འདྲེ་གླེན་པ།
བློ་སེང་དང་སྤེན་ཚེ་བརྩད་པ་དེ་ཚབས་ཆེན་མ་རེད། རང་བཙན་དང་དབུ་མ་བརྩད་པ་ཡང་ཚབས་ཆེན་མ་རེད། ཚབས་ཆེ་ཤོས་སམ་འཇིགས་སུ་རུང་བ། རྒྱུ་འབྲས་དང་མི་མཐུན་པ་དེ་གཞིས་ལུས་རྒྱ་ཆེའི་མི་མང་བཙོང་སྟེ་སྐྱག་རྫུན་དང་ཧམ་བཤད་བྱས་པ་དེ་རེད། མི་འདི་དག་གི་སྐེ་གཏུབ་སྟེ་ཁྲག་འཐུང་ཡང་ཉེས་པ་འདག་རྒྱུ་མེད། རྒྱལ་བཙོང་བ་ངོ་མ་འདི་ཚོ་ཡིན།
ཁོ་ཚོས་རང་ལུས་མེར་བསྲེག་གིས་རྒྱ་རྒོལ་བྱེད་མཁན་གྱི་དཔའ་བོ་བརྒྱ་ལྷག་གི་རོ་ཐོག་ནས་བྲོ་འཁྲབས་པ་རེད། སྐད་ཡིག་གཅེས་འཛིན་དང་མི་རིགས་ཀྱི་སྐྱེ་འཆི་གླེང་མཁན་གྱི་བཙོན་བཞུགས་རྒྱལ་གཅེས་པ་དག་གི་སྙིང་ལ་གྲིས་བསྣུན་པ་རེད། འདི་ལས་ལྷག་གི་གཞིས་ལུས་རྒྱ་ཆེའི་མི་མང་གི་སྙིང་ལ་འཛེར་བའི་སྐད་ཆ་ཞིག་ཤོད་རྒྱུ་གང་ན་ཡོད། ད་དུང་
ཧམ་པ་ཆེན་པོས་རྒྱ་གཞུང་གིས་“བོད་ནང་གི་བོད་ཕྲུག་བྱིས་པ་ཚོ་སློབ་གྲྭར་མ་བཏང་ན་ཕ་མ་བཙོན་ལ་འཇུག་གི་འདུག དེ་དབུ་མའི་ལམ་གྱི་ཡང་དག་པའི་གྲུབ་འབྲས་རེད་ཟེར།” པཎ་ཆེན་ཆུང་སྲིད་ནས་ཚུད་པའི་བོད་ནང་གི་བླ་སྤྲུལ་དང་བྱིས་པ་དག་ལ་རྒྱ་གཞུང་གིས་སློབ་གསོ་ཞིག་སྤྲོད་ཀྱི་ཡོད་པ་བདེན་དུ་ཆུགས་ཀྱང་།
ཁོ་ཚོ་རང་གི་སྐད་ཡིག་དང་རིག་གཞུང་སོགས་སྦྱོང་བའི་ཆེད་དུ་སློབ་གྲྭར་འཇུག་གི་ཡོད་པ་རེད་དམ ། མི་རིགས་ཧྲིལ་བོ་རྩད་རྫོགས་བྱེད་པའི་སློབ་གསོ་སྤྲོད་ཀྱི་ཡོད་པ་དེ་དབུ་མའི་ལམ་གྱི་གྲུབ་འབྲས་ཡིན་ནམ། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་བཙན་གྱིས་གྲོང་ཁྱེར་ཅན་ཏུ་བསྒྱུར་ཏེ་བོད་ཁམས་ཡོངས་ལ་རྒྱ་ནག་དམར་ཕྱོགས་ཀྱི་ལྟ་བ་ཁྱབ་སྤེལ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་བཙན་གྱིས་སྤེལ་བཞིན་པ་འདི་དག་དབུ་མའི་ལམ་གྱི་གྲུབ་འབྲས་ཡིན་ནམ། བོད་ཡུལ་ཧྲིལ་བོར་རྒྱ་ནག་གི་མི་སེར་སྤེལ་བའི་གྲངས་ཀ་ཉིན་རེ་ལས་ཉིན་རེར་འཕར་བཞིན་པ་འདི་དག་དབུ་མའི་ལམ་གྱི་གྲུབ་འབྲས་ཡིན་ནམ། རྒྱ་ནག་གཞུང་གིས་བོད་མིའི་མཉམ་དུ་ཆང་ས་བརྒྱབ་སྟེ་མི་སེར་སྤེལ་མཁན་དག་ལ་རྔན་པ་སྤྲོད་ཀྱིན་པ་དེ་ཚོ་དབུ་མའི་ལམ་གྱི་གྲུབ་འབྲས་ཡིན་ནམ། འཚོག་ལ་ཉེ་བའི་དབུ་མའི་ལམ་གྱི་ཚོགས་ཆེན་ཞེས་པ་རུ་བཙན་བྱོལ་གྱི་ན་གཞོན་དག་ལ་དབུ་མའི་ལམ་གྱི་གོ་རྟོགས་འདི་ལྟར་སྤེལ་རྒྱུ་ཡིན་ནམ།
སྤྱི་མཐུས་ཀྱི་གོ་གནས་འཛིན་པ་དོན་གྲུབ་བཀྲ་ཤིས་དང་དེ་དང་རིགས་མཚུངས་ཀྱིས་འགྲེལ་བ་ལྟར་ན། དབུ་མའི་ལམ་ནི་མི་རིགས་རྩད་རྫོགས་བྱེད་པའི་སྲིད་བྱུས་ཤིག་ཡིན་ནམ། དབུ་མའི་ལམ་གྱིས་རྒྱ་ནག་དམར་ཕྱོགས་ཀྱི་སྲིད་ཇུས་ལ་གཞོག་འདེགས་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ལ་རམ་འདེགས་བྱེད་ཀྱི་ཡོད་དམ ། དོན་དམ་པར་དབུ་མའི་ལམ་གྱིས་འདི་འདྲའི་སྐྱུགས་བྲོ་ཞིང་ཞེ་མེར་བའི་ལས་དོན་སྒྲུབ་ཀྱི་ཡོད་ཚེ་སྙིང་སྟོབས་བྲག་རི་ལས་མཐོ་ཞིང་བརྩོན་པ་ཆུ་བོ་ལས་རིང་བའི་གཞིས་ལུས་རྒྱ་ཆེའི་མི་མང་ཕར་ཞོག ཐ་ན་འབྲས་དང་ལྡ་ལི་ཡིས་གསོས་པའི་བཙན་བྱོལ་བ་སྤར་མོ་གང་གིས་ཀྱང་ངོས་ལེན་མི་བྱེད་མི་སྲིད་པ་དཔའ་བོ་ཐུབ་བསྟན་དངོས་གྲུབ་ནས་མཚོན་པའི་བཙན་བྱོལ་གྱི་རྒྱལ་གཅེས་པ་དག་གིས་མཚོན་པ་ཡིན།
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་མིང་ཅན་གསར་འགོད་པ་ཟུར་པ་དོན་གྲུབ་བཀྲ་ཤིས་ཀྱིས་གྲོས་ཚོགས་ར་བའི་ནང་ཚད་ལས་བརྒལ་བའི་ཧམ་བཤད་ལ་སྙན་རྗེས་སྐྱོ་སྣང་དང་གདུང་ཤུགས་དྲགས་པོས་དངོས་མིང་ཤེལ་དགེ་འདུན་ཚེ་རིང་དང་སྙུག་མིང་འདྲེ་གླེན་པས་ཨོ་གླིང་གི་ས་ཁུལ་རི་སྔོན་པོ་ནས་2018/3/16 ལས་ཞོར་དུ་སྦྱར་བའོ།།
བདེན་པ་བྲིས་འདུག
ཡང་དཀྲུག་ཤིང་རྒྱག་འགོ་བཙུགས་ཚར་འདུག རང་བཙན་ཁར་འཁྱེར་བ་འདི་དག་གིས་དགྲ་དགའ་གཉེན་སྡུག་གི་བ་བྱ་བ་མ་གཏོགས་གང་ཡང་མི་ཤེས་པ་འདྲ།
དགེ་འདུན་ཚེ་རིང་ཟེར་བའི་མི་ངན་འདི་རྒྱ་གར་དུ་བསྡད་དུས་༧གོང་ས་མཆོག་གི་གཟིགས་སྐྱོང་འོག་འབྲས་ལྡ་ལི་ཧམ་ཟ་བྱེད་མྱོང་མཁན་ཞིག་ཡིན་པ་སྨོས་མེད་རེད། ད་ལྟ་འབྲས་ལྡ་ལིའི་འཚོ་བ་ལས་རིང་དུ་སོང་བ་ན་རང་ལ་བཀའ་དྲིན་ཆེ་ཤོས་༧གོང་ས་ཡིད་བཞིན་ནོར་བུ་མཆོག་གི་དགོངས་གཞི་དབུ་ལམ་ལ་ཟ་དང་ཟུར་ནས་སྐད་ཆ་བཤད་པ་འདི་ནི་དོལ་རྒྱལ་ཚོགས་པ་དང་། འཐབ་ཕྱོགས་གཅིག་གྱུར་ཁང་གི་བཤད་བབ་དང་གཅིག་ཏུ་སྣང་། མི་ངན་འདིའི་རིགས་ཀྱིས་བོད་སྤྱི་ཚོགས་ཀྱི་ཆེད་དུ་ལག་ལེན་གྱི་ཐོག་ནས་གང་ཡང་བྱས་མེད། ཁ་དམག་གི་ལས་འབའ་ཞིག་ལ་གཞོལ་ནས་མི་ཚེ་སྐྱེལ་མཁན་ཞིག་ཡིན་པ་གསལ་བོ་རེད། ཡང་གཅིག་བཤད་ན། དོན་གྲུབ་བཀྲ་ཤིས་ལ་སྒེར་ནད་ཡོད་མཁན་ཞིག་ཡིན་པ་ཤུགས་ཀྱིས་བསྟན། སྒེར་ནད་སྤྱི་ལ་གཡུགས་ནས་དཀྲུག་ཡིག་ཁྱབ་སྤེལ་གཏོང་མཁན་འདི་རིགས་དོལ་ཚོགས་ལས་ཀྱང་ཐབས་སྡུག་ཅིག་རེད།
ཀུན་གྱིས་ཡིད་གཟབ་གནང་དགོས།
ཁྱི་སེང་གཡུ་ཐོག་གཉིས་ཀྱིས་ལན་འདེབས་བྱས་པ་ལ་བལྟས་ན་ཨ་རིའི་དོན་གཅོད་འཕོ་འགྱུར་སྐུ་སྒེར་ལ་སྙན་གསེང་ཙམ་ཡང་འབུལ་མེད་པར་གནས་དབྱུང་བཏང་བ་གསལ་བོ་འདུག
ཨ་རིའི་དོན་གཅོད་འདི་ལ་སྐུ་སྒེར་གྱི་དབང་ཚད་ཅུང་ཟད་ཙམ་ཡང་མེད་པར་དབང་ཚད་ཡོངས་རྫོགས་བཀའ་ཤག་ལ་ཡོད་ན་དོན་གཅོད་ཁག་རྒྱལ་བ་རིན་པོ་ཆེའི་མཚན་ཐོགས་ནས་འཇོག་དགོས་པ་གང་ཡིན་ནམ
སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་གསུང་དེ་ལ་མོས་མོས་མཐུན་མེད་པ་མ་ཟད་ངོ་རྒོལ་ཡོད། ཁོང་གིས་འདི་འདྲ་གསུང་དགོས་དོན་གང་ཡིན་ནམ་སྙམ།
ཤེལ་དགེ ངས་ཁྱོད་ལ་བཤད། གྲྭ་ལོག་ཚོས་ཆབ་སྲིད་ཤེས་གི་མ་རེད། ཆབ་སྲིད་ཟེར་བ་འདི་སྣ་བར་མི་སྙན་པའི་སྐད་ཆ་འགའ་རེ་བཙན་སྒླིག་བྱས་པར་དེ་ཟེར་གི་མ་ཤ་ཉེ། དགོན་པ་ནས་བཀྲ་མ་ཤེས། སློབ་མ་སོང་བར་ཁྱི་ནང་བཞིན་འཁྱམ་སྟེ་མཐར་ཆབ་སྲིད་བཙོན་མ་རྫུན་མ་བྱས་ཏེ་ཕྱི་རྒྱལ་ཞིག་ལ་བསླེབས་སོང་ན་ད་ཁ་གང་བཤད་ན་འགྲིག་གི་ལེད་བསམ་སཅང་ངམ།
བློ་སེང་དང་སྤེན་ཚེ་རྩོད་མཁན་དག་གིས་ཁོ་གཉིས་ཀྱི་སྒེར་གྱི་པ་ཁུག་དང་ན་ཚ་ལ་རྒྱབ་སྐྱོར་བྱས་པ་ལས་བོད་མོ་རིགས་ཀྱི་རྩ་དོན་ལ་སྣ་གཅིག་ཀྱང་མི་ཕན།
Tenzin Kalden aka Kevin, from Seattle, WA USA, says:
on 19 March 2018 at 5:48 am
Well, what a JOKE it has become after the hand down of the ownership of Democracy to the people. Our petty stateless state of Gangki has become a playground of mockery. Our internal bigotry and incompetence still prevails.
Why Mr. Sangay. Why?
When you started the campaign it was evident that you had a career politician mindset with intention of your legacy to be remembered eternally. Granted that you have achieved that somewhat.
In Seattle WA USA, you boasted that you were the first only Tibetans to graduate from Harvard Law School. Ok, I will hand you that, and your parents had sold “COWS” to send you to the University.
Really “cows” even the best breed would be 80 to 100 thousand Rupees, it wouldn’t even cover textbooks at Harvard. The fact is that it was Tibetan Government who had given you the opportunity to study abroad.
In Portland, Oregon you stated that your peers from Harvard are making millions of dollars and you are not, because you are working for the Tibetan people and the Government.
Oh! Bhoo! So sorry now we the Tibetan people and the Government are at fault for hindering your financial gains. You volunteered……Have a conviction for your action.
Why demand Photographers and specially Videographers be present when you visit the US and Canada. Do you fear that your legacy would slowly fade into the abyss?
Why so much security when you come to the US. Who in the world is threatening you anyways? Even H.H. the Dalai Lama’s security is at minimalistic and threats are real.
Your visits are expensive. 5 Star hotel suites for you, wife and daughter. You are not paying. Tibetans in the US and Canada earn minimum wage.
Remember career Politicians fade away. True leaders are remembered forever.
༄༅། དོན་གྲུབ་བཀྲིས་། ཁྱེད་སྤྱི་འཐུས་ཀྱི་མིང་ཡོད་མཁན་ཞིག་གི་སྐད་ཆ་མ་རབས་འདི་འདྲ་
བཤད་དོན་གང་རེད། ཁྱོད་ཀྱི་རྒྱབ་ནས་བཙན་བསྐུལ་བྱེད་མཁན་སུ་ཡོད།
ཁྱོད་རང་ཉིད་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ལས་དོན་གང་བྱས་ཡོད་། ཤོད་དང།
རྫིགས་མདོག་མ་བཤད། སུས་ག་རེ་བྱེད་ཀྱི་ཡོད་མེད་ཀུན་གྱི་གསལ་པོ་ཤེས་ལེ་རེད།
མ་བྱོན་ན་ཁ་རྩུམ་ནས་སྡོད།
Khampa Warrior, from USA, says:
on 19 March 2018 at 5:11 am
Kalon Sonam Topyal has no right to speak ill of any parliamentarians for he is a corrupt person who pocketed millions of rupees while he was welfare officer in Shimla in 1980s. He was demoted from his post after the corruption scandal in Shimla. Further more he was kicked out from CST Mussoorie for stealing clothing goods from school store by the then school principal Jigme Taring in 1960s. At the time his name was Kongpo Lodoe. Every ex-Mussoorie school at the time knows this unforgettable episode. He has become a Kalon with sheer qualification of being a lap dog of Lobsang Sangay.
Knowledgeable people know how he has performed so far as Nangsi Kalon as compared to his predecessor Gyari Dolma. He is a jerk for obstructing a post which could be used fruitfully for the welfare of exile Tibetans in India and Nepal. What a waste for CTA, Oh my God.
Lobsang senge or Sangay declare that, we can fight in USA courts. Now guys let’s start to complain as a USA citizen to FBI & IRS.
དོན་གྲུབ་བཀྲ་ཤིས་ཟེར་བའི་མི་འདིས་སྐད་ཆ་ངོ་རྒོལ་མཐའ་གཅིག་ཡོད། འདི་རིགས་ནི་དབུ་མའི་ལམ་དང་བོད་པ་ཕན་པའི་སྐད་ཆ་མ་རེད། དོལ་རྒྱལ་དང་རྒྱ་དམར་གྱི་སྐུ་ཚབ་རང་རེད། དེ་རིང་མི་དེ་ལ་རྩམ་ཟན་ཡོངས་ཀྱིས་གཟབ་གལ་ཆེ
འདི་ནང་མཆན་འདེབས་མཁན་ཚང་མར་ཆ་འཇོག་དགོས་ལེ་མ་རེད། ཁ་ཅིག་འཕྲལ་ཕུགས་རྒྱང་གསུམ་དང་རྒྱབ་མདུན་ཚང་མར་དཔྱོད་མི་ཤེས་མཁན་གྱི་ཁྱི་སྐད་རྒྱག་མཁན་ཞེ་གཅིག་རེད། ཡང་ལ་ལ་ཞིག་ཆོལ་ཞེན་ཁོ་ནས་བཟི་སྟེ་མི་རིགས་སྤྱིའི་ཚེ་སྲོག་གཅོད་པ་ཤེས་ཀྱི་མེད་མཁན་རེད། ཡང་ཁག་ཅིག་དོལ་རྒྱལ་རྗེས་འབྲང་བ་དང་རྒྱ་མིའི་རྒྱུགས་ཁྱི་སྟེ་རྐང་བཙུགས་ནས་རྙོག་གླེང་འབུད་པར་བརྩོན་མཁན་རིགས་རེད། ཁག་ཅིག་བློ་གཟུ་བོར་གནས་མཁན་རེད། གོང་གི་མཆན་འདིའི་ནང་དེ་དག་ཚང་མ་འཛོམས་འདུག
རྩོམ་ཡིག་འབྲི་མཁན་དེའང་དེ་འདྲ་ཞིག་རེད། དོན་འགྲུབ་བཀྲ་ཤིས་ཟེར་བའི་མི་བུ་དེ་དངོས་ནས་མི་ཚད་ལྡན་ཞིག་རེད། ཁོང་གིས་བོད་ཀྱི་དུས་བབ་གསར་ཁང་མུ་མཐུད་འཛིན་སྐྱོང་གནང་གི་ཡོད། བོད་ཀྱི་དུས་བབ་ཚགས་པར་དང་དྲ་ལམ་ལ་རྒྱ་མི་ཧ་ཅང་མིག་ཚ་བཞིན་ཡོད། ད་ལྟ་ཁོང་ལ་སྐྱོན་བརྗོད་མཆན་འདེབས་པོ་རྣམས་ཀྱང་རྒྱུ་མཚན་ཅི་ཞྀག་གིས་ཡིན་མིན་ཞིབ་ཏུ་དཔྱད་དགོས།
དབུ་མའི་ལམ་ཟེར་བ་དེ་བོད་གཞུང་གི་ད་ལྟའི་ཆབ་སྲིད་ཀྱི་སྒྲོམ་གཞི་ཞིག་རེད། དེ་རྒྱ་ཆེ་བོད་མི་དམངས་བརྒྱ་ཆ་གོ་དགུ་ཡི་མངོན་འདོད་ཀྱང་རེད། བོད་མི་དམངས་ཀྱིས་རང་བཙན་ལས་ཆབ་སྲིད་ལྟ་གྲུབ་འདི་ལ་གྲུབ་འབྲས་ཤིག་ཡོད་པར་གཟིགས་ནས་འདེམས་པ་རེད། དེར་བརྟེན་དོན་འགྲུབ་བཀྲ་ཤིས་ཀྱིས་བོད་གཞུང་གི་ཆབ་སྲིད་ལངས་ཕྱོགས་དབུ་མའི་ལམ་འདིར་གྲུབ་འབྲས་མི་འདུག་ཟེར་མཁན་ཚོར་མངོན་པ་མི་གསལ་བའི་གྲུབ་ཡོད་ཚུལ་ཞིག་གླེང་བ་དེ་ཀུན་སློང་གི་རྒྱབ་རྟེན་གཞུང་གི་སྲིད་བྱུས་དེ་ཡང་ཅིག་ཡིན་པར་སྒྲུབ་པ་ལས་གཞན་ཅང་མེད་མོད། འདི་ནས་མི་ངན་ཞིག་གིས་ཅི་ཞིག་ལ་བསྙད་འཚོལ་བ་ལྟར་སྐྱོན་བརྗོད་འདི་ལྟར་བྱས་པ་ལ་དངོས་ནས་བློ་ཕམ་དང་བཅས་ལས་འབྲས་ཀྱི་ལ་ཡོགས་ཡོང་ངེས་ཨ་ཞེས་བརྗོད་འདོད་བྱུང་།
ཡང་དག་ཅིག་
སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བོད་ནང་དུ་རྒྱ་ནག་གིས་བོད་ལ་ཕན་པའི་ལས་ཀ་མང་དག་ཅིག་མི་བྱེད་རང་བྱེད་ཆགས་པ་རེད་ཅེས་གསུངས་པ་རེད།
དེའི་ནང་གི་དཔེར་མཚོན་གཅིག་ནི་དེ་སྔ་བོད་ཕྲུག་རྣམས་སློབ་གྲྭར་འཇུག་རྒྱུར་ཕ་མས་དགའ་བོ་བྱེད་ཀྱི་མེད་པ་ད་ལྟ་རྒྱ་ནག་གིས་སློབ་གྲྭར་མ་བཞག་ན་མི་ཆོག་པ་བྱས་ཏེ་ཁྲིམས་ཐོག་ནས་བྱིས་པ་སློབ་གྲར་འཇུག་དགོས་པ་བཟོས་ཡོད་པ་དང་། ས་གནས་རང་སྐྱོང་ས་ཁུལ་ནས་བོད་ཡིག་བོད་སྐད་ལ་རྒྱ་ནག་གི་ཁྲིམས་ཀྱིས་བདག་པོ་རྒྱག་བཞིན་པ་སོགས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ནུས་པ་ཞིག་རེད་ཅེས་གསུངས་པ་རེད། དངོས་གནས་བདེན་པ་རེད། ག་རེ་འགྲིག་མི་འདུག འདྲེ་གླེན་པ་ཟེར་བ་འདི་དོན་མེད་དུ་ཟུག་གི་འདུག ཡང་ན། ལས་འགན་ཞིག་འཁྱེར་ནས་མ་ཉེས་ཁ་གཡོགས་བྱེད་ཀྱི་ཡོད་པ་འདྲ།
དབུ་མའི་ལམ་གྱི་སྲིད་ཇུས་བཟུང་བ་ཕྱིར་སྡོད་བོད་རིགས་རྣམས་བོད་ནང་ལོག་ཐུབ་པ་མ་ཟད་བོད་ནང་གི་བོད་རིགས་ཕྱི་ལོགས་སུ་ཡོང་ཐུབ་པ་དེ་དབུ་མའི་ལམ་གཏན་འཁེལ་གནང་རྗེས་ཀྱི་གྲུབ་འབྲས་མང་པོ་ཡོད་པའི་ནང་ནས་གཅིག་ཡིན་པ་དེ་ཤེས་པར་གྱིས།
ཞོར་ནས་དབུ་མའི་ལམ་གྱི་སྲིད་ཇུས་ནི་དེང་དུས་ཚན་རྩལ་འཕེལ་རྒྱས་ཧ་ཅང་མྱུར་བའི་འཛམ་གླིང་འདིའི་ནང་མིག་དཔེ་བཟང་པོ་ཞིག་དང་། ཐབས་ལམ་དེས་རྒྱལ་སྤྱིའི་ཆབ་སྲིད་མཁས་པ་མང་པོས་བསྔགས་བརྗོད་ཞུས་ཡོད་པས་ངེད་ཚོ་བོད་པ་ཚོས་ད་དུང་ཡང་བསམ་བློ་རྗེས་ལུས་ཀྱི་རྣམ་པ་སྟོན་དགོས་དོན་མེད་པར། དབུ་ལམ་སྲིད་ཇུས་ཀྱི་དགོངས་དོན་དང་དམིགས་ཡུལ་སོགས་མགོ་ནག་རྩམ་གཟན་ཡོངས་མི་རེ་ངོ་རེས་ཤེས་དགོས་པ་དེ་གནད་ཀྱི་དམ་པའོ།
འདྲེ་གླེན་པ་ཟེར་མཁན་འདིར་ང་ལ་རྒྱུས་ཡོད། སྔོན་ཆད་སུ་ཇ་སློབ་གྲྭའི་ནང་གི་སློབ་མ་རེད། སློབ་སྦྱོང་དང་སྤྱོད་པ་གཉིས་ཀ་མེད་པ་མ་ཟད། སྒེར་ལ་ལབ་གླེང་མང་པོ་ཡོད་མཁན་ཞིག་ཡིན། དེང་སྐབས་ཨོ་སི་ཌོ་ལི་ཡར་ཡོད་པ་པ་རེད། ཀླུ་མཁར་བྱམས་ཀྱི་ཨབ་ཕྲུག་ཅིག་རེད། ཉེ་ལམ་ཀླུ་བྱམས་ཨོ་གླིང་དུ་འབྱོར་མ་ཐག་ཁོའི་མདུན་ལ་རྒྱུག་ནས་ཁྱིའི་རྔ་མ་ས་ལ་རྡབ་བཞིན་ཡོད་པ་དེ་རེད།
བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པ་དང་བོད་མི་མང་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་གི་གཏམ་བཤད་དེ་ཧ་ཅང་གནད་དུ་འཁེལ་བ་ཞིག་རེད། སེམས་ངོར་འབབ་པའི་དབུ་མའི་ལམ་ལ་འགྲེལ་བཤད་ཅིག་དང་། བློ་སེང་གི་བྱས་ཉེས་ལ་ཐེར་འདོན་གནད་དུ་སྨིན་པ་ཞིག་གནང་སོང་། ཐུགས་རྗེ་ཆེ།
འོག་གི་དྲ་ཐག་འདིར་གཟུགས་དང་མི་འདྲེ་གླེན་པ་ཟེར་མཁན་འདི་སུ་ཡིན་པ་ཧ་གོ་ཡོང་། https://www.facebook.com/photo.php?fbid=1403727546422844&set=t.100003568354541&type=3&theater
བོད་ཕྱི་ནང་གི་སྤྲེལ་རིགས་སྤུན་ཟླ་སེམས་ཁུར་ཅན་རྣམ་པ་ལ་ཞུ་རྒྱུ།
གོང་གི་དཀྲུག་ཡིག་ཁ་བྱང་ལྗིད་ཚད་ཅན་དེ་ལ་ཆ་འཇོག་དགོས་བ་ཞིག་མི་འདུག། རྒྱུ་མཚན། དོན་འགྲུབ་བཀྲ་ཤིས་ཟེར་བས་དཔའ་བོའི་རོ་ཐོག་ལ་བྲོ་འཁྲམ་བཞག་པའི་སྐད་ཆ་དང་ཕུགས་ངན་བཅངས་བཞག་པའི་ཚིག་ཐོ་གཅིག་ལ་གོ་རྒྱུ་མི་འདུག། ལྷན་རྒྱས་ནས་གོ་ཡོང་གི་རེད།
ཡིག་འཆལ་འདི་འདྲ་ཞིག་འབྲི་དགོས་བའི་རྒྱབ་མདུན་འདི་འདྲ་ཞིག་རེད་ཟེར།
ཨོ་སི་ཏྲི་ལས་ཡ་ཡི་རི་སྔོན་པོ་ཟེར་ས་ཞིག་ན། གཡག་རྐུན་ཀླུ་མཁར་བྱམས་དང་། བསང་ཁྱི་འབྲུག་བྷེ། ཤེལ་དགེ་འདྲེ་གླེན་གསུམ་གྱིས་ཁྱི་སྤྱང་ངན་འགྲོག་གིས། ཁ་ལ་རང་བཙན་ཁྱེར་ནས། ང་ཚོའི་བླ་མ་རྒྱལ་བ་རིན་པོ་ཆེ་ལ་ངོན་ལྐོག་གང་རུང་ནས་ཟུར་ཟ་བྱེད་པའི་བྱ་བ་རྩོམ་པ་དང་། མཐུང་ཆུང་སོགས་བྱས་ནས་འདུག་རྒྱུ་ལས། ནུས་བ་དང་དཔྱོད་པ་ཅན་གང་ཡང་རེད་མི་འདུག་ཟེར།
ད་ལྟ། གཡག་རྐུན་ནང་མི་རྒྱལ་ཁབ་དེའི་སྐྱོབས་གསོ་ལ་བརྟེན་འདུག་ཟེར། འདྲེ་ཁྱི་གཉིས་གས་སྐྱག་ཕྱི་སྡེར་བཀྲུ་འདྲ་བྱས་ནུས་འདུག་པ་ལས། མཐའ་ན་མི་རིགས་ཀྱི་དོན་དུ་སྐྱེས་མེད་བུ་གུ་ཙམ་ཡང་མི་འདུག་ཟེར།
མི་རིགས་ཞིག་གི་བདེ་སྡུག་དང་འཆི་གསོན་སྐྱོབས་པའི་ནུས་བ་རྟུལ་ཙམ་ཡང་མེད་ཚོད་རེད། ཕུགས་རྒྱང་གི་དགེ་ཉེ་མི་ཤེས་པར་ཁ་ནས་ཐོན་ཚད་བོད་ཕྱི་ནང་ལ་འགལ་ཟླ་བཟོ་རྒྱུ་དེ་ཡིན་འདུག།
མི་འདི་ཚོ། སྡེ་བ་དེའི་མྱི་གྲལ་ལ་མེད་པ། རང་གི་ལྷ་གྲལ་ན་མེད་པའི་མི་ལྡོམ་རེ་འགའ་ཡིན་ན། ང་ཚོ་ཆོལ་གསུམ་སྔར་ལྟར་མདུན་དུ་སྤོ་ས་བཙལ་བ་ལས། འདི་ཅན་པོ་སྙོག་སྒྲ་གཅིག་གི་སྒང་ལ་གཉིས། གཉིས་ཀྱི་སྒང་ལ་གསུམ་ཁུར་ཡོང་མཁན་ཚང་མ་ལ་ཡ་མི་བྱེད་པར་ཞུ། ཞེས་གནམ་གྱི་བཀའ་ཡིག་འདི་ཕུལ་ལོ།
གྲོས་ཚོགས་སྐབས་སྤྱི་འཐུས་ཚོས་འགའ་རོགས་ཤིེག་ཤེས་མདོག་གིས་ཞི་འཇུག་དང་གྲ་སྒྲིག་མེད་་པའི་དྲི་བ་ཡ་མ་ཟུང་རེ་བཏང་། སྲིད་སྐྱོང་ནས་དེ་ལས་ཀྱང་ཧམ་པ་ཆེ་ཙམ་བྱས་ཏེ་ལན་འདེབས་ཡ་མ་ཟུང་རེ་བྱས་ཏེ་འཐུས་པ་བྱས་ཏེ་འཇོག་པའི་ལུགས་སྲོལ་ཡོད་པ་དེ་རང་ལས། ད་རེས་ཚོར་སྣང་སྐྱེན་པ་ཅང་མ་བྱུང་ཡང་། དེ་ལས་ཆོས་བརྒྱུད་ཀྱི་སྤྱི་འཐུས་འདི་ཚོའི་གསུང་བཤད་གནང་སྐབས་བཞིན་རས་ཀྱི་རྣམ་འགྱུར་སྟོན་སྟངས། གསུང་གི་གདངས་སྒྲ་ཆེ་ལུགས། ཚིག་མཚོན་འདེབས་སྟངས་འདི་ཚོ་གང་ལ་བལྟས་ཀྱང་། འདི་ཚོའི་གྲས་ལ་དགེ་སྦྱོང་གི་ཆོས་བཞི་ཟེར་བ་དེ་བརྩི་མི་དགོས་པ་ཡིན་ནམ། ཡང་ན་གང་ཞིག་ཡིན་ནམ་སེམས་ལ། ཡང་བསམ་མནོ་གཅིག་གཏོང་སྐབས། འདི་ཚོས་གྲྭ་སར་མཚན་ཉིད་རྩོད་སྐབས་ཀྱི་ཞབས་ཀྱི་སྟངས་སྟབས་དང་། ཕྱག་གི་ཐལ་མོ་འདེབས་སྟངས་། ཕྲེང་བ་གནམ་ལ་འཕྱར་སྟངས་དེ་སྤྱི་འཐུས་ལས་རོགས་ཚོའི་གདོང་ལ་མ་གནང་བ་ཡག་པོ་རེད་བསམ་པ་ཡང་དྲན། དེ་ཚོ་ལ་ལྟོས་ན་ཆོས་དོན་བཀའ་བློན་མཁས་བཙུན་བཟང་གསུམ་འཛོམས་མིན་ཇི་ལྟར་ཡང་། རྣམ་འགྱུར་སྟོན་སྟངས་དང་། ཞི་དུལ་བཅོམ་སྐྱུང་གི་གསུང་སྟངས་གིས་ཡིད་དབང་འཕྲོག་པ་ཞིག་ཀྱང་བྱུང་། ཚོར་སྣང་ཙམ་ཞིག་བྲི་ཐལ་སོང་པར་ནོར་ན་མཐོལ་ལོ་བཤགས།
དབུ་མའི་ལམ་ལ་ཚད་ངེས་ཅན་གྱི་མྱོང་ཚོར་ཡོད་པའི་སྐུ་ཞབས་དོན་འགྲུབ་ལགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་དབུ་མའི་ལམ་ཅི་ཡིན་འདི་ཡིན་མི་ཤེས་བའི་གང་ཟག་བློ་ཁོག་ཅན་མང་པོ་ཡོད་ཚོད་འདུག་ད་རུང་ཁ་ནས་དབུ་ལམ་གྱི་སྒྲ་དབྱངས་ཆད་མ་མྱོང་བའི་བླུན་རྒན་མང་པོ་གྲོས་ཚོགས་ར་སྐོར་ནས་ཡོད་པའི་གོ་ཐོས་བྱུང་ཧ་ཅང་གི་ཐབས་སྐྱོ་བོ་རེད། ན་གཞོན་ཤེས་ལྡན་གྱི་མི་བུ་གང་མང་མང་ཞིག་གྲོས་ཚོགས་འདིར་འཛོམས་ཐུབ་བྱུང་བའི་དུས་ཚོད་ཞིག་ཡོད་སྲིད་མོད་་་སྐབས་དེ་དུས་ཀྱི་གྲོས་འཚོགས་ར་བ་ནི་རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་ཡོད་པའི་ཚད་ལྡན་གྱི་གྲོས་ཚོགས་ཞིག་ལ་དངོས་འཛིན་ཡོད་མ་གཏོགས་དེང་སང་གི་ར་སྐོར་དེ་ད་ཤེས་འཇོན་མེད་པའི་ཁར་ཕྱོགས་ཞེན་དང་འཐབ་རྩོད་ལ་མཁས་བའི་ཕྱོགས་ལྷུང་ཅན་གྱི་སྐུ་དྲག་མི་དྲག་དག་གི་ནད་རྙིང་ལས་གྲུབ་པའི་ནད་གཞི་སླར་གསོ་བྱེད་སའི་ཚོགས་པ་ཞིག་ལ་དངོས་འཛིན་ཡོད་དོ།
སུ་བདེན་སུ་རྫིན་སོ་ཧ་ཅང་བཤད་ཚོད་དཀའ་འགོ་སྲིད་སྐྱོང་ནས་མཇུག་མ་ཨ་འགྲིག་ཚེ་བརྟན་བར་དུ་ཚང་མ་སྐྱག་དྲི་ཅན་རྐྱང་རྐྱང་རེད།
སྟག་ཤར་གཞོན་པ་ ཤར་ཕྱོགས་ཁུག་རྟ་སློབ་བཟང་ཆོས་འབྱོར་ལགས་དང་དོན་གྲུབ་བཀྲ་ཤིས་ལགས་ བཀའ་དྲིན་ཆེའོ་ རྒྱལ་ལོ དེ་མིན་གསར་འབྱོར་བ་སེར་རྗེ་གྲ་བ་དེ་དང་གཞོན་སྐྱེ་བ་བད་ེསྐྱིད་གླིང་བུམོ་ལོ་ཆུང་དང་བིར་ཞི་ཆགས་བུ་དེ་གཉིས་ མིག་བལྟ་ མཉོན་ ག་ལེར་རྒྱུག་ དེ་མིན་ཕན་མི་ཐོག་གོ།
མི་གཞི་ལ་དམའ་འབེབས་མཁན་དག་ལ་ཅི་ཡང་བཤད་རྒྱུ་མེད །
བསམ་བློ་ཅུང་ཟད་བོད་མི་རིགས་ཀྱི་རྩ་དོན་ལ་འཁོར་མཁན།
བློ་གཟུ་བོར་གང་ཐུབ་ཀྱིས་གནས་ཨེ་ཐུབ་ལྟ་མཁན།
བོད་ནང་ཁུལ་ལ་རྒྱུས་ལོན་ཅུང་ཟད་རེ་ཡོད་མཁན་རྣམས་ལ་ཞུ་འདོད་པ་ག་རེ་ཡོད་ལབ་ན། རྒྱ་ནག་གཞུང་གིས་དྲིལ་བསྒྲགས་ཀྱི་ཆེད་དུ་བོད་ནང་གི་གནད་ཡོད་མི་སྣ་ཚོར་མགོ་ལ་མེ་མདའ་བཙུགས་ནས་རྒྱ་གཞུང་གིས་བོད་ནང་ལ་འཛུགས་སྐྲུན་བྱེད་ཀྱིན་ཡོད་པ། སློབ་གྲྭ་རྒྱག་གིན་ཡོད་པ་སོགས་གསར་ལམ་ཁག་ལ་བཤད་བཅུག་གི་ཡོད་པ་རེད་མོས། ཁོང་རྣམས་པས་ལུས་སྲོག་བློས་གཏོང་དགོས་ཐུག་ཀྱང་བོད་མི་རིགས་ཀྱི་སྙིང་ལ་གནོད་པའི་སྐད་ཆ་དེ་འདྲ་ཤོད་གི་ཡོད་པ་མ་རེད། འདི་འདྲའི་ཐབས་སྡུག་གི་སྐད་ཆ་བཤད་ན་ཁྱེད་ཅག་གི་སྙིང་ལ་ཕོག་གི་མི་འདུག་གམ ། ད་དུང་ཡང་སྣང་བ་རྒྱ་ཡན་དུ་གཏོང་ཕོད་ཀྱིན་འདུག་གམ ། ལྷག་པར་པར་དུ་བཙན་བྱོལ་གྱི་བློ་སེང་དང་སྤེན་ཚེ་ཕྱོགས་གཏོགས་དག་གིས་སྒེར་དོན་གྱི་ཚོར་བ་ཤིན་ཏུ་ནས་འབར་བཞིན་པའི་སྐབས་ཐོག་འདི་འདྲ་ལ་གཞི་ལུས་རྒྱ་ཆེ་མི་མང་ཁོ་ཅག་གི་རྩེད་སྤྱད་བྱས་ན་རྒྱུ་འབྲས་ཀྱི་བདག་པོ་དག་གིས་བཟོད་ཀྱིན་འདུག་གམ །
ད་དུང་གསལ་འདེབས་དགོས་པ་ཞིག་ལ་དྲྭ་འབུ་སྐོར་ཞིག་གིས་བདག་ལ་ནམ་ཞར་དུ་༸གོང་ས་མཆོག་ལ་ཟུར་ཟ་བྱེད་གི་ཡོད་རབས་ཤིག་བཤད་གི་འདུག བདེན་དཔུང་སྟོན་རྒྱུ་ཡོད་དམ། ༸གོང་ས་མཆོག་བློ་སེང་དང་སྤེན་ཚེ་ནང་བཞིན་དགོས་དུས་བཀོལ་མི་དགོས་དུས་གཡུགས་ཏེ་སྒེར་དོན་སྒྲུབ་བྱེད་ཅིག་དང་མི་ནག་པོ་བཟོ་སྤྱད་ཅིག་རེད་དྲན་གྱི་འདུག་གམ ། དོན་དམ་པར་༸གོང་ས་མཆོག་གི་མཚན་གནས་ལ་གནོད་པའི་ལས་ཀ་བྱེད་མཁན་བློ་སེང་དང་སྤེན་ཚེའི་ཕྱོགས་གཏོགས་དག་ཡིན་པ་ལས་གཞན་ན་མེད་པའི་གསལ་འདེབས་ཙམ་ཞུ་འདོད་བྱུང་།
སྐབས་བཅུ་གཅིག་(༡༩༩༡)སྐབས་ནས་གཏན་ལ་ཕབ་པའི་བཅའ་ཁྲིམས་རིན་པོ་ཆེ་ དེ་སློབ་དཔོན་༧ཟམ་གདོང་རིན་པོ་ཆེ་དང་དེ་མིན་སྤྱི་མཐུས་མཁྱེན་པ་པོ་ནས་སྒྲུབས་ཞག་པ་ཞིག་ལ་ ཁྱོད་སྤྱི་མཐུས་བློ་བཟང་གྲགས་པ་ནས་ གཅིག་གཉིས་གསུམ་ གང་བཤད་གི་ཡོད། 👎🏿👎🏿👎🏿👎🏿👎🏿👎🏿
Lobsang sengay and Kador can be reported to IRS for tax fraud. Evidence were provided by himself in letter as well as in tape. Tax fraud is serious crime in USA.
Lets see how Lobsang sengay and Kador can respond to IRS. Both of them might end up in jail or their green card revoked.
please follow below to report to IRS:
If you believe that someone is violating federal tax laws, the best way to report to the IRS is by filling out a 3949-A form. Fill out and print the form and mail it to the Internal Revenue Service Center, Stop 31313, Fresno, CA 93888. Another way to report IRS fraud is to call the IRS at 1-800-829-1040 for the Criminal Investigation Hotline in your area. Failure to file tax returns is a form of tax evasion. Tax evasion amounts to using illegal means to avoid paying owed taxes, and is a federal crime.
You may also want to report an individual or business for tax fraud. Tax fraud can consist of a variety of different activities designed to reduce or eliminate taxes owed by an individual or business. Examples of tax fraud include under-reporting income, keeping two sets of books, claiming personal expenses as business expenses, claiming other false deductions, or hiding or transferring assets or income. You may also use the form 3949-A to report IRS tax fraud, just print and fill out the form and mail it to the Internal Revenue Service Center, Fresno, CA 93888.
The form 3939-A requests a significant amount of information pertaining to the individual you are reporting. Among other things, you will need to provide the name and address of the tax payer. You should also be prepared to submit any documents that you have that will substantiate your claims, or you must indicate that you don’t have access to any documentation. Significantly, while you may provide your name and address, it is not required that you identify yourself. Therefore, the form 3939-A may be used to report tax fraud or evasion anonymously.
If you are unsure whether you need to file taxes or you have another question and would like to make sure that you could not be held criminally responsible for tax evasion or tax fraud, you should consult a tax attorney or a tax specialist. It is always recommended that you consult with a tax professional to protect yourself and avoid undesirable criminal or civil penalties in the future.
བོད་མི་མངས་དེ། དམངས་ལ་ཤོར་འདུག བོད་མཁས་པ་དག་གིས་བྲིས་པའི་མིང་ཚིག་ལ་རྟོག་དཔྱོད་སྤུ་ཉག་གཅིག་ཙམ་ཡང་མེད། བོད་མི་དམངས། ཞེས་འབྲི་བ་ཕོད་དམ།
Thinley Woeser, from Minnesota,US, says:
on 21 March 2018 at 5:36 pm
Tashi Namgyal would have performed much better than this [MP Tsewang Rigzin].
He thinks the bully pulpit provides him chance to spew venom on people with whom he has disagreement. More than anger and disappointment, I pity him. This platform test the character of each and everyone including that of Kalons. He failed miserably. The bar is not high. Yet, he could not measure himself up to it.
Another person who failed miserably is Dorjee Tseten. Horse he rode is SFT, the knife he pulled is Khampa’s. His enemy is fellow parliamentarian, slogan he pretended to raise is against China. What even a child can see his hypocrisy. What a miserable politician!
ད་ལྟ་རང་ཤོག་བུའི་སྟེང་ཁྱེད་རང་གི་དངོས་མིང་ཤེལ་དགེ་འདུན་ཚེ་རིང་དང་སྙུག་མིང་འདྲེ་གླེན་པ་ཞེས་བྲིས་ནས་སྐྱག་པ་འཛེར་འཛེར་གྱི་བུའི་སྐུབ་ཕྱིས་ཡིན། སྐྱིད་པོ་གཏོང་།
དེ་རིང་ངས་རྩོམ་འདིའི་མཆན་ཚང་མ་བཀླགས་པ་ཡིན། དེ་དག་གི་ནང་ནས་ལན་འདེབས་འདོད་པ་ནི་མཆན་༡༧་པ་དཔའ་དོན་ཞུ་བའི་མཆན་དེ་དང་གཞན་གཅིག་བྱུང་། དེ་མིན་རྣམས་ནི་བློ་བཟུ་བོར་མིན་གནས་པའམ་ནང་དོན་མ་རྟོགས་པ་ཤ་སྟག་ཏུ་མཐོང་། ལྷག་པར་དུ་འདིར་ཨིན་ཡིག་ཐོག་གི་མཆན་དེ་ཚོར་རིན་ཐང་མ་མཐོང་།
དཔའ་དོན་ལགས་ཀྱིས་གསུང་ཚིག་ལས་ཁོ་རང་གཟུ་བོར་གནས་ནས་གསུང་གི་མེད་དམ་སྙམ་པ་བྱུང་བས་བསམ་ཚུལ་ཞིག་ཞུས་ན། “སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བོད་ནང་དུ་རྒྱ་ནག་གིས་བོད་ལ་ཕན་པའི་ལས་ཀ་མང་དག་ཅིག་མི་བྱེད་རང་བྱེད་ཆགས་པ་རེད་ཅེས་གསུངས་པ་རེད།”་ཅེས་ཁོང་གི་སྡོམ་བརྒྱབ་པ་དེ་རེད། ངས་བལྟས་ན་དེ་འདྲ་ཡིན་གྱི་མ་རེད་བསམ། “དེ་སྔ་བོད་ཕྲུག་རྣམས་སློབ་གྲྭར་འཇུག་རྒྱུར་ཕ་མས་དགའ་བོ་བྱེད་ཀྱི་མེད་པ་ད་ལྟ་རྒྱ་ནག་གིས་སློབ་གྲྭར་མ་བཞག་ན་མི་ཆོག་པ་བྱས་ཏེ་ཁྲིམས་ཐོག་ནས་བྱིས་པ་སློབ་གྲར་འཇུག་དགོས་པ་བཟོས་ཡོད་པ་དང་། ས་གནས་རང་སྐྱོང་ས་ཁུལ་ནས་བོད་ཡིག་བོད་སྐད་ལ་རྒྱ་ནག་གི་ཁྲིམས་ཀྱིས་བདག་པོ་རྒྱག་བཞིན་པ་སོགས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ནུས་པ་ཞིག་རེད་ཅེས་གསུངས་པ་རེད། དངོས་གནས་བདེན་པ”་མ་རེད། དེ་ངས་ཀྱང་ཤེས་ཀྱི་ཡོད། སྤྱིར་ན་བུ་ཕྲུག་རྒྱའི་སློབ་གྲར་བཏང་བ་དེ་བོད་ལ་ཕན་པའི་བྱ་བ་ཞིག་མིན་པ་ཀུན་གསལ་རེད་ལ། གང་ལྟར་སློབ་གྲར་མ་བཏང་ན་ཉེས་པ་གཏོང་བ་དེ་དབུ་མའི་ལམ་ཟེར་བའི་ཐ་སྙད་ཙམ་ཡང་མེད་པའི་སྐབས་སུ་ང་རང་བོད་ལ་ཡོད་པའི་སྐབས་སུ་ནས་ཡོད་པ་ངས་ཤེས། འདི་ལྟར་བཙན་གྱིས་འཐེན་ནས་འགྲེལ་ན་བོད་“བཅིང་གྲོལ”་བཏང་བ་ཡང་དབུ་མའི་ལམ་གྱི་བཀའ་དྲིན་རེད་ཅེས་འགྲེལ་ཀྱང་མི་ཐུབ་པ་ཅི་ཡོད། དེ་མ་ཐུབ་རུང་པན་ཆེན་རིན་པོ་ཆེ་སོགས་བཙོན་ནས་ལྷོད་པ་སོགས་ནི་དབུ་མའི་ལམ་གྱི་བཀའ་དྲིན་རེད་ཅེས་ཅིའི་ཕྱིར་འགྲེལ་མི་ཐུབ། མདོར་ན་རྒྱ་ནག་ནང་གི་བཟང་ཕྱོགས་ཀྱི་འགྱུར་བ་ཚང་མ་དབུ་མའི་ལམ་གྱི་བཀའ་དྲིན་ཡིན་པར་འགྲེལ་ན་དེ་ལྟར་དུ་གཞན་དུ་འགྲེལ་རྒྱུ་མེད་པ་ག་ལ་ཡིན། གང་ལྟར་བཀུར་འོས་སྤྱི་འཐུས་ཁོང་གི་བཀའ་མོལ་དེར་ཁོང་ཁྲོ་མ་ལང་རུང་གད་མོ་ངོ་འཆོར་འོས་པ་ཞིག་རེད། མའོ་ཡི་སྐབས་སུ་བོད་ནང་དུ་བྱེད་རྒྱ་མི་ཡོངས་ཀྱིས་བོད་ཡིག་བོད་སྐད་སྦྱོང་དགོས་པའི་བཀའ་ཡོད་ཡོད་པ་རེད།