གཞུང་པ་ཚེ་དབང་བསོད་ནམས།
སྤྱི་འཐུས་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག་མང་མོས་གྲོས་ཆོད་ཡིག་ཆ་ཨང་ ༣༩ བཞག་པའི་བརྒྱུད་རིམ་ནས་བཙན་བྱོལ་སྤྱི་ཚོགས་ནང་ལབ་གླེང་མང་པོ་བཟོས་པ་དང་། བཙན་བྱོལ་བོད་མིའི་མཐུན་འབྲེལ་ལ་ཉམས་ཆགས་བཟོས་པ་དང་། སྤྱི་འཐུསུ་སྐབས་བཅུ་བདུན་པ་དུས་ཐོོག་ལས་འཁུར་དམ་འབུལ་མ་ཐུབ་པ། ༧ གོང་ས་མཆོག་ལ་མཛད་དཀའ་བཟོས་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ལས་མེད་པ། མི་མང་གི་བདེ་སྡུག་ཞུ་ས་མེད་པ། གྲོས་ཚོགས་ཀྱིས་ལས་རིམ་ཁག་ནང་གྲོས་ཆོད་ཡིག་ཆ་ཨང་ ༣༩ དེ་འཐུས་མི་ཚོའི་ཁ་དང་ལྕེ་ལ་བཟུང་ནས་འབྲོང་བསད་ནས་རྔ་མ་འཕྱར་ཟེར་བའི་དཔེ་ལྟར་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ ལ་ཤི་ཐམ་རོ་ཐམ་བྱེད་བཞིན་པ་སོགས་ལ་བལྟ་སྐབས་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཐོག་ཞིབ་འཇུག་ཚོགས་ཆུང་བཙུགས་ནས་བཟང་ཐག་ངན་ཐག་གཅོད་དགོས་པ་དང་། ཞིབ་འཇུག་ཚོགས་ཆུང་གི་སྙན་མཐོ་ལ་འགན་འཁུར་ནས་གྲོས་ཆོད་ཡིག་ཆ་ཨང་ ༣༩ དེ་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་བཟོས་ནས་མ་འོངས་བཙན་བྱོལ་སྤྱི་ཚོགས་དང་སྤྱི་འཐུས་གྲོས་ཚོགས་ནང་གྲོས་ཆོད་ཡིག་ཆ་ཨང་ ༣༩ དང་འབྲེལ་བའི་ཐོག་ལབ་གླེང་སྦྲང་སྒྲ་ཙམ་ཡང་མེད་པ་བྱ་རྒྱུ་ནི་བཙན་བྱོལ་བོད་མིའི་ཆིག་སྒྲིལ་གྱིས་ནུས་པ་དམ་ཟབ་སླར་གསོ་དགོས་པ་དང་། བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་འགན་དབང་འདྲ་མཉམ་ཐ་དད་དུ་གནས་དགོས་པ་ནི་བཅའ་ཁྲིམས་ནས་བཀུར་བའི་ལས་འགན་དེ་ཁྱེར་དགོས་པ་ནི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཆེ་ཤོས་དེ་ཡིན་པ་དང་། ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུ་དེ་ཁྲིམས་བཟོའི་ཐུགས་འགན་ཡིན་པ་དང་ཁྲིམས་ལུགས་ག་འདྲ་ཞིག་གཏན་འབེབས་གནང་གི་ཡོད་ཀྱང་བཅའ་ཁྲིམས་ཀྱིས་ལམ་སྟོན་དང་མང་གཙོ་སྤྱིའི་ལྟ་གྲུབ་དང་མཐུན་པ་ཞིག་དགོས་པ་ལས་དེ་སྔོན་༼ ཡུལ་མིའི་རྒྱལ་ཁབ། Republic དེ་ ༼ ཡུལ་མིའི་སྲིད་སྐྱོང་།༽ ལ་ཁ་ཕྱོགས་པ་དང་། ཉེ་ལམ་སྤྱི་ཟླ་གསུམ་པའི་གྲོས་ཚོགས་ནང་། ༼ འཛིན་སྐྱོང་གི་ལས་འཁུར་དམ་འབུལ་དེ། ཁྲིམས་བཟོ་ལ་འབུལ་རྒྱུ་དང་། ཁྲིམས་བཟོའི་ལས་འཁུར་དམ་འབུལ་དེ་འཛིན་སྐྱོང་ལ་འབུལ་རྒྱུའི། ༽ ལམ་ལུགས་གསར་གཏོད་གནང་བ་དེ་རིགས་མང་གཙོ་སྤྱིའི་རིག་པའི་གཞུང་ལུགས་དང་ཡོངས་སུ་མ་མཐུན་པ་ནས་དུས་ནམ་ཡང་ངོས་ལེན་མེད་པ་མ་ཟད་ཐ་གཅིག་ཏུ་ངོ་རྒོལ་ཡོད་པ་མཁྱེན་དགོས། ང་ཚོའི་མང་གཙོའི་ལམ་ལུགས་དེ་མང་གཙོ་སྤྱིའི་རིག་པའི་གཞུང་ལུགས་སམ་རིག་པའི་ལྟ་གྲུབ། ༼ Democracy Theory ༽ དང་མཐུན་པ་ཞིག་དགོས་པ་ལས་མང་གཙོ་སྤྱིའི་རིག་པའི་གཞུང་ལུགས་སམ་ལྟ་གྲུབ་དང་མ་མཐུན་པའི་ལམ་ལུགས་ཞིག་གསར་གཏོད་གནང་ཚེ་ང་ཚོ་སླར་ཡང་གངས་རིའི་ཁྲོད་དུ་འཛམ་གླིང་དང་ཁ་བྲལ་ནས་ཟུར་འཚོ་བྱ་འདོད་མ་རེད་དམ།