གཞུང་པ་ཚེ་དབང་བསོད་ནམས།
དང་པོ།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་བཙན་བྱོལ་བོད་མིའི་ཁྲིམས་ཡིག་བླ་ན་མེད་པ་དང་གོང་ན་མེད་པ་དེ་ཡིན་པ་དང་། ང་ཚོ་མི་ཡུལ་དུ་སྡོད་པའི་རིང་ཁྲིམས་ཡིག་འདིའི་འོག་ཏུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་བཅའ་ཁྲིམས་དགོངས་དོོན་འགན་དབང་འདྲ་མཉམ་ཐ་དད་དུ་གནས་དགོས་པ་ནི་བཅའ་ཁྲིམས་ལེའུ་བཞི་པ། སྒྲིག་འཛུགས་ཀྱི་འགན་འཛིན། ལེའུ་ལྔ་པ། ཁྲིམས་བཟོའི་དབང་འཛིན། ལེའུ་དྲུག་པ། ཁྲིམས་ལུགས་དབང་འཛིན་བཅས་སྡེ་ཚན་འདི་གསུམ་གྱི་འགན་འཁུར་འོག་བཙན་བྱོལ་བོད་མི་འཚོ་དགོས་པ་ནས་སྤྱི་འཐུས་སྐབས་བཅུ་དྲུག་དང་བཀའ་ཤག་སྐབས་བཅོ་ལྔ་ནས་སྡིག་པ་མིག་བཙུམ་གྱིས་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཟེར་བའི་འོག་ཏུ་འཕོ་འགྱུར་བཏང་བའི་འཇུག་འབྲས་སྤྱི་འཐུས་སྐབས་བཅུ་བདུན་པ་དུས་ཐོག་ཚོགས་མ་ཐུབ་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ལས་མེད་པ་དང་། བཙན་བྱོལ་སྤྱི་ཚོགས་ནང་དགོས་མེད་ཀྱིས་ལབ་རྒྱུ་གླེང་རྒྱུ་མང་པོ་ལྷག་པ་དང་།
ཉེ་ལམ་སྤྱི་འཐུས་སྐབས་བཅུ་བདུན་གྱིས་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་ཞི་བའི་མི་མང་གཅིག་སྟོང་ལྷག་གི་བསམ་འཆར་ལ་འགན་མ་འཁུར་བར་མང་གཙོ་སྤྱིའི་ལྟ་གྲུབ། ༼Democracy Theory༽དང་ཡོངས་སུ་མ་མཐུན་པ་འཛིན་སྐྱོང་དང་ཁྲིམས་བཟོ་གཉིས་ཕན་ཚུན་གཅིག་གི་གཅིག་ལ་དམ་འབུལ་ཞུ་རྒྱུའི་ལམ་ལུགས་གསར་གཏོད་གནང་བ་ནི་བོད་ཀྱི་མང་གཙོའི་འཕེལ་རིམ་གྱིས་ལོ་རྒྱུས་ནང་སུབ་ནས་ཟུབ་རྒྱུ་མེད་པའི་ལོ་རྒྱུས་ནག་པོའི་ལེའུ་ཞིག་གསར་གཏོད་གནང་བ་དང་། འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ག་འདྲ་ཞིག་ཡིན་ཀྱང་སྲིད་འཛིན་དང་ཡང་ན་རྒྱལ་ཁབ་དེའི་རྩ་ཁྲིམས། ཡང་ན་ཆོས་ལ་ཡིད་ཆེས་བྱེད་མཁན་གྱི་རྒྱལ་ཁབ་ཚོའི། སོ་སོའི་ཆོས་ལུགས་ཀྱིས་གསུང་རབས་མདུན་དམ་འབུལ་ཞུ་བཞིན་པ་ནི། ༼ Bible ཡེ་ཤུའི་གསུང་རབས་དང་།༽༼ Quran ཁ་ཆེའི་གསུང་རབས།༽ སོགས་ཀྱི་མདུན་གཞུང་འཛིན་གསར་པའི་བློན་ཆེན་མི་སྣ་དང་གྲོས་ཚོགས་ཀྱིས་འཐུས་མི་དང་བཅས་པའི་དམ་འབུལ་ཞུ་བཞིན་པ་དང་སྲིད་འཛིན་ཙམ་མ་གཏོགས་ཁྲིམས་ཞིབ་པས་མདུན་དམ་འབུལ་ཞུ་མཁན་ཉུང་ཉུང་ཡིན་པ་དང་།
གཉིིས་པ།
དངོས་ཡོད་གནས་སྟངས་ཀྱི་ཆ་ནས་རང་རེ་བཙན་བྱོལ་སྤྱི་ཚོགས་ཀྱི་མཐོ་རིམ་འགན་ཡོད་མི་སྣའི་ནང་འཁོན་འཛིན་དང་རྩོད་་གླེང་མགྲན་བརྩོད་སོགས་མི་ཡོང་བའི་ཆེད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མ་ཎི་ཀ་འབུམ་མདུན་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་གྱི་འགན་འཛིན་རྣམ་པ་དང་། ས་གནས་འཐུས་མི་སོགས་ཀྱིས་དམ་བཅའ་འབུལ་རྒྱུའི་ལམ་ལུགས་གསར་གཏོད་གནང་དགོས་པ་ནི་དེ་ལས་ལྷག་པའི་དམ་བཅའ་འབུལ་ས་ཞིག་ཟུར་དུ་མ་མཐོང་བ་ནི་དེ་སྔོན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་ནུས་པ་མ་ཐོན་གོང་སྤྱི་འཐུས་སྐབས་དང་པོ་ནས་སྐབས་བཅུ་པ་བར་སྤྱི་འཐུས་ཀྱིས་ལས་འཁུར་དམ་བཅའ་དེ་མ་ཎི་བཀའ་འབུམ་མདུན་འབུལ་བཞིན་པ་དང་། གང་ཟག་གི་གང་ཟག་་ལ་དམ་བཅའ་འབུལ་རྒྱུའི་ལམ་ལུགས་དེའི་སྤྱི་ཚོགས་ཀྱིས་བདེ་འཇགས་ལ་འགན་ག་ཚོད་ཁྱེར་ཐུབ་ཀྱི་ཡོད་དེ་ཡང་གསལ་པོ་མ་མཐོང་བ་ནས་བརྟན་པོ་ཞིག་དང་། ཁུངས་ཐུབ་ཞིག། ཚད་ལྡན་ཞིག་ལ་ངོས་འཛིན་བྱེད་དཀའ་བ་ནས་མང་གཙོའི་རྒྱལ་ཁབ་མང་ཆེ་བས་སོ་སོའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་མདུན་དམ་འབུལ་ཞུ་བཞིན་པ་ལ་རྒྱུ་ཚན་ཡང་དག་དང་གནད་འགག་མང་པོ་ཡོད་པ་དེ་ཡང་མཁྱེན་དགོས་པ་དང་།
གསུམ་པ།
རིང་མིན་སྐབས་བཅུ་བདུན་གྱིས་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་མི་མང་གི་བསམ་འཆར་ལ་འགན་འཁུར་ནས་བཅའ་ཁྲིམས་ནས་བཀུར་བའི་ཁྲིམས་བཟོའི་ལས་འགན་ཁག་སྒྲུབ་དགོས་པ་ལས་སྟོང་པའི་དུས་ཚོད། ༼ Zero Hour ༽ དང་། ལས་རིམ་རྣམ་བཞག ༼ Point of Order ༽ ལ་སྒོ་སྐབས་བླངས་ནས་ཁ་སྟོང་དང་ཚིག་སྟོང་ལ་དུས་ཚོད་བསྐྱལ་ནས་གྲོས་ཚོགས་ཀྱིས་དུས་ཚོད་རིན་ཐང་ཅན་དེ་འཕྲོ་རླག་བཏང་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དཔལ་འབྱོར་ལ་ནམ་ཡང་གྱོང་གུན་གཏོང་མི་ཉན་པ་དང་།
བཞི་པ།
བཅའ་ཁྲིམས་དོན་ཚན་བརྒྱད་པའི་ནང་གསེས་བཞི་པའི་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་གཏན་འབེབས་བརྒྱུད་ནས་སྤྱི་དམངས་ཀྱི་ཐོབ་ཐང་ལ་འགན་འཁུར་ནས་ནམ་ཡང་དོ་ཕོག་གཏོང་མི་ཉན་པ་དང་།
ལྔ་པ།
ས་ཁང་གི་སྒྲིག་གཞི་ཟེར་བའི་ཐ་སྙད་དེ་ས་ཁང་གི་ཁྲིམས་ལུགས་ལ་བཟོ་བཅོས་དགོས་པ་ནི་བཅའ་ཁྲིམས་དོན་ཚན་སོ་དྲུག་དང་དོན་ཚན་གྱ་གཉིས་གཉིས་ནམ་ཡང་ནོར་མི་ཉན་པ་ནི་བཅའ་ཁྲིམས་དོན་ཚན་སོ་དྲུག་པ་ཁྲིམས་བཟོའི་དབང་ཆ་ཡིན་པ་དང་། བཅའ་ཁྲིམས་དོན་ཚན་གྱ་གཉིས་པ་ས་གནས་འཐུས་མིའི་དབང་ཆ་ཡིན་པ་ནས་སྤྱི་འཐུས་ཚོའི་ཟླ་བ་ལྔ་པ་དང་རྒྱལ་བ་ལྔ་པ་ནམ་ཡང་ནོར་མི་ཉན་དང་གཡག་རྔ་དཀར་དང་གྲངས་ཀྱི་ལྔ་གཉིས་དེ་བས་ཀྱང་ནོར་མི་ཉན་པ་ནས་བཅའ་ཁྲིམས་དོན་ཚན་སོ་དྲུག་པ། ཁྲིམས་བཟོའི་དབང་ཆ་ཡིན་པ་ནས་ཁྲིམས་ལུགས་བཟོ་འགོད་དང་གཏན་འབེབས་གནང་མཁན་དེ་སྤྱི་འཐུས་གྲོས་ཚོགས་ཡིན་པ་དང་། བཅའ་ཁྲིམས་དོན་ཚན་གྱ་གཉིས་པ། ས་གནས་འཐུས་མིའི་ཚོགས་འདུའི་དབང་ཚད། ས་གནས་ཀྱི་ལས་དོན་དང་འབྲེལ་བའི་སྒྲིག་གཞི་བཟོ་མཁན་དེ་ས་གནས་འཐུས་མི་ཡིན་པ་ནས་བཅའ་ཁྲིམས་དོན་ཚན་སོ་དྲུག་དང་བཅའ་ཁྲིམས་དོན་ཚན་གྱ་གཉིས་ནས་ངོ་སྤྲོད་གནང་འདུག་ན་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་ས་ཁང་གིས་སྒྲིག་གཞི་བཟོ་རྒྱུ་དེ་བཅའ་ཁྲིམས་ནས་བཀུར་བའི་དབུས་དང་ས་གནས་ཀྱི་ས་མཚམས་ལས་འགལ་བ་མ་རེད་དམ། གལ་སྲིད་ས་ཁང་གི་སྒྲིག་གཞི་དེ་སྤྱི་འཐུས་གྲོས་ཚོགས་ནས་བཟོ་གི་ཡོད་ན་ས་ཁང་གི་སྒྲིག་གཞི་མིན་པ་ས་ཁང་གི་ཁྲིམས་ལུགས་ཡིན་དགོས་པ་མ་རེད་དམ།
གང་ཡིན་ཟེར་ན་བཅའ་ཁྲིམས་དོན་ཚན་སོ་དྲུག་ནང་ཁྲིམས་ལུགས་བཟོ་མཁན་དེ་སྤྱི་འཐུས་གྲོས་ཚོགས་ཡིན་པ་ནས།
༼ས་ཁང་གི་ཁྲིམས་ལུགས།༽ཡིན་དགོས་པ་དང་།
༼ས་ཁང་གི་སྒྲིག་གཞི།༽
ཡིན་ན་བཅའ་ཁྲིམས་དོན་ཚན་གྱ་གཉིས་ནང་ས་གནས་ཀྱིས་ལས་དོན་དང་འབྲེལ་བའི་སྒྲིག་གཞི་བཟོ་མཁན་དེ་ས་གནས་འཐུས་མིའི་ཚོགས་འདུ་ཡིན་པ་ནས་སྤྱི་འཐུས་གྲོས་ཚོགས་ནས་ས་ཁང་གི་སྒྲིག་གཞི་བཟོ་རྒྱུ་དེ་དབུས་དང་ས་གནས་གཉིས་ཀྱི་ས་མཚམས་ནས་འགལ་བ་མ་རེད་དམ།