད་ན། ལས་རིམ་མང་པོ་ལྷག་དགོས་དོན་མེད་མོད། རྙོག་གླེང་ཅན་གྱི་གྲོས་འཆར་དེ་ཨང་དང་པོར་བཞག་ཡོད་པར་བརྟེན། ངོ་རྒོལ་བྱེད་མཁན་རྣམས་ཚོགས་འདུར་བཅར་མེད་པ་རེད།
༣ ཚོགས་འདུ་མཇུག་བསྡོམས་རྒྱག་མ་ཐུབ་པའི་གསལ་བསྒྲགས་བྱེད་དགོས་དོན་མེད་པར། ཉིན་བདུན་ལས་མ་བརྒལ་བར་ཚོགས་གཙོས་དབང་ཚད་ཐོག་ནས་ཚོགས་འདུ་ཕར་འགྱངས་བྱེད་ཆོག་པས། ཕྱི་ཚེས་༢༡ ཉིན་བསྐྱར་དུ་འཚོག་ཐབས་བྱེད་དགོས་པ་ལས། ཚོགས་འདུ་མཇུག་བསྡོམས་ཙམ་ཡང་རྒྱག་མ་ཐུབ་པ་དེ་གནད་འགག་ཆེན་པོ་མེད་པ་ལྟ་བུའི་གསལ་བསྒྲགས་གནང་བ་དེ་ཡང་གནས་བབས་དང་འཚམས་པ་ཞིག་གཏན་ནས་བྱུང་མི་འདུག
དྲུག་པ། ངའི་མཐོང་སྣང་གིས་མཇུག་བསྡུ་བ།
དེ་རིང་གི་གནད་དོན་འདིས་ཤོག་ཁག་གི་ཞེན་ཁོག་ཆེ་རུ་བཏང་སོང་ལ། ཕྱོགས་གཉིས་ནས་ནང་ཁུལ་དུ་གུ་ཡངས་བསམ་ཤེས་བྱེད་ཐུབ་ཀྱི་མེད་པ་མ་ཟད། རྒྱལ་ཕམ་གྱི་བསམ་བློ་ཡང་ཆེན་པོ་འདུག གྲོས་ཚོགས་འཐུས་མིའི་ནང་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ས་ཡིག་བསྡུ་རུབ་བྱས་ཏེ། དཀའ་ལས་རྒྱག་མཁན་དང། དྲང་པོ་མ་བྱས་པ་ལ་མངོན་སུམ་འཛེམས་མེད་ཀྱིས་ཐེར་འདོན་བྱེད་མཁན་དཀོན་ལ། གཅིག་རྒྱབ་གཉིས་ལངས་ཀྱིས་ཕྱི་ལ་ཐོན་ཏེ་མདུན་མཆོང་བྱེད་པ་དང། ངོ་རྒོལ་བྱེད་མཁན་ཡང་ཤིན་ཏུ་དཀོན་པོ་རེད། འོན་ཀྱང་གནད་དོན་ཆུང་ཆུང་དེའི་ཐོག་ནང་ཁུལ་མ་མཐུན་པ་བྱུང་སྐབས། ཕྱོགས་གཉིས་ཀ་གཅིག་ལས་གཅིག་མཁྲེགས་པ་འདུག་ལ། སྐྱོན་འདོན་བྱེད་སྐབས་འཛེམས་ཟོན་མེད་པ་མ་ཟད། ཕན་ཚུན་འབྲེལ་གཏུགས་བྱེད་སྟངས་སོགས་ལ་ཧུར་བརྩོན་ཡང་ཆེན་པོ་རེད་འདུག ཡ་མཚན་པ་ཞིག་ལ་ཚོགས་གཙོ་མཆོག་གིས་གཙོས་ཕྱོགས་སུ་མ་ལྷུང་བའི་བར་འདུམ་ལྟ་བུས་ཚོགས་འདུ་མུ་མཐུད་འཚོག་ཐབས་ལ་ནུས་པ་འདོན་དགོས་ངེས་ཀྱང་འདོན་མཁན་མི་འདུག ཕྱོགས་གཉིས་ཀྱིས་ཚོགས་འདུ་འཚོགས་ཐུབ་པ་དང། ནང་ཁུལ་དུ་འཆམ་མཐུན་གྱི་ལས་དོན་བྱེད་རྒྱུ་གཙོ་འདོན་མ་བྱས་པར། སུའི་ཤོག་ཁག་ཏུ་སུ་ཡོད་པ་མངོན་གསལ་ཡོང་ཐབས་བྱས་ཡོད་ལ། དེ་ཡང་བརྙན་འཕྲིན་བརྒྱུད་ལམ་ནས་ཆོལ་ཁོངས་ཀྱི་ཆེད་དུ་ཞེན་ཁོག་སུ་ལ་ཡོད་མེད་མི་མང་གིས་མདུན་དུ་གསལ་པོ་མཐོང་ཐབས་བྱས་ཡོད་པ་རེད། དེ་མིན་ན་སྤྱི་འཐུས་ལྷན་ཚོགས་ནང་མོལ་ཚོགས་འདུ་ཡང་ཚོགས་དུས་འདི་གཅིག་པུའི་རིང་ཐེངས་གསུམ་ལ་འཚོགས་ཡོད་འདུག་ནའང། དེའི་རིགས་གླེང་སློང་ཙམ་ཡང་བྱས་མེད་པ་ཁ་སང་གི་གནས་སྟངས་ནས་གསལ་པོ་ཆགས་པ་རེད། འདི་ནི་སྤྱི་འཐུས་གཅིག་གི་ལམ་གྲོན་གཙོ་བོར་དམིགས་པ་ཞིག་མིན་ལ། འདི་ལྟར་གཅིག་རྒྱབ་གཉིས་ལངས་ཀྱིས་ཛ་དྲག་ཆེན་པོ་བཟོ་དགོས་པ་ཞིག་དེ་བས་མིན་མོད། མི་མང་མདུན་དུ་ཆོལ་ཁོངས་གཅིག་གིས་གཅིག་ལ་ཁ་གཏད་ཆེན་པོ་བཅག་ན། སྐབས་བཅོ་ལྔ་པའི་འོས་ཤོག་དེ་མང་དུ་འགྲོ་རྒྱུར་རེ་བ་རྒྱག་གི་མེད་པའི་ངེས་པ་ཡང་མེད་པས། རྒྱ་ཆེའི་མི་མང་གིས་ཕྱོགས་གཉིས་སུ་མ་ལྷུང་བར་དོན་དག་དེ་ཆེན་པོ་ཡིན་མིན་དང། སུས་དྲང་པོ་བྱས་ཡོད་མེད། ཀུན་སློང་གཙང་མའི་ཐོག་ནས་ལས་ཀ་བྱས་པ་ཞིག་ཡིན་མིན་སོགས་ལ་ཞིབ་འཇུག་ནན་མོ་བྱས་ནས། སྐབས་བཅོ་ལྔ་པའི་འོས་བསྡུ་གྲ་སྒྲིག་བྱེད་དགོས་པའི་སྔོན་བརྡ་ཞིག་ཀྱང་ཡིན་པས། ཆབ་སྲིད་འཁྲབ་སྟོན་པའི་རྗེས་སུ་མ་སོང་བ་དང། ཆོལ་ཁོངས་དང་ནང་ཁུལ་ཤོག་ཁག་གི་ཆེད་དུ་སུས་ལས་དོན་གཙོ་བོ་བྱེད་ཐུབ་མིན་ལ་མི་ལྟ་བར། ཆོལ་གསུམ་བོད་མི་སྤྱིའི་ཆེད་དུ་ནུས་པ་ཐོན་མིན་ལ་མ་ལྟོས་པར་འབད་བརྩོན་བྱེད་མཁན་གང་དུ་ཡོད་པ་འཚོལ་བའི་དུས་ལ་སླེབས་སོང།།
དངོས་གནས་བྱས་ན་ཕྱོགས་ཞེན་གྱི་སྐད་ཆ་ཁོ་ན་བཤད་པའི་མདའ་ཚན་པའམ་མགོན་ཕྱག་འདི་དང་རྩོད་པ་ཞིག་བྱེད་དགོས་ངེས་ཀྱང་ཁོའི་རྒྱབ་ལོགས་ནས་མི་མང་པོ་ཞིག་ལ་དོ་ཕོག་འགྲོ་དོགས་ཀྱིས་ངས་་བཟོད་སྒོམ་བྱས་ཡོད། མཐའ་མའི་རེ་བ་ཞིག་ལ་ཁྱེད་ཀྱི་བསམ་བློ་ནག་པོ་དེ་ཅུང་ཟད་བསྒྱུར་ན་ལེགས་ཞེས་འབོད་བསྐུལ་དང་ལྷན་རྡ་ས་མཚན་ཉིད་གྲྭ་ཚང་གི་གྲྭ་བ་ཞིག་གིས་བྲིས་པའི་གནད་དོན་མང་བའི་རྩོམ་ཡིག་གཅིག་ཀྱང་བཀོད་ཡོད་པས་ཁྱོད་ཀྱིས་འདྲེ་མིག་གཡོ་ཙམ་བྱས་ན་ཁྱེད་རང་ཉིད་ལ་ཕན་ཐོག་ཡོད་ས་རེད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
བོད་ཀྱི་བང་ཆེན་ལས་བཤུས།

ཀུན་དགའ་བཤད་པ་དེ་ངོ་ནས་བདེན་པ་རེད་ད། ཁམས་པ་ཁོ་ཚོ་དཔའ་བློ་ཁོག་ཡོད་པ་རེད། དཔེར་ན་སྤྱི་འཐུས་གྲོས་ཆོད་ལ་གསལ་ཁ་མེད་པའི་དངུལ་བེད་སྤྱད་ནས་ཕྱི་རྒྱལ་ལ་འགྲོ་གི་རེད། ད་དུང་ཁ་མཐུན་བྱས་ནས་ས་ཡིག་རྒྱག་གི་རེད། དེ་ཚོ་ལ་འགྲན་ཟླ་ཅིག་ད་ག་བ་ག་བ། ངོ་ནས་དྲང་ནས་དཔའ་བློ་ཁོག་ཡོད་པ་རེད་ད། རེད་མ་རེད་ཀུན་དགའ་ལགས། ཧཧཧ ཀུ་རེ་ཡིན།
མིའུ་ཕྲུག་ལགས། ཁྱེད་རང་གིས་མཆན་རྒྱག་ས་ནོར་འདུག ངའི་རྩོམ་འདི་འབྱུང་འགྱུར་རྙོག་གཞི་འདི་རིགས་མ་ཡོང་བའི་ཆེད་གྲོས་ཆོད་ག་འདྲ་ཞིག་འཇོག་དགོས་མིན་དེའི་སྐོར་དྲ་གྲོགས་ཚོ་དང་མཉམ་དུ་བགྲོ་གླེང་བྱེད་གི་ཡོད། དེའི་སྐོར་བསམ་ཚུལ་གསར་པ་དེ་འདྲ་ཡོད་ན་ཐུགས་རྗེ་ཆེ།
ཁྱེད་རང་གི་རྙོག་དྲའི་སྐོར་བྲིས་པའི་རྩོམ་འདི་ངའི་རྩོམ་སྔོན་མ་དེའི་མཆན་ནང་དུ་བཀོད་ན་འཚམས་པོ་ཡིན་པ་འདྲ། ཁ་སང་གི་རྩོད་གཞི་དེར་ཕྱོགས་གཉིས་ཀ་ནས་རྒྱུ་མཚན་རེ་བགྲང་རྒྱུ་ཡོད་པ་རེད། རྒྱུ་མཚན་བགྲང་རྒྱུ་ཡོད་མེད་ལ་མ་ལྟོས་པར་རྩོད་གཞི་ནི་རྩོད་གཞི་རེད། ད་ང་ཚོས་བསམ་བློ་གཏོང་དགོས་པ་དེ་འདས་པ་ལས་འབྱུང་འགྱུར་གལ་ཆེན་པོ་ཡིན་པས་མ་འོངས་པར་དེ་འདྲ་རྩོད་གཞི་ཡོང་མ་དགོས་པའི་སྒྲིག་གཞི་ཁ་གསལ་བོ་ཞིག་དགོས་པ་དེ་རེད། དེ་བས་དེ་ལ་བསམ་བློ་མང་ཞིག་བཏང་ནས་བསམ་ཚུལ་མང་ཞིག་བཏོན་ན་ཕྱོགས་གཉིས་ཀར་ཕན་གྱི་རེད། དཔེ་བཞག་ན། ཁ་སང་མེ་སྒྱོགས་རྒྱ་མཚོས་དེ་ལ་བསམ་ཚུལ་ཡག་པོ་བཏོན་འདུག ཁོང་གི་བསམ་ཚུལ་དེ་དངོས་གནས་བསམ་བློ་གཏོང་དགོས་ས་འདུག
རྙོག་གཞི་དང་པོ་དེར་མཚོན་ན། རྒྱ་བོད་འབྲུག་གསུམ་ནང་སྡོད་པའི་སྤྱི་འཐུས་ཤིག་ཕྱི་ལོགས་སུ་ཡོད་ན་དེའི་ཚོགས་བཅར་གྱི་ལམ་གྲོན་རྒྱུན་ལས་ཀྱིས་བཏང་ན་དེ་ལ་དགེ་སྐྱོན་ག་རེ་འདུག མ་བཏང་ན་དེ་ལ་དགེ་སྐྱོན་ག་རེ་འདུག ཡང་ན་སྤྱི་འཐུས་གང་ཞིག་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མིན་པར་ཐེ་ལན་ཊི་ནང་ཡོད་ན་ག་རེ་ཡོང་གི་རེད། དེ་ལ་གྲོས་ཆོད་གསལ་ཁ་ཅན་ཞིག་དགོས་གི་འདུག དེ་མ་གཏོགས་ཡང་རྙོག་དྲ་ཞིག་ཡོང་གི་རེད། ཁྱེད་རང་གིས་མཆན་རྒྱབ་པར་ཐུགས་རྗེ་ཆེ། ཁྱེད་རང་གི་བསམ་ཚུལ་བརྗོད་ཀྱི་དེ་གལ་ཆེན་པོ་རེད། ཁྱེད་རང་གིས་ང་ལ་རྩོད་པ་རྒྱག་རྒྱུ་ཡོད་ཟེར། འདིར་འབྲི་རོགས་གནང་། ང་གཉིས་གཅིག་པོ་མིན་པར་འདིར་མི་མང་པོ་ཞིག་གིས་སུས་དེ་འགྲིགས་མིན་བལྟས་བསྡད་ཡོད་པ་རེད། ངས་སྔོན་མ་ནས་བཤད་པ་ཡིན། ངས་བཤད་པ་འདི་ཚོ་འགྲིགས་ཟེར་ནས་ང་འདིར་ཡོང་གི་མེད། ངས་རང་གི་བསམ་ཚུལ་བཤད་པ་དང་མཉམ་དུ་གཞན་གྱི་བསམ་ཚུལ་ལ་ཉན་གི་ཡོང་གི་ཡོད། བསམ་ཚུལ་མི་མཐུན་པ་ཡོད་ན་ཕན་ཚུན་སྦྱངས་བཤད་བྱེད་གི་ཡོད། དེ་ནས་དེ་ལ་གཅིག་མཐུན་གྱི་ལམ་ཞིག་ཡོད་མེད་ལ་ལྟ་གི་ཡོད།
དེ་སང་བོད་ཡིག་དྲ་རྒྱ་དང་རླུང་འཕྲིན་སོགས་ཀྱི་ནང་དུ་བཀུར་འོས་པའི་བོད་མི་དམངས་ཀྱི་སྤྱི་འཐུས་ལྷན་ཚོགས་ཀྱི་འཚོགས་འདུ་འཇུག་སྐྱོངས་མ་ཐོབ་པའི་རེད་འདུག གོང་དུ་དྲ་གྲོགས་མང་པོ་ཞིག་གིས་བསམས་ཚུལ་མང་པོ་ཞིག་བྲིས་འདུག་དེ་དག་ཧ་ཅང་གི་ཡག་པོ་རེད་བསམས་ཀྱི་ཡོད་གང་ཡིན་ཟེར་ན་བོད་མི་སྤྱི་འབངས་སུ་ཏོགས་པའི་མི་ཞིག་ཡིན་པའི་འགན་ཁུར་ནས་བྲིས་པ་རེད་བསམས་ཀྱི་ཡོད། སྤྱི་འཐུས་ཁག་གཅིག་ཕྱིར་ཐོན་པ་དེ་བཅའ་ཁྲིམས་དང་འགལ་ཡོད་མ་རེད་སོ་སོས་འདོད་མོས་མེད་པའི་གྲོས་གཞི་དེ་ལ་རྒྱབ་བསྐྱར་མ་བྱས་པའི་རྣམས་པ་སྟོན་གྱི་ཡོད་། གྲོས་ཆོག་འདོན་མཁན་གྱི་ས་རྟགས་མང་པོ་སྡུས་པ་དེ་བཅའ་ཁྲིམས་དང་འགལ་མེད་། གྲོས་གཞི་འདོན་སྟངས་དེ་ཕྲན་བུ་མ་བདེའི་རྣམ་པ་ཞིག་མངོན་གྱི་འདུག དམིགས་སུ་སྟོན་ནས་གང་ཟག་སྒར་པ་ཞིག་སྟོན་པའི་རྣམ་པ་གསལ་གྱི་འདུག དེ་ལས་གྲོས་གཞི་འདོན་མཁན་གྱི་གྲོས་གཞི་འདི་འདྲ་ཞིག་སྟོན་ན། སྔོན་མ་བཅའ་ཁྲིམས་ནང་ལ་སྒྲིགས་གཞི་འདི་འདྲ་མི་འདུག་བཅའ་ཁྲིམས་བཟོ་བཅོས་ཀྱི་གྲོས་གཞི་ཞིག་སྟོན་ན་འོས་ཤིག་འཚམས་པ་ཞིག་མཐོང་། ཁ་སང་ཚོགས་གཙོ་ཟུར་པ་གཉིས་ལ་ཨི་ཤ་ཡ་ཡིས་རླུང་འཕྲིན་ཁང་དུ་དྲི་བ་དྲིས་ལན་ཞིག་གནང་སོང་། གཅིག་གིས་བཅའ་ཁྲིམས་དང་འགལ་ཡོད་མ་རེད་ཞེས་གསུངས་སོང་ གཅིག་གིས་བཅའ་ཁྲིམས་དང་འགལ་ཡོད་རེད་ཞེས་ཕན་ཐོག་མེད་པའི་ལབ་གླེང་མང་པོ་ཞིག་བྱས་སོང་། ཧ་ཅང་གི་བློ་ཕམ་བྱུང་། སྤྱི་འཐུས་འདི་ཚོ་སུས་འདེམས་པ་རེད། ངེས་པར་བསམ་བློ་ཞིག་གཏོང་དགོས་འདུག དྲ་གྲོགས་ཚོས་མ་འོངས་ཡོང་རྒྱུའི་སྤྱི་འཐུས་འདེམས་ཕྱོགས་ཀྱི་སྐོར་ལ་ངེས་པར་དུ་བསམ་བློ་གཏོང་ན་བཟང་གི་ཡ། རྗེས་སུ་མཇལ་ཡོང་།
མེ་སྒྱོགས་རྒྱ་མཚོ་ཞེས་པས་མཆན་བཏབ་པ་དུས་བབ་དྲྭ་རྒྱ་ལས་བཤུས།
གྲོས་འཆར་གྲོས་ཚོགས་སུ་བགྲོ་གླེང་དུ་མ་འབྱོར་བའི་སྔོན་དུ་གྲོས་འཆར་ལ་མིང་
རྟགས་བཀོད་མཁན།མདོ་སྨད་སྤྱི་འཐུས་ལྔ། བསྡོམས་པའི་སྤྱི་འཐུས་བཅུའི་བརྒྱ་ཆ་༥༠།
སྤྱི་འཐུས་སྒྲོལ་མ་མཚོ་མོ།
སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས།
སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ།
སྤྱི་འཐུས་སྨོན་དཀར་བསོད་ནམས་ཕུན་ཚོགས།
སྤྱི་འཐུས་ཡེ་ཤེས་སྒྲོལ་མ།
གྲོས་འཆར་གྲོས་ཚོགས་སུ་བགྲོ་གླེང་དུ་མ་འབྱོར་བའི་སྔོན་དུ་གྲོས་འཆར་ལ་མིང་རྟགས་བཀོད་
མཁན་དབུས་གཙང་སྤྱི་འཐུས་ལྔ། བསྡོམས་པའི་དབུས་གཙང་སྤྱི་འཐུས་བཅུའི་བརྒྱ་ཆ་༥༠།
སྤྱི་འཐུས་རྒྱལ་ནོར་ཚེ་དབང་།
སྤྱི་འཐུས་ཚེ་རིང་སྒྲོལ་མ།
སྤྱི་འཐུས་སྒྲོལ་མ་ཚེ་རིང་།
སྤྱི་འཐུས་ཟླ་བ་ཚེ་རིང་།
གྲོས་འཆར་གྲོས་ཚོགས་སུ་བགྲོ་གླེང་དུ་མ་འབྱོར་བའི་སྔོན་དུ་གྲོས་འཆར་ལ་མིང་རྟགས་བཀོད་
མཁན་མདོ་སྟོད་སྤྱི་འཐུས་གཉིས། བསྡོམས་པའི་མདོ་སྟོད་སྤྱི་འཐུས་བཅུའི་བརྒྱ་ཆ་༢༠།
སྤྱི་འཐུས་ཚེ་རིང་གཡུ་སྒྲོན།
སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན།
གྲོས་འཆར་གྲོས་ཚོགས་སུ་བགྲོ་གླེང་དུ་མ་འབྱོར་བའི་སྔོན་དུ་གྲོས་འཆར་ལ་མིང་རྟགས་བཀོད་
མཁན་ཡོ་རོབ་སྤྱི་འཐུས་གཅིག བསྡོམས་པའི་ཡོ་རོབ་སྤྱི་འཐུས་གཉིས་ཀྱི་བརྒྱ་ཆ་༥༠།
སྤྱི་འཐུས་བསོད་ནམས་ཚེ་རིང་ཕིར་སི། ༼མངའ་རིས། དབུས་གཙང་། ༽
གྲོས་འཆར་གྲོས་ཚོགས་སུ་བགྲོ་གླེང་དུ་མ་འབྱོར་བའི་སྔོན་དུ་གྲོས་འཆར་ལ་མིང་རྟགས་བཀོད་
མཁན་ས་སྐྱའི་སྤྱི་འཐུས་གཅིག བསྡོམས་པའི་སྤྱི་འཐུས་གཉིས་ཀྱི་བརྒྱ་ཆ་ ༥༠།
སྤྱི་འཐུས་པད་མ་འབྱུང་གནས། ༼སྟོད་རུམ་ཐོགས། དབུས་གཙང་།༽
གང་འདྲ་བྱས་ནས་མིང་རྟགས་བསྡུས་པ་རེད་དམ།
གྲོས་འཆར་འདི་ལ་གལ་ཆེ་པོ་འདི་འདྲ་གཟིགས་ནས་མིག་རྟགས་འདི་འདྲ་མང་པོ་བསྡུས་དགོས་པའི་
ཛ་དྲག་གྱི་རྒྱུ་མཚན་གང་ལ་ཐུག་ཡོད་དམ། གལ་སྲིད་བོད་སྤྱི་པའི་རྒྱུ་དངུལ་འཕྲོ་བརླག་
ཏུ་བཏང་བ་ཞིག་ཏུ་ངོས་བཟུང་ལ་ལམ་གྲོན་མ་བཏང་བའི་སྔོན་གྱི་དུས་ཡུན་ནང་དུ་དཔུང་
ཁག་སྒྲིག་པ་ལས་ཐག་གཅོད་འདི་ལ་ངོ་རྒོལ་གྱི་བརྡ་ལན་མེད་པ་གང་རེད།
ཚོགས་ཁང་ནས་ཕྱིར་ཐོན་མཁན་གྱི་མི་བཅུ་གཉིས།
ཁོང་ཚོས་གྲོས་ཚོགས་ནས་ཕྱིར་རུ་ཐོན་པར་གྲོས་བྱས་ནས་ཐོན་པ་རེད་དམ།
གང་ལྟར་ཕྱིར་ཐོན་པའི་སྤྱི་འཐུས།
ཐུབ་བསྟན་འཕེལ་རྒྱས། ༼དགེ་ལུགས༽
གཡུ་དྲུང་རྒྱལ་མཚན། ༼བོན༽
ཀརྨ་ཤེས་རབ་མཐའ་ཕྱིན། ༼བཀའ་བརྒྱུད་༽
ཨོ་རྒྱན་སྟོབས་རྒྱས། ༼མདོ་སྟོད་༽
སྐལ་བཟང་རྒྱལ་མཚན།༼མདོ་སྟོད་༽
ཚུལ་ཁྲིམས་བསྟན་འཛིན།༼མདོ་སྟོད་༽
འཇུ་ཆེན་དཀོན་མཆོག༼མདོ་སྟོད་༽
རྒྱུན་ལས་ནས་ཕྱིར་འཐོན་མཁན།
བེ་རི་འཇིགས་མེད་དབང་རྒྱལ།༼དགེ་ལུགས་༽
བསོད་ནམས་བསྟན་འཕེལ། ༼རྙིང་མ་༽
ཀརྨ་ཆོས་འཕེལ། ༼དབུས་གཙང་༽
སྨོན་ལམ་མཐའ་ཕྱིན། ༼བོན༽
ཚེ་རིང་པོ། ༼ ས་སྐྱ་༽
སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་མི།
ཚོགས་གཙོ། སྤེན་པ་ཚེ་རིང་།
ཚོགས་གཞོན། རྒྱ་རི་སྒྲོལ་མ།
རྒྱུན་ལས་བསོན་ནམས་བསྟན་འཕེལ།
རྒྱུན་ལས་བསོད་ནམས་དགྲ་འདུལ།
རྒྱུན་ལས་ཚེ་རིང་པོ།
རྒྱུན་ལས་བེ་རི་འཇིགས་མེད་དབང་རྒྱལ།
རྒྱུན་ལས་སྨོན་ལམ་ཐར་ཕྱིན།
རྒྱུན་ལས་རྒྱལ་རོང་ཟླ་བ་ཚེ་རིང་།
རྒྱུན་ལས་ཀརྨ་མ་ཆོས་འཕེལ།
རྒྱུན་ལས་འཇུ་ཆེན་དཀོན་མཆོག
རྒྱུན་ལས་སྒྲོམ་མ་ཚེ་རིང།
ཁྱོན་བསྡོམས་རྒྱུན་ལས་བཅུ་གཅིག་ཡོད།
ཆོ་ཁ་དང་ཆོས་རིགས་ཟེར་བ་དེ་། བཀོད་ཤེས་ན་དགྲོ་མགོ་གནོན་བྱེད་ཡིན། བཀོད་མ་ཤེས་རང་མགོ་བཅགས་བྱེད་ཡིན།
ཕྱོགས་མཐའ་ན་བཞུགས་པའི་རང་རིགས་མི་ཉུང་བ་ཞིག་ད་རེས་གི་སྤྱི་འཐུས་རྣམ་པའི་གནང་སྟངས་དེར་བློ་ཕམ་དང་སེམས་ཁྲེལ་ཧ་ཅང་ཆེན་པོ་བྱེད་བཞིན་འདུག
ཡིན་ན་ཡང་། དེར་གནད་འགག་དེ་ཙམ་ཡོང་གི་མ་རེད་བསམ་གི་འདུག དེར་གནད་འགག་མི་ཡོང་བ་ཙམ་མ་ཟད་དགོས་ཕན་ཡོང་གི་རེད་བསམ་གི་འདུག སྤྱི་འཐུས་གྲོས་ཚོགས་ནང་དེ་འདྲ་ཡོང་དགོས་གི་རེད། དེ་འདྲ་བ་ད་ལྟའི་དུས་ཚོད་ལ་གང་མང་མང་ཡོང་དགོས་གི་རེད། ཆོལ་ཁ་བར་དང་ཆོས་ལུགས་བར། གསར་རྙིང་བར་དང་རྒན་གཞོན་བར། ད་དུང་མཁས་བླུན་བར་དང་སྐྱ་སེར་བར་གི་ནག་ཁུང་ནང་ན་ལྷག་པའི་གད་སྙིགས་ཙ་རེ་ཙོ་རེ་ཚང་མ་གྲོས་ཚོགས་ཐོག་འཁྱེར་ཡོང་ནས་བལྟ་དགོས་གི་རེད། གླེང་དགོས་གི་རེད། རྩོད་དགོས་གི་རེད།
སྤྱ་འཐུས་ཚོས་དེ་ལྟར་བྱེད་དགོས་གི་རེད། ཁོང་ཚོས་
འབྲི་མཚམས་མ་བཞག་གོང་ངའི་ལག་པ་འདྲེ་ལག་འདི་ཤོར་འགྲོ་གི་འདུག དགོངས་དག མཇུག་བསྡུ་དབང་བྱུང་མ་སོང་།
སྤྱི་འཐུས་ཚོས་དེ་ལྟར་བྱེད་དགོས་གི་རེད། ད་ལྟའི་དུས་ཚོད་ཐུང་ཐུང་འདིའི་ནང་ལ་ཚང་མ་མདུན་ལ་དོན་ནས་སེལ་ཐུབ་པ་བྱེད་དགོས་གི་རེད། ད་ལྟ་བྱེད་མ་ཐུབ་ཚེ་རྗེས་ཕྱོགས་ཁེག་པོ་ཆགས་གི་རེད། དེ་འདྲ་སོང་ཙང་། ཁོང་ཚོས་དེ་ལྟར་བྱས་ཀྱང་ཁོང་ཚོསའི་ལས་འགན་ལྟ་བུར་ཆགས་བསྡད་ཡོད་རེད། དེ་མིན་མི་མང་གིས་བརྒྱ་བཤད་སྟོང་བཤད་སྟོང་བ་རེད།
ཁམས་སྐད་ཀྱི་བརྙན་འཕྲིན་གསར་ཏུ་ཐོན་པར་དགའ་བསུ་ཞུ་་་་་་་མ་གཞི་བོད་རིགས་ཡོངས་གཅིག་གྱུར་དང་བོད་སྐད་གཅིག་གྱུར་འདོད་པའི་མཁས་དབང་དང་་མཁྱིན་རྒྱ་ཡངས་པའི་བོད་རིགས་སྤུན་ཟླ་མི་ཉུང་བ་ཞིག་གི་དགོངས་ཚུལ་ལ་ཁམས་སྐད་བརྙན་འཕྲིན་གསར་མཛུག་གྱི་ལས་གཞི་འདི་སྐྱོན་དུ་མཐོང་མིན་གང་ལྟར་རྒྱ་ནག་སྲིད་གཞུང་གི་རྒྱབ་འདུན་མི་འདྲ་བའི་སྲིད་ཇུས་འོག་བྱུང་བར་འོས་འཚམ་མ་ཡིན་པ་མཐོང་སྲིད་་་་་ཡིན་ཡང་བོད་མི་རང་ཉིད་བཙན་བྱོལ་བ་ཞིག་པའི་ཆ་ནས་གནས་སྟངས་འདིར་འགྲེལ་བཤད་གཅིག་ཞུ་འདོད་བྱུང་ད་བར་ང་འཚོའི་སྤྱི་ཚོགས་ནང་གཅིག་སྒྲིག་གྱི་བསམ་བློ་ལྡན་པའི་གཏམ་བཤད་བྱེད་མཁན་རེ་ཀྱང་མཐོང་ཐོས་དཀོན་ལ་་་་་་ད་དུང་དངོས་མིན་གྱི་སྤྲུལ་པ་མང་པོ་ལྟོན་ཏེ་ཕྱོགས་ཞེན་གྱི་ལམ་དུ་འགྲོ་བཞིན་པའི་དབུས་སྤྱི་མཐུས་གྲོས་ཚོགས་ནས་དུས་བབ་རྩོམ་སྒྲིག་པའི་བར་བོད་རིགས་ནང་ཁོང་ཁ་བྲལ་ལ་དགའ་བ་རྣམས་ཀྱི་སེམས་ལ་བདེ་སྡུག་མི་ཤེས་པའི་འཚོ་སྣང་ཁྲོད་མདོ་བསྡུས་ནས་བཤད་ན་ཁམས་སྐད་བརྙན་འཕྲིན་གསར་ཏུ་མཛུག་པ་དེ་ངོས་རང་གི་ལྟ་ཚུལ་གཅིག་ལ་དགའ་བའི་དུས་ལ་བབ་འདུག་སྙམ་་་ད་དུང་་་་་ཡོན་ནིན་ས་ཁུལ་དུ་ཁམས་སྐད་བརྙན་འཕྲིན་གཅིག་བྱུང་ན་་་་་་་་་་བོད་རང་སྐྱོང་ལྗོངས་སུ་ཡང་ཁམས་པ་ཇི་ཡོད་རྣམས་ཀྱི་ཐབས་སྟངས་ལྟརཁམས་སྐད་བརྙན་འཕྲིན་གཅིག་རག་ཐབས་དགོས་་་་་དངོས་གནས་ཡིན་ལྷ་རབ་བྱུང་ན་གནས་ཚུལ་འདི་མི་དགོས་པ་ཞིག་དང་བོད་མི་རིགས་ཀྱི་ཕམ་ཁ་ཞིག་རེད་ཏེ་ཁུང་ལུང་གང་མེད་པར་དཔུང་སྒྲིག་གྱི་རྣམས་པ་གསལ་པོ་ཡོད་པའི་ཐོག་དོན་དག་ཆུང་ཆུང་ཞིག་ལ་སྤྱི་མཐུས་མི་གྲང་བཅུ་བཞི་ཡི་ས་རྟགས་བཀོད་པ་དང་ཆོལ་ཁ་གཞན་ནས་ཡིན་པའི་སྤྱི་མཐུས་འགའ་རེའི་རང་ཉིད་ལ་ཉེས་པ་དེ་མ་འཛུགས་ན་འགྲིག་ཁི་{་ཨ་ལ་ཨ་ལ་ལ}་་བསམ་པ་ཞིག་ཁྱེར་ནས་གཟིགས་མོར་གཟིགས་བཞིན་པའི་དབུས་སྤྱི་མཐུས་གྲོས་ཚོགས་ཀྱི་བརྙན་འཕྲིན་དངོས་སུ་མཐོང་དུས་ད་དངོས་ནས་བོད་ལ་རེ་བ་མི་འདུག་བསམ་པ་ཞིག་དང་དབུས་སྤྱི་མཐུས་གྲོས་ཚོགས་དེ་དབུས་པའི་གྲོས་ཚོགས་འདྲ་པོ་ཞིག་མཐོང་སོང་་་་་མ་གཞི་ཨ་མདོ་བ་དང་ཁམས་པ་རྣམས་གཞན་གྱི་དབང་རྒྱུར་འོག་འགྲོ་དགོས་དེ་རྩམ་མེད་ཀྱང་ཨ་མདོ་བའི་ཁྲོད་སྤྱི་མཐུས་བསྟན་འཛིན་མགོན་པོ་ལས་དྲང་བདེན་གྱི་གཏམ་བཤད་བྱེད་ཕོད་མཁན་མེད་པ་ནི་རྒྱུ་མཚན་གཅིག་རང་མཐོང་་་་་་་་་་་་སྤྱི་དོན་ལ་བསམ་ཞིབ་མི་བྱེད་པའི་སྐྱོན་དང་རང་དོན་གཙོ་བོ་འཛིན་པའི་འདུ་ཤེས་ལས་བྱུང་བ་རེད་་་་་རྩ་བས་དབུསགཙང་གི་་སྤྱི་མཐུས་རྣམས་ཀྱི་བཤད་དོན་ཕྱི་ལོ་༢༠༠༠ལོར་དབུས་གཙང་གྱི་ཁོང་ནས་ཡིན་པའི་སྤྱི་མཐུས་གཉིས་ཨ་རེའི་་ནས་ཕེབས་སྐབས་ལམ་འགྲོན་མ་སྤྲོད་པ་དེ་ཁུང་སུ་བགྲང་པའམ་ན་ཚ་དེ་གཟུང་ནས་མདོ་སྟོད་སྤྱི་མཐུས་བསོད་ནམ་སྟོབས་རྒྱལ་ལ་ལམ་འགྲོན་སྤྲོད་མི་མཆོག་ཅེས་གྲོས་འཆར་འདོན་གྱི་ཡོད་་འདི་ནི་གཏམ་སྙན་པོ་ཇི་ཙམ་བཤད་རྒྱུ་ཡོད་ན་ཡང་ཆོལ་ཁའི་དོན་ནས་བོད་སྤྱི་དོན་ཞིག་ཡིན་པ་སྒྲུབ་མི་ཐུབ་པ་ཞིག་རེད་་་་་་་་འོན་ཀྱང་ཁམས་པ་དང་ཨ་མདོ་བའི་སྤྱི་མཐུས་འགའ་རེ་ས་རྟགས་བཀོད་མཁན་གྱི་་ཁོངས་སུ་འདུག་་་་་་་་་ཁོང་རྣམས་ཀྱི་གནས་ལུགས་འདི་མ་ཤེས་པ་ཡིན་མིན་གང་ལྟར་ས་རྟགས་བཀོད་དགོས་པའི་རྒྱུ་མཚན་ཞིག་མེད་པ་མཐོང་་་་་གོ་ཐོས་ལ་གྲོས་ཚོགས་ནང་གཏམ་བཤད་ཟིན་རྗེས་གནས་ཚུལ་འདི་འདྲ་ཡིན་པ་ཤེས་མ་སོང་སྔོན་ནས་གནས་ཚུལ་འདི་དང་གནས་སྟངས་འདི་ཤེས་ན་དོན་དག་དེར་བདག་པོ་རྒྱབ་ས་མ་རེད་ཅེས་བཤད་མཁན་ཡོད་འདུག་་་་་་་་་་་་་་་་དེ་བརྟེན་མ་འོངས་པ་བོད་ཅེས་པའི་ཡིག་གེ་འདི་དང་བོད་སྐད་ཅེས་པའི་ཡི་གེ་གཉིས་པོ་འདི་ལ་རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ་དེ་བཞིན་དབུས་གཙང་དང་ཁམས་པ་ཨ་མདོ་བ་སོགས་ཀྱི་དགྲ་དགའ་གཉིན་སྡུག་གྱི་བྱ་བ་རང་ལ་གཞི་མེད་བརྩོད་པ་ཞིག་རག་ཐབས་མི་བྱེད་པ་གཅིག་སྒྲིག་གི་བསམ་བློ་ཡོད་པ་ཞིག་མ་བྱུང་ན་བོད་དོན་གླིང་མི་དགོས་པ་དང་བོད་སྐད་སྐྱོན་མི་དགོས་མཐོང་་་
ཁོ་རེ། སྟུ་ལྡག་མགོན་པོ་ལག་རིང༌། ད་ཁྱོད་ཚོ་གཉིད་གུག་སོང་ནི་ཨེ་རེད། འདང་གུང་དབྱིན་མོ་འཛག་རྒྱུ་མང་སོང་ནི་ཨེ་རེད། ད་ཐོན་ཤོག་དང༌། ང་ཚོ་ཡང་དྲ་རྒྱ་ནང་ཁ་ཅག་དང་སྣ་རལ་རབས་བཤད། གོ་ཨེ་ཐལ། (འདི་ཨ་མདོ་ཡོངས་རྫོགས་ལ་ཟེར་ལེ་མིན་གོ།)་
ད་ང་ཚོ་དོགས་པ་ཆེན་ཤོས་ཅིག་ཡོད། དེ་ནི།
༼༡༽གྲོས་ཚོགས་ནང་བཀྲ་མ་ ཤིས་པའི་གྲོས་འཆར་ཁུར་མཁན་ཁ་ཚ་རའི་བུ་མོ་ཁྱི་ཡི་ཆོལ་ཁའི་མིང་ཐོག་ནས་སྤྱི་ འཐུས་ལང་མཁན་དེ་རྒྱ་དམར་ནག་གི་སོ་བ་དེ་འདྲ་ཡིན་མིན་ནན་པོ་ལྟ་དགོས་ཀྱི་འདུག
༼༢༽བཀྲ་མ་ཤིས་པའི་གྲོས་ཆོད་ལ་རྒྱབ་སྐྱོར་བྱེད་མཁན་གྱི་དབུས་གཙང་སྤྱི་འཐུས་དེ་རྒྱ་དམར་ནག་དང་འབྲེལ་བ་འདུག་ལྟ་དགོས།
༼༣༽ས་ཡིག་རྒྱག་མི་དགོས་ བཞིན་དུ་ས་ཡིག་རྒྱབ་ནས་དཀྲུགས་ཤིང་སློང་མཁན་སྤྱི་འཐུས་བཅུ་གཉིས་དེ་རེ་རེ་ བཞིན་ཁོ་ཚོའི་དམིགས་ཡུལ་དང་དགོས་པ་ག་རེ་ཡིན་མིན་སྐོར་ལ་ནན་བྱེད་དགོས་ཀྱི་ འདུག
༼༤༽ལྷག་དོན་ཚོགས་འདུའི་གཙོ་སྐྱོང་མི་ནུས་པའི་ཚོགས་གཙོ་འཆལ་ཕོ་རྐུབ་ཀྱོགས་དེ་ཚོགས་གཙོ་ནས་དགོངས་པ་ཞུ་དགོས་ཀྱི་འདུག
སྟུ་ལྡག་མགོན་ཚེ། ཁྱོད་དང་སྟག་སྨྱོན་གཉིས་མི་འདྲ། ཁྱོད་ལ་གཞི་རྩའི་རྒྱལ་ཁབ་དང་མི་རིགས་ཀྱི་ཞེན་ཡོད། འོན་ཀྱང་བློ་ཕུག་ནག་མོ་ལས་ཐུང༌། ཁོག་པ་རྟ་རྔ་ལས་ཕྲ་བས་ཆོལ་ཁའི་ནང་གི་ཞེན་ཁོག་གིས་སྔར་ཡང་ཕུང་ལ་ད་ཡང་ཕུང་མཁན་གྲས་རེད། སྟག་སྨྱོན་ནི་བོད་བསྟན་སྲིད་གཉིས་ཀ་དགྲ་དགྲ་ནག་ལྟ་མཁན་ཡིན་པས་ཁྱོད་གཉིས་ལ་ཁྱད་པ་ཆེན་པོ་ཡོད་ལེ་རེད་གོ།
སྟག་སྨྱོན་ཟེར་བས་ཆོལ་གསུམ་དགྲ་ལ་ལྟ༎
སྟུ་ལྡག་མགོན་པོས་མདོ་སྟོད་དུག་དུ་འཛིན༎
འོན་ཀྱང་བོད་ཀྱི་བསྟན་པ་ཆབ་སྲིད་སྤྱིར༎
སྟག་སྨྱོན་སྟུ་ལྡག་བར་ལ་ཁྱད་པ་ཆེ༎
དྲ་གྲོགས་ཚོ། སྙན་པོ་བྲིས་ཡོད་ད། ང་ཡང་སྟུ་ལྡག་ཚོའི་ནང་ལ་ཡོད་ན་སྙན་ངག་པ་ཡིན་ཟེར་མི་ཆོག་རྒྱུ་ཅི་ཡོད། ཧ་ཧ་ཧ་ཧ། ད་སྟུ་ལྒད་ཚོ། ཤོག་དང༌། དང་པོ་རང་གིས་མི་བཞག མཐའ་མར་མིས་མི་བཞག ཟེར་བ་དེ་ཨེ་ཤེས། ཨ་ཕ་ཨ་ལོ་དང་མགོན་པོ་ཚེ་རིང་གཉིས་ལ་བོད་སྡེ་བ་གཞུང་དགོས་མིན་མི་ཤེས་ཀྱང་ང་ཚོ་ཁམས་པ་ཚོ་ལ་དགོས་ཐག་གཅོད་ཡིན། འོ་ཡ། ཕྱེད་ཀ་རྩེད་མོ་ཡིན། ཕྱེད་ཀ་དངོས་གནས་ཡིན།
བྱུང་རིམ་དེ་དག་ཚབས་ཆེ་ཞིག་ཏུ་མཐོང་གི་མེད། ཕི་ཌི་ཨེཧཕ། པར་འདེབས། གློག་འཕྲིན།
དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བོད་མིའི་རང་དབང་རྩོམ་སྒྲིག་པའི་བཅར་འདྲི།
བོད་མིའི་རང་དབང༌། ཉེ་ཆར་ གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཉིན་མཐའ་མ་གཉིས་ལ་གྲོས་ཚོགས་ཀྱི་གྲུབ་ཆ་མ་ ལོན་པས་ཚོགས་འདུ་མཇུག་བསྡོམས་གནང་མ་ཐུབ་པ་སོགས་ཀྱི་སྐོར་བརྒྱུད་ལམ་ཁག་ཏུ་ གནས་ཚུལ་མང་པོ་ཐོན་འདུག་ཀྱང་འཛིན་སྐྱོང་གི་དགོངས་ཚུལ་གསལ་སྟོན་གནང་མི་འདུག་ ན་འདིའི་སྐོར་བཀའ་ཁྲི་མཆོག་གི་གཟིགས་ཚུལ་གང་ཡོད་དམ།
བཀའ་ཁྲི། མང་གཙོའི་གྲོས་ཚོགས་སུ་གྲུབ་ཆ་མ་ལོངས་པའི་གནས་ཚུལ་ཡང་ཡང་ཡོང་སྲིད་པ་ཞིག་ ཡིན་པས་ཧ་ལས་དགོས་དོན་མ་མཐོང་ཞིང༌། འདིའི་སྐོར་ང་ལ་དམིགས་བསལ་བསམ་ཚུལ་གང་ཡང་མེད།
བོད་མིའི་རང་དབང༌། གསར་ཤོག་ཁག་ཏུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བྱུང་རིམ་ འདི་ལ་བརྟེན་ནས་སྐབས་བཅུ་བཞི་པའི་སྤྱི་ལྷན་ཕྱིར་བསྡུ་འགྲོ་སྲིད་ཚུལ་བཀའ་ གནང་འདུག་ན་དེ་ལ་བཀའ་ཁྲི་མཆོག་གི་གཟིགས་ཚུལ་གང་ཡོད་དམ།
བཀའ་ཁྲི། ངས་དེ་འདྲ་བཀའ་གནང་བ་མཇལ་མ་བྱུང་ཡང༌། དཔལ་ལྡན་ཚོགས་གཙོ་མཆོག་གིས་དེ་ལྟར་བཀའ་གནང་ཡོད་ན་དེ་ལ་རྒྱབ་ལྗོངས་དང་རྒྱུ་ མཚན་ཞིག་ཡོད་ཤག་ལས་ངས་འགྲེལ་བརྗོད་ཞུ་རྒྱུ་གང་ཡང་མེད། ང་རང་གིས་བྱུང་རིམ་དེ་དག་ཚབས་ཆེ་ཞིག་ཏུ་མཐོང་གི་མེད།
བོད་མིའི་རང་དབང༌། ད་ལན་གྱི་གླེང་གཞི་སྤྱི་འཐུས་སྒེར་ གྱི་གྲོས་འཆར་ཞིག་ལ་བརྟེན་ནས་བྱུང་བ་ཡིན་སྟབས། གྲོས་འཆར་དེའི་སྐོར་བཀའ་ཁྲི་མཆོག་གི་དགོངས་ཚུལ་གང་ཡོད་དམ།
བཀའ་ཁྲི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་ཁག་གི་འོག་ སྤྱི་འཐུས་སྒེར་ལ་གྲོས་འཆར་འདོན་རྒྱུའི་ཐོབ་ཐང་ཡོད་པ་དང༌། ཚོགས་གཙོས་གྲོས་འཆར་འདོན་རྒྱུའི་བཀའ་འཁྲོལ་བསྩལ་ཏེ་གྲོས་ཚོགས་ལས་རིམ་དུ་ འཁོད་པ་མ་ཟད། གྲོས་ཚོགས་ནང་དུའང་མང་མོས་ཀྱིས་ཚུད་ཟིན་པའི་གྲོས་འཆར་ཞིག་ཡིན་སྟབས། ང་དང་བཀའ་ཤག་ལ་བསམ་ཚུལ་གང་ཡང་ཡོང་གཞི་མེད། ལར་ནས་གྲོས་འཆར་ཐོག་བགྲོ་གླེང་འགྲོ་བཞིན་པ་ཡིན་སྟབས་བསམ་ཚུལ་ཡོད་ན་གྲོས་ ཚོགས་སུ་ཞུ་རྒྱུའི་གོ་སྐབས་འཐོབ་ངེས་ཡིན་པས་ད་ལྟ་བརྒྱུད་ལམ་ཐོག་བཤད་དགོས་མ་ མཆིས།
བོད་མིའི་རང་དབང༌། གླེང་གཞིའི་བྱུང་རྐྱེན་ཆོལ་ཁའི་ སྤྱི་འཐུས་བྱེ་བྲག་པ་ཞིག་བཞུགས་ཡུལ་ཕྱི་རྒྱལ་དུ་གནས་སྤོས་ཟིན་པ་ལ་སྤྱི་ འཐུས་རྒྱུན་ལས་ནས་སྔར་ལམ་དང་མི་འདྲ་བར་གྲོས་ཚོགས་སུ་ཚོགས་ཞུགས་ཆེད་ལམ་གྲོན་ གནང་རྒྱུའི་ཐག་གཅོད་གནང་བ་དེར་བཀའ་ཁྲི་མཆོག་གི་དགོངས་ཚུལ་གང་ཡོད་དམ།
བཀའ་ཁྲི། སྤྱི་འཐུས་བྱེ་བྲག་པར་ཚོགས་ཞུགས་ཆེད་ལམ་གྲོན་ གནང་དང་མི་གནང་ལ་བསམ་ཚུལ་གང་ཡང་མེད་ཀྱང༌། ད་རེས་ཐག་གཅོད་གནང་ཕྱོགས་ཀྱི་ལས་རིམ་ཚུལ་མཐུན་མ་བྱུང་བ་དེ་ལ་བསམ་ཚུལ་ཤུགས་ ཆེ་ཡོད། གང་ཡིན་ཟེར་ན། མང་གཙོའི་ལྟ་གྲུབ་དང་ལམ་སྲོལ་གཞིར་བཟུང་ཁྲིམས་ཞིབ་པ་རྣམ་པ་དང༌། སྤྱི་འཐུས་རྣམ་པ། བཀའ་བློན་རྣམ་པ། རང་དབང་ལྡན་པའི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་བཅས་ཀྱི་གསོལ་ཕོགས་དང༌། ཟུར་ཕོགས། ལས་ཐོན་བགྲེས་ཕོགས། མཚན་དོད། ལས་དོད། ཐོབ་ཐང་གཞན་དག་སོགས་འཛིན་སྐྱོང་གིས་ཐག་གཅོད་མི་ཆོག་པར་ཁྲིམས་ལུགས་གཏན་ འབེབས་ཀྱི་ལམ་ནས་ཐག་གཅོད་གནང་དགོས་པ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ ཚན་ཁག་ནང་གསལ་ཡོད། དེ་འདྲའི་ཆ་རྐྱེན་བསྐྲུན་དགོས་དོན་ནི་སྣེ་མོ་དེ་དག་གི་ཐོབ་ཐང་དང་ཁེ་ཕན་ཁག་ ལ་གང་བྱུང་གིས་སྤོར་གཅོག་དོ་ཕོགས་ཡོང་གཞི་མེད་པར་ཁྲིམས་ཐོག་ནས་སྲུང་སྐྱོབས་ བྱས་ཏེ་ཁོང་ཚོས་གཞུང་དོན་ཕྱག་ལས་གནང་སྐབས་རང་གི་ཁེ་ཕན་སྐོར་རེ་དྭོགས་མི་ འབྱུང་བའི་ཆེད་དུ་ཡིན། ཁྱད་པར་བཀུར་འོས་བོད་མི་མང་སྤྱི་འཐུས་རྣམ་པའི་མཚན་དོད་དང་ལས་དོད། དམིགས་བསལ་ཐོབ་ཐང་གཞན་དག་བཅས་ཁྲིམས་ལུགས་གཏན་འབེབས་ལྟར་འབུལ་དགོས་པ་བཅའ་ ཁྲིམས་དོན་ཚན་ ༤༦ པ་དང་ ༥༠ པའི་ནང་ཞལ་གསལ་ཡོད་པ་དང༌། ལམ་ གྲོན་དང་འགྲིམས་འགྲུལ་ཟུར་ཕོགས་ཀྱང་ཐོབ་ཐང་ཁུངས་སུ་ཚུད་པ་ཡིན་སྟབས། སྤྱི་འཐུས་ལས་ཐོག་རྣམ་པར་བཞུགས་གནས་རྒྱལ་ཁབ་གཞན་དུ་སྤོས་སྐབས་ལམ་གྲོན་འབུལ་ རྒྱུའི་ཆ་རྐྱེན་སྒྲིག་གཞི་བསྐྱར་བཅོས་ཀྱི་ལམ་ནས་གྲོས་ཚོགས་ཀྱིས་གཏན་འབེབས་ གནང་བ་ཡིན་ན་ཀླན་ཀ་ཡོང་གཞི་མེད་ཅིང༌། འཛིན་སྐྱོང་ནས་ཀྱང་རྒྱབ་གཉེར་ཞུ་རྒྱུར་དཀའ་ངལ་མེད། ཁྲིམས་ཡིག་དང་སྒྲིག་གཞི་གསར་བཟོས་སམ་བསྐྱར་བཅོས་ཇི་ལྟར་ཡང་གཏན་འབེབས་སམ་ བསྐྱར་བཅོས་ཟིན་པའི་རྗེས་ནས་ཕྱག་བསྟར་གནང་རྒྱུ་ཡིན་སྟབས། འདས་པའི་བྱུང་རབས་ཀྱིས་མིག་འགྲན་ཡོང་གཞི་མེད། དེ་མིན་སྒྲིག་འཛུགས་དང་འཛིན་སྐྱོང་གི་ཐག་གཅོད་རིགས་སྔོན་བྱུང་དང་མི་མཐུན་པ་ ཆགས་ཚེ་དྲང་བདེན་མ་ཡིན་པའི་ཀླན་ཀ་ཡོང་གཞི་ཡོད་པ་དངོས་བདེན་རེད། ཁྲིམས་ཀྱི་དབང་བསྒྱུར་ལ་མང་གཙོའི་ཀ་བ་གསུམ་ཀས་སྲུང་སྐྱོབ་གནང་གལ་ཤིན་ཏུ་ཆེ། ཞེས་གསུངས།
བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་བདུན་རེའི་གསར་ཤོག་བོད་མིའི་རང་དབང་གི་ རྩོམ་སྒྲིག་པས་བཀའ་བློན་ཁྲི་པ་མཆོག་ལ་བཅར་འདྲི་ཞུས་པ་དེ། བོད་གཞུང་གི་དྲ་རྒྱ་ལས་འདིར་དྲངས་པ་ཡིན།
རྒྱལ་ཁབ་གང་ཞིག་གི་འཛིན་སྐྱོང་ཡིན་ནའང་ནོར་འཁྲུལ་ཆེན་པོའི་རིགས་ཆུང་དུ་གཏོང་ཐབས་བྱེད་པ་དང་བྱས་རྗེས་ཆུང་ངུའི་རིགས་ཆེན་པོར་གཏོང་ཐབས་བྱེད་པ་དེ་སྤྱིར་བཏང་གི་ཁོ་ཚོའི་འགྲོ་སྟངས་ཤིག་རེད།
ཡིན་ན་ཡང་། ཟམ་གདོང་རིན་པོ་ཆེས། རྒྱུན་ལས་ཀྱིས་ལམ་གྲོན་སྐོར་ཐག་གཅོད་གནང་ཕྱོགས་ལ། ་་ད་རེས་ཐག་གཅོད་གནང་ཕྱོགས་ཀྱི་ལས་རིམ་ཚུལ་མཐུན་མ་བྱུང་བ་དེ་ལ་བསམ་ཚུལ་ཤུགས་ ཆེ་ཡོད་་་ ཅེས་དང་།་་སྒྲིག་འཛུགས་དང་འཛིན་སྐྱོང་གི་ཐག་གཅོད་རིགས་སྔོན་བྱུང་དང་མི་མཐུན་པ་ ཆགས་ཚེ་དྲང་བདེན་མ་ཡིན་པའི་ཀླན་ཀ་ཡོང་གཞི་ཡོད་པ་དངོས་བདེན་རེད། ཁྲིམས་ཀྱི་དབང་བསྒྱུར་ལ་མང་གཙོའི་ཀ་བ་གསུམ་ཀས་སྲུང་སྐྱོབ་གནང་གལ་ཤིན་ཏུ་ཆེ།་་ ཟེར་བའི་གསུང་ཚིག་འདིས་ད་རེས་རྒྱུན་ལས་ཀྱི་ཐག་གཅོད་དེ་ནོར་འཁྲུལ་དང་ཁྲིམས་འགལ་ཡིན་པ་བསྟན་པ་རེད།
ཁྲིམས་ཀྱིས་ཁ་ལོ་སྒྱུར་བཞིན་པའི་དམངས་གཙོའི་གཞུང་ཞིག་ལ་མཚོན་ན་ཁྲིམས་འགལ་ལས་ལྷག་པའི་ཉེན་ཁ་ཆེ་བ་ཞིག་ཡོད་མི་སྲིད། ནོར་འཁྲུལ་ཕྲ་མོ་ཞིག་ཡིན་ཡང་དེ་ཆེན་པོར་མཐོང་ཐུབ་སྐབས་ང་ཚོ་ཡར་རྒྱས་གང་འཚམས་འགྲོ་གི་ཡོད་པའི་རྟགས་དང་། ནོར་འཁྲུལ་ཆེན་པོ་ཞིག་ཡིན་ཡང་དེ་ཆུང་ངུར་མཐོང་བ་དང་ཧ་ལས་ཀྱི་མེད་ན་ང་ཚོ་ད་རུང་བརྒྱུད་དགོས་པའི་ཀྱག་ཀྱོག་གི་ལམ་ཁ་མང་རྒྱུ་རེད་ཡ།
ང་ཚོའི་ཁྲིམས་དང་སྒྲིག་གཞི་དེ་ཚོ་ལག་ལེན་བསྟར་བའི་ཆེད་ཡིན་རྒྱུ་རེད་མ་གཏོགས་རྩ་ཁྲིམས་རིན་པོ་ཆེ་ཟེར་ནས་མཆོད་ཁྲིའི་སྒང་བཤམ་འཇོག་རྒྱུའི་ཆེད་ཡིན་རྒྱུ་མ་རེད།
བསམ་འཆར་དེ་ཚོ་དཔྱད་གཞི་ཙམ་ལས་ཡིད་བརྟན་རུང་བ་གཅིག་ཀྱང་མིན་འདུག མདོར་ན་སྤྱི་འཐུས་མི་དགོས་དྲ་གྲོགས་ཆོ་ཡང་རྐྱོག་རྐྱོག་རེད་འདུག ཨ་ཁ། དེ་འདྲའི་ཁྱད་ཚར།
སྤྱི་འཐུས་མི་དགོས། སྤྱི་འཐུས་ཡག་པོ་མིན་འདུག་ཟེར་མཁན་གྱི་དྲ་གྲོགས་ཚོ། དེ་ལས་ཀྱང་རྐྱོག་རྐྱོག་རེད་འདུག སྐད་ཆ་ཚང་མ་དཔྱད་གཞི་བྱ་ཡུལ་ལས་ཡིད་བརྟན་རུང་བའི་དྲངས་བཤད་བྱ་མཁན་སུ་ཡང་མིན་འདུག བོད་ཀྱི་ལས་དབང་དེ་ཨ་ཁ།