དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ནས་འདྲེན་བཀོད་ཞུས།
བོད་མི་མང་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནས་སྤྱི་འཐུས་སྒེར་གྱི་གསལ་བཤད་ལས་རིམ་ནང་། རང་ཉིད་ཀྱི་ལངས་ཕྱོགས་རང་དབང་རང་བཙན་གཙང་མ་སླར་གསོ་ཡོང་བར་རྒྱབ་སྐྱོར་བྱེད་རྒྱུ་ལས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ད་བར་གྲོས་ཚོགས་ནང་རྒྱབ་སྐྱོར་ཞུས་པ་དེ་དག་དེ་རིང་ནས་ཕྱིར་འཐེན་ཡིན་ན་དེ་དོན་གྲོས་ཚོགས་ནས་ངོས་འཛིན་གསལ་པོ་གནང་རོགས་སོགས་སྤྱི་འཐུས་སྒེར་གྱི་གསལ་བཤད་བྱས་ཡོད་པར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་འགྲེལ་བརྗོད་ཁ་གསལ་གནང་དོན།
གནས་ཚུལ་ཞིབ་རྒྱས་འདི་ནས་གཟིགས་http://bod.asia/2013/03/སྤྱི་འཐུས་སྒེར་གྱི་གསལ/
དོགས་གཞི་ཅན་གྱི་”སྤྱི་འཐུས་སྒེར་གྱི་གསལ་བཤད།”
སྤྱི་འཐུས་སྒེར་གྱི་གསལ་བཤད་ནི་སྤྱི་འཐུས་རང་ཉིད་ཀྱིས་གཞུང་གི་ལས་དོན་ཐོག་གལ་ཆེའི་སྤྱི་སྨན་དགོངས་ཚུལ། མཁས་མཛངས་འཕྲུལ་གསུམ་ལྡན་པ་གནང་རྒྱུ་སོགས་ཀྱི་ཆེད་ཆ་རྐྱེན་བསྐྲུན་པ་ཞིག་ཡིན་ཡང། ཚིག་སྦྱོར་སྙན་མོ་དང་ཁ་བདེ་བོ་ཁོ་ནས་བོད་སྤྱིའི་རྩ་དོན་གྱི་གནས་བབ་ངོ་མར་རྒྱབ་འགལ་འགྲོ་གཞིའི་དགོངས་ཚུལ་བཏོན་པ་ཡིན་ན། དེ་ལ་སྤྱི་འཐུས་སྒེར་གྱི་གསལ་བཤད་ཅེས་པའི་མིང་ཐོག་གི་མེད་པ་ནི་གསལ་བོ་ཡིན་པ་ལྟར། དེ་རིང་གྲོས་ཚོགས་ནང་ཀརྨ་ཆོས་འཕེལ་གྱིས་སྤྱི་འཐུས་སྒེར་གྱི་གསལ་བཤད་ལ་ཁ་གཡར་ནས་༧གོང་ས་ཆེན་པོར་སྐུར་འདེབས་དང། རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་ཐུགས་འདུན་འགྱུར་མེད་སྟེང་ཆེད་མངགས་སྐྱོན་བརྗོད་ཡོང་ཆེད་གསལ་བཤད་ཅེས་པ་བཏོན་པ་འདུག་པ་འདི་དབུ་མའི་ལམ་ཞུགས་པ་ཚོས་རྩ་བ་ནས་ངོས་ལེན་ཕར་ཞོག ཆེད་མངགས་དཀྲོགས་གཏམ་དཀྲུགས་སློང་གི་གཞི་རྩ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།
༧གོང་ས་མཆོག་ཞལ་ཞེ་མི་མཚུངས་བར་གསུངས་པ་འདི་སྐྱག་རྫུན་ཡིན་པ་མ་ཟད། སྐད་ཆ་འདིས་ཀརྨ་ཆོས་འཕེལ་ཟེར་བ་འདི་ནི་བོད་ཀྱི་རྩ་དོན་ལ་ཅི་ཙམ་ལྷག་བསམ་ཡོད་མེད་བཤད་དཀའ་བ་ཞིག་ཡིན་པ་རང་བཞིན་གྱིས་གསལ་སྟོན་བྱས་འདུག ཁོང་གི་སྐད་ཆ་འདི་དག་གིས་བོད་མིའི་ཆིག་སྒྲིལ་ལ་གནོད་ཅིང། གཞུང་འཛིན་སྲིད་སྐྱོང་གི་འབྲེལ་མོལ་ཆོད་སེམས་ལ་གཟས་ནས་བར་ཆད་བྱེད་པ། དབུ་མའི་ལམ་ནས་རང་དབང་བདེན་མཐའ་གསལ་རྒྱུར་ཐད་ཀར་གནོད་པ་བཅས་རེད་འདུག་ན། འདི་ནི་མང་གཙོའི་ཐོབ་ཐང་ནང་གི་ཆབ་སྲིད་ལངས་ཕྱོགས་ཀྱི་གདམ་ག་གསལ་སྟོན་བྱེད་པའམ་འདེམས་པའི་བྱ་སྤྱོད་ཅིག་མིན་པར། སྤྱི་མོས་ཀྱིས་གཏན་འབེབས་བྱས་པའི་མི་མང་གི་མངོན་འདོད་དབུ་མའི་ལམ་ལ་འཆར་གཞི་ཡོད་པའི་སྒོ་ནས་དཀྲོགས་རྐྱེན་བཟོ་སེམས་ཡིན་པ་གསལ་བོ་རེད་འདུག་པས། བཙན་བྱོལ་བོད་མིའི་མངོན་འདོད་ལ་བརྩི་བཀུར་མི་བྱེད་པའི་སྤྱི་འཐུས་འདི་རིགས་ཀྱི་གསལ་བཤད་ལ་ཚོགས་གཙོ་མཆོག་གིས་འགན་དབང་གཞིར་བཟུང་གཏན་འགོག་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་དང། ཕྲན་རང་གྲོས་ཚོགས་ཀྱི་འགྲོ་ལུགས་ཤེས་པའི་ཟུར་ཉན་མཁན་ཞིག་གི་ཆ་ནས་ཞུས་ན། དེ་རིང་ཚོགས་གཙོའི་ཐག་གཅོད་འདི་ནི་གྲོས་ཚོགས་ཀྱི་དེབ་ཐེར་ནང་གསེར་ཡིག་གིས་འཕྲོ་རྒྱུ་ནི་པ་སྨྲས་མ་དགོས་པ་ཞིག་རེད་འདོད།
སྤྱི་འཐུས་སྒེར་གྱི་གསལ་བཤད་ཟེར་བར་ཁ་གཡར་བ་འདི་དང་འབྲེལ་ནས། དབུ་མའི་ལམ་ལ་ཤེས་ནས་འཇུག་པ་ཁོ་བོས་རྒྱ་གཞུང་ལ་དང་པོ་ནས་འབོད་སྐུལ་ཞུ་འདོད་པ་ཞིག་ནི། རང་བཙན་གཙང་མར་ཁ་གཡར་སྟེ་དབུ་མའི་ལམ་གྱི་འདྲེན་མཆོག་༧གོང་ས་མཆོག་དང། སྲིད་བྱུས་འདིར་ཤེས་ནས་ཡིད་ཆེས་བློ་གཏོད་ཞུ་མཁན་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་ཚེགས་ཁ་ཤས་ཀྱི་ཆོད་སེམས་ལ་ནག་འགེལ་ལོག་འགྲེལ་མི་བྱེད་པའི་རེ་བ་ཞུ་བཞིན་ཡོད་ལ། གལ་སྲིད་སྐད་ཆ་འདི་རིགས་བེད་སྤྱོད་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་སྐྱོན་འདོགས་བྱས་པ་ཡིན་ནའང། བོད་མི་མང་གིས་དུས་གཏན་དུ་ཆེ་མཐོང་དང་ཉན་འཇོག་བྱེད་མི་སྲིད་པས། སྐུ་ཞབས་ཞིས་ཀྱི་གཞུང་གསར་པའི་མགྲིན་ཚབ་པ་རྣམས་ནས་སྔ་མའི་ཅོལ་ཆུང་གི་གཞི་མེད་སྐྱོན་འདོགས་དེ་རིགས་ཅི་ནས་ཀྱང་བསྐྱར་འཁྲབ་མི་བྱེད་པར། རྒྱ་ནག་གི་དོན་དམ་གྱི་རྨི་ལམ་མངོན་འགྱུར་ཡོང་བར་རྒྱ་བོད་གཉིས་སྨན་གྱི་ཕྱག་ལས་གནང་སྐྱོང་ཡོང་བའི་རྨི་ལམ་བཅངས་བཞིན་ཡོད།།
ཤར་ཕྱོགས་ཁུག་རྟས། ༢༠༡༣། ༣། ༢༧། ཉིན་བདེ་ལེགས་སྨན་ཁང་ནས་སྤེལ།།
གྲོས་ཚོགས་ནང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཕྱིར་འཐེན། ༼བོད་ཀྱི་བང་ཆེན་དྲྭ་རྒྱ་ལས་བཤུས།༽
མང་གཙོའི་ལས་འགན་དང་ཐོབ་ཐང་གཞིར་བཟུང་རང་གི་ཐོག་མ་ཉིད་ཀྱི་ལངས་ཕྱོགས་ལྟར་བོད་ཀྱི་རང་དབང་རང་བཙན་གཙང་མ་སླར་གསོ་ཡོང་བར་རྒྱབ་སྐྱོར་བྱེད་རྒྱུ་ལས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ད་བར་གྲོས་ཚོགས་ནང་རྒྱབ་སྐྱོར་ཞུས་པ་དང་དེ་དག་དེ་རིང་ནས་ཕྱིར་འཐེན་ཡིན་ཞེས་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་གསུངས་ཡོད་པ་རེད།
སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་འཚོག་བཞིན་ཡོད་པ་ལྟར། ཟླ་འདིའི་ཚེས་༢༧ ཉིན་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་གྲོས་ཚོགས་ནང་སྒེར་གྱི་གསལ་བཤད་ཅིག་ཕུལ་ཡོད་པའི་ནང་འཁོད་དོན། ཕྱི་ལོ་༡༩༩༡ ལོར་གུས་རང་༧དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཐོག་མར་འདེམས་ཐོན་བྱུང་སྟེ་ལོ་དེའི་ཟླ་བ་༥་ཚེས་༢༩ ཉིན་ལས་ཁུར་དམ་འབུལ་ཞུས་པ་ཡིན། དུས་དེ་ནས་བཟུང་སྟེ་འདི་ལོའི་བར་མི་ལོ་ཧྲིལ་པོ་༢༢་མ་ཟིན་ཙམ་གྱི་རིང་གྲོས་ཚོགས་སུ་བསྟུན་མར་འོས་འདེམས་བྱུང་སྟེ་སྤྱི་དོན་ཐོག་ཞབས་ཕྱི་མི་དམན་ཙམ་ཞིག་བསྒྲུབས་ཡོད་ཁུལ་ཡིན། དུས་ཡིན་དེའི་ནང་སྤྱི་ལྷད་གྱི་ཚོགས་གཙོ་ཐེངས་གཉིས་དང་། བར་བརྒལ་དམ་འབུལ་ཚོགས་གཙོ་ཐེངས་གཅིག་ཀྱང་ཞུས་ཡོད།
གསལ་བཤད་ཀྱི་ཐོག་མར་གྲོས་ཚོགས་སུ་དོ་ནན་གྱིས་ཞུ་རྒྱུར། ཆོས་ཕྱོགས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རང་ཉིད་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་མཚུངས་ཟླ་མ་མཆིས་པ་དང་། གཞིས་བྱེས་བོད་མི་ཡོངས་ཙམ་མིན་པར་ས་སྟེང་༧རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་བླ་ན་མེད་པའི་དབུ་ཁྲིད་གཅིག་ཉིད་ཡིད་པ་ཡིད་གཉིས་མེད་པའི་ངོས་འཛིན་དང་། གུས་བརྩི། སྤྲོ་སེམས་འཁོལ་བའི་དད་མོས་བཅས་ཞུ་བཞིན་ཡོད་པ་དེ་ལ་དུས་ནམ་ཡང་འགྱུར་བ་ཡོང་མི་སྲིད།
ཆབ་སྲིད་ཀྱི་ཐོག་ནས།ཕྱི་ལོ་༢༠༡༡ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལྕི་བཟློག་མེད་ཕེབས་ཏེ་གང་ཉིད་ཀྱི་བོད་མིའི་ཆབ་སྲིད་དང་འཛིན་སྐྱོང་དབུ་འཁྲད་ཀྱི་མཛད་འགན་ཡོངས་རྫོགས་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་འགོ་འཁྲིད་རྣམས་ལ་རྩིས་སྤྲོད་གནང་བཞེད་ལྟར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞིར་བསྐྱར་བཅོས་ཐེངས་༢༥་པའི་ཐོག་ནས་འགྱུར་བ་ཅི་ཆེ་ཞིག་སོང་ཡོད། དེ་ཐོག་ནས་ད་ཆ་༧གོང་ས་མཆོག་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་དབང་ཆའི་ཆབ་སྲིད་དང་འཛིན་སྐྱོང་གི་དབུ་ཁྲིད་མིན་ཁར་རྒྱལ་ཁབ་ཀྱི་དབུ་འཛིན་གྱི་མཚན་གནང་ཡང་མེད། གོང་གསལ་འགྱུར་བ་མ་སོང་སྔོན་གྲོས་ཚོགས་ནང་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་མགོན་པོ་གང་ཉིད་ནས་བོད་དོན་བདེན་མཐའ་གསལ་ཐབས་སླད་དབུ་མའི་ལམ་གྱི་སྲིད་བྱུས་ལམ་སྟོན་མཛད་པ་རང་གིས་མོས་མཐུན་མེད་ཀྱང་རྒྱབ་སྐྱོར་ཞུས་ཏེ་དེ་དང་འབྲེལ་བའི་གྲོས་ཚཽགས་ཀྱི་སྔ་ཕྱིའི་གྲོས་ཆོད་རྣམས་སྤྱི་མོས་ཕྱིན་ཡོད། དེ་ལྟར་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙིང་ཐག་པ་ནས་གུས་བརྩི་ཡོད་པའི་ཐོག་ནས་ཅི་གསུངས་བཀའ་བསྒྲུབ་ཞུ་རྒྱུར་སྔ་རྗེས་དམ་བཅའ་ཕུལ་ཡོད་པར་བརྟེན་ནས་ཡིན།
ད་ཆ་གནས་སྟངས་མི་འདྲ་བའི་འོག་མང་གཙོའི་ལས་འགན་དང་ཐོབ་ཐང་གཞིར་བཟུང་རང་གི་ཐོག་མ་ཉིད་ཀྱི་ལངས་ཕྱོགས་ལྟར་བོད་ཀྱི་རང་དབང་རང་བཙན་གཙང་མ་སླར་གསོ་ཡོང་བར་རྒྱབ་སྐྱོར་བྱེད་རྒྱུ་ལས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ད་བར་གྲོས་ཚོགས་ནང་རྒྱབ་སྐྱོར་ཞུས་པ་དང་དེ་དག་དེ་རིང་ནས་ཕྱིར་འཐེན་ཡིན་ན་དེ་དོན་གྲོས་ཚོགས་ནས་ངོས་འཛིན་གསལ་པོ་གནང་རོགས་ཞུ་རྒྱུ། ལངས་ཕྱོགས་འདི་དག་གསལ་པོ་བཟོ་དགོས་པར་རྒྱུ་མཚན་གལ་ཆེ་གསུམ་ཡོད་།
༡༽འདས་པའི་ལོ་ངོ་༦༤ རིང་རྒྱ་ནག་གཞུང་ནས་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཕར་ཞོག གདུག་རྩུབ་སོགས་ཀླ་ཀློའི་བྱ་སྤྱོད་ཇེ་ཞེན་ཇེ་སྡུག་ཏུ་བཏང་ནས་ད་ཆ་བོད་མི་ཚོས་རྒྱ་ནག་གཞུང་ལ་རེ་བ་བརྒྱག་ཡུལ་རྩ་བ་ནས་མེད་པར་གྱུར་ཟིན་པ།
༢༽གོང་གསལ་རྒྱུ་མཚན་ལ་བརྟེན་བོད་ནང་གཞིས་བཞུགས་སྤུན་ཟླ་རྣམས་ནས་རང་ལུས་མེར་བསྲེགས་གཙོས་ཞི་བའི་ཐབས་ལམ་འདྲ་མིན་གྱི་ཐོག་ནས་རྒྱ་ནག་དམག་གཞུང་འོག་སྡོད་འདོད་མེད་པར་བོད་ལ་རང་དབང་རང་བཙན་དགོས་པའི་མངོན་འདོད་གསལ་པོར་སྟོན་བཞིན་པ་ར་བོད་མིའི་སྐྱིད་སྡུག་མཉམ་མྱོང་གིས་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་ཞུ་རྒྱུ།
༣༽ཕྱི་ལོ་འདི་བཞིན་སྔོན་༡༩༡༣་ལོར་༧གོང་ས་༧སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་མཆོག་ནས་བོད་རང་བཙན་གཙང་མའི་གནས་བབ་བསྐྱར་བསྣོན་གསལ་བསྒྲགས་མཛད་དེ་མི་ལོ་༡༠༠་འཁོར་བའི་རྩ་ཆེའི་དུས་ཚིག་ལ་གུས་བརྩི་དང་།བཀྲིན་རྗེ་དྲན་ཞུ་རྒྱུ་བཅས་ཡིན།
གསལ་བཤད་འདི་གཞིས་བྱེས་བོད་མིའི་ཆིག་བསྒྲིལ་དང་། རྒྱལ་གཅེས་ལྷག་བསམ་གྱི་སེམས་ཤུགས་གོང་མཐོར་འཕེལ་ཏེ་བོད་ལ་རང་དབང་རང་བཙན་གཙང་མ་སླར་གསོ་ཐུབ་རྒྱུར་མཆོག་གསུམ་རྒྱལ་བ་རྒྱ་མཚོར་སྨོན་འདུན་གདུང་ཤུགས་དྲག་པོས་ཞུ་རྒྱུ་ལགས་ན་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག།་ཅེས་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་སྒྲོགས་སྦྱང་དང་འབྲེལ། ཁོང་གིས་བོད་མི་ཚོར་དགོས་པ་དེ་རང་དབང་རང་བཙན་རེད་བསམ་ནས་ད་ལྟའི་བར་རང་བཙན་གྱི་ལངས་ཕྱོགས་བཟུང་བ་ཡིན་སྐོར་ངོ་སྤྲོད་གནང་སོང་།
དེ་རྗེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་སྤྱི་འཐུས་སྒེར་གྱི་གསལ་བཤད་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ནང་གསལ་ལྟར་གནང་ཡོད་སྐོར་དང་འབྲེལ། ཁོང་གིས་དེའི་སྐོར་གསུངས་དོན། “དེ་རིང་སྤྱི་འཐུས་སྒེར་གྱི་གསལ་བཤད་ནང་དབུ་མའི་ལམ་གྱི་སྲིད་ཇུས་ལ་ད་བར་དུ་གྲོས་ཚོགས་ནང་རྒྱབ་སྐྱོར་བྱས་པ་དེ་རིང་ནས་ཕྱིན་འཐེན་ཡིན། དེ་གྲོས་ཚོགས་ནང་ངོས་གསལ་པོ་གནང་རོགས་ཞེས་གསུང་གི་ཡོད་པ་རེད། ༡༩༩༦ ལོ་ནས་གྲོས་ཚོགས་ནང་མང་མོས་འོས་བསྡུའི་ལས་དོན་དང་འབྲེལ་བའི་ཐོག་ནས་༡༩༩༧ ལོར་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་གྲོས་ཚོགས་ཡིག་ཆ། དེ་བཞིན་གྲོས་ཚོགས་སྔ་རྗེས་སུ་དབུ་མའི་ལམ་དང་འབྲེལ་བའི་ཐོག་ཡིག་ཆ་བཞག་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱོགས་བསྒྲིགས་བྱས་ཏེ། དེབ་བཏོན་པ་དེ་སྤྱི་འཐུས་སྒེར་གྱི་གསལ་བཤད་ཀྱི་ལམ་ནས་ནུས་མེད་གཏོང་ཐུབ་ཀྱི་མ་རེད། མ་འོངས་པར་ཡང་དབུ་མའི་ལམ་གྱི་ལངས་ཕྱོགས་དེ་འགྱུར་བ་མ་སོང་བར་དུ་འགྱུར་བ་འགྲོ་རྒྱུ་ཡོད་པ་མ་རེད་”ཅེས་དབུ་མའི་ལམ་ལ་འགྱུར་བ་འགྲོ་བའི་བརྒྱུད་རིམ་ཡང་གྲོས་ཚོགས་ནང་གྲོས་འཆར་བཏོན་དེ་མང་མོས་འོས་བསྡུ་དགོས་སྐོར་གསུངས་སོང་།
ཚོགས་གཙོས་མུ་མཐུད་གསུངས་དོན། “སྤྱིར་བཏང་བཀའ་ཤག་དང་སྤྱི་འཐུས་ཀྱི་གསལ་བཤད་གང་ཡིན་ཡང་། གསལ་བཤད་གྲུབ་རྗེས་ལམ་ཁ་གསུམ་ཐོག་ལ་ཕེབས་དགོས་པ་རེད། དང་པོ་དེ་སྤྱི་འཐུས་ཀྱི་གྲོས་ཆོད་བཞག་སྟེ་བློ་ངེས་བྱུང་ཞེས་པ་དེར། ད་ཐེངས་བློ་ངེས་བྱུང་སོང་ཞེས་པ་གྲོས་ཚོགས་ཐོག་འཇོག་ཐབས་མེད་པ་དེ་ཚོགས་གཙོ་གཉིས་དང་། ལས་རིམ་ཚོགས་ཆུང་ནས་ཐག་གཅོད་བྱས་པ་ཡིན། གཉིས་པ་དེ་གསལ་པོ་མ་ཆགས་པ་ཞིག་གསལ་པོ་བཟོས་དགོས་པ་རེད། དེ་ཡང་གསལ་པོ་མ་ཆགས་པ་དང་། མ་གོ་བ་གང་ཡང་མི་འདུག་པས་དེ་དང་འབྲེལ་བ་མི་འདུག གསུམ་པ་གསལ་བཤད་དེའི་ཐོག་བགྲོ་གླེང་དགོས་པ་དེ་རེད། དེ་དེང་སྐབས་ཀྱི་གནས་བབས་དང་གང་ཅིའི་ཐོག་ནས་ཏག་ཏག་སྡོད་ཀྱི་མི་འདུག གལ་སྲིད་བགྲོ་གླེང་བྱས་ན་གྲོས་ཚོགས་ཀྱི་གནས་སྟངས་གང་དུ་སླེབས་ཀྱི་ཡོད་མེད་དང་། བོད་ནང་ཛ་དྲག་གི་གནས་སྟངས་ག་འདྲ་ཡོད་མེད་བཅས་ལ་གཞི་བཅོལ་བའི་ཐོག་ནས་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་ཀྱང་མི་དགོས་པ་མཐོང་སོང་”ཞེས་འགྲེལ་བརྗོད་གནང་སོང་། ( ‘2013, 03, 27’ )
བོད་ཀྱི་བང་ཆེན་ནས་འདྲེན་བཀོད་ཞུས།
སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནས་མང་གཙོའི་ཁེ་དབང་དང་འགྲོ་ལུགས་གཞིར་བྱས་ནས་བཤད་འདུག་ཀྱང་ལམ་འགྲོ་རྒྱུ་དཀའ་མོ་རེད། གང་ལ་ཞེ་ན་ད་དུང་གྲོས་ཚོགས་ནི་སྔར་ལྟར་དད་པ་ཅན་དང་། དབུ་མའི་དབང་སྒྱུར་གྱི་གྲོས་ཚོགས་ཡིན་པས་མང་གཙོ་མཚན་ཉིད་ལྡན་པ་ད་དུང་ཆགས་མེད། གལ་སྲིད་མང་གཙོ་མཚན་ལྡན་ཡིན་ན་ཆབ་སྲིད་ཀྱི་ལྟ་བ་མི་འདྲ་བ་ཡོད་ཡོད་རེད། ང་ཚོའི་གཞུང་ནི་དབུ་མ་པ་མིན་ན་ལས་བྱེད་མིན། རང་བཙན་ལྟ་བ་ཡོད་ན་ངོ་ལོག་དང་བཀའ་ལོག་བརྩི་བཞིན་པ་རེད། རང་ཡུལ་དུ་དྲག་མཚོན་འོག་ནས་དར་དམར་ཕབ་ནས་བོད་ཀྱི་རྒྱལ་དར་འཕྱར་ནའང་རང་དབང་ལུང་པའི་མགྲིན་ཚབ་པས་དབུ་མ་ཟེར་ནས་དགྲ་དར་གནམ་ལ་འཕྱར་བཞིན་པ་ནི་ངོ་མ་གཞིས་ལུས་རྣམས་སྙིང་རྗེ་ཡ་རེད། ད་ནི་བཟུང་བཙན་བྱོལ་ལ་བློ་གཏད་བྱས་ཚད་གྱོང་ཡིན་པ་ཤེས་དགོས་གཞིས་བཞུགས་ཁྱེད་ཅག་སེམས་མ་ཕམ་རོགས་སྐུ་མཁྱེན།
ཡང་དམག་འཁྲུག་རྒྱག་རྒྱུའི་མགོ་བཙུགས་ཡོང་གི་འདུག དབུ་མ་དང་རང་བཙན། དབུ་མ་དང་རང་བཙན། དབུ་མ་དང་རང་བཙན། དབུ་མ་དང་རང་བཙན། དབུ་མ་དང་རང་བཙན།
དང་པོ་སྤྱི་འཐུས་ནས་དགོངས་པ་ཞུས། དེ་ནས་རང་བཙན་ལམ་ལ་རྒྱུགས།
སྤྱི་འཐུས་ནས་དགོངས་པ་ཞུས། དེ་ནས་རང་བཙན་ལམ་དུ་རྒྱུགས་ཟེར་དུས་སྤྱི་འཐུས་བྱེད་དགོས་ན་རང་བཙན་གྱི་ལྟ་བ་བཟུང་མི་ཆོག་པ་འདྲ་ཞིག་གོ་གི་འདུག དེ་འདྲ་ཡིན་ན་འོས་འདེམས་བྱེད་དགོས་དོན་མི་འདུག མི་རིགས་ས་ཁོངས་རང་སྐྱོང་གི་ལངས་ཕྱོགས་འཛིན་མཁན་ཁ་ཤས་ཐད་བསྐོ་བྱས་ན་འགྲིག་གི་རེད་པཱ།
དེ་ནས་བོད་ནང་གི་རང་བཙན་གསུངས་ནས་རང་སྲོག་བློས་གཏོང་མཁན་ཚོ་ཡང་ཁ་བྲལ་བ་ཡིན་པའི་གསལ་བསྒྲགས་བྱོས་དང་། དེ་ནས་ཞི་ཅིན་ཕིན་སྲིད་གཞུང་གིས་༼མེས་རྒྱལ་སྲུང་མཁན་གྱི་རྟགས་མ་༽རེ་གནང་ཤས་ཆེ།
ངས་རང་བཙན་ལེན་གོ ང་ལ་སྤྱི་འཐུས་ཀྱི་འོས་བླུགས་ཤོག་ཟེར་ན། བོད་མི་མང་མགོ་སྐོར་གཏོང་ཡེ་ཚིག་ཅིག་ཡིན་པར་ཀུན་གྱིས་ཤེས་པར་མཛོད་ཅིག
རང་བཙན་འཛིན་པ་དང་གླེང་ན་སྤྱི་འཐུས་ནས་དགོངས་པ་ཞུ་དགོས་པས་མང་གཙོའི་ལྟ་གྲུབ་ཞིག་གང་ན་ཡོད་དམ། བོད་རྒན་འདི་ཚོས་འདོད་ཕྱོགས་ཀྱི་སྐད་ཆར་གཞི་འཛིན་ས་ཞིག་ཡོད་ནི་མ་རེད། དགྲ་བོ་དམར་དམག་ལས་བོད་པ་གཞན་དང་གཞན་ཕྱོགས་ཀྱི་ལྟ་ཚུལ་དང་བཤད་ཚུལ་ལ་དགྲ་འཛིན་ནི་རེད།
གོང་གསལ་བཞིན་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་ནས་ད་བར་དབུ་མའི་ལམ་གྱི་ནང་བརྙན་རྫུན་མ་བསྐྲུན་སྟེ་མི་འདོད་བཞིན་དུ་མི་ལོ་མང་པོ་སྐྱེལ་མཁན་གྱི་ཀརྨ་ར་བཟི་དང་དེའི་འདོད་པ་ལ་མོས་མཐུན་མེད་ལ། དེ་ལ་ཆེད་དུ་དམིགས་ནས་སྐྱོན་བརྗོད་དང་ཟུར་ཟ་བྱེད་མཁན་ཏེ་ད་བར་དུ་བཙན་བྱོལ་བོད་གཞུང་གིས་མ་ཤེས་བའི་གཡོ་ཐབས་སྣ་ཚོགས་བེད་སྤྱོད་བྱེད་བཞིན་རྒྱ་དམར་གྱི་དར་ཆ་འཕྱར་ཏེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཁེར་འགྲོ་བྱེད་མཁན་གྱི་ཁྱི་རྒན་ཤར་ཕྱོགས་ཁུག་རྟ་དང་དེའི་འདོད་པ་ལ་མོས་མཐུན་མེད།
སྤྱི་འཐུས་མང་པོ་ཞིག་རང་བཙན་གྱི་ལངས་ཕྱོགས་ཡོད་པ་ཤེས་བཞིན་དུ་འོས་ཐོབ་ནས་སྤྱི་འཐུས་སུ་ཕེབས་ཡོད་པ་རེད། སྤྱི་འཐུས་བཞེངས་སྐབས་ཡང་རང་བཙན་གླེང་བཞིན་བཞེངས་ཡོད་པ་རེད། རང་བཙན་གྱི་ལངས་ཕྱོགས་འཛིན་ན་སྤྱི་འཐུས་ཀྱི་འོས་ཆོས་ཚང་མེད་ཟེར་མཁན་སྒྲོལ་མ་ཚེ་རིང་གིས་སྣེ་ཁྲིད་པའི་དབུས་གཙང་ཚོགས་པ་མ་གཏོགས་བྱུང་ཡོད་མ་རེད། དེ་ལ་ཡང་མངའ་རིས་སྤྱི་མཐུན་ནས་ངོས་ལེན་ཞུས་མེད་པ་རེད། ཆོལ་ཁ་གཞན་གཉིས་ནས་དེ་འདྲ་གསུངས་ཡོད་མ་རེད། བཅའ་ཁྲིམས་རིན་པོ་ཆེར་ཡང་ཆ་རྐྱེན་དེ་རྩ་བ་ནས་ཡོད་མ་རེད།
ཤར་ཁུག་གིས། “ དེ་རིང་གྲོས་ཚོགས་ནང་ཀརྨ་ཆོས་འཕེལ་གྱིས་སྤྱི་འཐུས་སྒེར་གྱི་གསལ་བཤད་ལ་ཁ་གཡར་ནས་༧གོང་ས་ཆེན་པོར་སྐུར་འདེབས་དང། རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་ཐུགས་འདུན་འགྱུར་མེད་སྟེང་ཆེད་མངགས་སྐྱོན་བརྗོད་ཡོང་ཆེད་གསལ་བཤད་ཅེས་པ་བཏོན་པ་འདུག་པ་འདི་དབུ་མའི་ལམ་ཞུགས་པ་ཚོས་རྩ་བ་ནས་ངོས་ལེན་ཕར་ཞོག ཆེད་མངགས་དཀྲོགས་གཏམ་དཀྲུགས་སློང་གི་གཞི་རྩ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།”
སྐུ་ཉིད་ནས་མི་སྒེར་གྱི་བསམ་ཚུལ་ཞིག་ལ་དེ་འདྲའི་ཛ་དྲག་དང་ཚོར་སྣང་བྱུང་བ་ནི་ཡ་མཚན་རེད། མ་གཞི་བོད་མི་ཞིག་གིས་སོ་སོའི་རྒྱལ་ཁབ་ལ་སྐྱོང་བའི་ལོ་རྒྱུས་རང་བཞིན་པའི་གནས་བབས་ཞིག་གླེང་བར་༸གོང་ས་མཆོག་ཐུགས་ཕམ་འགྲོ་བའི་གཞི་ཡིན་པར་སུས་ཀྱང་ཁས་ལེན་མི་ནུས། མ་ཟད་༸གོང་ས་མཆོག་གིས་ཐོག་མཐའ་བར་གསུམ་དུ་དབུ་མའི་ལམ་གྱི་དགོངས་དོན་གསུངས་སྐབས་རང་བཙན་རྩོད་ན་ཁོང་གི་བཀའ་དང་འགལ་བ་ཡིན་གསུངས་པ་ཞིག་ད་བར་མ་མཇལ་ལ། དེ་འདྲ་གསུང་ཡང་མི་སྲིད་པ་ཞིག་རེད་དྲན། དེ་བཞིན་༸གོང་ས་མཆོག་དང་མཁས་དབང་ཟམ་གདུངས་ཚང་རྣམ་པས་ཆབ་སྲིད་ཀྱི་ལང་ཕྱོགས་མི་འདྲ་བ་ཡོད་ན་ཡག་རབས་དང་། མང་གཙོའི་རང་བཞིན་ལྡན་པའི་སྤྱི་ཚོགས་ཞིག་ཆགས་ཀྱི་ཡོད་པ་གསུངས་དང་གསུང་བཞིན་པ་འདི་དག་གི་དོན་ཁྱེད་ཀྱིས་ལོས་མཁྱེན། མ་གཞི་སྐུ་ཉིད་ལ་དགྲ་དར་འཕྱར་རྒྱུའི་རང་དབང་ཆ་ཚང་ཡོག་དུས་ཀརྨ་ཆོས་འཕེལ་ལ་སྒེར་ངོས་ཀྱི་རང་བཙན་རྩོད་རྒྱུའི་དབང་ཆ་ཡོད་རྒྱུ་རེད་དྲན།
ད་ལན་གལ་ཆེའི་རང་བཞིན་ལྡན་པའི་དྲན་གསོ་བྱེད་དགོས་པ་ཞིག་ནི། ༸གོང་ས་མཆོག་དང་གཞིས་བཞུགས་སྤུན་ཟླ་རྣམས་ཀྱི་སྤྱན་ལམ་དུ་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་གྲོས་ཚོགས་ནང་དུ་རང་བཙན་རྩོད་ལེན་གྱི་བསམ་ཚུལ་གླེང་བ་དང་། སྐུ་ཉིད་ནས་འདི་ལོའི་སུམ་བཅུའི་དུས་དྲན་ཉིན་སྤུན་ཟླ་ས་ཡ་གཅིག་ལྷག་གི་ཟུངས་ཁྲག་གིས་ཚོས་པའི་གུང་བྲན་གྱི་དར་དམར་དགུང་ལ་ཕྱར་བ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་རྒྱུ་རེད་དྲན།
རྩ་བའི་ཆ་ནས་བཙན་བྱོལ་བོད་མའི་སྒྲིག་འཛུག་འོག་ཏུ་བཞུགས་པའི་དབུ་མའི་ལམ་གྱི་འབྲེལ་ཡོད་དབུ་མང་རྣམས་ཀྱིས་རང་བཙན་གྱི་ལྟ་སྒྲུབ་ནི་དབུ་མའི་ལམ་གྱི་དགྲ་ཁ་གཏད་ཡིན་དུས་ནམ་ཡང་གསུང་གི་མི་འདུག་ལ། དེ་བཞིན་རང་བཙན་རྩོད་མཁན་ཚོ་ཡང་༸གོང་ས་མཆོག་གི་ཐུགས་དགོངས་དཀྲུག་མཁན་རེད་དེ་བས་ཀྱང་གསུང་གི་མི་འདུག
དེ་བཞིན་ས་ལན་ཚོགས་གཙོའི་གསལ་བཤད་ནང་དུ་ ༡༩༩༦ ནས་གྲོས་ཚོགས་ཀྱི་གཏན་འབེབས་བྱས་པའི་ཡིག་ཆ་རིགས་ནམ་ཞིག་དབུ་མའི་ལམ་ལ་འགྱུར་བ་མ་སོང་བར་དེ་རིགས་ཕྱིར་བསྡུ་བྱ་རྒྱུ་ཡོད་མ་རེད་ཅེས་གསལ་པོར་གསུངས་ཡོད་པ་ལས་སྐུ་ཉིད་ནས་གསུངས་པའི་ “བཙན་བྱོལ་བོད་མིའི་མངོན་འདོད་ལ་བརྩི་བཀུར་མི་བྱེད་པའི་སྤྱི་འཐུས་འདི་རིགས་ཀྱི་གསལ་བཤད་ལ་ཚོགས་གཙོ་མཆོག་གིས་འགན་དབང་གཞིར་བཟུང་གཏན་འགོག་གནང་བར་” ཞེས་པ་ལྟ་བུ་གཏན་ནས་མི་འདུག
གྲོས་ཚོགས་ཀྱི་འགྲོ་ལུགས་མཁྱེན་མཁན་སྐུ་ཉིད་ལྟ་བུ་ལ་ཞུ་མི་དགོས་ཀྱང་ངས་ལྟས་ན་ “བཙན་བྱོལ་བོད་མིའི་མངོན་འདོད་ལ་བརྩི་བཀུར་མི་བྱེད་པའི་སྤྱི་འཐུས་” “གཏན་འགོག་གནང་བར” “དབུ་མའི་ལམ་ཞུགས་པ་ཚོས་རྩ་བ་ནས་ངོས་ལེན་ཕར་ཞོག ཆེད་མངགས་དཀྲོགས་གཏམ་དཀྲུགས་སློང་གི་གཞི་རྩ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།” ཚིག་འདི་དག་དངོས་གནས་ཆུང་ཆུང་ཞིག་ཆེན་པོ་བཟོ་བྱེད་དང་། རྨ་མེད་ས་ནས་ཁྲག་འདོན་དུ་འཇུག་བྱེད་ཀྱི་སྐད་ཆ་རེད་དྲན། གང་ལྟར་ངས་ད་ལན་ཞུ་འདོད་པའི་སྙིང་དོན་གཙོ་བོ་ནི་སྐུ་ཉིད་སྒེར་ངོས་ནས་ལས་འགུལ་ཇི་ཞིག་སྤེལ་ཡང་མང་གཙོ་ཡིན་སྟབས་སྤེལ་རྐྱང་གནང་རོགས། འོན་ཀྱང་སོ་སོའི་ལྟ་བ་དང་མ་མཐུན་ཚེ་དབུ་མའི་ལམ་ཁར་འཁྱེར་ནས་༸གོང་ས་མཆོག་གནམ་གཡུག་ས་སྡེབ་མ་གནང་རོགས་སྐུ་མཁྱེན་ཞེས་པུས་མོ་སར་བཙུག་ཐལ་མོ་སྙིང་ཁར་སྦྱོར་ནས་ཞུ་བཞིན་ཡོད།
༡ སྤྱི་འཐུས་སྒེར་གྱི་གསལ་བཤད་ག་རེ་ཡོད་ན་ཁྲིམས་མཐུན་གྱི་ཐོག་ནས་གནང་ཆོག་པ་ཞིག་དང་། གནང་འོས་པ་ཞིག་རེད། གསལ་བཤད་གནང་བ་དེ་ལ་རྒྱུ་མཚན་དང་གནས་ལུགས་ཡོད་མེད་རང་རང་གི་ལྟ་ཚུལ་གྱི་ཐོག་ནས་གླེང་ཆོག་གི་རེད།
༢ ད་ལྟ་སྤྱི་འཐུས་གྲོས་ཚོགས་སུ་༼བོད་རང་བཙན་༽གྱི་ལྟ་བ་འཛིན་བཞིན་པའི་སྤྱི་འཐུས་ཡང་མི་ཉུང་བ་ཞིག་ཡོད་པ་དང་། ཁོང་རྣམ་པས་གྲོས་ཚོགས་ནང་སྔ་ཕྱིར་ལམ་དབུ་མར་འདོད་མོས་མེད་པའི་གཏམ་བརྗོད་དགོངས་ཚུལ་རིམ་པར་སྤེལ་ཡོད་པ་གྲོས་ཚོགས་ལས་རིམ་གསར་ཤོག་རིམ་པར་གཟིགས་དང་མཁྱེན་ངེས་རེད། སྤྱི་འཐུས་སུ་བཞེངས་སྐབས་ཀྱང་རང་བཙན་གླེང་བཞིན་སྤྱི་འཐུས་སུ་བཞེངས་ཡོད་པ་དང་། རང་བཙན་གྱི་ལྟ་བའི་ཐོག་ནས་ལས་འགུལ་སྤེལ་ཏེ་མང་ཚོགས་ནང་མཐོང་སླེབས་ནས་སྤྱི་འཐུས་སུ་འོས་ཐོན་པ་ཡང་ཡོད་པ་རེད། འོན་ཀྱང་ཐག་གཅོད་ཀྱི་ཕྱག་རྐྱོང་སར་སླེབས་དུས་༼ལམ་དབུ་མར་༽རྒྱབ་སྐྱོར་གནང་གི་ཡོད་པ་རེད། དེ་འདྲ་གནང་ནས་ད་བར་ལོ་ཉི་ཤུ་ལ་ཉེ་བའི་རིང་དུས་ཚོད་བསྐྱལ་བ་རེད། ག་རེ་བྱས་ནས་ཁོང་རྣམ་པས་རྐུབ་སྟེགས་གཅིག་གི་ཐོག་ཏུ་ལངས་ཕྱོགས་གཉིས་བཟུང་གནང་གི་ཡོད་པ་རེད། གནས་སྟངས་འདི་གང་འདྲ་ཞིག་གི་འོག་ནས་གནང་གི་ཡོད་པ་རེད།
༣ ཀརྨ་ཆོས་འཕེལ་སྤྱི་འཐུས་སྒེར་གྱི་མཚན་ཐོག་ནས་དབུ་མར་མོས་མཐུན་བྱེད་མཁན་ཞིག་མིན་པ་ཡོངས་གྲགས་རེད། ད་ལན་ཁོ་རང་གིས་ཐག་གཅོད་ཀྱི་ཕྱག་རྐྱོང་ཡག་གི་ཐོབ་ཐང་དེ་ཡང་དབུ་མར་བྱེད་འདོད་མེད་པ་གསལ་པོ་བཟོས་ཏེ་ལག་བསྟར་གནང་བ་རེད། མདོར་ན་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་གྲོས་ཚོགས་ནང་ཞལ་ནས་གསུངས་ཡག་གཅིག་དང་། ཕྱག་རྐྱོང་ཡག་གཞན་ཞིག་བྱེད་འདོད་མེད་པ་གསལ་པོ་བཟོས་པ་ཞིག་རེད། དཱ་ལན་སྤྱི་འཐུས་ཀརྨ་ཆོས་འཕེལ་ནས་གསལ་བཤད་ཙམ་མིན་པར་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དོན་ཚན་གཉིས་པ་༼དབུ་མའི་ལམ་༽དང་ཐད་ཀར་འབྲེལ་བ་ཆགས་ཡོད་སྟབས་སྤྱི་མོས་མ་བཏང་བ་རེད།
༤ སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་སྔར་༧གོང་ས་ཆེན་པོའི་དུས་ནས་དུས་སུ་ཡེ་ཤེས་དཔྱིངས་དཔྱད་ཀྱི་ཐག་གཅོད་གང་གནང་ལ་མོས་མཐུན་ཡོད་ཟེར་བའི་འདས་པའི་སྤྱི་མོས་ལ་བསྐྱར་སློག་གནང་ཐུབ་མེད་ཀྱང་། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་དང་འབྲེལ་ནས་ཡོང་བའི་དབུ་མའི་ལམ་ལ་སྤྱི་མོས་བཏང་མེད་པ་དེ་དངོས་ཡོད་གནས་ཚུལ་ཆགས་ཡོད་ལ། དེ་ནི་༼སྤྱི་འཐུས་སྒེར་གྱི་གསལ་བཤད་༽ཀྱི་བརྗིད་ཁོག་དེ་རེད། མ་ཟད་ཁོང་ལྟ་བུའི་སྤྱི་འཐུས་གྲོས་ཚོགས་སུ་བཞུགས་ཕྱིན་དབུ་མའི་ལམ་ལ་ད་ནས་བཟུང་༼སྤྱི་མོས་མེད་པ་༽གསལ་པོ་ཆགས་པ་རེད།
༥ དབུ་མའི་ལམ་ལ་སྤྱི་མོས་མེད་ན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་ཐུབ་མི་ཐུབ་དང་། ༧གོང་ས་མཆོག་ཞལ་ཞེ་གཉིས་མེད་མ་ཡིན་པ་དེ་འདྲ་གང་ཡང་མཚོན་གྱི་ཡོད་མ་རེད། དེར་བརྟེན་དབུ་མའི་ལམ་ལ་སྤྱི་མོས་མ་བྱུང་བ་ཙམ་གྱིས་དབུ་མའི་ལམ་ནུས་མེད་དུ་འགྲོ་བ་དང་རྒྱུན་འཁྱོངས་བྱེད་མི་ཐུབ་པ་དེ་འདྲ་ཡང་མ་རེད། དེ་འདྲའི་ཐུགས་དོགས་གནང་དགོས་མ་རེད། ཡིན་ནའང་དབུ་མ་སྤྱི་མོས་ཡོད་པའི་བརྗིད་ཉམས་དེ་བརླག་པ་རེད། དེ་ཡང་དངོས་ཡོད་རེད། དེ་དང་མཉམ་དུ་གྲོས་ཚོགས་ནང་བོད་གཞིས་བྱེས་གཉིས་ཀྱི་རང་བཙན་ལངས་ཕྱོགས་འཛིན་མཁན་ཚོར་རྒྱབ་སྐྱོར་གནང་མཁན་ཡོད་པ་ལག་ལེན་གྱི་ཐོག་ནས་མངོན་པ་ཞིག་ཆགས་ཀྱི་ཡོད་པ་རེད། འདི་ཡང་ང་ཚོའི་བསམ་བློ་གཏོང་ས་ཞིག་རེད།
རང་གི་མཐོང་ཚུལ་ཙམ་ཡིན།
ཀླུ་སྨྱོན་གྱིས་ཆབ་སྲིད་སྤངས་པ་ལ་ཁག་མི་འདུག ཆབ་སྲིད་ཟེར་བ་ངོ་མ་སྤྱི་ཚོགས་ཀྱི་མགོ་རྐང་གཅོད་པའི་སྟ་རེ་དང་། མཐུན་སྒྲིལ་གྱི་འོ་མཚོ་དཀྲིགས་པའི་ཁྲག་དར་ཞིག་ཡིན་པ་འདྲ། །
ཀླུ་སྨྱོན་གྱིས་རང་ཞི་དོན་གཉེར་གྱི་སྒོ་ནས་མི་མང་གི་བདེ་སྡུག་བློས་བཏང་བ་རེད་ཟེར་ན་ཆོག་གི་རེད། གང་ཡིན་ཟེར་ན། རྒྱལ་ཁབ་གཅིག་དང་མི་མང་གི་ངོས་ནས་བཤད་ན་ཆབ་སྲིད་ནི་མི་མང་གི་བདེ་དོན་སྒྲུབ་པའི་ཐབས་ཤེས་ཤིག་ཏུ་གོ་ཡི་རེད། བྱ་འཕུར་བ་ཁྱོད་རང་དེ་འདྲ་འདོད་ཀྱི་ཡོད་ན། རང་སེམས་ཀྱི་དགའ་སྐྱོའི་ཚོར་འདུ་ཁོ་ན་མཚོན་པའི་ཡི་གེ་འདྲ་ཕྲིས། གྲུབ་མཐའི་ཞེན་སློང་གི་ཚིག་ཚོགས་དེ་དག་ཀྱང་ཆོས་ཕྱོགས་ཀྱི་ཆབ་སྲིད་ཡིན་པ་མཁྱེན་པར་མཛོད།
འུ་ཚང་གི་མི་མང་པོ་མང་པོ་ཞིག་ལ་ཆོས་སྲིད་གང་ཡིན་ཡང་གནས་ལུགས་ལས་དད་པ་གལ་ཆེ་བ་དང་། ཁོང་ཚོའི་དད་ལུགས་ལ་མི་སུ་འགལ་ན་དེ་ལ་ལྟ་ལོག་དང་སྐུར་འདེབས་མཁན་སོགས་ཀྱིས་ཞྭ་མོ་སྣ་ཚོགས་ཞིག་སྐོན་པའི་གོམས་གཤིས་བཟང་པོ་ཞིག་ཡོད་པ་དེ་། རྡ་སའི་བོད་གཞུང་དང་དེའི་ཉེ་འཁོར་གྱི་སྐབས་འཚོལ་བ་ཚོས་མི་ཉམས་རྒྱུན་འཛིན་བྱེད་དང་བྱེད་བཞིད་ཡིད་རབ་འདུག
བསྟན་འཛིན་རྒྱལ་པོ་ལགས་དང་། འཇིགས་བྲལ་བསྟན་འཛིན་ལགས་རྣམ་གཉིས་ཀྱི་དགོངས་ཚུལ་དུས་དང་མཐུན་ཅིང་། གནད་ལ་སྨིན་པ་ཞིག་གསུང་འདུག་ཐུགས་རྗེ་ཆེ། ཀརྨ་ཆོས་འཕེལ་ར་བཟི་ཡིན་ཀྱང་རུང་མིན་ཀྱང་རུང་དེ་ནི་སྒེར་གྱི་གནས་ཚུལ་ལས་དེ་ཙམ་གླེང་དགོས་པ་མ་མཐོང་། སྐབས་སུ་བབ་པའི་དཔྱད་གླེང་བྱེད་ས་ཁོང་གིས་ངོ་ལྐོག་མེད་པའི་གྲོས་ཚོགས་ནང་གི་གཏམ་བཤད་དེ་རེད། དེ་ནི་ད་བར་གཞན་དབང་དད་པས་དབང་སྒྱུར་བྱས་ཤིང་། བོད་མི་རིགས་ཀྱི་རྩ་བའི་མངོན་འདོད་ངོ་མ་རང་བཙན་གླེང་མཁན་ལ་དགྲ ལྟར་འདུ་ཤེས་འཛིན་མཁན་དབུ་མ་པའི་གྲོས་ཚོགས་དེ་ཉིད་ད་ཆ་མང་གཙོའི་ལྟ་གྲུབ་སྣ་མང་ཡོད་པ་མཚན་ཉིད་ལྡན་པའི་གྲོས་ཚོགས་ཤིག་ལ་འགྱུར་ཐུབ་པའི་སྔ་ལྟས་རེད། ད་དུང་ཁོག་ནས་བསམ་ཡང་ཁ་ནས་གསུང་མ་ཕོད་པ་ཇི་སྙེད་ཅིག་ཡོད་པ་ཚང་མས་ཤེས་གསལ་རེད། མདོར་ན་དད་པ་དང་གྲུབ་ཐས་བསླད་ཅིང་། ཆོས་དང་ཆབ་སྲིད་ཉ་ཉུང་མཉམ་སྲེ་བྱེད་པའི་དུས་རབས་མཇུག་རྫོགས་པའི་མཚམས་ལ་སླེབས་ཡོད།
རྒྱ་དམར་རྒྱུག་ཁྱི་ཤར་ཕྱོགས་ཁུག་རྟ་ལ་རང་བཙན་དགོས་ཀྱི་མེད་དུས་རྐམ་ཆོས་འཕེལ་ལ་སྡང་ཟུག་ཆེ་ངེ་ངེས་རེད།གསུམ་བཅུའི་དུས་དྲན་ཉིན་རྒྱ་དམར་རྒྱ་དར་འཁྱེར་བའི་ཞབས་འདྲེན་པ་ཁྱེད་འདྲ་མེད་ཡ།
མི་ཁ་ཤས་ཀྱིས་སོ་སོ་དམངས་གཙོའི་དོན་མ་ཤེས་པར་གཞན་ལ་ཅིག་བཤད་ཁུལ་ནི་ཡ་མཚན་རང་རེད། དད་པའི་དབང་གིས་ཡིན་ཀྱང་རུང་། དགའ་བའི་དབང་གིས་ཡིན་ཀྱང་རུང་། ཆབ་སྲིད་ཀྱི་ཆེད་དུ་ཡིན་ཀྱང་རུང་མདོར་ན་མི་དམངས་གང་ལ་མོས་ན་གཞུང་གིས་ཀྱང་མི་དམངས་ཀྱི་འདོད་པ་དང་བསྟུན་ན་དམངས་གཙོ་རེད། དེ་མིན་གཞུང་གི་འདོད་ཐོག་མ་བབ་ན་མི་དམངས་ཚོ་ཤེས་ཡོན་མེད་པ་རེད་ཟེར་བ། རྨོངས་དད་རེད་ཟེར་བ། གཞན་གྱིས་བསླུ་ཁྲིད་རེད་ཟེར་ནས་མི་དམངས་ཀྱི་འདོད་པ་སྣང་མེད་དུ་འཇོག་པ་ནི་དམར་པོའི་གཞུང་སོགས་སྒེར་གཅོད་པ་ཡིན་པ་ལས་དམངས་གཙོ་ག་ལ་ཡིན།
༧གོང་ས་མཆོག་ནས་གསར་འགོད་པར།།
དྲི་བའི་ལན་དུ་བཀའ་སྩལ་དོན།།
བོད་མི་བརྒྱ་ཆ་་གོ་ལྔ་ནས།།
དབུ་ལམ་འདི་ལ་རྒྱབ་སྐྱོར་ཡོད།།
གསུང་མ་ཐག་ཏུ་གྲོས་ཚོགས་ནང་།།
བལྟས་ངན་འུག་པས་སྐད་ངན་སྒྲོགས།།
ཁྱི་སྤྱང་ཁུག་རྟར་གོ་སྐབས་ཐོབ།།
གྲྭ་ལོག་འཇིག་བྲས་གསལ་བཤད་སྤེལ།།
ལུགས་ལྡོགས་རྟེན་འབྲེལ་ཤེས་འདོད་ན།།
གོ་རིམ་འདི་ལ་ལེགས་ཤིག་བུ།།
གོ་རིམ་འདི་ལ་སྦྱོངས་ཤིག་བུ།།
གོང་གི་ཚིགས་བཅད་མཐའ་མ་དེ་བཅོས་པར་ཞུ།།
དྲི་བ། ད་བར་ཀརྨ་ཆོས་འཕེལ་ནས་དབུ་མའི་ལམ་སྤྱི་མོས་ག་རེ་བྱས་ནས་གནང་རེད། ད་ལྟ་ག་རེ་བྱས་ནས་གནང་གི་མེད་པ་རེད།
བསྟན་འཛིན་རྒྱལ་བོས་ཤར་ཁུག་གི་ཁ་ནང་ལ་གནས་ལུགས་ཀྱི་གཏོར་མ་བརྡབས་འདུག
ཤར་ཁུག་གིས། “ དེ་རིང་གྲོས་ཚོགས་ནང་ཀརྨ་ཆོས་འཕེལ་གྱིས་སྤྱི་འཐུས་སྒེར་གྱི་གསལ་བཤད་ལ་ཁ་གཡར་ནས་༧གོང་ས་ཆེན་པོར་སྐུར་འདེབས་དང། རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་ཐུགས་འདུན་འགྱུར་མེད་སྟེང་ཆེད་མངགས་སྐྱོན་བརྗོད་ཡོང་ཆེད་གསལ་བཤད་ཅེས་པ་བཏོན་པ་འདུག་པ་འདི་དབུ་མའི་ལམ་ཞུགས་པ་ཚོས་རྩ་བ་ནས་ངོས་ལེན་ཕར་ཞོག ཆེད་མངགས་དཀྲོགས་གཏམ་དཀྲུགས་སློང་གི་གཞི་རྩ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།”
སྐུ་ཉིད་ནས་མི་སྒེར་གྱི་བསམ་ཚུལ་ཞིག་ལ་དེ་འདྲའི་ཛ་དྲག་དང་ཚོར་སྣང་བྱུང་བ་ནི་ཡ་མཚན་རེད། མ་གཞི་བོད་མི་ཞིག་གིས་སོ་སོའི་རྒྱལ་ཁབ་ལ་སྐྱོང་བའི་ལོ་རྒྱུས་རང་བཞིན་པའི་གནས་བབས་ཞིག་གླེང་བར་༸གོང་ས་མཆོག་ཐུགས་ཕམ་འགྲོ་བའི་གཞི་ཡིན་པར་སུས་ཀྱང་ཁས་ལེན་མི་ནུས། མ་ཟད་༸གོང་ས་མཆོག་གིས་ཐོག་མཐའ་བར་གསུམ་དུ་དབུ་མའི་ལམ་གྱི་དགོངས་དོན་གསུངས་སྐབས་རང་བཙན་རྩོད་ན་ཁོང་གི་བཀའ་དང་འགལ་བ་ཡིན་གསུངས་པ་ཞིག་ད་བར་མ་མཇལ་ལ། དེ་འདྲ་གསུང་ཡང་མི་སྲིད་པ་ཞིག་རེད་དྲན། དེ་བཞིན་༸གོང་ས་མཆོག་དང་མཁས་དབང་ཟམ་གདུངས་ཚང་རྣམ་པས་ཆབ་སྲིད་ཀྱི་ལང་ཕྱོགས་མི་འདྲ་བ་ཡོད་ན་ཡག་རབས་དང་། མང་གཙོའི་རང་བཞིན་ལྡན་པའི་སྤྱི་ཚོགས་ཞིག་ཆགས་ཀྱི་ཡོད་པ་གསུངས་དང་གསུང་བཞིན་པ་འདི་དག་གི་དོན་ཁྱེད་ཀྱིས་ལོས་མཁྱེན། མ་གཞི་སྐུ་ཉིད་ལ་དགྲ་དར་འཕྱར་རྒྱུའི་རང་དབང་ཆ་ཚང་ཡོག་དུས་ཀརྨ་ཆོས་འཕེལ་ལ་སྒེར་ངོས་ཀྱི་རང་བཙན་རྩོད་རྒྱུའི་དབང་ཆ་ཡོད་རྒྱུ་རེད་དྲན།
ད་ལན་གལ་ཆེའི་རང་བཞིན་ལྡན་པའི་དྲན་གསོ་བྱེད་དགོས་པ་ཞིག་ནི། ༸གོང་ས་མཆོག་དང་གཞིས་བཞུགས་སྤུན་ཟླ་རྣམས་ཀྱི་སྤྱན་ལམ་དུ་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་གྲོས་ཚོགས་ནང་དུ་རང་བཙན་རྩོད་ལེན་གྱི་བསམ་ཚུལ་གླེང་བ་དང་། སྐུ་ཉིད་ནས་འདི་ལོའི་སུམ་བཅུའི་དུས་དྲན་ཉིན་སྤུན་ཟླ་ས་ཡ་གཅིག་ལྷག་གི་ཟུངས་ཁྲག་གིས་ཚོས་པའི་གུང་བྲན་གྱི་དར་དམར་དགུང་ལ་ཕྱར་བ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་རྒྱུ་རེད་དྲན།
རྩ་བའི་ཆ་ནས་བཙན་བྱོལ་བོད་མའི་སྒྲིག་འཛུག་འོག་ཏུ་བཞུགས་པའི་དབུ་མའི་ལམ་གྱི་འབྲེལ་ཡོད་དབུ་མང་རྣམས་ཀྱིས་རང་བཙན་གྱི་ལྟ་སྒྲུབ་ནི་དབུ་མའི་ལམ་གྱི་དགྲ་ཁ་གཏད་ཡིན་དུས་ནམ་ཡང་གསུང་གི་མི་འདུག་ལ། དེ་བཞིན་རང་བཙན་རྩོད་མཁན་ཚོ་ཡང་༸གོང་ས་མཆོག་གི་ཐུགས་དགོངས་དཀྲུག་མཁན་རེད་དེ་བས་ཀྱང་གསུང་གི་མི་འདུག
དེ་བཞིན་ས་ལན་ཚོགས་གཙོའི་གསལ་བཤད་ནང་དུ་ ༡༩༩༦ ནས་གྲོས་ཚོགས་ཀྱི་གཏན་འབེབས་བྱས་པའི་ཡིག་ཆ་རིགས་ནམ་ཞིག་དབུ་མའི་ལམ་ལ་འགྱུར་བ་མ་སོང་བར་དེ་རིགས་ཕྱིར་བསྡུ་བྱ་རྒྱུ་ཡོད་མ་རེད་ཅེས་གསལ་པོར་གསུངས་ཡོད་པ་ལས་སྐུ་ཉིད་ནས་གསུངས་པའི་ “བཙན་བྱོལ་བོད་མིའི་མངོན་འདོད་ལ་བརྩི་བཀུར་མི་བྱེད་པའི་སྤྱི་འཐུས་འདི་རིགས་ཀྱི་གསལ་བཤད་ལ་ཚོགས་གཙོ་མཆོག་གིས་འགན་དབང་གཞིར་བཟུང་གཏན་འགོག་གནང་བར་” ཞེས་པ་ལྟ་བུ་གཏན་ནས་མི་འདུག
གྲོས་ཚོགས་ཀྱི་འགྲོ་ལུགས་མཁྱེན་མཁན་སྐུ་ཉིད་ལྟ་བུ་ལ་ཞུ་མི་དགོས་ཀྱང་ངས་ལྟས་ན་ “བཙན་བྱོལ་བོད་མིའི་མངོན་འདོད་ལ་བརྩི་བཀུར་མི་བྱེད་པའི་སྤྱི་འཐུས་” “གཏན་འགོག་གནང་བར” “དབུ་མའི་ལམ་ཞུགས་པ་ཚོས་རྩ་བ་ནས་ངོས་ལེན་ཕར་ཞོག ཆེད་མངགས་དཀྲོགས་གཏམ་དཀྲུགས་སློང་གི་གཞི་རྩ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།” ཚིག་འདི་དག་དངོས་གནས་ཆུང་ཆུང་ཞིག་ཆེན་པོ་བཟོ་བྱེད་དང་། རྨ་མེད་ས་ནས་ཁྲག་འདོན་དུ་འཇུག་བྱེད་ཀྱི་སྐད་ཆ་རེད་དྲན། གང་ལྟར་ངས་ད་ལན་ཞུ་འདོད་པའི་སྙིང་དོན་གཙོ་བོ་ནི་སྐུ་ཉིད་སྒེར་ངོས་ནས་ལས་འགུལ་ཇི་ཞིག་སྤེལ་ཡང་མང་གཙོ་ཡིན་སྟབས་སྤེལ་རྐྱང་གནང་རོགས། འོན་ཀྱང་སོ་སོའི་ལྟ་བ་དང་མ་མཐུན་ཚེ་དབུ་མའི་ལམ་ཁར་འཁྱེར་ནས་༸གོང་ས་མཆོག་གནམ་གཡུག་ས་སྡེབ་མ་གནང་རོགས་སྐུ་མཁྱེན་ཞེས་པུས་མོ་སར་བཙུག་ཐལ་མོ་སྙིང་ཁར་སྦྱོར་ནས་ཞུ་བཞིན་ཡོད།
ཚང་མའི་བསམ་ཚུལ་ལ་གློག་བཞིན་ཡོད། ཚང་མ་ཡག་པོ་འདུག་ཟེར་འདོད་བྱུང། བོད་རང་བཙན་རྩོད་དགོས་པ་ཞིག་རེད་ལ་དབུ་མ་ཡང་དེ་ལྟར་རེད། ཕྲན་འདྲ་པོ་ཞིག་ལ་ཚོན་ན་དབུ་མ་ལས་རང་བཙན་ལ་དགའ་པོ་བྱེད་མཁན་ཞིག་ཡིན། འོན་ཀྱང་སྤྱི་འཐུས་རྐརྨ་ཆོས་འཕེལ་ལྟ་བུའི་རྗེས་ལ་འགྲོ་འདོད་མེད་འདི་གསལ་པོ་ཡིན། གང་ཡིན་ཟེར་ན་འདས་པའི་བྱུང་རིམ་ལ་བསྐྱར་གློག་ཞིག་བྱེད་དགོས་པ་རེད་འདོད། གོང་དུ་དྲ་གྲོགས་ཁག་ཅིག་གི་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་བྱ་སྤྱོད་ནི་སྒེར་གྱི་གནད་དོན་ཞིག་རེད་ཟེར། བསམ་ཚུལ་འདི་འཐད་པ་མེད། གང་ཡིན་ཟེར་ན་མི་བུ་སྒེར་གྱི་བྱ་སྤྱོད་གྱི་སྤྱི་ཚོགས་ལ་ཤུགས་སྐྱེན་དང་བསྡབས་བསིགས་ཐེབས་ངེས་རེད། དེ་ནས་སྤྱི་ཚོགས་ཀྱི་སྣེ་འཁྲིད་མཁན་ཞིག་དང་ལྟ་བའམ་ལངས་ཕྱོགས་གང་རུང་ཞིག་བསྐྱར་གསོལ་བྱེད་མཁན་ཞིག་ཡིན་ན་དེ་བས་ཀྱང་མི་སྒེར་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དགོས་རེད་འདོད། དེ་འདྲ་ཡིན་ཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་འདས་པའི་ལོ་རྒྱུས་ལ་འདོད་པ་མེད་ལ་། ཁོང་གི་བོད་རང་བཙན་གྱི་སྣེ་འཁྲིད་ན་དེ་བས་ཀྱང་འདོད་པ་མེད། ཡིན་ནའང་ཁོང་གི་རང་བཙན་གྱི་ལྟ་བ་ལ་རྗེས་སུ་ཡིད་རང་ཞུ་བཞིན་ཡོད།
ཀརྨ་ཆོས་འཕེལ་གྱིས་༧ གོང་ས་མཆོག་ལ་བསྐུར་འདེབས་མིན་པར། རྒྱ་ནག་གཞུང་ལ་བསྐུར་འདེབས་རེད། གང་ཡིན་ཟེར་ན་ཀརྨ་ཆོས་འཕེལ་གྱི་རང་བཙན་འདོད་ཀྱི་ཡོད་རེད། ངའི་ཁོང་ལ་དགའ་བསུ་ཞུ་གི་ཡོད།
ཤར་ཁུག་གིས་དབུ་ལམ་ཁར་འཁྱེར་ནས་༧གོང་ས་མཆོག་དང་མཁས་དབང་ཟམ་གདོང་སོགས་བོད་ཀྱི་བླ་ཆེན་དང་མི་ཆེན་མང་པོ་ཞིག་དང་བོད་མི་དམངས་དབར་མཐུན་ལམ་དང་དམ་ཚིག་སོགས་ལ་ཁ་དགྲ་དང་སྣ་དགྲ་བཟོ་བ་ཉུང་ཉུང་མིན། བོད་རང་བཙན་འདོད་པ་དང་དེ་གླེང་ན་༧གོང་ས་མཆོག་གི་ཐུགས་དང་འགལ་བ་འགྱུར་གྱི་ཡོད་ན་༧གོང་ས་མཆོག་ཡང་བོད་མི་དང་བོད་ཞེན་ཅན་གྱི་མི་བུ་ཞིག་ཏུ་ངས་མི་འདོད། གང་ལྟར་ཤ་ཁུག་གིས་འགོ་དམངས་བར་ཁ་བྲལ་བཟོ་བའི་གནས་ཚུལ་འདི་ཚོར་ངེས་པར་དུ་ཐུགས་ཞིབ་དང་དམ་གཟབ་གནང་དགོས།
སྤྱི་འཐུས་སྒེར་གྱི་བསམ་ཚུལ་གླེང་བར་དེ་འདྲའི་དོགས་པ་ཞིག་དགོས་དོན་འེ་ཡོད་ལ་་་ཤར་ཁུག་ལོ་ལོ།
འོ་རེད་་་་ཁྱོད་སྒེར་གྱི་བསམ་ཚུལ་འདི་ལ་ཡང་ང་རང་དོགས་པ་ཟ་བྱུང་་་ད་ག་འདྲ་འདུག
ཡིག་འབྲི་བ་སུ་ཡིན་ཡང་་་གནས་དོན་ཆུང་ཆུང་ཞིག་ཁ་གཡས་བསྒྱུར་གཡོན་བསྒྱུར་བྱས་ནས་་་་ཆབ་སྲིད་མི་ཤེས་པའི་མི་བུ་ཚོའི་་་་་་མགོ་ན་མ་འཇུག་རོགས་ཁ་དྲོ་་་བཀྲིས་ཤེས།
མཁྱེན་ཡངས་ལྡན་པའི་དྲ་གྲོགས་ཚོ་་་་་ཁྱེད་ཅག་གིས་གསུངས་ཟིན་གྱི་ཚིག་རྐང་རེ་རེ་ན་བོད་ཕོངས་རྒུད་དུ་འགྲོ་བའི་ནད་རོ་མང་པོ་ཞིག་སྔོགས་བཞིན་འདུག་ན། མ་འོངས་པར་ཁྱེད་རྣམ་པས་གང་ཞིག་གླེང་ན་བོད་སྤྱི་ལ་ཕན་མིན་གྱི་བློ་མིག་ཡངས་པོས་གནས་ལུགས་ཀྱི་སྤུ་རིས་འབྱེད་དེ་ཟིན་འབྲིས་གང་མང་འགོད་པའི་རེ་འབོད་ཡོད།
ནད་རྙིང་པའམ་ནད་རིགས་གང་འདྲ་ཡིན་རུང་དེ་རང་གི་ལུས་ལ་ཕོག་ཟིན་པས་ཐབས་ཤེས་གཅིག་རང་ཡོད་པ་ནི། སྨན་བསྟེན་རྒྱུ་དེ་ལས་ལྷག་དོན་མེད། རྩ་བའི་རང་འདོད་དང་མང་གཙོ་རེད་མོད། འོན་ཀྱང་ཐད་ཀར་ཞུས་ན། རང་བཙན་དང་རང་དོན་འབའ་ཞིག་བསམ་རྒྱུ་དེ་ནི་ཞེ་འདོད་དམ་ཕུགས་འདུན་རེད་མ་གཏོགས། ཐབས་ལམ་སྲིད་ཇུས་གང་ཡང་མ་རེད། དེ་ལྟར་ན། སྐབས་དོན་ང་ཚོར་ངེས་མཁོ་ནི། བོད་སྐྱོབ་ཐབས་ཚུལ་འགྲོ་སྟངས་འདི་དང་འདི་ཞེས་བབ་ལྷིང་བརྟན་པོ་ཞིག་དགོས་དོན་ཡིན། མདའ་ག་པར་མེད་པར་འབེན་འབིགས་ནས་རང་རྒྱལ་གྱི་གནས་བབ་དེ་རེ་ཞིག་སྟོང་བསམ་མིན་ནམ། དབུ་མའི་ལམ་གྱིས་དུས་ནམ་ཡང་ལོ་རྒྱུས་བདེན་པ་དེ་རྫུན་དུ་ཕབ་མེད། ལོ་རྒྱུས་བདེན་པའི་རང་བཙན་རེད། རྒྱ་དམར་ལས་རྒྱལ་སྤྱིའི་གནས་བབ་ཀྱང་ད་ལྟ་རྒྱའོག་སྐད་ཆ་ལས་ལོ་རྒྱུས་འདས་པར་དམིགས་བཀར་གྱིས་རང་བཙན་མིན་པར࿒གསུངས་པ་ཨེ་ཡིན།
རང་བཙན་སྒྲུབ་བྱེད་ལ་ལོ࿒རྒྱུས་བདེན་པ། འཚེ་བ་མེད་པའི་ཐབས་ཚུལ་ལ་ལྷག་ག་མེད་ན། དེ་ནི་དབུ་མའི་ལམ་གྱི་འགྲོ་ལུགས་ལས་ལྷག་དོན་གང་ཡང་མེད་ན། ད་མཉམ་རུབ་ཆིག་སྒྲིལ་གྱིས་འཐབ་རྩོད་བྱ་རྒྱུ་ལས། ཡས་མས་མི་དགོས་པའི་སྐྱོན་འཚོལ་བྱས་ནས་ཕན་འདོགས་གང་ཡོད་དམ། ཞེ་འཁོན་དང་ཤ་འཁོན་སྙིང་ནད་བཅངས་ནས་ཕན་དེ་ཙམ་ཨེ་ཡོད།
དམིགས་ཡུལ་ཆེན་པོ་རྫིག་པོ་བཤད་སླ་རུང་། དེ་སྒྲུབ་པའི་ཆ་རྐྱེན་དང་སྒྲུབ་མཁན་མེད་ཐབས་མེད་པ་དེ་གང་ཞིག་ཡིན། ཡང་སྐབས་རེ་ཆོས་དང་བླ་མས་སྲིད་ལ་ཐེ་བྱུས་བྱས་པ་དེས་བོད་ཕུང་བཅུག་སོང་མདོག་མདོག་བཤད་ཀྱི་ཡོད། དྲང་པོར་ཞུ་ན། ཆོས་དང་བླ་མའི་བཀའ་དྲིན་དེ་བོད་པའི་བཀའ་དྲིན་རེད། བོད་པའི་སྐད་ཡིག་དེ་རྩ་ཆེན་པོ་ཆགས་ཡས་དེ་ཆོས་ཀྱི་དྲིན་རེད། དེ་མིན་བོད་སྐད་ནང་དེང་དུས་ཀྱི་གསར་གཏོད་གནས་ཚད་རྗེས་ལུས་ཆེན་པོ་རེད། གང་ལྟར་དབུ་མའི་ལམ་འགྱུར་བ་གཏོང་བ་ལ། དང་པོར་ཐབས་ལམ་དེ་ལས་བཟང་བ་ཞིག་གང་ཡོད་བསྟན་རྒྱུ་དགོས། དེ་ནས་དབུ་མའི་ལམ་དགོངས་པ་ཞུ་བར་དགག་བྱ་ཨེ་ཡོད། ངོས་ཀྱི་བསམ་པར། ང་ཚོའི་འཐབ་རྩོད་འདི་དགྲ་ཤ་ལེན་རྒྱུའི་ཆེད་མ་རེད། དེ་ཡིན་ན་དགྲ་ཤ་ཇི་ལྟར་ལེན་དགོས་མིན་ཤེས་པ་དང་། དེའི་གྲ་སྒྲིག་གང་དགོས་སམ་ཞེས་རང་གིས་རང་ལ་འདྲི་དགོས། (ཕ་ཡུལ་རྟ་བརྒྱ། འགྲོ་དུས་རྐང་ཐང་།) ཞེས་པ་ལྟར་ཡོན་ན་དགོས་པ་ཨེ࿒ཡོད། ང་རྒྱལ་ཙམ་དང་ཤ་འཁོན་ཚོར་སྐྱེན་གྱིས་ཁ་གཏད་བཅོག་ཚུལ་ནི། དངོས་ཡོད་དང་འགལ་བར་སྙམ་མོ།
རང་བཙན་རྩོད་མཁན་དངོས་གནས་པ་ཞིག་ཡིན་ན། རྒྱལ་སྲུང་དམག་དོན་ལ་དོ་སྣང་ངེས་པར་བྱ་དགོས། ཞུ་ཧམ་ཞུ་ཐལ་དུ་མ་སོང་ན། ད་ཡོད་ལ་བོད་རང་བཙན་མིན་པར་རྒྱ་དམར་བཙན་འཛུལ་བྱས་པ་གསལ་པོ་རེད། འོན་ཀྱང་དཔའ་བོ་དཔའ་མོས་ཞུགས་ལྕེབས་ལས་རང་དབང་ཐོབ་ཐང་ཡང་མེད་པ་གསལ་སྟོན་བྱེད་ཀྱི་ཡོད། མངོན་འདོད་དམིགས་ཡུལ་གང་ཡང་ཡོད་ཆོག་ལ་འབོད་ཚིག་ཞལ་ཆེམས་ལས་མང་ཆེ་བས་འདོད་ཚུལ་མཚུངས་ཡོད། རང་ལུགས་འཇོག་རྒྱུ་མེད་པར་གཞན་ལུགས་དགག་པ་ཙམ་དུ་སོང་བ་ནི། སྐྱོན་བརྗོད་ཙམ་ལས་ཡོ་བསྲང་མེད་པ་ནི་འགན་འཁུར་ཁག་ཐེག་མེད་པའི་སྐྱོན་བརྗོད་དེ་མི་དགོས་པ་ཞིག་རེད།།།།
ཚང་མས་ཧུར་བསྐྱེད་རྡོག་སྒྲིལ་གནང་དགོས་པར་སེམས། དེ་ལ་རྡོག་སྒྲིལ་དགོས་པ་ཤེས་དགོས། དེ་ལ་གནས་ཚུལ་གསལ་པོར་ཤེས་ཐབས་ཤེས་ཡོན་ལ་དང་དོད་དགོས་ངེས་ལགས།།།